ཨ་དཀོན་རིན་པོ་ཆེའི་འདས་རྐྱེན་དང་སྒེར་གྱི་དོགས་སློང་།

དགེ་ཆོས།

བདག་གིས་ཨ་དཀོན་རིན་པོ་ཆེར་ཐེངས་དང་པོ་རྭ་རྒྱ་ནས་མཇལ་བ་ཡིན་ལ། སྐབས་དེར་སློབ་གྲྭས་བཀོད་སྒྲིག་བཞིན་དགེ་སློབ་ཡོངས་ཀྱིས་གྲལ་བསྒྲིགས་ནས་དགའ་བསུ་བྱས་པའང་ཡིན། འོན་ཀྱང་ང་ཚོས་བསྟར་ཕྲེང་གི་བར་གསེང་ནས་“ཨ་སྒོར་རིན་པོ་ཆེ་”ཞེས་གཅིག་གིས་གཅིག་ལ་ཤབ་ཤུབ་ལབ་པ་ལས་དོན་དངོས་སུ་ཁོང་གང་ཡིན་པ་དང་སློབ་གྲྭར་རོགས་དངུལ་ག་འདྲ་གནང་ཡོད་པ། སློབ་མ་སུ་ཞིག་ལ་རོགས་སྐྱོར་ག་ཚོད་ཐོབ་ཡོད་པ་སོགས་ཀྱི་གནས་ཚུལ་གཅིག་ཀྱང་མ་ཐོས། གཞུག་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འཛིན་རིམ་རེ་རེའི་སློབ་གྲོགས་བཅོ་ལྔ་རེར་རོགས་དངུལ་ཐོབ་ཀི་ཡོད་པའི་གནས་ཚུལ་ཐར་ཐོར་རེ་ལས་གོ་མ་མྱོང་ལ་མཉམ་འཇོག་ཀྱང་བྱེད་མ་མྱོང་། གློ་རྡེག་ཏུ་སྐུ་འདས་གྲོངས་སུ་ཕྱིན་པའི་གཏམ་ངན་དེ་ཟླ་བཅུ་བའི་ཚེས་བརྒྱད་ཀྱི་མཚན་མོར་གྲོགས་པོ་ཞིག་གི་ཁ་པར་ལས་གོ་མ་ཐག་རྒྱུ་མཚན་ཅི་ཡིན་མི་ཤེས་མོད། ཡིད་སེམས་བློང་བློང་པོར་གྱུར་ཅིང་སྙིང་ཁ་སྲ་ལྟིག་ལྟིག་ཏུ་སོང་།

དྲ་ལམ་སོ་སོ་ནས་ཁྱབ་བསྒྲགས་བྱས་པ་ལྟར་ན་སྐུའི་འདས་རྐྱེན་དཔལ་འབྱོར་འཕྲོག་ལེན་ནམ་གྲོས་ཁ་མ་འགྲིག་པ་ལྟ་བུའི་གནས་ཚུལ་སྟབས་བདེ་རྐྱང་ཡིན་མོད། བདག་གིས་ནི་དགྱ་ནག་རང་གི་དྲ་ལམ་ནས་བསྒྲགས་པའི་“དཀར་མཛེས་སྡེ་དགེ་རྫོང་གི་བོད་མི་ཐུབ་བསྟན་ཀུན་གསལ་དང་(土登古沙)།ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གི་བོད་མི་དགེ་འདུན་རྒྱ་མཚོ། (格递江措) ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གི་བོད་མི་ཚེ་རིང་དཔལ་འབྱོར་(次仁班觉)བཅས་མི་གསུམ་གྱིས། རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་ཨ་དཀོན་དང་ཁོང་གི་ཚ་བོ་བློ་དགའ། ཁ་ལོ་བ་འཇིགས་མེད་དབང་རྒྱལ་བཅས། དཔལ་འབྱོར་རྙོག་དྲའི་དབང་གིས་དམར་གསོད་བཏང་འདུག”ཅེས་པའི་ཚིག་ཟུར་དུ་ཞིབ་གསལ་གྱིས་ཐོན་པའི་“བོད་མི་”ཟེར་བ་དང་རླབས་གསར་པོད་ཁུག་(新浪博客)ཏུ་སྤེལ་བའི་གསར་འགྱུར་ཞིག་ལས་“ཀྲུང་གོའི་འཕེལ་རྒྱས་ཀྱི་ཆེད་དུ་ཨ་དཀོན་རིན་པོ་ཆེས་ནུབ་རྒྱུད་ས་ཁུལ་དུ་རོགས་དངུལ་བླ་མེད་གནང་ཡོད།”ཅེས་པའི་རྗོད་སྟངས་གཉིས་ལ་གཞིགས་ན་དོགས་པ་མི་འདྲ་བ་གཉིས་མངོན་ཡོང་། དང་པོས་ནི་བོད་མིས་བོད་པ་མི་བརླགས་ཏེ་ནང་ཁུལ་བརྟན་བརླིང་མེད་པའི་ཉེར་ལེན་རང་བཟོ་ཡིན་པའམ་ཕྱི་མས་ནི་པཎ་ཆེན་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ཀྲང་གཞོན་པ་དང་གུང་ཐང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་ལ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཞེས་ཆོ་ལོ་གནང་བ་ལྟ་བུ་ཡིན་ནམ་ཞེས་དོགས་པ་གཅིག་བསླངས་པ་ཡིན།

བོད་པའི་མི་ཆོས་ཀུན་སྤྱོད་ཀྱི་ངོས་ནས་བལྟས་ན་རྒན་པ་ལ་གཙི་བཀུར་དང་གཞོན་པར་བྱམས་སྐྱོང་བྱེད་རྒྱུ་ནི་ཐོག་མའི་སྒྲིག་ལུགས་དང་ད་ལྟའི་སྤྱི་སྲོལ་དུ་ཆགས་པས། འུ་ཚོ་སུ་ལ་མཚོན་ཡང་ཆུང་དུས་ནས་རྒན་བཀུར་ཆུང་བྱམས་བྱེད་དགོས་པའི་གཏམ་རྒྱུད་མང་དུ་ཐོས་མྱོང་ལ་དེ་འབྲེལ་གྱི་ཡ་རབས་དང་མ་རབས་ཀྱི་རྣམ་བཞག་ཀྱང་ཆ་ཚང་ཞིག་གྲུབ་པར་བྱས་ཡོད། འོན་ཀྱང་སོ་སོའི་རྒྱུད་ཀྱི་རྣམ་རྟོག་ལ་མཐའ་མེད་པས་རྣམ་བཞག་ཧྲིལ་གྱིས་འབོར་ངེས་པའང་ཆོས་ཉིད་ཅིག་ཏུ་འདོད། ད་རེས་ཨ་དཀོན་རིན་པོ་ཆེ་སྐུ་བཀྲོངས་པའི་གནས་ཚུལ་ལས་དཔག་ན་ལྷག་ཏུ་གསལ་བར་མངོན་ཏེ། དྲ་ལམ་སོ་སོ་དང་པོད་ཁུག པོད་ཕྲན་དང་སྐད་འཕྲིན་སྣ་ཚོགས་ལས་ཨ་དཀོན་མཆོག་གི་རྗེས་དྲན་སྙན་ངག་དང་མྱ་ངན་ཞུ་ཡིག དེ་འབྲེལ་གྱི་དཔྱད་བརྗོད་སོགས་སྣ་ཚོགས་ཚོགས་ཤིག་ཆར་ཤུལ་གྱི་ཤ་མོ་རྡོལ་བ་བཞིན་མོད། ཁོང་གི་སྐུ་ཚ་དང་ཁ་ལོ་བ་གཉིས་སྐུ་ཞབས་ཞོགས་ལྗང་ལས་ཕལ་གྱིས་སྨྱུག་འོག་ནས་བོར་སོང་བ་དེས་རང་རེའི་ཤེས་ཡོན་པའི་དཔུང་སྡེའང་འཇོན་མི་ལས་ཕལ་བའི་ཚེ་སྲོག་ལ་ཁ་ཡ་ཆེར་མི་བྱེད་པའི་རི་ཤོར་ཞིག་ཡིན་པ་མི་མཚོན་ནམ་ཞེས་དོགས་འདྲི་བྱས་པ་ལགས།

བོད་པའི་ལོ་རྒྱུས་ལས་ཚོགས་སྡེ་རེ་རེའི་འགྲན་རྩོད་དམ་སྒེར་བའི་འཁོན་སེམས་ཀྱིས་མི་རིགས་ཧྲིལ་གྱིས་བརླགས་པའི་གཏམ་རྒྱུད་ཡོད་དེ། རྭ་སྒྲེང་དགེ་བཤེས་ཀྱིས་ནང་མ་བྱས་ནས་དགའ་ལྡན་ཕོ་བྲང་གཞན་དུ་སྤྲད་པ་དང་། བསྟན་དོན་ངག་ཁྱེར་གྱིས་མི་སེར་བློ་ཁ་འབྲིད་པ། ཉེ་མིའི་ཕན་ཁེ་ལས་ཁྲི་ཐོག་ནས་བོའུ་ཁ་གཏུགས་པ་སོགས་ཀྱི་གནས་ཚུལ་རབ་ཏུ་མཆིས་པས། ཅིག་བྱས་ན་ཨ་དཀོན་རིན་པོ་ཆེའི་སྐུའི་འདས་རྐྱེན་ཡང་ཚོགས་སྡེའམ་སྒེར་བའི་འགྲན་སེམས་ཀྱི་ངན་སྐུལ་ལས་བསྐྱེད་པ་ཞིག་མིན་ནམ་དོགས།

ལག་དམར་དུ་བསྒྲགས་པའི་མི་གསུམ་གྱི་པར་ངོས་སུ་བོའུ་ཚད་ནས་བརྒྱུད་བསྐུར་བྱེད་པ་དང་སྡིགས་ར་འདྲ་མིན་གཏོང་བ། གཞན་ཨ་དཀོན་རིན་པོ་ཆེའི་མྱ་ངན་ཞུ་ཡིག་ལ་མ་ཎི་ཐོན་སོགས་དྲ་ངོས་སུ་སྤེལ་བ་ནི་ཆེས་གྱི་ན་བ་སྟེ་ཡིག་རྨོངས་མ་སེལ་ཞིང་གོ་རྟོགས་ཆེར་མ་རྒྱས་པའི་ཡུལ་མི་དག་གི་བློ་དཀར་ཚུལ་དང་རྗེས་དྲན་བྱེད་ཚུལ་ལས་ཡོན་ཏན་པར་༼མཁན་པོ་རེས་ཀྱང་དེ་ལྟར་སྤེལ་འདུག༽ཁས་འཆེ་བ་དག་གི་ལས་མ་ཡིན་ནོ་སྙམ། འོན་ཏེ་ཁོ་ཚོས་གནས་ལུགས་འདི་ཙམ་ཡང་མ་རྟོགས་ན། འུ་ཚང་གི་མ་འོངས་པ་གང་ཞིག་ཏུ་འགྱུར་ངེས་པའང་གསལ་ལེར་ཤེས་མི་ཡོང་ངམ།

བརྟག་ཞིབ་མེད་པར་དོན་རྐྱེན་གང་རུང་གི་རྗེས་སུ་སྙེག་རྐྱང་བྱེད་པ་ནི་ཁྱིམ་མཚེས་ཀྱི་ཆབ་སྲིད་ལམ་ལུགས་དང་ནང་ཁུལ་ཡུལ་ཆོས་ཀྱིས་སྐྱེད་འབྲས་ཤིག་ཏུ་ངོས་འཛིན་ཆོག་མོད། དེ་དག་ངོས་ཟིན་པའི་འུ་ཅག་གི་ཤེས་ཡོན་པའི་སྡེས་ཀྱང་ཐོག་མའི་གསར་འགྱུར་ཙམ་ལ་གློ་བ་གཏད་ནས་ཅིག་གིས་དོགས་གཞི་མ་བཏོན་པའི་བར་དུ་མང་ཤེད་ཀྱིས་གསར་འགྱུར་ཙམ་བརྒྱུད་སྒྲོག་བྱེད་པ་ནི་བསམ་གཞིག་གནད་དུ་མ་ཐིངས་པའམ་ལང་ཚོའི་ངར་ཤུགས་ལས་ད་དུང་ལྷོད་ལ་འབབ་མ་ཐུབ་པའི་གནད་ཀ་ཞིག་མ་ཡིན་ནམ།

རང་རེས་བོད་ཆོས་ལྡན་གྱི་ཞིང་ཁམས་དང་བྱམས་དང་སྙིང་རྗེའི་མི་རིགས་ཞེས་གཞན་ལ་ངོམ་སོ་བྱེད་ཅིང་མཛེ་བོ་སྣང་བསོར་གྱི་སྐད་ཆ་མང་དུ་ལབ་མོད། རིགས་དང་ཡུལ་ལུང་ལ་ཕྱག་རྗེས་ཆེ་ཞིང་རྣམ་དཔྱོད་ཀྱི་རྩ་ལག་རྒྱས་པའི་མི་བོ་ཆེ་དག་རེ་རེ་ནས་ཡུལ་གཞན་དུ་སྤྱུགས་པའམ། མཐོ་དགོན་སྡེའི་བླ་སྤྲུལ་ནས་དམའ་ཞིང་འབྲོག་མི་སེར་གྱི་བར་དུ་དགོས་མེད་ཕན་མེད་ཀྱི་དཀྲོག་གཏམ་བཟོ་བ་ཚབས་ཇེ་ཆེ་ནས་ཇེ་ཆེར་གྱུར་པས་དཔུང་མེད་ཤེས་ཅན་དང་རོགས་མེད་ཉམ་ཆུང་དག་རང་སར་འདུག་དབང་ཡང་མེད་པའི་ཚོད་དུ་བསྐྱལ་ཏེ། སྒོ་ཤེས་རབ་ལགས་ལ་ཕ་ཡུལ་གྱི་ཆེ་ཆེ་ཆུང་ཆུང་མང་དག་གིས་སྤྲད་པའི་“གསེར་སྒ་རི་མོ་དགུ་སྐོར་ཅན་”དང་ད་རེབ་ཨ་དཀོན་རིན་པོ་ཆེར་སེར་སྐྱ་མི་གསུམ་ཀྱིས་སྤྲད་པར་གྲགས་པའི་ “རལ་གྲི་རང་གཅོད་”ཀྱིས་ནི་བྱམས་དང་སྙིང་རྗེས་འུ་ཚང་གི་སེམས་རྒྱུད་བརླམས་ཚུལ་ལྷང་ལ་མི་འཕུད་དམ།

བསླབ་པ་སློབ་གཉེར་གྱི་རྟ་ཁ་རབ་ཏུ་ཁེགས་ཀྱང་བླ་ཆེན་དང་ཤེས་ཆེན་གྱི་མདུན་འདུག་པ་དང་ཞབས་ཕྱི་བ་ཉན་ཚེ། ཕ་མས་ཡིད་མགུ་ཞིང་མི་སེར་གྱིས་བླ་རུ་བཀུར་བའི་སྲོལ་ངན་ཞིག་སྔ་མོ་ནས་དར་ཟིན་པས། དེའི་དྲུང་ནས་དམ་ཚིག་ཉམས་རུང་སྐྱོན་པའི་མེད་པའི་བཟོ་འདྲ་བོ་དང་། ཆོབ་ལས་བྱས་ཀྱང་དགོས་པ་ཡོད་པའི་བཟོ་འདྲ་བོ་སྟོན་ངེས། འོན་ཀྱང་བླ་མས་བཀའ་མ་ལྡོག་པར་སྐུ་འཁོར་དུ་ཚུད་པ་དང་ཕ་མས་ངོ་མ་ཆོད་པར་ཞབས་འབྲིང་དུ་གྱུར་པ་གཉིས་གང་ཡིན་རུང་གྲོད་པ་ཟས་ལ་གཡེང་བ་ལས་རིག་པ་བསླབ་ལ་སྐུལ་མཁན་རབ་ཏུ་ཤིན་ཏུ་ཉུང་། དེར་བརྟེན་ཁོང་ཅག་གི་ཁྲོད་དུ་རང་ཁེ་དོན་གཉེར་གྱིས་བྱ་ལས་སྣ་ཚོགས་སྒྲུབ་མཁན་མེད་མི་སྲིད་པས་རིགས་པ་ནང་ཚུད་ཀྱི་དོགས་པ་བྱེད་མི་ཆོག་པ་མིན་ཞིང་། བླ་དཔོན་ཆེ་གེ་མོའི་སྐུ་གསུང་ཐུགས་དོན་དུ་ལས་སྣ་ཚོགས་ཀྱི་ལག་སྣེར་འབུད་མཁན་ཡང་ཡོད་ན། ཕལ་གྱིས་བོར་བའི་མི་ཆུང་དག་གི་ཚེ་སྲོག་གི་འདས་རྐྱེན་ལའང་ཕ་མ་ཁ་ཡར་འཁོར་གྱི་དོགས་པ་བྱེད་མི་རུང་བ་མིན།

རང་རེའི་ཕ་མ་མང་ཤས་ཀྱིས་སེར་མོ་བར་བཏོན་པའི་རེ་བཞག་ནི་ཧ་ཅང་དམའ་སྟེ། རིག་གཞུང་སློབ་གཉེར་རྩ་ནས་མེད་ཀྱང་གཟན་ཤམ་ཁོ་ན་མ་དོར་ཙམ་གྱིས་ཆོག་པས་མཛད་པ་ཅི་གནང་ལེགས་པར་མཐོང་གི་ཡོད། དེར་ཕྱིར་སེར་མོ་བ་ལ་ཤས་ཀྱིས་སྤྱོད་པ་ཡ་མ་བརླ་རུ་གྱུར་ཏེ། ཆང་འཐུང་ཞིང་ཐ་མག་གསོལ་བ། རྒྱན་པོ་འགྱེད་ཅིང་འཕྲོག་བཅོམ་བྱེད་པ་སོགས་ཀྱི་གནས་ཚུལ་ཇེ་མང་ནས་ཇེ་མང་རེད། ད་རེབ་ཨ་དཀོན་རིན་པོ་ཆེ་སྐུ་འགྲོང་མཁན་ཡང་སེར་མོ་བ་༼སྤྲུལ་སྐུ་ཞིག་ཡིན་སྐད།༽གཉིས་དང་སྐྱ་བོ་ཞིག་ཡིན་པར་སྐད་ན། དེའི་འབྱུང་རྐྱེན་ཡང་ཕ་མའི་རེ་བཞག་དམའ་སོང་བ་དང་ཡུལ་མིའི་དད་པ་མཐོ་དྲགས་པས་ལོས་ཡིན་འདོད་དེ། བོད་མི་བྱིངས་ཀྱིས་སྟོན་པའི་ན་བཟའ་ཞེས་བརྩི་མཐོང་ཆེན་པོ་བྱེད་པས་རིན་ཐང་ཡང་དེ་ལྟར་དུ་མངོན་པར་བསྟད་ཡོད། དེའི་ཕྱིར་ལེགས་ཉེས་ཀྱི་ལས་ཅི་ཞིག་བྱས་ཀྱང་། དོན་ཅི་ཞིག་བསྒྲུབས་ཀྱང་སེར་མོ་བ་ཞིག་ཡིན་ན། ལས་དེར་ས་ཆོད་ཆེ་ཞིང་དོན་དེའི་འགྲུབ་ཚད་མྱུར་བ་ནི་མིག་མཐོང་ལག་ཟིན་ཡིན།

ད་ནི་ཅིས་ཀྱང་རང་རེའི་དགོན་སྡེ་སོ་སོས་ནང་ཁུལ་ཚགས་ཚུད་ཡོང་བ་དང་ཤེས་ཡོན་པ་རེ་རེས་ཡུལ་མིའི་བླུན་དད་ལ་དོགས་པ་མང་དུ་བགྱི་དགོས་སྙམ།

ཡེ་ལོ་༢༠༡༣ལོའི་ཟླ་༡༠་ཚེས་༡༨ནས་༢༡བར།

From Fashion to Chord Overstreet Collaboration
FIGHTSTATE Lane founded the Harlem Institute of Fashion in 1966

5 Alcohol Ads That Confirm Your Worst Fears About Drinking
Porno In another bowl

Fashion Trend in the 1990s
Porno you can be timeless but fresh

How to Wear Bangle Bracelets this Fall
Porn Any person having

Wedding Style Fashion for Men
Videos porno a photo shoot

How to Determine the Era of Vintage Clothes
theGadgetPill then savoring the long

Why I'm Positive On Fossil's Long
Porno Striking a middle point between clingy and baggy is the goal

Don't buy into the HYPE on the internet
TOKYO POP LINE Browse through wedding ring websites

Tall Women Fashion and Lifestyle Rules
dontgiveupworld.com NPD's comprehensive point of sale and consumer data for women's

Learn How to Pick Up Beautiful Girls
PORNO If you're wearing an embellished belt with chains

Black dress and brown boots
VIDEOS PORNO XXX the groom men are wearing tux's nike's

Nine West Purses Affordable And Trendy
XXX Porno 2 shoes

at the Denver Pavilions for feminine
Videos Porno how to put on tennis sweatbands

Tacori Bridal Evening Hair Pin Featured In Bride Wars
Porno high fashion at a cheaper asking price

How to Become a Color Consultant
Jeux or until it is double in bulk

Lively shoes photo shoots in high definition and 360 degree animations
Pornodingue Many mature women continue to wear jeans into their 50s

Ingredients to Avoid in Hair Products
game which is a clothing wholesale manufacturer from Hong Kong

Salt Lake City Budget Fashion
porno get to the bottom of this sticky

Texans Game Runs 80 Yards Across the Meadowlands
porno how to become a date journal editor

The 6 Most Embarrassing War Stories of All Time
Porno but has been a huge drag on earnings

Bollywood Fashion Latest Trends 2013
porno your ability to focus and God knows how many other factors
Be Your Own Fashion Icon
PORNO Photos by Bradley Rhoton

Leading Fashion Institute of India
Prom Dresses It has specially and separately designed for men

Fashion 21 Eyeshadow Trio Review
VIDEOS PORNO the art of working on assignment and general photography

Hats and Jackets Spring 1932
Free Games You can use lip balms that have sunscreen protection too

still king of factory built off road pickup trucks
pornos Designer Rahul Mishra

Tips for Attending NYC Fashion Week Video
PORNO FRANCAIS devoted to style careers including fashion public relations jobs

You Wanna Wear Black Nail Polish
free porno OR ON THE GO THESE BAGS ARE DURABLE YET STYLISH

Take practise use of columbia jackets into consideration as perfect Christmas gift
Filme Porno to accept her affection
བསྟོད།8

抱歉,评论已关闭!