ནུབ་བྱང་ཚང་གི་ལང་ཚོ་དང་ང་རོ།

སྙུག་བཅུད་ལེན།

བོད་ཀྱི་༼བསམ་བློའི་ལས་འགུལ༽་གྱི་རུ་འདྲེན་ནུབ་བྱང་ཚང་གི་ཟུར་ཁ་ཞིག་སྔོག་པ།

དཔའ་སྐད་ཀྱིས་བཀྱགས་པའི་མིའི་འཚོ་བའི་ལོ་རྒྱུས་དང་རྒྱབ་ལྗོངས་ཀྱི་བདེན་པ་མཐའ་དག་ནི་ལང་ཚོའི་ཕྱུག་པའི་མི་བུ་སྒལ་ཚིགས་ཅན་དག་གིས་རྐང་རྗེས་དཔར་བ་ཡིན་ན། དེའི་བླངས་བྱ་དང་དོར་བྱ་མཐའ་དག་ནི་སུ་ལའང་ཀྱག་ཀྱོག་གུམ་གུམ་གྱིས་ར་སྤྲོད་མི་དགོས་པར། དེ་ནི་ལང་ཚོའི་ངར་སྐད་དང་བདེན་པའི་གཤིས་ལུགས་ཀྱིས་བཟོས་པའི་གཉུག་གཤིས་ཀྱི་དཔའ་སྤོབས་གསལ་བར་བསྟན་པ་དེའོ།།

དེ་ལྟར་བྱས་པ་གཞིར་བཞག་གི་སྟེང་ནས་ནུབ་བྱང་ཚང་གི་ལང་ཚོ་དང་དཔའ་སྤོབས་ལ་ལག་སྙོབས་ཐེངས་གཅིག་བྱས་པ་ཡིན་ན། དུས་རབས་འདིའི་དུས་འགོ་ཉི་ཤར་དང་ལྷན་དུ་ཚེས་པའི་དུས་དེ་དང་ལྷན་དུ། ནུབ་བྱང་ཚང་གི་ལང་ཚོར་འཐིམས་པའི་དཔའ་སྐད་ཀྱི་དྲགས་ཆར་མང་པོ་ཞིག་བོད་ཀྱི་སློབ་ཆེན་པའི་ལྷིང་ཞིང་འཇགས་པའི་བསྟོད་ཚོགས་དབྱངས་ཞུགས་མ་དག་གི་པང་ཁུག་ན་ས་འཐོར་རྡོ་འཐོར་དུ་བྱས་ཤིང་། དུས་དེ་ནས་བཟུང་སྤྱིར་སློབ་ཆེན་པ་ཞེས་པ་དེ་ཚད་ག་འདྲ་ཞིག་ལ་སྣང་དགོས་པ་དང་ཡང་ན་སློབ་ཆེན་པ་ཞེས་པ་དེའི་འདུ་ཤེས་འཛིན་སྟངས་ཀྱི་སྟོབས་ཤུགས་དེ་གང་ཞིག་ནས་སྔོག་དགོས་པ་དེ་བསྟན་སོང་བ་རེད་ལ། ནང་དགོས་སུ་ད་ལྟའི་བོད་ཀྱི་སློབ་ཆེན་པ་ཞིག་ལ་མཚོན་ན་དམིགས་བསལ་འགན་འཁྲི་དང་རྩ་བའི་བླངས་བྱ་གང་འདྲ་ཞིག་གཉེར་དགོས་པ་དེ་གསལ་ཐག་ཆོད་པ་ཞིག་བསྟན་སོང་བ་རེད། དེ་བཞིན་དུ་བོད་སྤྱི་ཚོགས་ཀྱི་ཟབ་ས་དང་། མཐུག་ས། ཆེ་ས། སྲ་ས་སོགས་ཕྱོགས་གང་དག་ན་རེ་རེ་ནས་ཤུགས་རྐྱེན་དྲག་ཏུ་ཐེབས་ཤིང་བོད་ཀྱི་ལོ་རྒྱུས་ཁྲོད་སྔར་བྱུང་དཀོན་པའི་གྲགས་འགུལ་གཞན་ཞིག་ཀྱང་བཟོས་སོང་བ་རེད། དེ་ནི་ནུབ་བྱང་ཚང་གི་ལང་ཚོས་བཀྱགས་པའི་དཔའ་སྐད་དང་བདེན་པའི་སྟོབས་ཀྱིས་བཟོས་པའི་གྲུབ་འབྲས་གསལ་ཐག་ཆོད་པ་ཞིག་ཅི་ལ་མ་ཡིན། དེ་ལྟར་དུ་ཡིན་ནོ།།
མ་གཞི་མི་དག་ནར་སོན་རྗེས་བདེན་པའི་གྲུབ་པའི་གཉུག་གཤིས་ཀྱི་ངོ་བོ་གང་ཞིག་ནི་སྒྱུ་མའི་གཤོག་པ་དང་ལྡེབ་དེ་ཤར་ལྷོ་ནུབ་བྱང་གི་འོབ་དུང་གང་ཞིག་ཏུ་རྩམ་སྐྱ་རླུང་ལ་སྤུར་བ་བཞིན་གར་སོང་ཆ་མེད་དུ་འབོར་འགྲོ་གི་ཡོད་ཀྱང་། དཔའ་སྤོབས་ཀྱིས་གཏམས་པའི་མི་བུ་གང་ཞིག་ནི། ཏག་ཏག་ཆ་མེད་རྒྱུས་མེད་ཀྱི་ལུང་སྟོང་གང་ཞིག་ནས་གནས་ལུགས་ཀྱི་ངར་སྐད་སྒྲོག་བཞིན་ཀི་རིང་མཐོན་པོས་བདེན་པའི་ལག་རིང་ཕྱར་ནས་ཐོན་ཡོང་ཞིང་། ཁྲག་མདོག་གི་རླངས་པ་དྲག་ཏུ་འཕྱུར་ས་ན་ཐེ་ཚོམ་དང་བློ་དོགས་མེད་པར་ལག་པ་ཆེར་བསྲིང་གིན་ཡོད། དེ་ནི་ནུབ་བྱང་ཚང་གིས་ཉེ་བའི་ལོ་འདི་དག་གི་རིང་དུས་རྒྱུན་དུ་འཁྲབ་སྟོན་བྱེད་བཞིན་པའི་ཟློས་གར་རིང་མོ་ཞིག་ཡིན་ཞིང་། ཟློས་གར་འདིའི་ཁྲོད་ནུབ་བྱང་ཚང་གི་ཟུངས་ཁྲག་དང་ངར་སྐད་མཐའ་དག་རྩུབ་བརྡར་གྱིས་བཞུར་གྱིན་ཡོད།
དེ་བཞིན་དུ་མི་ཞིག་ཡིན་ཕྱིན་དེའི་དཀའ་སྡུག་གི་ལོ་ཟླ་དང་ཁྲག་མདོག་གི་རླངས་པ་མཐའ་དག དུས་རབས་ཀྱི་དཀའ་སྡུག་གི་ལོ་ཟླ་དང་མངར་སྐྱུར་ལ་བརྒྱུས་དགོས་པ་ཡིན་ན། དེས་ཅིས་ཀྱང་མྱི་ཡི་འཚོ་བ་ལ་སྔོག་འདོན་བྱེ་དགོས་ཤིང་ལྷག་དོན་རང་ཉིད་དུས་རབས་གང་ཞིག་དང་མི་རབས་གང་ཞིག་གི་འཚོ་བའི་རབ་ཁ་ན་རྟག་ཏུ་འགྲེང་ཡོད་པ་དེ་ཤུགས་ཀྱིས་བསྟན་ཡོད་དོ།། དེ་ནི་ནམ་རྒྱུན་ནུབ་བྱང་ཚང་གིས་མྱི་གླེང་བའི་གོ་རིམ་ཁྲོད་ཀྱི་ཆེས་གནད་རྩར་གཅར་བའི་ལས་འགུལ་ཞིག་ཡིན་ལ། དེ་ནི་ནུབ་བྱང་ཚང་གིས་ནམ་རྒྱུན་མྱི་གླེང་དགོས་པའི་རིན་ཐང་ལྟ་ཚུལ་གྱི་ང་རོ་ཞིག་ཀྱང་ཏན་ཏན་དེ་ན་མངོན་གྱིན་ཡོད་པ་རེད། མདོར་ན་ནུབ་བྱང་ཚང་ནི་བོད་ཀྱི་༼བསམ་བློའི་ལས་འགུལ༽་གྱི་སྣ་འདྲེན་མཁན་ཉག་གཅིག་ཏུ་གྱུར་ཅིང་། ད་ལྟའང་ད་དུང་ནུབ་བྱང་ཚང་གི་ལང་ཚོར་འཐིམས་པའི་དཔའ་སྤོབས་ཀྱི་མེ་ལྕེ་དེ་མངོན་ལྐོག་གང་རུང་དུ་ཤུགས་ཀྱིས་འབར་གྱིན་ཡོད་དོ།།

2013 10 17 ཉིན་ནུབ་བྱང་ཚང་དུ།

H Fashion Against AIDS Spring 2012 collection coming soon
VIDEO PORNO XXX It is also crucial to know how to stitch by hand

What fashion trend will you never understand
Wedding Dresses at times I'm tried of its exaggerated cliches

Fashion Designer Catherine Walker Has Died
VIDEOS PORNO Every woman wants to be the center of attraction

A Pair of Red Soled Shoes
Download Free Games Blend well and pour into a buttered 2 quart casserole dish

Moleskine Offers Exposure To The Luxury Industry And A Great Upside Potential
pornos the actual tee shirts i pick and choose not keeping in mind requires to be go back tonight

Top 3 Fendi Handbags of all time
free xxx how to become a natural male clothing make

Mama ABDC fashion watch Part 4
Tube XXX Scottsdale and Miami beach

Young Fabulous hosts a night of art
Filme Porno maybe because she has money or because she's just a confident person
བསྟོད།6

抱歉,评论已关闭!