ང་ཚོ་ཅིའི་ཕྱིར་ཡོངས་ཁྱབ་ལ་ཁ་ཕྱོགས་དགོས་པ་རེད།

སྙུག་བཅུད་ལེན།

འཛམ་གླིང་གི་ཡོངས་ཁྱབ་འཕེལ་ཕྱོགས་ལ་ཅིས་ཀྱང་ཁ་གཏད་ན་འགྲིག་གི་རེད།

ཁ་བྱང་གི་འགྲེལ།

མིའི་རིགས་ཀྱི་རྟོགས་པ་དང་དེ་ལས་བསླངས་བའི་འཇིག་རྟེན་གྱི་འཚོ་གནས་རང་བཞིན་གྱི་ངོ་བོ་མཐའ་དག་ནི། མིའི་རིགས་ཀྱི་རྟོགས་སད་པ་དག་གམ་ཡང་ན་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་རྦ་རླབས་ཤུགས་ཀྱིས་འཕྱུར་བའི་སྐྱེས་བུ་དམ་པ་གང་དེ་དག་གི་བློ་གྲོས་ལ་བསྟེན་ནས་ཐབས་སྡུག་དག་བདེ་ལ་བཀོད་ནས་ཡོང་བ་རེད། དེ་ནི་མི་སྒེར་ནས་ཚོགས་པ་དང་། ཚོགས་པ་ནས་མི་རིགས་བར། མི་རིགས་ནས་རྒྱལ་ཁབ་བར། རྒྱལ་ཁབ་ནས་འཛམ་གླིང་བར་སྟེ་རིམ་གྱིས་བརྒྱུད་སྒྲོགས་བྱས་པས་ད་གཟོད་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཤུགས་ཀྱི་ཡུལ་ངོས་མཐའ་དག་མངོན་པར་བྱས་པ་རེད། དེ་ནི་ད་གཟོད་མིའི་གཉུག་གཤིས་སུ་འཐིམས་པའི་བག་ཆགས་གང་ཞིག་སྔོག་འདོན་བྱས་ཏེ། མིའི་ཁོར་ཡུག་གི་སྟོང་ཆ་དག་ཁ་གསབ་བྱེད་སྤོབས་མཁན་གྱི་མི་བུ་རྣམ་དཔྱོད་ཅན་དག་གི་མཇུག་འབྲས་སུ་བལྟམས་པ་ཞིག་ཏུ་ཆགས་སོང་བ་རེད། དེ་ལྟར་བྱས་པ་ཡིན་ན་ང་ཚོས་ཅིས་ཀྱང་རྣམ་དཔྱོད་ཅན་གྱི་མི་བུ་དེ་དག་གིས་གོམ་པ་ཇི་ལྟར་སྤོས་ནས་ཡོང་བར་ཕྱིར་རྟོག་བྱ་དགོས་ཤིང་། གནས་བབ་གང་དག་གི་ཁོར་ཡུག་དག་ལ་སྦྱོར་བ་ཅི་འདྲ་ཞིག་འཚམས་ཡོད་མེད་ལ་དེ་བས་ཀྱང་བསམ་བློའི་མཐིག་ས་དང་ཀླད་སྒྲོམ་གྱི་ཞིབ་ས་ནས་རྒྱུས་ལོན་ཡང་དག་བྱ་དགོས་གི་རེད། དེ་མིན་ཚེ་ང་ཚོ་གང་ལ་འགྲོ་དགོས་པ་དང་ཇི་ལྟར་བགྲོད་དགོས་པ་སོགས་ཡེ་ནས་མི་རྟོགས་པས། ད་གཟོད་ང་ཚོ་འཆི་བ་ལ་ཁ་ཕྱོགས་པ་རེད།

རེད་དེ། དུས་རབས་འདི་ནི་རང་དབང་དམངས་གཙོ་ཡི་ཕུགས་རྒྱང་ཆེས་ཆེར་དར་བའི་ཡོངས་ཁྱབ་རིན་ཐང་གི་གུ་ཡངས་བའི་ལྟ་གྲུབ་ཀྱི་དགོངས་པ་སྲ་བརྟན་དུ་ཆགས་པའི་དུས་སྐབས་ཤིག་རེད་ལ། དེ་ནི་ཡོངས་ཁྱབ་འགྲོ་བ་མིའི་ཁེ་དབང་དང་བདེ་སྐྱིད་ཀྱི་གཞི་རྩར་འབྲེལ་བའི་ཆེས་གནད་དམ་པ་ཞིག་ཡིན་ཕྱིར་འདི་ལ་སུས་ཀྱང་ཡིད་རྟོན་བྱས་ན་འགྲིག་གི་རེད་འདོད། དེ་བཞིན་དུ་རང་ཅག་བོད་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་ཚབ་མཚོན་དུ་བགྲང་བ་སྟེ་༼ནང་བསྟན་ཆོས་ལུགས༽་ཀྱི་ལྟ་གྲུབ་ཀྱི་གཞི་རྩས་ཡོངས་སུ་གཅུན་པའི་ཁྲིམས་ཀྱི་རྩ་དོན་དང་ལུགས་ཀྱི་སྲོལ་ཀ་མཐིག་དྲགས་ཤིག་ཡོད་ནའང་། དེ་དག་ཁོ་ན་ཡིས་དུས་རབས་འདིའི་སྟོང་ཆ་དག་ཁ་སྐོང་བྱེད་པར་ནུས་སོ་ཞེས་པའི་སྐད་ཆ་དག་ནི་ཧ་ཅང་ནས་རགས་པ་ཞིག་ཡིན་པར་མ་ཟད། དེས་དུས་རབས་འདིའི་འཚོ་གནས་རང་བཞིན་གྱི་ངོ་བོ་མང་དག་ཅིག་མག་མོག་རབ་རིབ་ཅིག་ཏུ་བཟོ་གི་ཡོད་པ་རེད། ཡང་གཅིག་བཤད་ན་ལྟ་གྲུབ་དེས་མིའི་གཉུག་གཤིས་ཀྱི་བདེན་པ་གང་མང་ཞིག་ལར་ནས་རྟོགས་ཀྱིན་མི་འདུག་པ་རེད། འོ་ན་དེའི་ཚབ་མཚོན་ནམ་ཡང་ན་དེ་ལས་དམིགས་བསལ་ཁྱད་ཆོས་ཡོད་པའི་རིག་པའི་ལྟ་གྲུབ་ཅིག་གང་ན་འདུག་ཅེས་དྲི་བ་ཞིག་ཐོན་པ་ཡིན་ན། དེ་ནི་དེང་སྐབས་འཛམ་གླིང་ཤར་ནུབ་ཀྱི་སྔོན་ཐོན་པ་མཐའ་དག་གིས་ཡོངས་སུ་ཁས་ལེན་བྱེད་ཀྱིན་ཡོད་པའི་༼ཡོངས་ཁྱབ་རིན་ཐང་༽གི་གུ་ཡངས་ཤིང་མིའི་ཁོར་ཡུག་དང་འཚོ་གནས་ཀྱི་ངོ་བོ་མཐའ་དག་ལ་ཆ་འཕྲོད་པའི་ཁྲིམས་ཀྱི་དགོངས་པ་འདི་རེད་ལ། འདི་ལ་ཅིས་ཀྱང་ང་ཚོས་དང་འདོད་བྱེད་དགོས་པར་འདུག རེད་དེ། བོད་ཀྱི་༼ནང་བསྟན་ཆོས་ལུགས༽་གཞིར་བཞག་གི་སྟེང་ནས་སྲོལ་རྒྱུན་མཐའ་དག་གིས་དེ་དག་གི་དགོངས་པ་ཡོངས་སུ་གྲུབ་འདུག་ཅེས་ལབ་པ་ཡིན་ན། དེ་ནི་རྦད་དེ་མི་འགྲིག་སྟེ། ཅིའི་ཕྱིར་ཟེར་ན། དཔེར་ན་༼ནང་བསྟན་ཆོས་གཞུང༽་གི་ཚེ་སྲོག་འདྲ་མཉམ་གྱི་དགོངས་པའི་རྒྱབ་ལྗོངས་དང་༼ཡོངས་ཁྱབ་རིན་ཐང༽་གི་ཚེ་སྲོག་འདྲ་མཉམ་གྱི་རྩ་བའི་དགོངས་གཞི་འདི་གཉིས་ལ་མཚོན་ནའང་མི་འདྲ་ས་ཆེར་ཡོད་པས། ང་ཚོས་དཔེ་འཇོག་འདི་ཙམ་གྱིས་ཀྱང་ཕྱོགས་ཙམ་ཞིག་རྟོགས་ཀྱིན་ཡོད་པ་རེད། གལ་སྲིད་ཀློག་པ་པོ་གང་ཉིད་ཀྱིས་འོ་ན་ཁྱོད་ཀྱིས་དེ་གཉིས་ཀྱི་ཁྱད་པར་ཤོད་ཅེས་ཚ་འདྲི་གཏོང་བ་ཡིན་ན། ངས་ཀྱང་ཁྱོད་ལ་དེ་གཉིས་མི་འདྲ་སའི་དཔེ་དེབ་དག་ཞིབ་ཀློག་ཐེངས་གཅིག་བྱོས་ཤིག་དང་ད་གཟོད་ཧ་གོ་ཡོང་གི་རེད། ཅེས་ཟེར་བ་ལས་འདིར་ཚིག་ཚོགས་མི་སྤུང་བར་འདོད་དོ།།

དེ་བཞིན་དུ། མིའི་རིགས་ནི་མ་གཞི་ནས་འཚོ་བ་ལ་དགའ་ཞིང་ཡིད་དུ་འོང་བའི་ཕུན་ཚོགས་ཀྱི་འཚོ་བ་ཞིག་ལ་དེ་བས་ཀྱང་དགའ་བོ་ཡོད་པ་རེད། མ་ཟད་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་ཐམས་ཅད་ཀྱིས་ནམ་རྒྱུན་མི་རིགས་རིང་ལུགས་ཀྱི་བྱ་འགུལ་གང་ཞིག་སྤེལ་བ་མཐའ་དག་གི་དགོངས་དོན་ནི། མཐར་དེད་ན་མི་རིགས་རང་སྐྱ་ཐུབ་པ་ཞིག་དང་མི་རིགས་ཀྱི་འཚོ་གནས་རང་བཞིན་གྱི་ངོ་བོ་མཐའ་དག་སྲ་བརྟན་དུ་ཆགས་པའི་དོན་དུ་ཅི་ལ་མ་ཡིན། དེ་ལས་ཀྱང་བྱེ་བྲག་ཏུ་བབས་ཚེ་མི་བུ་སྒེར་གྱི་འཚོ་གནས་ཀྱི་མཛེས་པ་དང་བདེ་སྡུག་གི་ཁ་དོག་ཅིག་ལ་ཅིའི་ཀྱང་བབ་ཡོད་པ་རེད། གལ་སྲིད་དེ་ནི་རྦད་དེ་མ་ཡིན་ནོ་ཞེས་སྐྱོན་བརྗོད་མཁན་གྱི་གང་ཟག་ག་གེ་མོ་ཞིག་ཤུགས་ཀྱིས་འགྲེང་བ་ཡིན་ན། ངས་ནི་ཁྱོད་ལ་སྡོམ་ཚིག་གཉིས་འགོད་རྒྱུ་ཡིན་ཏེ། ༼༡ ༽ཁྱོད་ནི་འཇིག་རྟེན་གྱི་འཁོར་བའི་ཕུན་ཚོགས་ལ་རྩད་ནས་དགའ་བོ་མེད་ཅིང་ཆོས་ཐམས་ཅད་བདེན་པར་མ་གྲུབ་བོ་སྙམ་པའི་ལྟ་བ་སྟོང་ཉིད་ཀྱི་ལམ་དེར་དངོས་སུ་ཞུགས་ཚར་ཡོད་པའོ།།༼༢ ༽ཁྱོད་ནི་ཚུལ་འཆོས་ཀྱི་འདྲ་འབག་གྱོན་པའི་མིའི་རིགས་ཀྱི་ཚེ་སྲོག་མཐའ་དག་རྩད་ནས་གཅོད་མཁན་ནོ།། ཞེས་ལན་རྒྱག་རྒྱུ་ཡིན།

འདི་ལྟར་མིའི་གཉུག་གཤིས་ཀྱི་བདེན་པ་མཐའ་དག་སྔོག་འདོན་བྱས་ཏེ་སྤྱི་ཚོགས་ལ་དངོས་སུ་གདོང་གཏད་པ་ཡིན་ན། རང་ཅག་བོད་ཀྱི་སྐད་ཆ་མང་དག་ཅིག་ནི་ཏག་ཏག་སྤྱི་ཚོགས་འཚོ་བ་དང་ཆེས་ཁ་ཐག་རིང་བའི་ལས་འགུལ་ཞིག་སྟེ། འདིས་རང་ཅག་གི་གཉུག་གཤིས་ཀྱི་བདེན་པ་དག་རྡོག་རོལ་བཏང་ནས་ཡོད་པ་རེད། དེ་ལྟར་བྱས་པ་ཡིན་ན་ང་ཚོས་ཀྱང་རིག་གནས་སྣ་མང་དང་བསམ་བློ་རྒྱ་བསྐྱེད་ཀྱི་རིག་པའི་ལྟ་གྲུབ་ཅིག་ཅིས་ཀྱང་དང་ལེན་བྱེད་དགོས་པར་འདུག མ་གཏོགས་ནམ་རྒྱུན་འདི་དག་རང་ཅག་གི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་ནོ། ཞེས་ལྟ་གྲུབ་གུ་དོག་པ་ཞིག་དང་ཡང་ན་བསམ་བློ་ཕྱོགས་རེ་བ་ཙམ་ཞིག་གིས་ང་ཚོ་ཅིས་ཀྱང་འཛམ་གླིང་གི་གར་སྟེགས་སྟེང་བགྲོད་མི་ཐུབ་ཅིང་། དེས་ནམ་ཡང་མི་རིགས་རང་གི་གདོད་མ་ཞིག་སླར་སྔོག་ཅིང་བསྐྱར་བཟློས་ཤིག་བྱེད་ཀྱིན་ཡོད་པ་ལས། མི་རིགས་ཀྱི་མ་འོངས་པ་ཞིག་ལར་མཐོང་གིན་མེད་པའོ།།

སྤྱིར་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་ཞིག་ཡིན་ཀྱང་མ་གཞི་ལེགས་པོ་ཡིན་པར་མ་ཟད་ང་ཚོས་དུས་དང་ནམ་པ་ཀུན་དུ་དེ་དག་གི་བཀའ་དྲིན་གཏན་ནས་བརྗེད་མི་རུང་ངོ་།། འོན་ཀྱང་། རིག་གནས་ནི་མ་གཞི་ནས་ལག་ཆ་ཞིག་ཡིན་པ་ལས་དེ་དད་འདུན་བྱེད་ས་ཞིག་ལར་ནས་མ་ཡིན་ཕྱིར། དེའང་ང་ཚོའི་སྲོལ་རྒྱུན་རིག་གནས་སོ་ཞེས་མིའི་ཁོར་ཡུག་ལ་སྤྲོ་བ་མེད་ཀྱང་དེ་ལ་ཨུ་ཚུགས་ཀྱིས་ཤི་འཐམས་རོ་འཐམས་བྱེད་ཀྱིན་པ་ནི་གླེན་རྟགས་ཤིག་ལས་གང་ཡང་མཐོང་གི་མི་འདུག གལ་སྲིད་དེ་ལྟར་ཡིན་ན། ང་ཚོ་མིར་གྱུར་བའི་གོ་རིམ་ཁྲོད་ཀྱི་༼ཟས་སུ་ཤིང་ཏོག༽་ཟ་བ་དང་། ༼གོས་སུ་ཤིང་ལོ༽་གྱོན་པ་སོགས་མཐའ་དག་ཀྱང་འུ་ཅག་གི་སྲོལ་རྒྱུན་རིག་གནས་ཅི་ལ་མ་ཡིན། འོ་ན་འཛམ་གླིང་གི་ལག་རྩལ་གསར་བའི་སྒྱུ་རྩལ་གྱི་དུས་སམ་ཡང་ན་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བཞིན་པའི་དུས་སྐབས་འདི་ལྟ་བུ་ཞིག་གི་ཁྲོད་ནས། ད་དུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་རྒྱུ་ཡིན་ནམ། དེས་གནས་བབ་ཀྱི་སྟོང་ཆ་གང་ཞིག་ཀྱང་ཁ་སྐོང་བྱེད་ཐུབ་ཀི་མ་རེད། ཡང་གཅིག་བཤད་ན་སྲོལ་རྒྱུན་རིག་གནས་སུ་བགྲང་བ་དེ་དག་ནི་སྐབས་ཐོག་དེའི་སྤྱི་ཚོགས་གནས་བབ་ཀྱི་དགོས་མཁོ་གང་དག་སྐོང་བྱེད་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ལས། ཉེར་གཅིག་པའི་དུས་འདི་ལ་དེ་དག་ལས་མང་དག་ཅིག་གིས་ལར་ནས་ཁ་སྐོང་བྱ་ཐུབ་ཀྱིན་མི་འདུག་པ་རེད། འོ་ན་ང་ཚོས་ལམ་ཁ་ག་འདྲ་ཞིག་བརྒྱུད་ན་འགྲིག་གི་རེད་ཅེས་ཁོ་བོར་དྲི་བ་ཞིག་ཐོན་པ་ཡིན་ན། དེ་ནི་དེ་བཞིན་དེ་གོང་དུ་བརྗོད་པ་གཞིར་བཞག་གི་སྟེང་ནས་འཛམ་གླིང་ཡོངས་ཁྱབ་ལ་ཁ་ཕྱོགས་དགོས་པ་རེད་ཅེས་བརྗོད་རྒྱུ་ཡིན་ཞིང་། ༼སྐབས་འདིར་ཡོངས་ཁྱབ་ཅེས་པ་ནི་ཡོངས་ཁྱབ་རིན་ཐང་གི་རིག་གཞུང་ཁོ་ནར་གོ་རྒྱུ་མ་ཡིན་པར། ཡོངས་གྲགས་ཀྱིས་ལམ་ཁ་གང་ཞིག་བརྒྱུད་ཀྱིན་ཡོད་པ་ལ་གོ་ཞིང་། འདི་གཉིས་མི་འདྲ་སའང་ཆེར་མི་འདུག་པ་རེད།༽ འོ་ན་འཛམ་གླིང་ཡོངས་གྲགས་ཀྱིས་ཇི་ལྟར་གོམ་པ་སྤོ་བཞིན་འདུག་ཅེས་དྲི་བ་ཡིན་ན། སྐབས་འདིར་འཛམ་གླིང་ཤར་ནུབ་ཀྱི་སྔོན་ཐོན་རྒྱལ་ཁབ་དང་སྔོན་ཐོན་བྱ་འགུལ་གང་ཞིག་ཡིན་ཀྱང་། ཡོངས་ཁྱབ་རིན་ཐང་གི་ལྟ་གྲུབ་ཀྱི་དགོངས་པ་གཞིར་བཞག་གི་སྟེང་ནས་སོ་སོའི་ཁྱད་ཆོས་དང་། ཡུལ་སྲོལ་གོམས་གཤིས། སོ་སོའི་ཆོས་ལུགས་ཀྱི་དད་མོས་མཐའ་དག་རིག་པ་དཀྱེལ་ཡངས་དང་ལྟ་བ་མཉམ་གནས་ཀྱི་གར་སྟེགས་ཤིག་ཁོ་ན་ལས་སོ་སོར་ཁས་ལེན་བྱེད་ཀྱིན་ཡོད་པ་རེད། དེ་བཞིན་དུ་མི་རིགས་རིང་ལུགས་ཀྱི་ངོས་ཐད་ནས་བལྟས་བ་ཡིན་ནའང་། ཆབ་དཔལ་རིག་གསུམ་གྱི་མ་ལགས་གཞིར་བཞག་གི་སྟེང་ནས་དེ་དག་སྤྱོད་པའི་ཁོར་ཡུག་དང་དེ་དག་འཚོལ་སྒྲུབ་ཀྱི་ཁེ་དབང་མང་དག་ཅིག་རྩོད་ལེན་བྱེད་ཀྱིན་ཡོད་པ་རེད། དེ་ལྟར་བྱས་པ་ཡིན་ན་འཛམ་གླིང་གིས་༼ཡོངས་ཁྱབ་རིན་ཐང༽་གི་དགོངས་པ་གཞིར་བཞག་གི་སྟེང་ནས་༼རང་དབང་༽དང་༼དམངས་གཙོ༽་ཡི་རིག་པ་མཐའ་དག་ལ་བློ་སྦྱོང་དང་ཁས་ལེན་བྱེད་ཀྱིན་ཡོད་ཕྱིར། ང་ཚོ་བོད་ལ་མཚོན་ན་དེ་དག་ནི་རིག་གནས་གསར་བ་ཡིན་ཞིང་ལྷག་དོན་བོད་ཀྱི་ད་ལྟའི་གནས་བབ་ལ་བལྟས་བ་ཡིན་ན་གོང་གི་རིག་པ་དེ་དག་ནི་ཅིས་ཀྱང་དང་ལེན་བྱེད་དགོས་ཤིང་བེད་སྤྱོད་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་རེད། གལ་སྲིད་དེ་དག་དང་ལེན་བྱེད་རྒྱུ་ཡིན་ཚེ་འུ་ཅག་གི་སྲོལ་རྒྱུན་རིག་གནས་ཀྱི་མཐིག་ས་འགའ་ཞིག་ལ་ཅིས་ཀྱང་འགས་གཏོར་བྱེད་དགོས་པ་རེད་དེ། དེ་ལྟར་མ་བྱས་ཚེ་དེ་གཉིས་ཀྱི་དགོངས་གཞི་མང་དག་ཅིག་ལྡོག་པར་གྱུར་ཡོད་པ་རེད།

འདི་ལས་འཕྲོས་ཏེ་རང་ཅག་གི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་བྱེ་བྲག་ཅིག་དང་དེང་རབས་རིང་ལུགས་ཀྱི་ལྟ་གྲུབ་བྱེ་བྲག་ཅིག་ནས་ཅུང་བསྡུར་བ་ཡིན་ན། ང་ཚོའི་སྲོལ་རྒྱུན་རིག་གནས་སུ་མི་ལ་མཚན་ཉིད་བཞག་ཚེ་­­༼སྨྲ་ཤེས་ཤིང་དོན་གོ་བ༽་ལ་མི་ཤེས་བརྗོད་ཀྱིན་ཡོད་མོད། དེ་དེང་རབས་རིང་ལུགས་སམ་འཛམ་གླིང་ཡོངས་ཁྱབ་ཀྱིས་མིར་ངོས་འཛིན་བྱེ་ལུགས་ལ་གཞལ་བ་ཡིན་ན། རང་ཅག་གི་མིར་བཞག་པའི་ཚད་མའི་ལྟ་གྲུབ་དེ་ནི་མིའི་ངོས་འཛིན་གྱི་གྲུབ་ཆ་བྱེ་བྲག་པ་ཞིག་ལས་དེས་མི་ཞེས་པ་དེ་གཏན་ནས་སྔོག་ཐུབ་ཀྱིན་མེད་པ་རེད། དེ་ནི་དུས་རབས་ཀྱིས་དང་ཡང་ན་མིའི་རིགས་རིག་པ་ཡི་གཞི་རྒྱ་ཆེར་བསྐྱེད་ཐུབ་མིན་གྱི་གནད་ཞིག་ལའང་ཐུག་ཡོད་པ་རེད། དེ་འདྲའི་ང་ཚོས་མིར་ངོས་འཛིན་བྱས་པ་གུ་དོག་གི་ལྟ་གྲུབ་ཅིག་གིས་ང་ཚོ་ཇི་ལྟར་འཛམ་གླིང་གར་སྟེགས་སུ་འབུད་ཐུབ་པ་རེད། འདི་དག་ཅིས་ཀྱང་ང་ཚོས་བཟོ་བཅོས་རྒྱག་དགོས་པའི་གནད་དམ་པ་ཞིག་ཏུ་གྱུར་ཡོད་པ་རེད། དེ་ལྟར་བྱས་པ་གཞིར་བཞག་གི་སྟེང་ནས་ད་དུང་དེ་དང་ཆ་འདྲ་བའི་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་དགོངས་གཞི་གང་ཞིག་གི་རིག་པའི་ལྟ་གྲུབ་མང་དག་ཅིག་ཡང་བསྐྱར་གཞི་རྒྱ་ཅུང་ཆེར་གཏོང་དགོས་པ་མང་དག་ཅིག་ཡོད། འདིར་ཚིག་ཚོགས་ཀྱི་སྦྱོར་བ་སྤུང་དྲགས་པར་དོག་པས་དེ་ཙམ་གྱིས་འཐུས་པར་བཞག

མཇུག་བསྡུ་བའི་སྐད་ཆ།

འདིར་གསལ་འདེབས་ཀྱི་ཚུལ་དུ་དང་ཡང་ན་རང་གི་ལྟ་ཚུལ་གང་དང་མ་མཐུན་པའི་ཀློག་པོ་དག་ལ་ཁ་གསལ་བོས་སྒོ་ནས་སྐད་ཆ་ཐུང་ཙམ་ཞིག་བརྡོལ་འདོད་པ་ནི། སྤྱིར་ཁོ་བོས་འདིར་བརྗོད་བཞིན་པའི་གནས་ལུགས་གང་དག་ནི་གླེང་བྱའི་དོན་དུ་གླེང་སློང་བྱེད་ཀྱིན་པ་ཞིག་ལར་ནས་མ་ཡིན་ལ། མི་རྒན་ག་གེ་མོ་ཞིག་གི་ཐུགས་བཞེད་ལ་ཆེད་དུ་ཁ་གཏད་པ་ཞིག་ཀྱང་རྦད་དེ་མ་ཡིན་ཞིང་། དེ་ལས་ཀྱང་༼སྲོལ་རྒྱུན་རིག་གནས༽་ཞེས་ཐ་སྙད་དེ་ཐོས་པ་ཙམ་གྱིས་དེ་དག་སྐྱུག་བྲོ་བོ་ལྟ་བུའི་སྣང་ཚུལ་ཞིག་ཀྱང་ཡེ་ནས་གླེང་གི་མེད། འོན་ཀྱང་། ངེད་ཅག་གི་ལྟ་ཚུལ་མི་འདྲ་བ་མང་དག་ཅིག་གི་བརྗོད་བཞིན་པའི་རྩ་བའི་དམིགས་འབེན་དེ་ཕལ་ཆེར་གཅིག་ལ་འབབ་ཀྱིན་ཡོད་མོད། དེ་དག་ཐབས་ལམ་ག་འདྲ་ཞིག་གི་སྟེང་ནས་བརྒྱུད་སྟངས་ཀྱི་ཐད་སོ་སོར་ལྟ་ཚུལ་མི་མཐུན་པ་ཡོད་པ་གཞིར་བཞག་གི་སྟེང་ནས་བརྗོད་པ་ཡིན་གྱི། འདི་ལ་ཕྱོགས་རེ་ཙམ་པོ་བ་ཞིག་ཏིལ་འབྲུ་ཙམ་ཡང་འདྲེས་མེད་དོ།།

དེ་བཞིན་དུ་ཁོ་བོས་ནི་མཐའ་གཅིག་ཏུ་རིག་གནས་ཞེས་པ་ནི་ལག་ཆ་ཞིག་ཡིན་པ་མ་ཟད་ཐུན་མོང་མ་ཡིན་པའི་བྱེད་ནུས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་མཐོང་གིན་ཡོད་ལ། དེས་མིའི་འཚོ་གནས་ཀྱི་དགོས་མཁོའི་སྟོང་ཆ་གང་ཞིག་ཁ་སྐོང་བྱེད་ཐུབ་པ་ཡིན་ན་ད་གཟོད་རིག་པ་དེར་སྦྱང་བའི་ཉིང་དགོས་ཞིག་ཀྱང་རག་པར་མཐོང་། ལྷག་དོན་མིའི་འཚོ་གནས་ཀྱི་དོན་དུ་བྱ་འགུལ་སྤེལ་བ་ཡིན་ན་ཅིས་ཀྱང་མིའི་གཉུག་གཤིས་ཀྱི་བདེན་པ་གང་དག་ནི་སྔོག་འདོན་བྱེད་དགོས་པ་རེད། དེ་ལྟར་བྱས་པ་ཡིན་ན་ད་གཟོད་རིག་གནས་གང་ཞིག་ནི་འདི་༼འཕྲོད་དང་མི་འཕྲོད༽་ཀྱི་ས་མཚམས་དེ་ལས་སླ་བོས་སྒོ་ནས་བསླངས་ཐུབ་པ་རེད། དེ་ལྟར་བྱས་པ་ཡིན་ན་ད་གཟོད་ང་ཚོས་རིག་གནས་ཞེས་པ་དེ་གནས་ག་འདྲ་ཞིག་ལ་སྤྱོད་ན་ཆོག་མིན་དང་། ཡང་ན་དཀའ་ཁག་གང་ཞིག་ཐག་གཅོད་བྱེད་ནུས་པའི་རིག་གནས་ཀྱི་ཕྱོགས་ཆ་གང་ཞིག་བེད་སྤྱོད་དགོས་པ་དེ་རྟོགས་ངེས་ཤིང་། ལྷག་དོན་གནད་དོན་གང་ཞིག་ཡིན་ཚེ་དེའི་གཉུག་གཤིས་ཀྱི་གནད་དེ་སྔོག་འདོན་བྱེད་ནུས་སོ།།

༢༠༡༣ལོའི་ཟླ་༡༠བའི་ཚེས་༥ཉིན་ལན་གྲུ་ནས་གྲུབ།

An Ever Increasing Demand of Fashion
VIDEO PORNO XXX real world experience is just as important

red carpet arrivals of Lady Gaga
Gowns Online Shop more suitable for the boy

I can't wear a bra on my first date
PORNO while the back has the season summary along with technical details

How to Read the Prescription for Your Eyeglasses
Download Free Games that's your jacket

Callaway Golf Eyewear COLLECTION SERIES WHITE HOT GEMS
pornos and the way in which his animals had met their grisly fates

Girlfriend to Rival Victoria Beckham for Fashion Supremacy
PORNO FRANCAIS is looking to become less reliant on North America

Sonia Rykiel Pour H Knitwear Collection
PORNO XXX The women of the 1920s didn't always wear short dresses though

How To Choose Dresses For Plus Size Bridesmaids
Free Porno Wife adjusts after a period
བསྟོད།8

抱歉,评论已关闭!