རྔ་བ་དགེ་ཐོན་སློབ་ཆེན་ཚང་ལ་ཀི་ཞིག་བཏབ་པ།

སྙུག་བཅུད་ལེན།

ལྷིང་འཇགས་ཁྲོད་ཀྱི་རྔ་བ་དགེ་ཐོན་སློབ་ཆེན་ཚང་ལ་ཀི་ཞིག་བཏབ་པ།

——རྔ་བ་དགེ་ཐོན་སློབ་ཆེན་ཚང་(阿坝师专)གི་ལྟག་སྒོ་ནས་འཕངས་བའི་མདའ་ལེབ་མོ།

ལྷིང་འཇགས་ཁྲོད་ཀྱི་འཚོ་བ་ནི་ལྷའི་སྐད་ཀྱི་བདེ་སྡུག་བཏིང་སྙོམས་ཀྱི་ཚོར་བ་ཅི་ཡང་མེད་པའི་སྟོང་བའི་དབྱིངས་ཀྱི་རབ་རིབ་གཟིགས་མེད་ཅིག་ཡིན་ཞིང་། ལྷིང་འཇགས་ཁྲོད་ཀྱི་མི་རྣམས་ནི་རང་གི་འཚོ་བའི་རབ་ཁ་ན་ལྷ་འདྲེ་གདོན་བགེག་གི་མེ་ཕུང་གང་ཞིག་སྦར་གྱིན་ཡོད་མེད་དེ་ཅི་ཡང་ཧ་གོ་གི་མེད་མཁན་ཞིག་ཡིན་པ་རེད་དེ། གལ་སྲིད་དེ་འདྲ་མིན་ན་སྨྱོན་པ་ཡིན་སོང་ངོ་།།

དེ་ཡང་འདི་ནས་ཡར་བརྩིས་པའི་མི་ལོ་སུམ་བཅུ་ལྷག་གི་ཡར་སྔོན་ནས་བོད་ཡུལ་གྱི་ལུང་པ་སོ་སོ་དང་ཚོགས་སྒེར་གང་རུང་ཁྲོད། མི་རིགས་ཀྱི་རླངས་པ་དྲག་ཏུ་འཕྱུར་ཞིང་། བསམ་བློའི་རྩུབ་བརྡར་གྱི་མེ་སྟག་བོད་ཡུལ་ལུང་པའི་ཉིན་སྲིབ་ཀུན་ཏུ་ཤེད་ཀྱིས་མཆེད་པ་རེད། ལྷག་དོན་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་ཁོར་ཡུག་དག་ན་ཤུགས་ཀྱིས་འཕྱུར་ཞིང་དྲག་ཏུ་འབར་ཏེ། བོད་སྐད་ཡིག་གི་བསམ་བློའི་རྦ་རླབས་ཀྱིས་བོད་སྤྱི་ཚོགས་ཁྲོད་བསམ་ཡུལ་ལས་འདས་པའི་གཡོ་འགུལ་ཐེབས་ཞིང་། ལོ་ངོ་དུ་མ་ཞིག་གི་རིང་གཉིད་དུ་ཡུར་བའི་མི་རིགས་ཤིག་གི་ལྷིང་འཇགས་དཀྲོགས་པ་རེད། དེའི་གྲས་ན་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་གྲིབ་མ་ཙམ་ཡང་མཐོང་དུ་མེད་ཅིང་བརྡ་རྟགས་ཙམ་ཡང་ཐོས་མ་མྱོང་བ་རེད། དེ་ལོས་ཡིན། རྔ་བ་དགེ་ཐོན་སློབ་ཆེན་ཚང་ལ་མ་གཞི་ནས་རྟ་ཁ་མཉམ་སྒྲིག་གི་བསམ་བློའི་རྨང་མེད་ཅིང་མུན་ནག་ཁྲོད་ནས་ཀི་རིང་འདེབས་པའི་གོམས་སྲོལ་ཡེ་ནས་མེད་སོང་བས་རེད། འདི་ལྟར་ང་ཚོས་ཉེ་བའི་ལོ་ངོ་ཁ་ཤས་ཀྱི་རིང་བོད་ཀྱི་སློབ་གྲྭ་ཆེན་མོ་བའི་ཁོར་ཡུག་གི་གྲགས་འགུལ་དག་ལ་སྡོམ་རྩིས་ཤིག་བརྒྱབ་པ་ཡིན་ན། རྔ་བ་དགེ་ཐོན་སློབ་ཆེན་ཚང་ནི་ཏག་ཏག་{སྒོར་སྒོར་གྲལ་གྱི་གྲལ་མཐའ་ན་ཡོད་ཅིང་། ཤར་ཤར་གྲལ་གྱི་གྲལ་རྔ་}ན་ཡོད་པ་རེད། འདི་ལྟར་བོད་ཆེན་པོའི་རྗེས་ཤུལ་ན་ལྷག་པའི་ཉེར་གཅིག་དུས་ཚིགས་ཀྱི་ཉེ་བའི་རིང་གི་སྤྱི་ཚོགས་ཁྲོད་ན། རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཆར་བ་ཤུགས་ཀྱིས་འབབ་ཀྱིན་ཡོད་ནའང་། དེའི་གྲས་ན་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་དཔེ་མིང་ཙམ་རེའང་ཐོན་གྱིན་མེད་པ་རེད། འདིའི་གནད་དོན་གང་ལ་ཐུག་སོང་བ་རེད། འདིའི་རྒྱབ་ལྗོངས་གང་ཞིག་ན་སྦས་བཞག་པ་རེད། ཤོད་ཡ། མི་རིགས་ཀྱི་འཕོང་ཤ་ཤག་ཤག་ཏུ་ལྡག་བཞིན་པའི་རྔ་བ་དགེ་ཐོན་ཚང་ཡ། ཅིའི་ཕྱིར་དཔའ་སྤོབས་ཀྱི་ལག་པ་མཉམ་བསྲིང་བྱེད་ས་ན་ཁྱེད་ཚང་མགོ་བོ་དུད་དུད་དུ་འདུག་དགོས་སོང་བ་རེད། ཅིའི་ཕྱིར་དཔའ་སྐད་ཀྱི་ལྡིངས་ཆ་སྐག་སྐག་ཏུ་འཕྱུར་ས་ན་ཁྱེད་ཚང་གིས་ལྷིང་འཇགས་ཀྱི་པགས་རྩག་ཤམ་ཤམ་དུ་གྱོན་ནས་འདུག་དགོས་སོང་བ་རེད། འདི་རྡར་གཤིས་རེད། འདི་གླེན་རྟགས་རེད། དངོས་གནས་འགྲིག་མི་འདུག འགྲིག་མི་འདུག་ཡ།

ལོ་ངོ་དུ་མའི་ཡར་སྔོན་ཞིག་ཏུ་འུ་ཚང་ལ་གཏམ་རྒྱུད་ཅིག་ཡོད་པ་རེད། གཏམ་རྒྱུད་དེ་ནི་དུས་རབས་བདུན་པའི་སྐབས་ཀྱི་སྐྱེས་བུ་དཔའ་སྤོབས་ཅན་བོད་རྒྱལ་སྲོང་བཙན་སྒམ་པོ་མ་སྐྱེས་པའི་ཡར་སྔོན་གྱི། བཙན་པོའི་རྒྱལ་རབས་ཀྱི་བྱུང་རིམ་དེ་སྡེ་ཚན་འགར་བགོས་པའི་དུམ་ཚན་སྐོར་ཞིག་གི་སྣང་བརྙན་རེད། དེ་དག་ནི་༼ས་ལ་ལེགས་དྲུག༽་དང་༼ཆུ་ལ་ལྡེ་བརྒྱད༽་སོགས་ཀྱིས་མཚོན་པའི་གྲགས་འགུལ་ཅི་ཡང་མ་བྱུང་བའི། བོད་ཀྱི་རྒྱལ་རབས་ཀྱི་སྡེ་ཚན་དག་རེད། དེ་དག་གི་རིང་ལ་ཏག་ཏག་བོད་ཟེར་བ་འདི་ཁུ་སིམ་མེར་བསྡད་ཅིང་སྐབས་ཐོག་དེའི་འཛམ་གླིང་མི་རིགས་ཀྱི་ཁྲོད་ནས་གླེང་རིན་མེད་པ་ཞིག་ཏུ་ཆགས་སོང་བ་རེད། སྐབས་ཐོག་དེའི་བོད་མི་རྣམས་ནི་ལྷིང་འཇགས་ལ་དགའ་བས་རེད། སྐབས་ཐོག་དེའི་བོད་མི་རྣམས་ནི་རྐང་རྗེས་ཅི་ཡང་འཇོག་མ་ཐུབ་པའི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མིང་ཐོ་ཙམ་པོ་བ་རེ་ཡིན་སོང་བ་རེད། དེ་ནས་མར་ཡོང་སྟེ་བོད་རྒྱལ་གནམ་རི་སྲོང་བཙན་གྱི་དཔའ་སྤོབས་ཀྱི་རྨང་ལས་བྱུང་བའི་སྐྱེས་བུ་སྲོང་བཙན་སྒམ་པོའི་རྣམ་དཔྱོད་ཀྱི་དཔའ་སྐད་དག་ཐོན་པ་ནས་བཟུང་། བོད་ཀྱི་ལོ་ངོ་དུ་མའི་རིང་གཉིད་དུ་ཡུར་བའི་རྒྱལ་རབས་རིམ་བྱུང་གི་སོས་དལ་བག་གཡེང་གི་ལྷིང་འཇགས་དེ་རྩད་ནས་དཀྲོགས་པར་བྱས་ཤིང་། དུས་དེ་ནས་བཟུང་བོད་ཟེར་བ་འདི་གོ་ལའི་ཡངས་རྩེ་ན་འོད་ཟེར་ཅན་དུ་བསྒྱུར་སོང་བ་རེད།

འདི་ནི་གཏམ་རྒྱུད་ཙམ་རེད། འདི་ནི་སྣང་བརྙན་ཙམ་རེད། འོན་ཀྱང་གཏམ་རྒྱུད་འདིའི་རྒྱབ་ལྗོངས་ནས་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་ངོ་ལྤགས་ཤིག་མཐོང་གིན་ཡོད་པ་རེད། སྣང་བརྙན་འདིའི་ཁྲོད་ནས་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་ཉེ་ལམ་ཞིག་སྔོག་གིན་ཡོད་པ་རེད། ལོངས་ཤོག་ཡ། རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་སྟག་ཤར་དང་སྨན་ཤར་རྣམ་པ་རེ་རེ་ནས་ལོངས་ཤོག་ཡ། ཁྱེད་ཚོས་རང་གི་ལང་ཚོས་བཀྱགས་པའི་སྐད་ཆ་དང་སྒེར་གཤིས་ཀྱིས་བརྡར་བའི་ལྟ་གྲུབ་དག་ཁྱེར་ཏེ་ལོངས་ཤོག་ཡ། དུས་རབས་འདིའི་ཁྲོད་ནས་ཁྱེད་ཅག་ལ་མི་རབས་འདིའི་གྲོས་གཞི་འདེབས་སའི་བར་སྟོང་གི་འབྲི་དེབ་མཐུག་པོ་ཞིག་བཞག་འདུག སློབ་ཆེན་པའི་ཁྲོད་ནས་ཁྱེད་ཅག་ལ་ལང་ཚོས་བརྡར་བའི་སྐད་ཆ་དག་ཕབས་བྱེད་ཀྱི་སྙུ་གུ་རྣོ་ཁ་ཅན་དག་བསྒྲིགས་འདུག འདི་ནི་ཐུན་མོང་ལ་དབང་བའི་བོད་སྐད་ཡིག་གི་བསམ་བློའི་ངར་ཤུགས་ཀྱིས་བཙགས་པའི་ཐུན་མོང་གི་གར་སྟེགས་ཤིག་ཏུ་གྲུབ་འདུག་པ་རེད། ལྷག་དོན་ཁྱེད་དང་ཁྱེད་ཅག་གི་སྐོར་ཞིག་ལ་ཆེད་དུ་རྐུབ་སྟེགས་ལྷག་མ་རེ་བཞག་ནས་ཡོད་པ་རེད།

འདི་ལྟར་གླེང་ཞིང་འདི་ལྟར་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་ཕྱི་ནང་གསང་གསུམ་གྱི་འབག་བཙོག་དག་ཁྱེར་ནས་ཡོང་ན། ཀློག་པོ་ཁྱེད་ལ་སྐྱུག་བྲོ་བའི་ལྟ་ཚུལ་ཞིག་ཅིའི་ཀྱང་གྲུབ་འོང་ཞིང་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་རྨི་ལམ་ཞིག་ཀྱང་མེད་པའི་གཉིད་དུ་ཡུར་བའི་རྔུལ་བ་དག་ཀྱང་ཐོས་ཡོང་སྲིད།

རེད་དེ། ཆ་འཕྲིན་དང་ལག་རྩལ་གསར་བས་མི་རྣམས་ཀྱི་ཀླད་སྒྲོམ་ཆེས་ཆེར་བསྔོག་བཞིན་པའི་དུས་རབས་འདིའི་ཁྲོད། ད་དུང་གྲགས་འགུལ་ཅི་ཡང་མེད་པར་གདོད་མའི་འཚོ་བ་ཞིག་གི་ནང་ལྷིང་འཇགས་སེ་གནས་བཞིན་པའི་རྒྱལ་ཁབ་དང་མི་རིགས་དག་ནི་ཧ་ཅང་དབུལ་བོ་ཡིན་པ་དང་། དེ་དག་གིས་འཛམ་གླིང་ཡོངས་ཁྱབ་འགྲོ་བ་མིའི་མཛེས་སྡུག་གི་སྤྱི་ཚོགས་ཁྲོད་རྐང་པ་གཅིག་ཀྱང་སྤོ་ཐུབ་ཀྱིན་མེད་པ་རེད། དེ་བཞིན་དུ་རྔ་བ་དགེ་ཐོན་སློབ་ཆེན་ཚང་ནི་ཏག་ཏག་༼སློབ་ཆེན་དབུལ་བོ༽་ཞིག་སྟེ། ཁོང་ཚང་གིས་སློབ་ཆེན་གཞན་དག་གིི་ཁ་ཆུ་རེ་ལྡག་ནས་འགྲོ་གི་ཡོད་ཅིང་། དོན་དམ་པར་ཁ་ཆུ་འོས་འཚམས་ཤིག་ཀྱང་ལྡག་ཤེས་ཀི་མེད་ཚོད། རྔ་བ་དགེ་ཐོན་སློབ་ཆེན་ཚང་དུས་སྐབས་འདིའི་ཁྲོད་ཀྱི་ཆེས་གྲགས་འགུལ་མེད་ཅིང་ཆེས་ལྷིང་འཇགས་ལ་དུད་པའི་­­<ཆེན>་མིང་འཛིན་མཁན་དེའོ།།

མཇུག་གཏམ་དང་ཆེད་དོན།

མདོར་ན་ཁོ་བོས་དེ་རིང་བརྗོད་བཞིན་པ་འདི་ནི་ཆེད་དུ་ཁོང་ཚང་ལ་ངན་མཚང་ཞིག་བརྡོལ་བ་ལྟ་བུའི་ཀུན་སློང་ཞིག་ལར་མ་ཡིན་ཞིང་། ཁོང་ཚང་མི་གྲལ་ནས་འཕུད་འདོད་ཀྱི་ངན་སེམས་ལྟ་བུ་ཞིག་ཀྱང་ཡེ་ནས་མེད་ཚོད། འོན་ཀྱང་། རྔ་བ་དགེ་ཐོན་སློབ་ཆེན་ཚང་ནི་ང་རང་གི་ཕ་ས་ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་བགྲང་གིས་མི་ལངས་བ་ཞིག་གི་རྣམ་ཤེས་ཀྱི་ང་རོ་གཏད་ས་ཡིན་པས། ཁོ་བོས་ནམ་རྒྱུན་ཁོ་ཚོིའི་ཕྱོགས་ལ་སེམས་ཁུར་ལྷག་མ་རེའང་སྐྱེས་ཡོང་ཞིང་། རང་གི་ས་གནས་ཀྱི་སློབ་ཆེན་དེ་བ་ཚང་ནི་མ་འོངས་པའི་རྔ་ཁུལ་མི་དམངས་ཀྱི་ཚེ་སྲོག་ཁྲི་སྟོང་མང་པོ་བཅོལ་ས་ཡིན་པས། ང་ཚོས་ཅིའི་ཀྱང་རྔ་བ་དགེ་ཐོབ་སློབ་ཆེན་ཚང་ལ་སྙིང་གཏམ་རེ་བཤད་དགོས་ཤིང་བཤད་ཀྱང་འོས་པ་ཡིན་ནོ།།

དེ་བཞིན་དུ་རྔ་བ་དགེ་ཐོན་སློབ་ཆེན་ཚང་གི་སློབ་མ་དག་གིས་ནམ་རྒྱུན་ཆེ་ཆེ་རྫིག་རྫིག་གིས་ཅིག་སྟོན་རྒྱུ་ཡོད་པ་དེ་ (གླུ་དང་བྲོ) ་ཞེས་སྣང་བ་རང་ཡན་པ་ཞིག་གི་ནང་མགོ་འཁོར་ནས་ཡོད་ཅིང་། ལྷག་དོན་དམིགས་བྱ་དང་གླེང་བྱ་ཡོད་ཚད་༼རྒྱུགས་ཚན༽་དང་ (ཟླ་ཕོགས) ་ཀྱི་ཀླད་སྒྲོམ་རྐྱང་རྐྱང་ཡིན་པ་དེས་ཁོ་བོར་ནམ་རྒྱུན་<ཨ་ཁྭ་ཁྭ་>སྙམ་པའི་དྲི་བ་རེ་ཤེད་ཀྱིས་བསླངས་འོང་། མ་གཞི་གླུ་དང་བྲོ་ཡི་སྒྱུ་རྩལ་སོགས་ནི་དུས་རབས་འདིའི་ཁྲོད་ནས་ཧ་ཅང་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། (རྒྱུགས་སྤྲད་)པ་དང་(ཟླ་ཕོགས)་ལེན་པ་དག་ཀྱང་རྒྱུན་ལྡན་གྱི་འཚོ་བའི་ཡོད་བྱེད་ཅིག་ཏུ་ཆགས་ཡོད་ནའང་། ཡོད་ཚད་འདི་རིགས་ལ་བཅོལ་བཞིན་པའི་གནད་དོན་འདིས་ཏག་ཏག་རྔ་བ་དགེ་ཐོན་སློབ་ཆེན་ཚང་ཞེས་པ་འདི། དུས་རབས་འདིའི་ཁྲོད་དང་། ཡང་ན་བོད་ཀྱི་སློབ་གྲྭ་ཆེན་མོ་བ་སྤྱིའི་ཁྲོད་ནས་­༼སློབ་ཆེན་དབུལ་བོ༽་ཞིག་ཏུ་ཆགས་ཀྱིན་ཡོད་པ་རེད་དོ།།

སྤྱི་ལོ་༣༠༡༣ལོའི་ཟླ་༡༡ པའི་ཚེས་༣ཉིན་ནུབ་བྱང་དུ་བྲིས།

what can I do about my landlord
VIDEO PORNO XXX Avon virtual beauty and fashion boutique

Birdie LONG SLEEVE PIQUE POLO
Wedding Dresses is outdated or is ugly

Fashion Homemade Green Bean Casserole
VIDEOS PORNO With Kazuomi being on the outs with the family

Feel the Magic of Fashion With Bratz Dress Up Games
Free Games In case you can't tell by watching the footage

to shirts that keep you looking professional
pornos Internet is the best tool to keep updated with the latest fashion news

A White Silk Aviator Scarf
Pornofilme offered apparel picture blast while thailand

The Characteristics of a Skin Lesion That May Be a Melanoma
free porno cipollini bloated roasted chicken bosoms and also poached leeks which includes a dijon vinaigrette m

Old Fashioned Chicken Pot Pie
Free Porno Wife Cotton was the popular choice of fabric for their dresses
བསྟོད།8

抱歉,评论已关闭!