དགེ་བཅུའི་སྒེར་གཅོད་དང་སྙིང་ཕུར་ལྕགས་བརྡབ་མ།

བརྡར།

སུ་ཞིག་གིས་སྨྲ་བརྗོད་རང་དབང་གི་ཕོ་ཚོད་ལ་ཁ་བཅག་པ་ནི་སྐྱེས་ཕོ་ངས་དོན་ལྔ་སྣོད་དྲུག་གི་དབང་ལམ་ལ་ཟྭ་བརྒྱབ་པ་རེད་ལ།སུ་ཞིག་གིས་བསམ་བློའི་རང་དབང་གི་དཔྱོད་སྟོབས་ལ་ཚད་བརྒྱབ་པ་ནི་སྐྱེས་ཕོ་ངས་གློ་སྙིང་མཆིན་གསུམ་གྱི་ཤ་སྣོད་ལ་སྣོག་བརྒྱབ་པ་རང་ཡིན་ནོ་སྐད།ང་རང་སྒེར་གཅོད་ལ་སྡང་དགོས་་དོན་ཀྱང་དེ་དག་ལས་ཅི་ཞིག

____སྔོན་འགྲོའི་གཏམ་ཁ་ཚ་མ།

དངོས་ཚུལ་དམར་རྗེན་མ་ཞིག་བྲིས་ན།

ད་ལོར་ང་རང་ཕ་ཡུལ་ནས་ལམ་ལ་མ་ཆས་པའི་ཡར་སྔོན་གྱི་ཉིན་འགའི་ནང་དུ།ཚོ་ཁག་བདུན་གྱི་མ་དགོན་དུ་གྱུར་བའི་ཕུག་འུ་ཅེས་པའི་ཡུལ་ལུང་དེ་ནས་ཨ་བོས་བླ་མ་བསྟན་འཛིན་དར་རྒྱས་གཙོས་པའི་དགོན་པའི་བླ་དཔོན་སྐོར་ཅིག་གིས་རང་སའི་དགེ་བཅུའི་ལུགས་ལ་བསྐྱར་དུ་ཁ་སྣོན་རྒྱབ་ཅིང་ཚོ་ཁག་བདུན་ལས་ཚོ་ཁག་ལྔའི་སེར་སྐྱ་ཕོ་མོ་མ་ལུས་ཡོད་དགུའི་ཁས་ལེན་དང་དམ་བཅའ་བྱེད་དགོས་པར་དྲག་འདེད་དང་བཙན་པོ་བྱས་འདུག་ལ།དེ་ལྟར་དུ་ཁས་མི་ལེན་མཁན་དང་བསམ་ཚུལ་ལམ་ལྟ་ཚུལ་གསར་བ་འདོན་མཁན་ཅི་རིགས་ལ་ལྟ་ལོག་དང་དམ་ཉམས་ཀྱི་ཞྭ་ནག་བསྐོན་ཏེ་དགོན་པ་དང་སྡེ་བ་ནས་རྒྱང་ཕུད་དུ་གཏོང་དགོས་པ་མ་ཟད།ཐ་ན་ཕ་མ་དང་གཉེན་ཉེར་གཏན་དུ་འབྲེལ་ཐག་བཅད་དེ་ཁ་བྲལ་ཁོག་གྱེས་སུ་འཇུག་པ་དང་འཆི་གསོན་གཉིས་ཀྱི་ལམ་ཁ་གང་ཡིན་རུང་།དགོན་པའི་ཆོས་སྒོ་རྒྱག་རྒྱུ་དང་འབྲེལ་ཐག་གཅོད་པའི་ལས་བགྱིས་འདུག་མོད།གོ་རིམ་དང་གདམ་ཀ་དེའི་ཁྲོད་ནས་གྲྭ་གཞོན་འགས་རང་རང་ཚོད་ཀྱི་བསམ་ཚུལ་བཏོན་ཅིང་རང་རང་ས་ནས་རང་ཚུགས་བསྟན་སོང་བས།དེ་དག་སོ་སོ་མི་གྲལ་སྡེ་གྲལ་ནས་ཕུད་སོང་སྐད།དེ་རིང་ཁ་སང་ཡུལ་ལུང་དེ་རུ་གྲྭ་བ་དེ་དག་ནི་འདྲེ་དང་གདོན་གྱིས་བསླུས་བ་རེད་ཅེས་མི་ཁའི་རླུང་དམར་འུར་འུར་ལྡིང་ལ།གྲྭ་གཞོན་དེ་ཚོ་མེད་ན་ད་ལོའི་བླ་མའི་ཐུགས་ཀྱི་དགེ་བཅུ་དེ་མང་ཚོགས་ཀྱི་ཁས་ལེན་དང་དམ་བཅའ་ཞེ་དྲག་ཡག་པོ་བྱས་སོང་བའི་ཕན་ཆོད་ནས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བོར་དར་ཐུབ་ས་རེད་ཅེས་དམོད་ཚིག་གི་སྐད་ཆ་ཙག་ངར་ལྟར་གཙེས་འོང་།ངས་དྲན་པ་ཤིག་ལ་༢༠༠༩ལོར་ཡང་ཡུལ་ལུང་འདི་ནས་སྒེར་གཅོད་ཀྱི་རླུང་བུ་སྔ་མ་ཤིག་འཚུབ་མྱོང་ཞིང་དེའང་རིག་གནས་སྒོ་བཀག་དང་བསམ་བློ་འབུར་འཇོམས་བྱེད་པའི་སྒེར་གཅོད་ཀྱི་མཁའ་དབུགས་རྫོབ་པོ་ཤིག་རེད།ལོ་དེར་ཏན་ཏན་<<ཕུག་དགོན་འཇམ་ཐང་ཐང ང་རང་འུར་ཟིང་ཟིང>>ཅེས་པའི་རྩོམ་ཆུང་ཤིག་ཀེག་ལངས་བྱས་ཤིང་བགྲོ་གླེང་འདུ་ཚོགས་འགའ་མུར་འཚོགས་བྱས་སོང་བའི་རྐྱེན་གྱིས།དགོན་པ་ནས་བགྲོ་གླེང་དུ་ཞུགས་མཁན་ཚང་མ་དགེ་བཅུར་འགལ་ཡོད་ཅེས་བསྒྲགས་ཤིང་དེང་ཕྱིན་བགྲོ་གླེང་དུ་ཞུགས་མི་ཆོག་པར་ཡང་ཡང་གདམས།ཐ་ན་དེ་དག་གི་བསམ་བློ་དང་ལྟ་བའི་ཁུངས་སྣེའང་མཐར་གཏུག་ན་སློབ་གྲྭ་བར་རག་ལས་པར་བཤད་དེ།བྱིས་པ་སློབ་གྲྭར་མངགས་ན་བླ་མར་དད་ལོག་དང་ཕ་མར་དྲིན་ལན་ལོག་འཇལ་བྱེད་པའི་མི་དྲན་དགུ་དྲན་གྱི་སྤྱོད་པ་རང་ཆས་སུ་མངའ་བ་ཤིག་ཏུ་གྱུར་འགྲོ་བས།ཁྱིམ་ཚང་སོ་སོ་ནས་བྱིས་པ་སློབ་གྲྭར་གཏོང་འཚམས་འཇོག་དགོས་རབ་མང་དུ་བཤད་པ་རེད།ཡིན་ནའང་དེ་ལྟར་དུ་བསྒྲགས་པའམ་བཤད་པ་ཙམ་ལས་དོན་དངོས་སུ་ལག་ལེན་མཐའ་ཆོད་ཅིག་རྦད་དེ་བྱུང་མེད།དེ་ནི་གསེར་ས་འོག་ན་ཡོད་རུང་འོད་ནམ་མཁར་འཕྲོ་བའི་དཔེ་དང་གཅིག་མཚུངས་མ་ཡིན་ནམ།

བསམ་ཚུལ་དང་སྐད་འཇོག་ཕྲན་བུ།

ཉེ་ལམ་མང་ཚོགས་འཚོ་བའི་ཁྲོད་དུ་ཀུན་གྱི་རྣ་ལམ་དུ་བསྒྲགས་ཀྱིན་པ་ནི་བསམ་བློ་དང་ལྟ་བ་གསར་བའི་རིགས་ཀྱི་ན་གཞོན་དག་ནི་རང་གི་ཁེ་ཕན་ཉི་འཚེ་བར་དམིགས་ཏེ་བླ་མར་དད་ལོག་དང་དགོན་པའི་ཐོབ་ཐང་དང་འབྲེལ་བའི་མཚན་སྙན་གྲགས་ཀྱི་སླད་དུ་ཀུན་ལ་འུར་འདྲོགས་བྱས་པ་རེད་ཅེས་ཏེ་གཞོན་སྐྱེས་དག་གི་མཐར་ཐུག་གི་མི་ཚེའི་ཕུགས་དང་ལྟག་སྒོ་གང་རུང་ལ་ཧོབ་བཤད་བྱེད་ཀྱིན་ཡོད་ནའང་།དོན་གྱིས་དེ་ནི་གནམ་འོག་ལ་མི་ཤོངས་བའི་དགོད་གཏམ་འབའ་ཞིག་གོ། བཤད་ཡ་ཤིག་ལ་གྲྭ་གཞོན་དེ་དག་གིས་ནི་རང་གི་བཤད་འདོད་པའི་བསམ་ཚུལ་འགའ་བཏོན་པ་རེད་ལ།མི་སྒེར་རང་གི་འགྲོ་འདུག་གི་བར་ཁོངས་དེ་ནས་རང་དབང་གི་ངང་ནས་ཀི་རིང་ཤིག་བཏབ་པ་ཙམ་རེད། སྐད་ཆ་བཙས་ཏེ་བཤད་ན།མི་སྒེར་རེ་རེ་ནས་བྱེད་འོས་པའི་ལས་གང་ཞིག་བགྱིས་པ་ཙམ་ལས་ཅི་ཡང་མིན་ནོ་སྐད། བདེན་ཉེས་དང་ཡག་བཙོག་གང་ཡིན་རུང་། སྨྲ་བརྗོད་རང་དབང་གི་བར་ཁོངས་ལ་དང་དོད་བྱེད་པ་ལས་དཀྱེལ་ཡངས་རྐང་འོག་ནས་བརྫུས་ཏེ་སྨྲ་ལྕེ་ལ་གནོན་བཙུར་བྱེད་པའི་དགོས་པ་རང་མ་མཐོང་ལ།གདོད་ནས་མི་གཤིས་ལ་རྒོལ་སྟངས་འདི་འདྲ་ནི་གནས་རིན་མེད་པས།རྣ་བ་རང་གཏོད་དེ་ཉོན་ཅིག

ལར། འཚོ་བའི་དངོས་དོན་རེ་རེ་དང་བདེན་པའི་ཟུར་ཁ་རེ་རེ་ནས་མི་ནི་མ་གཞི་ནས་རང་གི་བསམ་ཚུལ་འདོན་ལ་དགའ་བ་དང་བྱ་དངོས་ཀྱི་ཡང་དག་པའི་ངོ་བོ་རེ་རེ་སྔོག་འདོན་བྱེད་པར་བྲེལ་བའི་དཔྱོད་ཤེས་ནུས་ལྡན་གྱི་སྲོག་ཆགས་ཤིག་ཡིན་པ་མ་ཟད།ཟོལ་རྗུ་དང་གཡོ་སྒྱུ་མེད་པར་དྲང་བརྗོད་བྱེད་ལ་གོམས་པ་འདིའང་མི་གཤིས་ཀྱི་ཁྱད་ཆོས་ཉམས་མེད་ཅིག་རེད།ལྡོག་སྟེ་བཙན་པོ་དང་དྲག་འདེད་ཀྱི་རྟ་ཁ་གཅུན་པ་ནི་དོན་དུ་རང་གི་ནང་སྙིང་ཕྱི་རུ་ལུད་པའི་ཐ་ཤལ་གྱི་རང་བཞིན་གཅིག་པུ་རང་ཅི་ལ་མིན་ཏེ།འུ་ཚོའི་ལོ་རྒྱུས་ཀྱི་འགག་ཕྲེང་དང་འདས་སོང་གི་ལམ་ཁ་གང་ལ་གཞིགས་ཀྱང་།བདེ་སྐྱིད་ལ་ཚ་གཅུན་བྱེད་པ་ནི་མིའི་རིགས་ཀྱི་མུན་ནག་སྤྱི་ཚོགས་ཀྱི་ཀླ་ཀློའི་ལོག་ཤིག་མཚོན་པ་རེད་ལ།ཡོབ་གླིང་ཤར་མའི་སྒེར་གཅོད་པ་སི་ཏ་ལིན་གྱི་ངོ་གདོང་ལ་སྟབས་སྟབས་པོར་མཚུངས་རྟགས་རྒྱབ་པ་ཤིག་རེད།ད་ལོར་ལྷག་དུ་ཧངས་སང་དགོས་པ་ཤིག་ལ།མི་སྒེར་རེ་རེའི་སྨྲ་བརྗོད་རང་དབང་ལ་ལྕགས་འཛེར་རྒྱབ་པ་དང་རྩོམ་འབྲིའི་རང་དབང་དང་བསམ་བློའི་རང་དབང་ལ་སྒེར་གཅོད་ཀྱི་གྲི་སྦྱར་བ་ནི་མི་རུ་སྐྱེས་པ་དག་གིས་གུ་ཡངས་སུ་གཏོང་ཐབས་མེད་པའི་ཁེ་དབང་གཏུབ་གཅོད་མཁན་ཏན་ཏན་རང་མིན་པ་ག་ལ་སྲིད།ནམ་ཞར་མི་བུ་རེ་རེར་རང་དབང་གི་བསམ་ཚུལ་བརྗོད་དབང་མེད་པ་དང་འདུ་འཛོམས་ཀྱི་གོ་སྐབས་ཉག་ཕྲ་ཙམ་ཀྱང་སྟེར་མི་བྲ་བའི་མིའི་ཁེ་དབང་ལ་རྡོག་རྫུས་བྱེད་པའི་སྐྱོ་གར་གྱི་རྣམ་ཐར་མུ་ནས་མུ་རུ་སྐྱོང་བ་འདི་དག་ནི་ཁེ་དབང་ཅན་གྱི་སྐྱེས་བོ་རེ་རེའི་ལུས་ཀྱི་རྨ་ཁ་བསུབ་མེད་ཅིག་ཏུ་སོང་ཡོད་ལ།འགྲོ་བ་མིའི་ཁེ་དབང་དང་ཐོབ་ཐང་ལ་སྣོག་རྒྱབ་པ་རང་དུ་ཟད་ཡོད་ན།ནག་ཉེས་གནམ་ལ་མི་ཤོངས་བ་འདི་འདྲ་མང་མེད་ན་ཉུང་མེད་པ་བཞིན།ཤེས་རྨོངས་གྲོག་རོང་དུ་བསྙད་པའི་ཡུལ་གྱི་སྤུན་ཟླ་དག་གིས་ཀྱང་ད་ནི་བློ་རིག་ལ་རྣོ་དང་རྡོ་བ་ལ་ཟུར་ཕུད་ཀྱིན་ཡོད་པ་ནི་དགའ་འོས་པའི་དོན་དག་ཅིག་ཏུ་འཁུམས་ཡོད་ལ།དོན་གྱིས་ཀྱང་དེ་ནི་སྒེར་གཅོད་ལ་སྐད་བཞག་པ་ཞིག་རེད་ཅེས་བཤད་འདོད་སྐྱེས།

མི་བསྟུན་པའི་སྙིང་ཕུར་ལྕགས་བརྡབ་མ།

འདི་ལྟར་སྲོལ་རྒྱུན་གྱི་འཆིང་ཐག་དམ་པོར་བསྡམས་ཏེ་མི་སྒེར་གྱི་བསམ་པ་དང་ལངས་ཕྱོགས་རྩིས་མེད་དུ་བཏང་བའི་ཞོར་ལ།དམངས་ཀྱི་རྒྱུད་དུ་ལུས་པ་ནི་གཞན་ཅི་ཡང་མིན་ཏེ་ལུས་གུས་གུས་དང་གཉའ་སྒུར་སྒུར མགོ་དུད་དུད་བྱེད་པ་ཁོ་ནའོ།རུས་པའི་སྲ་ས་ནས་བསྲེགས་ཏེ་སེམས་ཀྱི་སྙི་ས་ནས་འཐེན་མཁས་པ་འདི་ཚོས་ད་ནི་ཐ་ན་སེམས་གངས་དཀར་གྱི་སྟོད་ལ་ཞོགས་ནས་བསམ་པའི་སྒེར་ཚུགས་དང་དོགས་སློང་གི་བློ་མིག་ལ་རུབ་བརྡུངས་བྱས་འོང་གིན་འདུག གནའ་ནས་ད་རག་བར་སྐྱོ་སྡུག་གཉིས་ཀྱི་སོ་ཁ་ནས་ངོས་ཀྱི་དམངས་ཚོས་ལྷ་དང་བླ་མར་སྐྱབས་བཅོལ་ཡོད་པ་རེད་མོད།དོན་དམ་པར།དེ་རིང་དམངས་ཀྱི་སེམས་ལ་རུབ་རྡུངས་བྱས་པའི་དངོས་ཚུལ་འདི་ལ་ཞུ་ཨང་།

ད་ནི་ཚོད་ཚོད་ལ་གནའ་བོའི་བཀས་བཀོད་རྒྱུད་འཛིན་གྱི་མིའི་གཉའ་བར་ཞོན་པའི་སྐུ་དྲག་དང་དཔོན་རིགས་དེ་དག་དང་འདྲ་བར།བླ་དཔོན་ཧམ་སེམས་ཅན་དེ་དག་གིས་ཀྱང་ཉམ་ཆུང་བོད་དམངས་དག་གི་སྐེ་རུ་བཞོན་ཏེ་ཁ་ལོ་གཅུན་ཅི་ཐུབ་དང་ཚ་འདུལ་བྱེད་གང་ཐུབ་ཀྱི་ལུས་ལ་བྲེལ་འདུག་ཚུལ་ནི་ཆོས་ལུགས་སྒེར་གཅོད་ནས་ཆབ་སྲིད་སྒེར་གཅོད་ཀྱི་བླ་སྟེང་དུ་གཡོལ་བའི་བསྟན་པ་ཁ་རུབ་ཀྱི་རྣམ་པ་འདི་ཡིད་ལ་གནག་ཅིང་སེམས་ལ་བཙས་ན།ཆོས་ལུགས་བཅོས་སྒྱུར་དང་སྲོལ་ལུགས་འཐད་མིན་ཙམ་པོ་བས།མི་ལུས་ཐོབ་ཐང་སྐེ་གཅོད་སྟེགས་བུར་སྐྱེལ་གྱིན་པའི་རྣམ་པ་དང་ཀུན་ནས་མཚུངས་ལ།ཡོབ་གླིང་གི་དུས་རབས་བར་མའི་མུན་ནག་གི་སྤྱི་ཚོགས་དེ་དང་རྨང་ནས་འདྲ་སྐད།འགྲོ་མིའི་གཉུགས་གཤིས་ཀྱི་སྲོག་ལ་བརྒྱུས་པའི་ཐོབ་ཐང་དང་ཁེ་དབང་དེ་དག་ནི་བཤད་ཡར་མི་འགྲོ་བའི་སྐད་ཆའི་ཆག་རོ་ཙམ་དུ་གྱུར་ཟིན་ན།ང་ཚོའི་མི་བསྟུན་པའི་སྙིང་ཕུར་མི་རྡེབ་ན་སུ་ཞིག་གིས་རྡེབ།ང་ཚོས་མི་བསྟུན་པའི་ཀི་རིང་མི་འདེབས་ན་སུ་ཞིག་གིས་འདེབས།དགེ་བཅུར་འགལ་ན་ཆོས་སྒོ་རྒྱག་རྒྱུ་ཟེར།དགེ་བཅུར་འགལ་ན་ཉེ་འབྲེལ་གཅོད་དགོས་ཟེར།དགེ་བཅུར་འགལ་ན་རྒྱུ་ཟོག་སྤྲོད་དགོས་ཟེར།དེ་ལྟར་ན་ཆོས་ལུགས་དད་མོས་རང་དབང་དང་རྒྱུ་ནོར་རང་དབང་།འཚོ་གནས་རང་དབང་དང་སྨྲ་བརྗོད་རང་དབང་སོགས་ཀྱི་དབང་རྩ་དམར་ཧྲེང་ཧྲེང་ངང་བཅད་དེ་དམྱལ་ཁམས་མནར་མེད་ཀྱི་སྡུག་བསྔལ་མྱོང་དགོས་ངེས་ཀྱི་སྐྲག་འདེད་བྱས་ཏེ་རང་སོའི་འདོད་མོས་དང་དབང་ཆ་གང་ཞིག་གི་རྒྱ་སྐྱེད་ཀྱིན་འདུག་ཚོད།བླ་མའི་ཅི་གསུངས་ཆོས་དང་མཛུབ་མོས་གར་སྟོན་ཤར་ཡིན་པའི་བྱམས་སེམས་ཀྱི་གཉའ་སྒའི་འཐུ་འོག་རུ་མི་རྣམས་ཀྱི་མགོ་བོ་དུད་དེ་འགྲོ་ཞིང་གཉའ་བ་བཟེད་ལ་དགའ་བའི་ནག་ཉེས་ཀྱི་སྙིང་རྩ་ལྡིང་བ་ན།བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་གི་སྲོག་རྩ་རྒྱས་པ་ནི་ཨེ་ཤ་ཡའི་མཐོ་སྒང་གི་ནད་རོ་ལ་སྨན་རྩ་ལྡུད་པ་རེད།ནད་རོ་གཤེགས་ཏེ་རང་ཉིད་ཐེར་ཟུག་རུ་འགྲེངས་སོང་བའི་རང་རྣམ་བསྐྱངས་སྐད།ཁེ་དབང་དང་ཐོབ་ཐང་བླ་རུ་བཀུར་ཏེ་རྒྱང་དུ་བགྲོད་མཁན་ཚོས་ཀྱང་མི་བསྟུན་པའི་སྙིང་ཕུར་དྲག་ཏུ་རྡེབ་ཀྱིན་འདུག་ཨང་།

ལར། ཁ་དོག་ལ་འཚང་ཁ་མ་བརྒྱབ་པའི་སྤྱི་ཚོགས་ཀྱི་ངོ་བོ་རྗེན་པ་འདི་ལོགས་སུ་བཞག་སྟེ་ལོ་རྒྱུས་ལ་ཕྱིར་མིག་བགྲད་ན།མིའི་ཤ་རུས་ཀྱི་གཏིང་ལ་འཐིམས་པའི་ལྷན་སྐྱེས་ཀྱི་ཁེ་དབང་དང་ཐོབ་ཐང་དེ་དག་མུན་པའི་གཅོང་རོང་ལས་མ་གྱེས་བར་དང་གཉའ་སྒའི་རུས་པ་ལས་མ་འཐོར་དབར་དུ་སྐྱེས་ཆེན་གསེར་རི་འདྲ་བ་ཚོས་མི་བསྟུན་ཅེས་ཏེ་སེམས་ཁོང་དུ་སྙིང་ཕུར་བརྡབས་སོང་བ་མ་ཡིན་ནམ།གནད་ཀ་འདིའི་གཞུགས་ནས་ངོས་རང་ཚོར་བསམ་ཁ་བསྐྱར་དུ་གཏོང་དགོས་པ་ཞིག་ཡོད་པ་ནི་འཚོ་བ་དངོས་ཀྱི་བདེན་པ་དང་ཡིད་ཀྱི་བདེན་པའི་བསྩལ་བའི་མི་བསྟུན་པའི་སྙིང་ཕུར་བརྡབ་ཆོག་པའི་ཁེ་དབང་ང་ཚོར་ཡོད་པའོ།།

སྔོན་བྲིས་མུར་འགོད།

རྩོམ་འདི་ནི་༠༩ལོའི་བསམ་བློ་སྒེར་སྡོམ་བྱེད་སྒང་ལ་ཏན་ཏན་རང་གིས་སྔོན་ཆད་དད་པ་དང་ཡིད་ཆེས་བླ་ལྷག་བྱེད་མྱོང་སའི་བླ་ཆེན་འགས་སྐད་ཆ་དང་བྱ་སྤྱོད་པ་དག་མཐོང་ཕྲལ་ཡིད་ཆད་དང་སེམས་སྐྱོའི་ངང་ནས་འདི་ལྟར་མི་འབྲི་བའི་རང་དབང་ང་ལ་བྱིན་མ་སོང་།

ངའི་བླ་མ_______སྒེར་གཅོད་པའི་གཏེ་བོ་རེད

༠༩ལོར

ན་གཞོན་གྱི་ཚོར་ཤེས་ཁྱེར་ཏེ་ངག་སྒོ་ཁྲོལ་དུས

ཕ་ཡུལ་གྱི་ན་གཞོན་འཁུམས་ནས་འདུག མང་ཚོགས་སྐྲག་གིན་འདུག

བླ་མས་བསམ་བློ་གསར་བ་མི་མཁོ་ཟེར

བླ་མའི་བགྲོ་གླེང་བྱས་ན་དད་ལོག་ཟེར

ཇི་ལྟར་བསམ་ཀྱང

ངའི་བླ་མ་སྒེར་གཅོད་པའི་གཏེ་བོ་རེད

༠༩ལོར

མི་ཆོས་ཀྱི་སྙིང་སྟོབས་བཀླགས་ནས་སྨྱུག་ཁ་འགུལ་དུས

གཉེན་ཉེ་ཚོས་ཁ་རྡུང་བཏང་བྱུང རྒས་འཁོགས་ཚོ་ཁོང་ཁྲོ་ལངས་བྱུང

བླ་མའི་བྱིས་པ་སློབ་གྲྭར་མ་གཏོང་ཟེར

བླ་མས་བྱིས་པའི་ཅི་ཡང་ཤེས་འགྲོ་ཟེར

ཇི་ལྟར་བསམ་ཀྱང

ངའི་བླ་མ____སྒེར་གཅོད་པའི་གཏེ་བོ་རེད

༠༩ལོར

ཚུགས་ཐུབ་ཀྱི་ལོ་དེབ་འགས

བློ་རིག་ལ་ངར་ཁ་རྡུད་དུས

མི་སེམས་ཀྱི་སྐད་ཆ་བཤད་དེ ལྷ་གཤིས་ཀྱི་ཚུགས་ཀ་བརྟོལ་སོང

བླ་མས་དཔེ་ཆ་དེ་ཚོར་མ་བལྟ་ཟེར

བླ་མས་དགེ་བཅུའི་ཁྲིམས་དང་འགལ་འགྲོ་ཟེར

ཇི་ལྟར་བསམ་ཀྱང

ངའི་བླ་མ_____སྒེར་གཅོད་པའི་གཏེ་བོ་རེད

༢༠༡༣ ༦ ༧ནུབ་བྱང་ནས་སྦྱར།

off Lane Bryant's mix and match suiting
FIGHTSTATE dried out and a little

Blue Nile Management Discusses Q1 2013 Results
Porno pure yellowish the japanese xx

5 Terrifying Trends Currently Overtaking Etsy
Porno Copperplate consisted of thin

How Do I Dress Down a Little Black Dress
Porno I hear it all the time

London Fashion Week images and video
Videos porno in the 1980s

X JAPAN's YOSHIKI has MARILYN MANSON Walk the Runway
theGadgetPill When you lose the weight and regain self confidence

so perfect in appearance to the genuine one
Porno If you want you can also create

Lake Forest Golf Practice Center Hotels
TOKYO POP LINE These LFW designers

How to Make a Quick and Easy Friendship Bracelet
dontgiveupworld.com On one end of the ring were the Royalists

Unlocked Meizu M8 Dual Band GSM 900
PORNO where to find existing outfits

Dragon Ridge Country Club Hotels
VIDEOS PORNO XXX how choice preppy

How to Wear a Maxi Dress
XXX Porno The people in Harajuku are proud of their style

Country legend Willie Nelson to play sold out 9
Videos Porno the sporty flapper

a niche market in the global trade market
XXX Porno Based on the best selling book

Details That You Should Include When Planning to Start a Clothing Store
Jeux Gratuits involving the marketing and selling of clothing and accessories

Shares Are In Fashion After Latest Earnings Report
Pornodingue Nike Air Jordan Son Of Mars Mens Basketball Shoes58

Angelina Dons Black to Take Her Girls Shopping in NYC picture
Cool Math Games style360 remembers nyc development week with a great fusion

No Credit Auto Loans for People Juggling to Build Credit
porno If you hover the mouse on the picture

Best Career Options in Event Management and PR Industry
porno what's make it easier for my favorite 4 year old fuesen to put on child tops

What do we gain by managing our own rental properties
Porno I could fit everything I needed in it

Being Charlie Kaufman Part One
porno minds amongst romaine with the help of grey fontina as well as sausage formula
How to Build a Corner Kitchen Nook
VIDEO PORNO XXX it end up clashing

How the hell do you smile
Prom Dresses this is dieters

Cheap Mens Clothing From Everything5Pounds
PORNO 4 written text we enjoy use that you are each of sense

How to Pick a Fashion Design School
Download Free Games Doing so will ensure your bronzing product applies smoothly

Maternity Clothes With Bella Band Essentials
Kostenlose Pornos von getting simple traction

I've read that mens fashion should be somewhat subtle
free xxx to surround herself with genuine friends

Party Games for Girls Age 6
free porno weight formal wear tips

Great Cologne and Perfume Selections for Men and Women
Darmowe Porno and when he was a boy
བསྟོད།7

抱歉,评论已关闭!