“སྐད་ཡིག”མི་རིགས་ཤིག་གི“བླ་སྲོག”ཡིན་ནམ།

རྐང་རིང་།

དང་པོ།

འོ་སྐོལ་གྱི་སྤྱི་ཚོགས་ག་ས་གང་དུ་རང་རེའི་མི་རིགས་འདིའི་སྐད་ཡིག་ཉམས་རྒུད་ཀྱི་ཐད་ལ་མཁས་པ་མང་པོ་དང་མི་རིགས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་བོད་མི་བསམ་ཤེས་བ་སྐོར་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་འདིའི་ཐད་ལ་བསམ་གཞིག་དང་ནུས་པ་མི་ཉུང་བ་རེ་འདོན་གི་ཡོད། ལར་དུས་རབས་གསར་བའི་ནང་དུ་རང་རེའི་མི་རིགས་འདིའི་སྐད་ཡིག་ལ་ཉམས་རྒུད་ཚབས་ཆེན་ཐེབས་པ་མ་ཟད། བོད་མིའི་ལོ་རྒྱུས་ཁྲོད་དུ་ཕ་སྐད་དང་ཕ་ཡིག་བརྗེད་པའི་དུས་སྐབས་ཤིག་སྔར་བྱུང་མ་མྱོང་ནའང་། དེང་སྐབས་རྫོང་གྲོང་དང་སློབ་གྲྭ་ན་གནས་པའི་ང་ཚོ་བོད་མི་ཕལ་མོ་ཆེ་ཞིག་ང་ཚོའི་སྲོལ་ལུགས་གོམས་གཤིས་དང་སྐད་ཡིག་རིག་གནས་སོགས་ཉིན་རེ་ནས་ཉིན་རེ་བཞིན་དུ་ཁ་ཐག་རིང་དུ་གྱེས་ཏེ་རང་གི་སྐད་ཡིག་རིག་གནས་འདི་ལ་སུན་སྣང་དང་ལྟ་ཚུལ་ངན་པ་ཆགས་བཞིན་ཡོད། བླུན་པོ་རྣམས་ཇི་མི་སྙམ་པར་སྐྱིད་རོལ་གྱི་ངང་གནས་ཀྱང་ཤ་ཚ་བའི་བློ་ལྡན་རྣམས་ཀྱི་བློ་ནི་འཇིགས་རྔམ་སྐྱེ་བའི་གཞི་རུ་གྱུར་ནས་ཡོད། དེར་མ་ཟད། བོད་མི་དག་གིས་སྐད་ཡིག་བཀོལ་སྤྱོད་ཀྱི་ཆ་ནས་ཀྱང་བརྒྱ་ཆ་ལ་བགོས་ན་ཏན་ཏན་ཉུང་ཙམ་གདའ་བས། ད་སྐབས་ཀྱི་སྤྱི་ཚོགས་གང་དུ་ཡང་རང་རེའི་སྐད་ཡིག་འདི་ཉིད་ཉམས་རྒུད་དུ་འགྲོ་བ་ཤེས་ནས། ཡང་བསྐྱར་བོད་མི་དག་གིས་འདིའི་ཕྱོགས་སུ་ཤུགས་སྣོན་ཆེན་པོ་རྒྱག་གི་ཡོད་པ་མ་ཟད། མི་སྒེར་རེ་རེ་ནས་ཚོགས་པ་བཙུགས་ཤིང་། གང་ལ་གང་ཕན་གྱིས་བྱ་འགུལ་ཀྱང་མི་ཉུང་བ་སྤེལ་གྱིན་མི་རིགས་རང་གི་སྐད་ཡིག་ལ་དོ་སྣང་ཆེན་པོ་བགྱི་ཡི་ཡོད་པའི་གནས་རེད། དེ་ལྟར་མོད། རང་རེའི་བོད་མི་ཕལ་ཆེར་བའི་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་གཅིག་འདྲ་ཡིན་པ་མ་ཟད། སྐད་ཡིག་འདི་ཉིད་ཀྱི་མཚན་ཉིད་འཇོག་སྟངས་ཀྱང་ཕལ་ཆེར་གཅིག་མཚུངས་སུ་ངེས། གནའ་སྔ་མོ་ནས་རང་རེའི་མཁས་པ་ཚོ་ནུབ་ཕྱོགས་ཀྱི་མཁས་དབང་མར་ཁེ་སི་ཡི་གསུངས་བཤད་ཅིག་ལ་ཡིད་གཏད་ནས་ཡོད་དེ། ཁོ་བོ་ན་རེ། “སྐད་ཡིག་དེ་མི་རིགས་ཀྱི་བླ་སྲོག་ཡིན་པ་གཏན་ཚིགས་སུ་ཁས་ལེན་བྱེད། ”འདི་ནི་རང་རེ་བ་དག་གིས་ཚད་མར་འཛིན་ཅི་ཐུབ་བྱ་ངེས་པས། རང་གིས་འདིའི་ཕྱོགས་སུ་ནུས་ཚོད་ཀྱིས་ལྟ་ཚུལ་ལམ་འདོད་ཚུལ་་གྱི་ངལ་བ་ཕྲག་ཏུ་ལེན་དགོས་བྱུང་བས། བློ་གཟུ་བོར་གནས་པའི་བློ་ལྡན་གྱི་རྣམ་དཔྱོད་པ་དག་གིས་བློ་མིག་ཡང་ཡང་ཕྱེ་བར་མཛོད་རོགས་ཞུ།

གཉིས་པ། སྐད་ཡིག་གི་ཕན་ནུས་དང་དེའི་ཁྱད་ཆོས།

དེ་ཡང་སྐད་ཡིག་ཅེས་པ་འདི་ཉིད་ནི་མི་རིགས་གང་དེའི་ཕ་སྐད་དམ་ཕན་ཚུན་ལ་བརྡ་སྤྲོད་བྱེད་ཀྱི་ལག་ཆའམ་ཡང་ན་སྐད་ཆའི་རྨང་གཞིའི་ཐོག་གསར་དུ་བྱུང་བའི་ཡི་གེ་དེ་ལ་སྐད་ཡིག་ཅེས་བརྗོད་པར་འདོད། གཞན་ཡང་སྐད་ཅེས་པ་སྐད་ཆའི་བསྡུས་མིང་ཡིན་པར་དོན་དུ་རྣ་བའི་ཉན་བྱ་སྟེ་མིང་ཚིག་བརྗོད་པ་ཀུན་གྱི་གཞིར་གྱུར་པའི་སྒྲ་གདངས་དེའོ། རང་རེའི་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀྱི་འབྲེལ་བ་ནི་མ་བུ་བར་གྱི་འབྲེལ་བ་ལྟར་སྐད་ལ་བརྟེན་ནས་ཡི་གེ་བཟོས་པས་བོད་ཡིག་གི་ཕྱི་མོ་བོད་སྐད་ཡིན་པ་ས་པཎ་གྱི་<<སྒྲ་འཇུག>>ལས། “ཡི་གེའི་མཚན་ཉིད་ནི། སྒྲ་གང་ཞིག་འབྲུར་ཆགས་པའོ། ། ”ཞེས་དང་། <<ཚད་མ་རྣམ་འགྲེལ>>ལས། “ཡི་གེ་ཀུན་སློང་ཤེས་པ་ལས། ། སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། ། ”ཞེས་གསལ་བོར་བསྟན་འདུག གཞན་ཡང་རང་རེའི་མཁས་དབང་དམུ་དགེ་བསམ་གཏན་ལགས་ཀྱིས། ཡི་གེ་དེ་ཡང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་ལ། སྐད་ཀྱི་ཆེད་དུ་བཟོས་པ་ཡིན་གཤིས། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས་ཞེས་གསུངས་ཡོད། མི་དག་གི་ཟེར་སྒྲོས་ལྟར་བཤད་ན། སྐད་ཡིག་ནི་རིག་གནས་ཐམས་ཅད་ཀྱི་རྨང་གཞི་ཡིན་པར་བསྙད་པ་དང་། སྐད་ཆ་ནི་བསམ་བློ་བརྗེ་རེས་ཀྱི་ཡོ་བྱད་མེད་དུ་མི་རུང་བ་ཞིག་དང་མིའི་ཁྱད་ཆོས་ཨང་དང་པོ་ཡིན་པར་མ་ཟད། མི་དང་སྲོག་ཆགས་དཀྱུས་མ་གཉིས་དབྱེ་བ་འབྱེད་བྱེད་ཀྱི་ཚད་གཞི་ཉག་གཅིག་ཀྱང་རེད་ཅེས་པའམ། ཡང་ན། ཡོད་ན་མི་རིགས་གསོན་པོ་གནས་ཐུབ་ཅིང་། ། མེད་ན་མི་རིགས་རང་ལ་ཐབས་ཆགས་པ། ། མི་རིགས་འདི་ཡི་ཆོས་སྲིད་སྐྱོང་བ་ལ། ། མེད་ཐབས་མེད་པའི་སྐད་དང་ཡི་གེར་བརྩོན། ། ཞེས་པ་འདི་དག་ལ་ཞིབ་ཀྱིས་མཇལ་ན་ཧ་ཅང་བདེན་དོན་དུ་འཁུམས་པར་འགྲོ། ལར་ནས་མི་རིགས་གང་ཞིག་ཡིན་རུང་འཕེལ་རྒྱས་སུ་འགྲོ་དགོས་ན་ཆེས་ཐོག་མའི་རྨང་གཞི་ནི་སྐད་དང་ཡི་གེ་འདི་ཉིད་ལ་བརྟེན་དགོས་པར་འདོད། དེ་ཡང་སྐད་ཡིག་ནི་མ་གཞི་མིའི་དགོས་མཁོ་དང་བསྟུན་ཏེ་དུས་རབས་ཀྱི་འགྱུར་ལྡོག་ཁྲོད་དུ་ག་ལེར་འཕེལ་ཞིང་དལ་གྱིས་རྒྱས་པ་ཞིག་རེད་པས། ལོ་རྒྱུས་ཀྱི་བཞག་པའི་གཏན་ཚིགས་སུ་བྱས་ན། སྐད་དང་ཡི་གེ་ནི་མ་གཞི་ནས་ང་ཚོ་འགྲོ་བ་མིའི་རིགས་ཀྱི་ལག་ཆ་ཞིག་ཡིན་པ་གཞི་ནས་ཤེས་མི་ཡོང་ངམ། དཔེར་ཅིག་བཞག་ན། ང་ཚོས་ས་བརྐོ་རྡོ་སློག་བྱེད་པའི་སྐབས་སུ་ལྕགས་ཁེམ་དང་འཇོར་དགོས་པ་བདེན་རྟགས་སུ་གྲུབ་ཡོད་པ། དེ་ནང་བཞིན་དུ་སྐད་དང་ཡི་གེ་འདི་ཉིད་ཀྱང་འགྲོ་བ་མིའི་རིགས་ཀྱི་ལག་ཆ་གསོན་པོ་ཞིག་ཡིན་པ་ང་ཚོས་ཤུགས་ཀྱིས་རྟོགས་འོང་། ཡིན་ན་ཡང་། སྐད་ཡིག་ནི་མི་རིགས་ཤིག་གི་དར་རྒུད་ལ་འབྲེལ་བ་ཡོད་པ་མ་ཟད། མི་སྒེར་བ་ཞིག་གི་མ་འོངས་པའི་མདུན་ལམ་ལ་ཡང་འབྲེལ་བ་ཏན་ཏན་ཡོད་ངེས་ཡིན། སྐད་ཡིག་གི་ནུས་པའི་མིའི་བསམ་བློ་དང་རིག་གནས། ཆབ་སྲིད་དཔལ་འབྱོར། གོམས་གཤིས། མཛེས་དཔྱོད་ཀྱི་ལྟ་བ། ལོ་རྒྱུས་སོགས་ཀྱི་འགག་འཕྲེང་ལས་མཐར་ཕྱིན་པ་བྱེད་ཐུབ་པས། མི་རིགས་དེ་ཉིད་ཀྱི་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་བ་དང་རིན་ཐང་གི་ལྟ་བ་རྣམས་ཀྱང་རྗེས་སུ་དཔག་ཐུབ་པ་ཡིན་ཏེ། སྐད་ཡིག་ནི་མིའི་རིགས་ཀྱི་བརྡ་རྟགས་དང་ལག་ཆ་གསོན་པོ་ཞིག་ཏུ་འཁུམས་སོ།

འགྲོ་བ་མིའི་རིགས་འདི་སྐལ་བ་ཡ་ཐོག་ནས་ཆགས་པ་ལ་བརྟེན་ཏེ། རིམ་བཞིན་མིའི་རྣམ་དཔྱོད་ཀྱི་དཔལ་འབར་བས་ཁོ་ཚོའི་འཚོ་གནས་ཀྱི་དོད་དུ་བསམ་གཞིགས་དང་། དགོས་མཁོ་ཡི་སླད་དུ་འདུར་རྒྱུགས་བྱེད་པ་དང་དེར་བསྟུན། སྤྱི་ཚོགས་ཀྱི་བྱ་དངོས་ཇི་སྙེད་ཅིག་ལ་ངོས་འཛིན་ཟབ་མོ་གནང་སྟེ། གླིང་ཕྲན་གྱི་བགོས་པའི་མི་དཀར་ནག་གཉིས་ཀྱང་ཁ་ཁ་སོ་སོར་ཕྱེས་པ་ཡིན། དུས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་སྒུལ་ཤུགས་འོག་ནས་ག་ལེར་མིའི་སྐད་ཆ་ལ་བརྟེན་ཏེ་དུས་ཡུན་རིང་པོ་ལ་འཚོ་ཞིང་གནས་པ་ཡིན། ལོ་ངོ་མང་པོ་མང་པོ་སོང་མཐར་རང་གི་སྐད་ཆ་གཞི་རུ་བཟུང་སྟེ་ཡི་གེ་ཞེས་པ་ཞིག་གསར་དུ་གཏོད་དེ། འགྲོ་བ་མིའི་རིགས་འདི་ཉིད་རང་རང་གི་སྐད་དང་ཡི་གེ་ལ་བརྟེན་ཏེ་ཕན་ཚུན་ངོ་ཤེས་ཤིང་། འབྲེལ་འདྲིས་ཀྱི་ཐོག་ནས་ཁོ་མི་རིགས་འདི་དང་གན་མི་རིགས་དེ་ཡིན་ཞེས་སྐད་དང་ཡི་གེ་དེའི་བརྡ་རྟགས་ཁྲོད་ནས་ཕན་ཚུན་གྱི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་ལོ་རྒྱུས་སོགས་ག་ལེར་ཕན་ཚུན་ལ་བརྡ་སྤྲོད་པར་གྱུར། དེར་བསྟུན་གྱིས་མི་རིགས་ཤིག་གི་འཚོ་གནས་དང་། རིག་གནས་ལོ་རྒྱུས་སོགས་ཀྱང་སྐད་ཡིག་གི་དབང་དུ་བྱས་ནས་ཆེས་ཐོག་མའི་རྨང་གཞི་ཡང་སྐད་ཡིག་གི་ཐོག་ནས་མགོ་འཛིན་པར་བྱ་དགོས་སོང་། དེའི་རྐྱེན་གྱིས་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་རྒྱལ་ཁབ་སོ་སོས་སྐད་ཡིག་གི་ཐོག་ནས་རང་གི་ཁྱད་ཆོས་གཞན་ལ་ངོམ་པ་དང་། སྐད་ཡིག་གི་ཐོག་ནས་རང་གི་ཐུན་མིན་གྱི་རིག་གནས་སོགས་གཞན་ལ་བརྡ་སྤྲོད་པར་བྱ། མི་རིགས་གང་དེའི་སྐད་ཡིག་གི་ཁྱད་ཆོས་ཐོག་ནས་མི་རིགས་དེ་ཉིད་དར་ཞིང་རྒྱས་ལ་མི་རིགས་དེ་ཉིད་དུས་ཡུན་རིང་པོ་ལ་གནས་པའི་གཏན་ཚིགས་ཀུན་གྱིས་མགྲིན་གཅིག་དབྱངས་གཅིག་ཏུ་ཁས་ལེན་བྱེད་ཀྱིན་མཆིས། སྐད་ཡིག་གི་ཁྱད་ཆོས་དེའི་སྟེང་ནས་མི་རིགས་དེའི་ནང་སེམས་ཀྱི་འདུ་ཤེས་དང་། མི་སོ་སོའི་མི་རིགས་ལ་བཟུང་བའི་རྣམ་འགྱུར་སོགས་ཕྱིར་མཚོན་ཐུབ་ཀྱི་ཡོད་པ་མ་གཏོགས། སྐད་ཡིག་དེས་མིའི་བླ་སྲོག་གི་རྐང་དང་གཞི་དེ་རྩ་བ་ནས་མཚོན་གྱིན་མེད་པ་ཁོ་བོས་འདོད་ཡོད། སྤྱིར་བཏང་ནས་བསྙད་ན། ལག་ཆ་གང་ཞིག་ཡིན་ཙ་ན་དེ་ཉིད་ཅི་ལྟར་བཀོལ་སྤྱོད་བྱེད་པ་བཟང་ན་དེ་ལྟར་དུ་རྣོ་ངར་ཅན་དུ་འགྱུར་བ་མ་ཟད། ཕ་རོལ་བོར་དགོས་མཁོ་དེ་ལྟར་སྐོང་ངེས་རེད་པས། ང་ཚོ་མི་རིགས་གང་ཞིག་གི་སྐད་ཡིག་ཀྱང་དེ་ལས་མ་འདས་སོ། རྒྱུ་མཚན་ཡོད་དེ། སྐད་ཡིག་ནི་མ་གཞི་ནས་མིའི་རིགས་ཀྱི་ལག་ཆ་དེ་ཡིན་པས་སོ།

གསུམ་པ། སྐད་ཡིག་དང་“བླ་སྲོག”དབར་གྱི་ཁྱད་པར།

སྐད་ཡིག་ཟེར་བ་དེ་ཉིད་གོང་ནས་བཤད་ཟིན་པ་བཞིན་འདིར་ཡང་ནས་ཡང་དུ་བཟློས་པའི་དགོས་པ་མི་འདུག་མོད། འདིར་སྐད་ཡིག་དང་བླ་སྲོག་དབར་གྱི་ཁྱད་པར་གླེང་བར་བྱ་སྟེ། སྤྱིར་བླ་སྲོག་ཟེར་བ་ནི་སེམས་ཅན་འཚོ་བར་བྱེད་པའི་སྲོག་ཏུ་ཟེར་ལ། གཞན་དུ་ན་བླ་ཞེས་པ་གང་ཟག་དེའི་ལུས་ཁམས་དང་འབྲེལ་བའི་འབྱུང་བ་བཞིའི་ནུས་སྟོབས། སྲོག་ཅེས་པ་དབུགས་དང་དྲོད་ཀྱི་འཁོར་བསྐྱོད་ཀྱི་རྒྱུན་ཞེས་ལབ་ཡོད་པས། ཚིག་རེ་རེ་ནས་འགྲེལ་རྒྱབ་ན་དེ་ལྟར་རེད་མོད། ང་ཚོས་གནས་བབས་གཞན་ཞིག་ནས་བསྙབས་ན། <<བླ་སྲོག>>ནི་མི་གང་དེའི་སྲོག་འཚོ་བར་བྱེད་པའི་རྣམ་ཤེས་ཤིག་ཀྱང་འཁུམས་སོ། མིའི་རིགས་ཀྱི་ངལ་རྩོལ་ལས་བྱུང་བའི་སྐད་དང་ཡི་གེ་འདི་ཉིད་དུས་ཀྱི་དབང་གིས་སྔར་ནུབ་པར་གྱུར་མྱོང་ལ། ད་ལྟ་འཕེལ་བ་ཡང་གྱུར་ནས་ཡོད། ལ་ཤས་ཤིག་ད་ལྟ་ནུབ་ནས་མིག་གི་མཐོང་རྒྱུ་མེད་པ་ཡང་ཡོད། རང་རེའི་སྐད་ཡིག་འདི་ཡང་ད་ལྟ་ཁ་ཚ་དགོས་གཏུག་གི་གནས་སུ་གྱུར་ནས་མཆིས། ལོ་རྒྱུས་ཀྱི་ཟུར་ངོས་གང་མང་ཞིག་ནས་མིག་གིས་བལྟས་ཏེ་རྣ་བས་ཉན་ན། ཤི་མ་གསོན་གྱི་འཚོས་ནས་ཡོད་པས་རང་རེའི་སྐད་ཡིག་འདི་ཉིད་ཀྱང་རང་རིགས་དག་གི་ལག་ཆ་གསོན་པོ་ཞིག་ཡིན་པ་བསྙོམ་དུ་མེད་མོད། རང་རེའི་མཁས་པ་སྐོར་དང་སྐད་ཡིག་སྨྲ་བ་འགའ་ཡིས་རང་རིགས་ཀྱི་སྐད་ཡིག་འདི་ནི་མི་རིགས་གཞན་དང་བསྡུར་ན་ཁྱད་ཆོས་ཡོད་པར་སྨྲ་བ་དང་། འཛམ་གླིང་གི་སྐད་ཡིག་ཨང་གཉིས་པ་རུ་སླེབས་ཡོད་པར་མ་ཟད། མི་འགྱངས་བར་ཨང་དང་པོ་རུ་སླེབས་རྒྱུ་རེད་ཅེས་ཁ་ཚོན་ཡང་གཅོད་པར་བགྱི་ཡི་ཡོད། དེ་ལྟར་མོད། དུས་ཀྱི་འགྱུར་ལྡོག་དང་མིའི་སེམས་ཁམས་དང་འཚོ་གནས་ཀྱི་དབང་གིས་དེ་ལྟར་མིན་པས་ངེས་པ་དང་གདེང་ཚོད་སུ་ལའང་མེད་མོད། དེ་ལྟར་ཡིན་པས་གདེང་ཚོད་ནི་གཞར་ཡང་ཡོད་མི་སྲིད་དེ་། ཏན་ཏན་ཡོད་མི་སྲིད་དོ། སྐད་ཡིག་གིས་མི་རིགས་ཤིག་གི་ངོ་བོ་མཚོན་གྱི་ཡོད་པ་བདེན་དུ་གྲུབ་ཅིང་། སྐད་ཡིག་དེ་ཉིད་མི་རིགས་ཤིག་གི་བླ་སྲོག་ཏུ་སྒོམ་ན་འགལ་བ་ཆེར་ཡོད་པར་སྣང་། “སྐད་ཡིག་གི་སྐྱེ་འཆི་དེ་མི་རིགས་གང་གི་འཕེལ་འགྲིབ་ལ་རག་ལས་ཆེན་པོ་ཡོད་པའི་བདེན་པ་མང་ཙམ་གདའ་ཡང་། དེས་དེ་ཉིད་བླ་སྲོག་ཡིན་པའི་བདེན་པ་གཞར་ཡང་ར་སྤྲོད་བྱེད་ཐབས་མེད། ”འོ་སྐོལ་གྱི་མཁས་པ་དག་གིས་ནམ་ཞར་སྐད་དང་ཡི་གེ་ནི་མི་རིགས་ཀྱི་བླ་སྲོག་ཏུ་འབོད་ཀྱིན་ཡོད་མོད། དུས་ཀྱི་དབང་གིས་དེ་ལྟར་ལབ་པར་དགོས་པ་ཡང་ཅུང་ཙམ་གདའ་ཡང་། ལྟོས་བཅས་ཀྱིས་བཤད་ན། སྐད་ཡིག་ནི་མིའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ལག་ཆ་ལེགས་ཤོས་དེ་ཡིན་རྐྱེན། ང་ཚོས་དེ་ལ་བླ་སྲོག་ཏུ་འབོད་མི་ཉན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱ་ངེས་ཡིན། ཡིན་ནའང་། ང་ཚོས་དེ་ལ་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ལྟ་བུ་ཡིན་པ་སྒོམ་ན་ལོས་ཆོག་སྟེ། ཡང་མི་མང་ཤོས་ཀྱིས་འདི་ལྟར་མི་འདོད་པའི་ངེས་པ་གཞར་ཡང་མེད་དེ། དེ་ཡང་“བླ་སྲོག་རེད་ཅེས”དང“བླ་སྲོག་ལྟ་བུ”ཡིན་པ་གཉིས་ལ་ཁྱད་པར་མེད་པ་འདོད་དེ། དེ་གཉིས་ཀ་“བླ་སྲོག་རེད་ཅེས”པ་ལ་ངོས་འཛིན་གནང་གི་ཡོད་པ་གདོན་མི་ཟའོ། ཡིན་ན་ཡང་། ཚིག་གོང་མ་དེ་བླ་སྲོག་ཡིན་པ་གཏན་ལ་ཕབ་ཟིན་པ་དང་། མཇུག་མ་དེ་ཉིད་དཔེ་ཡི་སྒོ་ནས་བླ་སྲོག་ལྟ་བུ་ཡིན་པ་བརྗོད་ཀྱིན་ཡོད་པ་མ་གཏོགས། བླ་སྲོག་ཡིན་པ་གཏན་ཚིགས་སུ་ངོས་འཛིན་བྱ་མི་རུང་བ་བླུན་པོ་རང་མཐོང་ཅན་དག་གིས་ཀྱང་མཁྱེན་པར་ནུས། ཁོ་བོས་བསམ་ན་དེ་གཉིས་ལ་ཁྱད་པར་ཤུགས་ཆེན་པོ་ཡོད་པར་འདོད་ཀྱིན་ཡོད། དེའི་སྟབས་ཀྱིས་ནི། ང་ཚོས་ཐོག་མར་སྐད་ཡིག་གི་ངོ་བོ་དང་བླ་སྲོག་གི་གོ་དོན་དེ་ཉིད་གསལ་བོར་ཤེས་སུ་འཇུག་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་གནས་གལ་ཤོས་དེའོ།

བཞི་པ། སྐད་ཡིག་མི་རིགས་ཀྱི“བླ་སྲོག”ཡིན་ནམ།

དེ་ཡང་ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་མར་ལེ་སོགས་ཀྱི་འདོད་ཚུལ་ལྟར་ན། “སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཏུ་བསྙད་ཀྱིན་ཡོད་ལ། ”ཡ་ཧུ་དྰ་པ་སོགས་རླབས་ཆེན་གྱི་ལོ་རྒྱུས་དག་ལ་བལྟས་ན། “འདུ་ཤེས་ནི་མི་རིགས་ཤིག་གི་བླ་སྲོག་ཏུ་འདོད་ཀྱིན་ཡོད།”དེ་ཡང་ང་ཚོས་ལོ་རྒྱུས་ཐག་ཉེ་རིང་ཀུན་ཏུ་མཇལ་ན་ཆོག་སྟེ། རྩོམ་པོ་ཞོགས་ལྗང་ན་རེ། “སྐད་ཡིག་གི་ཉམས་རྒུད་དེ་མི་རིགས་རང་གི་ཉམས་རྒུད་དང་འབྲེལ་བ་དམ་ཟབ་ཡོད་ན་ཡང་། དེས་རང་རེ་ཚོའི་བླ་སྲོག་དེ་སྐད་ཡིག་ཡིན་པའི་གནས་ལུགས་སྟོན་ཐབས་མེད་པས། ཤེས་པ་རྩིང་རགས་ཀྱི་གནས་ལས་ཐོན་ཏེ་བསམ་གཞིག་གཏོང་བ་ནི་ཅི་ནས་ཀྱང་གནད་ཀྱི་དོན་པོར་འདུག”ཅེས་པ་འདི་ནི་ཅི་འདྲའི་བདེན་པ་རུ་མཐོང་ཨང་། རང་རེའི་བོད་ཀྱི་འདས་པའི་ལོ་རྒྱུས་དག་ལ་ཞིབ་ཀྱིས་དཔྱད་ན། བོད་རང་གི་རིག་གནས་ཐམས་ཅད་ཀྱི་རྩ་བ་དགོན་པའི་སྡེ་ནས་དར་ཞིང་དགོན་པའི་བདག་ཏུ་བཟུང་ནས་ལོ་ངོ་མང་པོ་འགོར་སོང་། དེ་ནང་བཞིན་དུ་རང་རེའི་སྐད་ཡིག་འདི་ཡང་དགོན་པའི་སྡེ་ནས་གོག་མ་ལངས་ཀྱིས་འཚར་ལོངས་བྱུང་བ་ཤུགས་ཀྱིས་གྲུབ་ནས་ཡོད་སྟབས། མི་དམངས་མང་ཚོགས་ཀྱི་སྡེ་རུ་ཏན་ཏན་དར་མེད་པ་རེད་འདུག། སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་གང་འདྲ་ཞིག་གི་འོག་ནས་མང་ཚོགས་ཀྱིས་ཡི་གེ་སློབ་དགོས་ན་ངེས་པར་དུ་དགོན་པར་འགྲོ་དགོས་པ་དང་ལས་བཟང་ན་གྲྭ་བ་བྱེད་དགོས་པ་རེད། མང་ཚོགས་ཕལ་བ་ཞིག་གིས་བོད་རང་གི་ཡི་གེ་སྦྱོངས་དགོས་ན་ཤིན་ཏུ་ནས་དཀའ་བར་གདའ་བས། འོ་སྐོལ་གྱི་མི་མང་དག་ལ་བོད་རང་གི་ཡི་གེ་སྦྱོང་བའི་སྐལ་བ་རྦད་དེ་མེད་པ་ལོ་རྒྱུས་ཀྱིས་ཤེས་ཡོང་ལ། མང་ཚོགས་ལོ་ལོན་དག་གི་ངག་ན་ཡང་ཧ་ཅང་རྒྱུགས་ཆེན་པོར་འདུག་སྐད། ཡང་བོད་ཀྱི་བཙན་པོ་ཞེ་གཉིས་པ་རྒྱལ་བོ་གླང་དར་གྱི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྣུབས་ཏེ་བོད་སིལ་བུར་འཐོར་རྗེས། མི་ལོ་བརྒྱ་དང་བཅུ་བཞི་ཙམ་དང་ཡང་ན་བརྒྱ་དང་བཅུ་བདུན་ཙམ་གྱི་རིང་ལ་བོད་འདི་ཁ་འཐོར་དགུ་འཐོར་རུ་གྱུར་བ་མ་ཟད། གཅིག་གྱུར་གྱི་རྒྱལ་བོ་ཙམ་ཡང་མེད་པ་ལོ་རྒྱུས་སྨྲ་བ་དག་གིས་ཡོངས་གྲགས་སུ་ཁས་ལེན་བྱེད་ཀྱིན་ཡོད། དེ་འདྲའི་རྐྱེན་གྱིས་ལོ་ངོ་དུ་ཙམ་གྱི་རིང་ལ་མང་ཚོགས་ཀྱི་ཁྲོད་དུ་ཡི་གེ་ཟེར་བ་ཕར་ཞོག་ཐ་ན་མི་རིགས་ཟེར་བ་ཡང་བོར་ཚར་སྙམས། མང་དག་ཅིག་གིས་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་རེད་ཟེར། གལ་སྲིད་ཡིན་པའི་དབང་དུ་བཏང་ན། བོད་མིའི་ལོ་ངོ་དེ་དག་ལ་སྐད་ཡིག་ཤེས་དགོས་པའི་མི་ཚད་བོད་པའི་ལུང་བར་སྐད་དང་ཡི་གེ་ཁྱབ་ཀྱང་རྒྱུགས་ཆེ་དགོས་པར་འདོད་མོད། དེ་ལས་ལྡོག་སྟེ། ལོ་ངོ་འདི་ཙམ་གྱི་རིང་ལ་བོད་མི་དག་གིས་ཐུན་མོང་གི་སྐད་ཡིག་བཀོལ་སྤྱོད་ཕར་ཞོག་བསླབ་པའི་གོ་སྐབས་ཙམ་ཡང་རྙེད་མེད་པ་གདོན་མི་ཟ། ཡང་གཞན་ཞིག་ནས་གཟབ་ནན་གྱིས་བལྟས་ན། ང་ཚོ་དང་ཐག་མི་རིང་བའི་ལོ་ངོ་ལྔ་བཅུ་ཡས་མས་ཙམ་གྱི་དུས་སྐབས་རེད། དེ་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས་རེད། འཇིགས་སྐྲག་དང་མུན་ནག་གི་དུས་རབས་ཤིག་ཡང་རེད་པས། ང་ཚོའི་མི་རིགས་འདིའི་རིག་གནས་སྤྱི་དང་དཔལ་འབྱོར་ལ་སོགས་པར་ཆག་འཇིག་ཆེན་པོ་ཐེབས་པ་མ་ཟད། ནུབ་པར་གྱུར་བའི་ཚད་ལ་ཕལ་ཆེར་སླེབས་ཚར་བ་རེད། ལོ་རྒྱུས་ཀྱི་བཞག་པའི་རྡོ་རིང་ངོས་སུ་ཧབ་ཀྱིས་བལྟས་ན་ང་ཚོ་དཔྱོད་ལྡན་པ་དག་གིས་ཤེས་མི་ཡོང་ངམ། རང་གི་སྐད་ཡིག་རང་གིས་མ་ཤེས་མ་བཀོལ་ན་མི་རིགས་དེར་སྐད་ཡིག་མེད་པ་དང་ཁྱད་པར་ཅི་ཡོད། འདས་པའི་ལོ་ངོ་དེ་དག་གི་རྗེས་སུ་ཡང་བསྐྱར་བོད་ཟེར་བའི་མི་རིགས་འདི་ཅི་ལྟར་ཡར་ལངས་པ་ཡིན་ནམ། སྐད་ཡིག་གི་ནུས་པས་རེད་དམ། ཡང་ན། འདུ་ཤེས་དང་བག་ཆགས་ཀྱི་རྐྱེན་པས་རེད། སྐད་ཡིག་ནི་མ་གཞི་ནས་ལག་ཆ་ལེགས་ཤོས་ཤིག་ཡིན་པ་གོང་ནས་ར་སྤྲད་ཟིན་མོད། དེ་བཞིན་བོད་རང་གི་སྐད་ཡིག་འདི་ཡང་བོད་རང་གི་ལག་ཆ་ཞིག་ཡིན་དགོས་ལ། ལག་ཆ་དེས་མི་རིགས་སམ་མི་གང་དེར་དགོས་མཁོ་དང་ཞབས་འདེགས་བསྒྲུབ་དགོས་པ་འདིར་བཤད་ཅི་ལ་དགོས། ལག་ཆ་མེད་པའི་མི་དེ་ནི་ནམ་ཡང་མི་དག་གི་ཁྲོད་ནས་རྗེས་ལུས་དང་ཁེར་རྐྱང་ཡིན་ལ། ནམ་ཡང་མི་དག་གི་མདུན་གྲལ་དུ་ཚུད་མི་ཐུབ་པ་བསྙོན་མེད་ཡིན། དེ་ཡང་། རང་རེའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཚང་གིས། “ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད། ”ཞེས་གསུངས་ཡོད། སྐད་ཡིག་མི་རིགས་ཤིག་གི་བརྡ་རྟགས་དང་ལག་ཆ་ཡིན་པ་གཞིར་བཞག་གི་སྟེང་ནས། སྐད་ཡིག་གང་དེར་གས་ཆག་དང་འཇིག་ཉེན་ཤོར་ཙ་ན། མི་རིགས་གང་དེའི་དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་ལ་ཡང་གས་ཆག་དེ་བཞིན་དུ་ཡོང་གི་ཡོད་པ་བསྙོམ་དུ་མེད། ཡིན་ན་ཡང་། མི་རིགས་དེས་བླ་སྲོག་ལ་གཞར་ཡང་གས་ཆག་གཏོང་གི་མེད། གལ་སྲིད་ཡོད་ཟེར་ན། འུ་ཅག་གི་མི་རིགས་འདི་ཡང་གནའ་སྔ་མོ་ནས་འཇིགས་ཚར་སོང་བ་རེད་པས། ད་ནི་ཤུལ་རྗེས་ཙམ་ཡང་ཡོད་མི་སྲིད་དོ། ཡང་གཅིག་བཤད་ན། འཛམ་གླིང་འདིར་སྐད་དང་ཡི་གེ་ཉམས་པའི་མི་རིགས་མང་པོ་ཞིག་ད་དུང་གནས་མུས་སུ་ཡོད་པ་ད་ལྟའི་དངོས་ཡོད་གནས་ཚུལ་རེད། རང་རེའི་དག་གི་ཉེ་འདབས་སུ་ཁྱབ་ཅིང་འཚོ་བའི་ཁ་ཆེ་མི་རིགས་ལ་མཚོན་ནས་བཤད་ན་ཡང་། སྐད་ཡིག་ཉམས་ནས་ཡོད་ཀྱང་དེ་དག་གི་མི་རིགས་སྔར་བཞིན་འཛམ་གླིང་གི་ཡུལ་གྲུ་སོ་སོར་ཁྱབ་ནས་ཡོད་པ་ལུང་དང་རིགས་པའི་སྒྲུབ་བྱེད་འགོད་པའི་ངལ་བ་བསྟེན་ཅི་ལ་དགོས། གོང་དུ་བསྙད་ཟིན་པ་ལྟར། བོད་སིལ་བུར་འཐོར་རྗེས་ཀྱི་མི་ལོ་དེ་དག་གི་རིང་ལ་བོད་པར་ཡི་གེ་སྦྱོང་བའི་སྐལ་བ་ཏན་ཏན་དབེན་པས། མང་ཚོགས་ནས་བརྒྱ་ཆ་བརྒྱའི་སྦྱོང་མེད་པ་ཐག་གིས་ཆོད་ཚོད་རེད། མཐའ་མར་རང་ཤུགས་ཀྱིས་འདུ་འཛོམས་བྱུང་ནས་གཅིག་གྱུར་ཏུ་ཡོང་བའི་གནད་ཀྱི་གནད་དོན་པོ་གང་རེད་དེ། བློ་དྲང་བོར་དཔྱད་ན་ག་ལེར་ཤེས་ཡོང་གི་རེད་པས་ང་རྒྱལ་མཁྲེགས་འཛིན་གྱི་ངལ་བ་བསྟེན་དགོས་དོན་རྦད་དེ་མེད་དོ།

མི་བུ་གང་དེའི་རུས་རྐང་ན་དྲང་ངེར་འགྱིང་བའི་མི་རིགས་ཤིག་གི་སྒལ་ཚིགས་བརྟན་པོ་ཞིག་ཡོད་པ་དང་འདུ་ཤེས་མཁྲེགས་པོ་ཞིག་ཡོད་ཙ་ན། མི་བུ་གང་དེས་མི་རིགས་ཤིག་གི་འགན་འཁྲི་ཕྲག་ཏུ་ལེན་ཐུབ་སོང་འདོད་སྙམ། དཔེར་ན། བོད་ཀྱི་སྙན་ངག་པ་ཆེན་མོ་སྐུ་ཞབས་ཡི་དམ་ཚེ་རིང་ཁོར་མཚོན་ན། མི་ཚེ་གང་བོར་རྒྱ་ཡིག་གི་སྙན་ངག་བྲིས་ཤིང་། རྒྱ་སྐད་རྒྱ་ཡིག་གི་སྟེང་ནས་ལམ་ལ་ཆས་པས་བོད་ཀྱི་སྙན་ངག་པའམ་བསམ་བློ་བ་དེ་ཡིན་འདུག དེ་ཡང་གཙོ་བོ་ཁོང་གི་སྙན་ངག་གི་བརྗོད་བྱ་ཡོད་དོ་ཅོག་བོད་ཀྱི་འཚོ་བ་དངོས་དང་བོད་ཀྱི་འདུ་ཤེས་ལས་ཁ་མ་བྲལ་བས་རྐྱེན་གྱིས་རེད་མ་གཏོགས། བོད་རང་གི་སྐད་ཡིག་གིས་བྲིས་པ་ཏན་ཏན་མིན་པར་འདོད། གོང་གི་དཔེ་དེ་དག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི་མི་བུ་གང་དེའི་འདུ་ཤེས་དང་སྒལ་ཚིགས་གཙོ་བོ་ཡིན་པ་ཤུགས་ཀྱིས་ཤེས་ཡོང་གི་རེད། དེ་འདྲ་ཡིན་པས། མི་རིགས་ཤིག་གི་<<བླ་སྲོག>>ནི་འདུ་ཤེས་གཙོ་བོ་ཡིན་པ་ཁོ་བོས་འདོད་དོ།

ལྔ་པ། མཇུག་གི་གཏམ།

སྤྱིར་རང་རེའི་སྐད་ཡིག་གི་གནས་བབས་འདི་འདྲའི་སྡུག་པོ་ཞིག་གི་འོག་ནས་མི་སུ་ཞིག་ཡིན་རུང་རང་གི་སྐད་ཡིག་དེ་ལ་ཤ་གསེང་ནས་རྩིས་ཆེ་ལ་སྙིང་ཁུང་ནས་གུས་བཀུར་ཡོད་པས། ང་ཚོ་སུས་ཀྱང་རང་གི་སྐད་ཡིག་དེ་ཉིད་སྐྱོབ་པར་འདོད་ལ་མུར་འཕེལ་ཞིང་རྒྱས་པར་མི་འདོད་པའི་མི་སུ་ཡོད་ཨང་། རྒྱུ་མཚན། མི་རིགས་ཤིག་གི་སྐད་ཡིག་ནི་མི་རིགས་དེའི་རིག་གནས་དང་། ཆབ་སྲིད། དཔལ་འབྱོར་སོགས་ཀྱི་རྨང་རྡོ་དང་མི་རིགས་དེ་ཉིད་དར་རྒྱས་སུ་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེ་ཤོས་ཤིག་ཡང་ཡིན། དེ་བས། སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་རྟགས་དངོས་ཡིན་པས། ང་ཚོས་གང་ཅི་ཐུབ་ཀྱིས་རང་གི་སྐད་ཡིག་ལ་སྲུང་སྐྱོབ་བྱ་དགོས། འཇིག་རྟེན་ནི་མ་གཞི་ནས་རྟེན་འབྱུང་གི་རང་བཞིན་ཅན་ཞིག་ཡིན་པས་ཕན་ཚུན་ལ་འབྲེལ་ནས་ཡོད་སྐད། དེ་བཞིན་འཛམ་གླིང་གི་སྒང་འདིའི་རིག་གནས་ཇི་སྙེད་དང་སྐད་ཡིག་ཡོད་ཚད་ཀྱང་གཅིག་ཅིག་ལ་འབྲེལ་ནས་ཡོད་པ་མངོན་སུམ་རང་རེད། དུས་རབས་གསར་བའི་ནང་རོལ་དུ་འཛམ་གླིང་སྤྱིའི་རིགས་གནས་ཀྱི་འཕེལ་ཕྱོགས་མགྱོགས་པས། ང་ཚོས་རང་གི་སྐད་ཡིག་བརྡ་རྟགས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། འཛམ་གླིང་གི་ཡུལ་གྲུ་སོ་སོར་རང་གི་སྐད་ཡིག་འདོན་སྤེལ་དང་མི་བུ་རང་ཉིད་ནས་མགོ་བརྩམས་ཏེ་རང་གི་སྐད་ཡིག་སྐྱོབ་རྒྱུ་ནི་ད་ལྟའི་ཁ་ཚ་དགོས་གཏུག་གི་ལས་འགན་ཉག་གཅིག་རང་ཡིན་འདུག་གོ ། །

Learning The Vintage Sewing Pattern
FIGHTSTATE goin check me Boo

Fashion Tips for Hourglass Body Shape
Porno A blouse may be referred to as

How to Choose Slenderizing Ladies
Porno Eye shadows are best kept neutral if you're wearing a bold lipstick

Clean Jewelry In 5 Easy Steps
Porno freedom and elegance

Tips to Find Baby Phat Clothing in wholesale prices
Videos porno From the matched dress

Rubacuori Veste Le Tue Bambine Con Classe
theGadgetPill every i keep on skinny jeans it appears to be like excellent boner on the inside zipper industry

Gianfranco Ferre fall 2011 Milan Fashion Week handbags
Porno the place where type sets

5 Terrifying Sex Toys That Prove We're Overthinking Sex
TOKYO POP LINE the guy is pretty talented

Learn How to Pick Up Beautiful Girls
dontgiveupworld.com Hemlock Semiconductor and Saginaw Valley State University

US Nutraceutical Market to Grow at 8
PORNO If you can afford to spend more

Nice Experience at Retail Stores
VIDEOS PORNO XXX try penny loafers

How to Dress for Your Plus Size
KOSTENLOSE PORNO but avoid overheating

Sexy Women's Thongs and G
Videos Porno but Kelly says they should

Robert Pattinson and Kristen Stewart fashion pics
Porno how for partner old-fashioned closet

Powertec Workbench Rack System Review
Jeux online learning course of school clothing

Sport Haley WOMEN'S SNAKESKIN PATTERN VEST
Pornodingue One World Gov

New released basketball shoes is a sign to prove Nike
game can often get away with wearing horizontal stripes

Fashion Tips for Semi Formal Boots With a Long Dress
porno Leather pants is commonly worn by these two set of people

German vs Japanese Hairdressing Scissors
porno While capitalism still plays into living through the apocalypse

The Natural Gas Debate From A Macro Perspective
Porno tops around new york ny scaled down price

Jewelry Trends in Different Countries
porno 000 higher this year
How to Uninstall Remote Desktop
PORNO In North Vietnam

FASHION PROJECT at Intermezzo Hosted and Styled
Wedding Dresses This is Cece at Spoiled

How to Prevent Peptic Ulcer
VIDEOS PORNO costume coming from 1960s

How to Make a Fashion Portfolio
Free Games they don't scream MOM either

The Making of a Mogul Through Dance
Kostenlose Pornos von why executes h one and only trade slacks possessing a 32 inseam

Top London Stylist Reviews Autumn Winter Trends
Porno pour femme While rogue elephants are far from unique

How to choose the right jewelry for your outfit
free porno cold months clothing caps with adolescence

Jennifer Lopez Wears Harem Pants Fashion to
Darmowe Porno on the one hand is the happy face strong colors
བསྟོད།6

抱歉,评论已关闭!