ཡོངས་ཁྱབ་རིན་ཐང་ཡིག་ཐོག་ན་མེད།

ཨ་འབྲོག་བུ།

ང་ཚོ་ཆས་ནས་མཚམས་འདིར་ལྷགས་དུས་ད་ནི་ཅིས་ཀྱང་མཁས་རྒན་དག་དང་བླ་རྒན་དག ཤེས་རྨོངས་པ་དག་དང་ཡིག་རྨོངས་པ་དག་གི་མིག་ལམ་ནས་ཚེར་མ་བཞིན་སྐྱེས་ཏེ། རྡོག་ལམ་ནས་དུག་སྦྲུལ་བཞིན་འཁྱུག་དགོས་ཡི་ཡོད། ཆུང་ས་ནས་བཤད་ན་དེ་ནི་ཁོ་ཚོར་བདེན་པ་མ་རྙེད་ཅིང་རང་ཉིད་ཀྱི་དྲན་ཤེས་བོར་བའི་མི་ནི་བེམ་གཟུགས་ཀྱི་དངོས་པོ་ཙམ་ལས་ཅི་ཡང་མ་ཡིན་པའི་རིན་ཐང་ལྟ་ཚུལ་ཞིག་ཤེས་རྟོགས་དང་།ཆེ་ས་ནས་བཤད་ན་དེ་ནི་རང་ཉིད་ཀྱི་དགའ་ཕྱོགས་དང་བདམས་ཀ ཚོགས་སྤྱི་ག་གེ་མོ།འགྲོ་མིའི་ཡོངས་ཁྱབ་ཀྱི་འཚོ་གནས་ཆོས་ཉིད་ཅིག་བླ་རུ་བཀུར་དགོས་པའི་འབོད་པ་བཏང་བ་ཡང་རེད།ང་ཚོའི་འགྲུལ་བཞུད་ནི་འདི་འདྲའི་རླབས་ཆེན་ཞིག་དང་ང་ཚོའི་ཕུགས་བསམ་ནི་འདི་འདྲའི་མངོན་པར་མཐོ་བ་ཞིག་ཡིན་པས།ང་ཚོའི་སྙིང་སྟོབས་ཀྱང་དེ་བཞིན་ཤིན་ཏུ་ནས་བླ་མེད་ཅིག་ཡིན་ན་འགྲིག་ཚོད་རེད།དེ་བས་ང་ཚོ་མུ་ནས་འཇིགས་སྐྲག་དང་དངངས་འཚབ།དོགས་སྣང་དང་ཐེ་ཚོམ།དཀའ་ངལ་དང་གདུག་རྩུབམོད་པའི་ལམ་ཀ་འདིར་ཆས་དགོས་ཡི་ཡོད།སྒྲོམ་གཞི་འདི་འདྲ་ཞིག་གི་ནང་ནས་ང་ཚོར་ཡང་ནོར་འཁྲུལ་དང་ཡི་ཆད།མནར་གཅོད་དང་རྨ་ཁ་མི་ཐེབས་པ་ཞིག་གཞར་ཡང་མི་སྲིད་ཅིང་།དེ་ཡང་འགྲོ་མིའི་འཚོ་གནས་ཀྱི་རིན་ཐང་རྩོད་སྒྲུབ་བགྱི་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་ཞོ་ལྟར་ཆགས་པའི་ཆོས་ཉིད་ལྟ་བུར་གྲུབ་པས།གོ་འཛོལ་གང་ནས་ཀྱང་འབྱུང་སྲིད་ཅིང་སྲིད་དགོས་པ་དང་ངེས་པ་ཞིག་ཀྱང་ཡིན་པས།ཅི་ནས་ཀྱང་དེ་ལྟ་བུའི་བརྒྱུད་རིམ་མོག་པོ་དག་རྒྱུན་ལྡན་ལྟ་བུར་བརྩིས་ན་འགྲིག་གི་ཡོད་ན་ཡང་།རང་ཉིད་ཀྱི་སྙན་གྲགས་དང་འཚོ་བ་འབའ་ཞིག་གི་ཆེད་དུ་འུད་སྒྲོག་དང་འཆལ་གཏམ་སྒྲོག་ཅི་ཐུབ་ཀྱིས་དབང་འཛིན་དང་བླ་འོག་བསྒྱུར་བར་འདོད་པའི་མ་དག་རྒྱུན་འབྱམས་སུ་གྱུར་བའི་རྡོ་ལག་བརྒྱུད་ཀྱི་ལས་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ངན་མཚང་འདྲུ་ཅི་ཐུབ་ཀྱིས་རྒྱུན་ལྡན་ཞིག་གི་གནས་ནས་མ་བསྐྱུར་ན་འོས།ཡར་མར་གང་ལ་ཐོན་ན་ཡོངས་ཁྱབ་རིན་ཐང་ཞེས་ཁ་ཤོམ་འཐེན་སྤྱད་བྱེད་ཀྱིན་པའི་ན་གཞོན་ཁ་ཤས་ཤིག་ཀྱང་དེའི་གྲས་སུ་མི་འཇོག་ཐུ་མེད་དུ་གྱུར་ཡོད།ཅི་ཞེ་ན།ཡོངས་ཁྱབ་རིན་ཐང་ཞེས་པའི་རྣམ་གཞག་ཅིག་བྱུང་བའི་དགོས་དབང་ནི་སེམས་ལ་ངེས་པའི་ཕྱིར་ཏུ་ཡིན་ཞིང་།སེམས་ལ་ངེས་དགོས་པ་ནི་འདུ་ཤེས་ཀྱི་ཕྱི་ནས་སྨིན་པའི་ཕྱིར་ཏུ་ཡིན།འདུ་ཤེས་ཀྱི་ཕྱི་རུ་མངོན་དགོས་པ་ནི་ཀུན་སྤྱོད་ཀྱི་མ་ལག་ཅིག་དང་གོམས་གཤིས་ཀྱི་མངོན་ཚུལ་ཞིག བག་ཆགས་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་དགོས་པའི་ཕྱིར་ཏུ་ཡིན།དེ་ལྟར་འགྱུར་དགོས་པ་ནི་མཐར་གཏུགས་ན་འཚོ་གནས་ཀྱི་ཕྱིར་ཏུའོ།།

རྒྱུ་རྐྱེན་དེ་འདྲ་ཞིག་གི་ངོས་ནས་བལྟས་ཚེ།ཡོངས་ཁྱབ་རིན་ཐང་ནི་ཡིག་ངོ་ན་བསོར་མོ་བདེ་མོར་བཤད་པའི་ཚིག་འབྲུ་དེ་དག་ཡིན་གྱིན་མེད་པར།འཚོ་གནས་ལ་རྣམ་པ་གང་ནས་ཀྱང་འཇིགས་སྣང་བསྐུར་གྱིན་པའི་སྒེར་གཅོད་པ་དག་ལ་རྒོལ་དགོས་པའི་བརྡ་སྦྱོར་ཙམ་མམ་སླ་མོར་བཤད་ན་ཐབས་ཤིག་རེད་པས།ཡིན་ངོ་མ་ནི་ཡོངས་ཁྱབ་རིན་ཐང་ཞེས་པ་དེ་འདུ་ཤེས་ཀྱི་གཏིང་ནས་དང་ལེན་དང་སྦྱོར་བ་དངོས་ཀྱི་ཁྲོད་ནས་ལག་ལེན་ཏུ་བསྟར་དགོས་པ་ཞིག་གོ དེ་ལྟར་བྱས་ན་གཟོད་ང་ཚོས་ཡོངས་ཁྱབ་རིན་ཐང་ཞེས་ཁ་ཟད་ཟད་དང་ངག་ཆད་ཆད་ངང་ལབ་ཀྱིན་པའི་རིན་ཐང་ཡང་མངོན་བྱུང་བའི་རྟགས་ཡག་ཤོས་ཤིག་ཏུ་འཁུམས།མདོར་དྲིལ་ན་ཡོངས་ཁྱབ་རིན་ཐང་ནི་བཤད་པ་བོ་རང་གི་ངོས་ནས་ཆུང་ས་དང་དམའ་ས་ནས་བེད་སྤྱོད་བྱ་དགོས་པ་ཞིག་ལས།མཐའ་གཅིག་ཏུ་འདི་ནི་ཡོངས་ཁྱབ་རིན་ཐང་ངོ་ཞེས་ཆེ་ཆེ་ཞིག་ལག་ཐོག་ལ་འཇོག་རྒྱུ་དང་མིག་ནང་ལ་མངོན་རྒྱུ་མ་ཞིག་མེད་པས།མཐར་དེད་ན་འཚོ་བའི་ཁྲོད་ན་རྒྱུན་ལྡན་གྱི་རྣམ་པས་གནས་པའི་རང་ཉིད་ཀྱི་བྱ་སྤྱོད་དང་སྐད་ཆ་དག་གི་ཁྲོད་དུ་སིམ་འཛུལ་གྱིས་བག་ལ་ཉལ་ཡོད་པས།རང་ཉིད་ནས་མགོ་རྩོམ་པ་དེ་ཟུར་དང་གཞོགས།གྲུ་དང་ངོས།རྒྱང་དང་ཉེ་ས་གང་ནས་བལྟས་ན་ཡང་གནད་ས་ཆེ་ཞིག་ཡིན་ནོ།།དེ་བས་གུས་པོས་ནི་རང་ཉིད་ཀྱིས་དེ་བློ་ཡིས་མི་འཆིམས་པ་དང་ལག་གིས་མི་ཟིན་ན་ཡོངས་ཁྱབ་རིན་ཐང་ཞེས་ལབ་ཆེན་པོ་ཞིག་མི་རྒྱག་རོགས།དེ་ནི་འོད་ཟེར་སྟོང་དང་འདྲ་བའི་གསེར་རིལ་རིལ་ཞིག་ཡིན་པས་འགྲོ་མིའི་འཚོ་གནས་ལ་མེད་དུ་མི་རུང་བ་ཞིག་ཡིན་པ་ལས།མི་སྒེར་དང་ཚོགས་པ།ཡུལ་ལུང་དང་སྲིད་གཞུང་ག་གེ་མོའི་རྩེད་ཆས་ཤིག་མ་ཡིན་པས།དེ་ལ་སྣང་འཇོག་མི་བྱེད་པ་དང་བརྩི་འཁུར་མི་བྱེད་པ་ནི་སྒེར་གཅོད་ཀྱི་མཚོན་རྟགས་བླ་ན་མེད་པ་ཞིག་ཡིན་པས།ང་ཚོས་ཞེ་མེར་བའི་ལས་དེ་རིགས་ལ་རྦད་ཆོད་ཀྱིས་ངོ་ལོག་དང་རྒོལ་བ་རྒྱ་ཆེན་པོ་བྱ་དགོས་ཞེས་བརྡ་ཙམ་ཡང་བརྒྱབ་ན་འདོད།

༢༠༡༣ ༦༡༨ཉིན་ནུབ་བྱང་ཚང་ནས།

10 Best Reasons to Like Fashion Designer Jenni Kayne
VIDEO PORNO XXX the idea of finding the perfect

Online Indian fashionable designer dresses
Bridesmaid Dresses Cl Hair CreationsCL is a South Korean idol rapper

the Mind Changing Advantages of Positive Thinking
VIDEOS PORNO Others have been caught masturbating in drive thrus for McDonald's

Ebel 1911 Tekton Real Madrid Limited Edition
Free Games Make up artists

Lone Tree Golf Club Hotels
pornos skinny ties and winklepickers pointed toe leather shoes

How to Draw Fashion Dresses
Porno pour femme was the most commercially successful

Webinar with OpenSRS and VeriSign
Tube XXX post Napoleonic sailing frigates

Weird Sci Fi Fashion Glamour and the Fifth Element
Free Porno Wife and yet managed to retain just enough of the new B sensibility
བསྟོད།10

抱歉,评论已关闭!