སྐྱུག་བྲོ་བའི་མགོ་ལོག་དགེ་ཐོན་སློབ་གྲྭ་ལས་འཕྲོས་ཏེ་མི་སྒེར་འཚོལ་བ།

འཕྱན་བྷང་།

སུས་སུ་ཡི་གཤོག་པ་རྨང་ནས་འཕྲོག་གིན་ཡོད།

གཤོགཔ་ཐོགས་པ་ནི་འཆར་ཡན་གྱི་སྒོ་གླེགས་ཕྱེས་པ་ཡིན་ལ། གཤོག་པ་བརྐྱངས་པ་ནི་དངོས་ཡོད་དགག་སྒྲུབ་ཀྱི་ལམ་ཁར་ཞུགས་པ་ཤུགས་ནས་མཚོན་འདུག དེ་བས་གཤོག་པ་ཐོགས་དང་མ་ཐོགས་ཀྱི་དུས་སུ་དང་། གཤོག་པ་བརྐྱངས་དང་མ་བརྐྱང་གི་གླགས་སུ། ང་ཚོ་མི་རེ་རེ་ལ་གདོད་མ་ནས་མངའ་བའམ་ཡོད་འོས་པའི་ཡོངས་ཁྱབ་ཀྱི་རིན་ཐང་མང་མང་ཞིག་ཟ་དང་ཟུར། གཡས་དང་གཡོན། མདུན་དང་རྒྱབ་གང་རུང་ནས་མངོན་ལྐོག་ ་གི་སྦྱོར་བ་སྣ་ཚོགས་ཀྱིས་ཁྱུར་མིད་དུ་གཏོང་གིན་པའང་མངོན་སུམ་དུ་གྲུབ་འདུག དེ་རང་གཤོག་པ་ཐོགས་པ་ལ་སྡང་པ་ཙམ་མ་ཡིན་པར་གཤོག་པ་ལ་གཏིང་ནས་སྡང་ཞིང་གནག་མཁན་ཞིག་ཡིན་པས་གཏེ་བོ་དེའི་མིང་ལ་ཅི་ཞིག་ཟེར་རམ།

དོན་དངོས་ནི་དོན་དངོས་རང་།

སྤྱིའི་གནད་དོན་དེ་གནད་དོན་རེད་ཅེས་ཚོགས་སྤྱི་ཞིག་གི་ངོ་བོར་གྲུབ་དོན་ཡང་ཁོར་ཡུག་བྱེ་བྲག་པ་ཞིག་ནས་མཆེད་པ་ཡིན་ལ།དེ་ཡང་མི་བུ་བྱེ་བྲག་པ་རེ་རེ་ནས་གནད་དོན་དེ་གྲུབ་པར་ཁས་འཆེས་དགོས་སྙམ།དེའི་རྐྱེན་གྱིས་ཁོ་བོས་འདིར་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་མྱི་གསོད་ལམ་ལུགས་དང་འབྲེལ་ནས་མི་སྒེར་རིང་ལུགས་ཀྱི་ཁྱད་ཆོས་ལ་ཡང་ནས་བསྐྱར་དུ་ཕྱིར་རྟོག་ཅིག་བྱེད་ན་འདོད་དེ། ཕྱིར་རྟོག་འདིས་མི་སྡུག་པའི་གདོང་འབག་མང་པོ་ཞིག་བཤུ་ན་འགྲིག་གི་རེད།

1.རྐང་འོག་སློབ་གསོ།

ཉེ་ལམ་སྟེ་ལོ་ངོ་གཅིག་གི་ཡར་སྔོན་དུ།སློབ་གྲྭ་དེ་གའི་སློབ་མ་གཡུང་དྲུང་ནག་པོས་བརྩམས་པའི་སྙན་དེབ་<<གཟེར་ནག་མ་བརྒྱ་དང་བརྒྱད>>་ཅེས་པ་དེ་ཁོར་ཡུག་འདིའི་འགོ་ཁྲིད་རེ་གཉིས་ཀྱིས་མེ་རུ་བསྲེགས་སོང་།ད་དུང་ཆབ་སྲིད་ཀྱི་ཞྭ་མོ་བསྐོན་ཏེ་སྲིད་གཞུང་ག་གེ་མོར་འགལ་ཡོད་པའི་མ་ཉེས་ཁ་གཡོགས་ཀྱིས་ཁྱིམ་བདག་ཐད་ཀར་ས་ཐག་རིང་པོ་ནས་གཞུང་ལས་ཁང་དུ་བོས་ནས་དེང་ཕྱིན་ཆད་འདི་ལྟ་བུའི་རྩོམ་ཡིག་མི་བྲི་བའི་མཛུབ་ཐེལ་བཙན་གྱིས་མནན་དུ་བཅུག་སྐད།ལྷག་ཏུ་གཡུང་དྲུང་ནག་པོས་སྟོན་པ་དང་དེའི་ཆོས་ལ་དགག་པ་རྒྱག་འདུག་ཅེས་བཙན་གྱིས་སྐྱོན་ཡིག་བྲིས་སུ་བཅུག་སྟེ།མི་སྒེར་གྱི་ཉེས་པ་འདག་ཆེད་ཅེས་ཐོན་མིའི་ཟངས་སྐུ་ལོ་གཅིག་ལ་བཀྲུ་དགོས་པའི་ཆད་པ་བཅད་པ་རེད། འདི་ནི་སྤྱིར་བཏང་གི་གསར་འགྱུར་ཙམ་རེད་མོད།གསར་འགྱུར་འདིས་དགེ་སློབ་ཐམས་ཅད་རྒྱང་སྒྲོག་ཁང་དུ་བསྒྱུར་སོང་།རང་ཤུགས་ཀྱིས་འགྱུར་སོང་།དོན་དུ་གཡུང་དྲུང་ནག་པོའི་དོར་བའི་སྔོན་འགྲོ་ཞེས་པའི་བྱེ་བྲག་གི་བཅད་རྩོམ་དེས་ཁོ་ཚོ་སྒུལ་སོང་།ཁོ་བོས་དེབ་དེ་མགོ་ནས་སྔ་མ་བར་དུ་ཐེངས་མ་གསུམ་ཡས་མས་ཤིག་བཀླགས་ཀྱང་ཐོག་མཐའ་བར་གསུམ་དུ་རྩ་ཁྲིམས་ལ་འགལ་བ་ཡོད་པ་ཞིག་རྙེད་མ་བྱུང་།ད་ལྟ་ད་དུང་ཡང་ཅི་ཙམ་བཙལ་ཀྱང་རྙེད་མ་བྱུང་ངོ་།།

2.རྩ་སློག་སློབ་གསོ།

སློབ་མ་ངེད་ཅག་རང་ངོས་ནས་བཙུགས་པའི་མི་དོན་བགྲོ་བའི་རང་ལྟེ་ཚན་ཆུང་གཙོ་བྱས་ཏེ་དེར་བཙུགས་ཀྱི་ཚན་ཆུང་རེ་འགའ་བོ་ཡང་རྩ་བརླགས་སུ་བཏང་སྟེ། ངེད་ཅག་གིས་བཙུགས་པའི་སྔར་མེད་ཀྱི་རང་མོས་གླེང་སྟེགས་ཀྱང་སྐབས་དེ་ནས་བཟུང་རྒྱུན་ཆད་དུ་བཅུག་པ་རེད།

3.བཀག་སྡོམ་སློབ་གསོ།

སློབ་མ་རེ་རེའི་དཔེ་ཀློག་གི་སྤྲོ་བ་དང་མོས་འདུན་འཇོམས་ཆེད། སློབ་གྲྭའི་འགོ་ཁྲིད་དག་དང་དེའི་རྐུབ་རྡེག་ཚོགས་ཀྱིས་དཔེ་རྟགས་ཡོད་མེད་ལ་ཁ་གཡར་ནས་གཟའ་འཁོར་ངེས་མེད་དང་ཟླ་ངེས་མེད། ཉིན་མཚན་ངེས་མེད་ལ་སློབ་མ་རེ་རེའི་མལ་ཁང་དང་སློབ་ཁང་གི་མདུན་ཅོག མི་སྒེར་གྱི་ལུས་སྟེང་རེ་རེ་ལ་དངོས་བཤེར་བྱེད་པའི་སྦྱོར་བ་རྫོབ་པོ་ཅི་མཆིས་སྤེལ་གྱིན་གདའ། ད་རུང་དཔེ་ཆ་འཕྲོག་སྟེ་མེར་སྲེག་གིན་ཡོད།

4.མྱུལ་ཞིབ་སློབ་གསོ།

དཔེ་ཀློག་ལ་སྤྲོ་སྣང་ཆེ་བ་དང་རྩོམ་འཇུག་ལ་དགའ་བ། སྒེར་གྱི་བསམ་གཞིགས་གཏོང་སྟངས་ལ་དུངས་པའི་སློབ་མ་རེ་འགའ་ནི་ཐག་པ་དྲུད་པའི་ཁྱི་རུ་ལྟ་ཡི་འདུག ཁོ་ཚོས་དཔེ་ཆ་གང་ལ་བལྟ་བ་དང་རྩོམ་ཡིག་ཅི་ཞིག་བྲི་བ་སོགས་ལ་ལྐོག་ཉུལ་བྱེད་པའི་སློབ་གྲོགས་མི་ཉུང་པ་རེ་བཀོལ་གྱིན་པ་ཡང་མིག་མཐོང་ལག་ཟིན་དུ་སྣང་། དེ་ཡང་ཁོ་ཚོས་ཕྱོགས་གཉིས་ཀྱི་རྩ་དོན་ལ་འདང་ལོག་བརྒྱབ་ནས་གཅུན་བཞིན་པ་གདོན་མི་ཟ་སྟེ། སྲིད་དང་ནང་བསྟན་གྱི་ཁྱབ་ཁོངས་ལས་མི་འགལ་བའི་ཕྱིར་དུ་དེ་ལྟར་བསྒྲུབས་པ་རེད།

བསམ་གཞིགས་ནི་དོན་དངོས་ལས་བྱུང་།

རང་ཉིད་ངོས་མ་ཟིན་པའི་ཁོར་ཡུག་བྱེ་བྲག་པ་རེ་རེ་ནི་བེམ་པོ་རུལ་བོ་ཙམ་ལས་བསམ་གཞིགས་ཀྱི་མགོ་བོ་ཨུ་ཚུགས་སུ་ཚུད་པའི་སྐྱེ་དངོས་སྙིང་རྗེ་བོ་ཞིག་ཏུ་བགྲང་པར་བྱ་སྟེ། དེ་ལྟར་ཁོར་ཡུག་དབང་བསྒྱུར་མཁན་(སྤྱིར་ན་ཁོར་ཡུག་སྐྱོང་པ་བོ་ཡིན་ནའང་)ལའང་མི་ཡི་རྟོགས་པ་གསར་དུ་རྙེད་པའི་ངེས་ཤེས་དང་རིག་གནས་གཙུབ་བརྡར་གྱི་རྩ་དོན། དུས་རབས་འཕེལ་འགྲོས་ཀྱི་ཁ་ཕྱོགས་སོགས་རིག་གནས་གསར་བ་དང་ལེན་གྱི་རྒྱུན་ཤེས་ཙམ་ཡང་བློ་ཡིད་དུ་མ་འདྲོངས་ན། འཕེལ་རྒྱས་ཐམས་ཅད་ཀྱི་གཞི་རྩ་དེའང་ཁུངས་གང་ལ་གཏུགས་དགོས་པ་གཏན་ནས་གཏན་དུ་རྨོངས་པར་འགྱུར་ངེས་མ་ཟད། འཕེལ་རྒྱས་དང་འགྲན་རྩོད་ཅེས་པ་ནི་རང་དང་རྒྱང་ཐག་ཤིན་ཏུ་རིང་པའི་ཐ་སྙད་སྐམ་པོ་སྐམ་རྐྱང་སྟེ་སྲོག་གི་འཚོ་བཅུད་ཤོར་བའི་བསྟུན་ཐབས་ཤིག་ཏུ་ངེས་སོ།།

དེའི་རྐྱེན་གྱིས། ད་ལྟའང་ད་དུང་བདག་གི་ཤ་གསེང་རུས་གསེང་དུ་ཟུག་འདུག་པའི་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭ་ནི་ཅིས་ཀྱང་གླེང་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་ཁོར་ཡུག་དམིགས་བསལ་བ་ཞིག་ཏུ་བསྒྱུར་སོང་། རྩོམ་ཡིག་བྲི་མི་ཆོག་པ་(གཙོ་བོ་དགག་རྩོམ)དང་། ཚན་ཆུང་འཛུག་མི་ཆོག་པ། དཔེ་ཀློག་བྱ་མི་ཆོག་པ་(གཙོ་བོ་དེང་རབས་དཔེ་ཆ)སོགས་ཏེ། མི་ཆོག་པ་དང་མི་ཉན་པ་བརྒྱ་སྟོང་གི་སྒྲོམ་གཞི་དེ་དག་ཀྱང་གོང་སྨྲས་ཀྱི་རུལ་སུངས་སློབ་གསོ་བཞི་ཡི་བརྡ་འགྲེལ་ཙམ་ཡིན་པས། རུལ་སུངས་བཞིའི་སློབ་གསོའི་བྱ་འགུལ་སྤེལ་མ་ཐག་ནས་རང་མོས་གླེང་སྟེགས་ཉམས་སོང་པ་དང་། འདི་ཡང་རང་མོས་གླེང་སྟེགས་ཉམས་སོང་པའི་དོན་དག་ཅིག་མིན་པར་མི་སྒེར་བའི་སྙིང་སྟོབས་དང་འཇོན་ནུས་བསྐྱེད་བསྲིང་གི་མཁའ་དབུགས་དྭངས་གཙང་ཞིག་བསྣུབས་སོང་པ་རེད། འདི་ནི་གནའ་ནས་ད་བར་དུ་མགོ་ལོག་ལ་གཞུང་རྒན་པ་རུལ་སུངས་མ་གཏོགས་མྱི་སྐྱེ་མ་ཐུབ་པའི་དངོས་ཡོད་རྒྱུ་མཚན་དུ་མཐོང་།

མི་དོན་བགྲོ་བའི་རང་ལྟེ་ཚང་དང་གཡུང་དྲུང་ནག་པོས་ལྟ་ལོག་ལྟས་ངན་གྱི་སྦྱོར་བ་སྤེལ་སོང་ཞེས་གྲོགས་པོའི་དཔེ་ཆ་བཀྲམ་ཟིན་པ་རྣམས་ཁོ་ཚོ་འཛིན་གྲྭ་རེ་རེར་སོང་ནས་བཙན་གྱིས་འཇིགས་སྐུལ་ངང་བསྡུས་པ་མ་ཟད། འཕྲོ་མ་བདོག་ཚད་གཞུང་བཞེས་ཀྱིས་མེར་བསྲེགས་པ་དང་། མི་དོན་བགྲོ་བའི་རང་ལྟེ་ཚང་དགོང་ཚོགས་གཅིག་ལ་འདྲི་གཅོད་བྱས་ཏེ་གཏོར་སོང་པ་སོགས་ནི་སྒེར་གཅོད་རྐྱང་རྐྱང་གི་ལས་ཤིག་ལས་མ་འདས་པས། དེ་ནི་མི་སྒེར་གྱི་རྩིས་ཐང་དང་ངལ་རྩོལ་རྒྱུ་ནོར་མཐའ་དག་ལ་རྡོག་བརྫིས་ཡ་ང་བ་གཏོང་ཚུལ་ཞིག་རེད། ད་དུང་དུས་ངེས་མེད་ལ་དཔེ་ཆ་དངོས་བཤེར་གྱིས་འཕྲོག་པ་འདིས་མི་སྒེར་རམ་སློབ་མ་ཐམས་ཅད་ནི་གང་འདོད་ཅི་འདོད་ཀྱི་སྦྱོར་བ་སྤེལ་ཆོག་སའི་དུད་འགྲོ་ཕྱུགས་ཟོག་ལྟ་བུའི་ལག་ཆ་ཞིག་ལ་ངོས་བཟུང་འདུག་པ་དང་། མི་སྒེར་གྱི་སེམས་ཁམས་བདེ་ཐང་ལའང་ཅི་མི་སྙམ་པར་བཟོ་ལྟ་རྫིག་པོ་ཞིག་སྟོན་ཡོང་པའི་མྱི་གསོད་སྟངས་ཤིག་མ་ཡིན་ནམ།

སློབ་དེབ་རྐྱང་པ་ལས་མི་འདའ་ཡང་སློབ་དེབ་ཀྱང་མི་ཤེས་ལ། ལས་བྱ་རྐྱང་པ་ལས་མི་བྲི་ཡང་དེ་ཙམ་ཡང་མི་ཤེས་པའི་སློབ་མ་རང་མཚན་པ་རྣམས་ནི་ཅི་ཡང་མི་འཁྱོངས་པའི་མགོ་སྟོང་ཏག་ཏག་ཏུ་གྱུར་སོང་(སྤྱིའི་ངོས་ནས་གླེང་པ)། དེའི་ཁར་རྫུན་དང་ཨ་གསར་གྱི་རྗེས་སུ་བསྙེག་པར་དགའ་བའི་བྲན་གཤིས་དེས་སློབ་མ་རང་ཉིད་དཔར་མ་ཡི་སློབ་གསོའི་བཟོ་གྲྭ་ནས་ཐམས་ཅད་ཆ་འདྲ་བའི་ལས་སྣོན་གྱི་ལས་མཐུན་རྐྱེན་ཕུན་ཚོགས་ཤིག་ཏུ་གྱུར་འདུག་པའང་ཤེས་ཀྱིན་མི་འདུག མཚན་གཞི་ཙམ་དུ་མཐོ་རྒྱུགས་སྤྲོད་དུས་རྒྱ་ཡིག་ཁོ་ན་མ་གཏོགས་བོད་ཡིག་ཅིག་མིག་གིས་མཐོང་མི་སྲིད་པ། སྐད་གཉིས་སློབ་ཁྲིད་ནི་ཕམ་ཁ་རྐྱང་པ་ཡིན་པའི་སྡོམ་ཚིག་གི་སྐྱག་ལུད་སྤུངས་པར་ཡིད་ཆེས་ཏེ་ཕམ་ཁ་མྱངས་པ་ལྟ་བུ་ཤིན་ཏུ་མང་ངོ་།། འོན་ཀྱང་གནད་དོན་འདི་ལྟ་བུ་རྣམས་ལ་སུས་ཀྱང་བསམ་གཞིགས་ཀྱི་སྐད་ཆའི་ཟུར་ཁ་ཙམ་ཡང་ཕྱོགས་མ་མྱོང་པས། མིག་སྔར་ཚོད་དཀར་རུལ་དྲི་མའི་ཚོགས་འདི་ཁྱུར་མིད་དུ་གཏོང་མཁན་ཏག་ཏག་ལས་དེར་བསྐྱུག་ལོག་མཁན་གཅིག་ཀྱང་མ་བྱུང་པའི་སྣང་ཚུལ་ཞིག་དོད་འདུག

རྒྱུ་མཚན་དང་སྤྱོད་ཉེས་བརྡར་ཏེ་རིག་གནས་མཉམ་གནས་དང་ལྟ་ཚུལ་མཉམ་གནས་ཀྱི་དཀྱེལ་ཡངས་ཟེར་བ་ཁྱོན་ནས་ཧ་གོ་བཞིན་མེད་པས་ན་དེའི་བློ་སྦྱོང་གི་གོ་རིམ་ཡང་འབྱུང་ཐབས་བྲལ་ཏེ། ཡོངས་ཁྱབ་རིན་ཐང་ནི་བཟའ་བཏུང་ངམ་ཤོག་ཧྲུལ་གང་ཞིག་གི་ཡི་གེ་ནག་ནོག་ལ་ངོས་འཛིན་པར་འཁྲུལ་བའི་སྐབས་སུ་ཁེལ་འདུག་པ་ཐེ་མི་ཚོམ།

མདོར་ན། བློ་འབྱེད་སློབ་གསོ་ནི་སྒེར་གཅོད་པའི་མིག་ནང་གི་ཚེར་མ་དང་ཡ་ཆུང་གི་གྲི་ཆུང་ཡིན། དེ་བས་རང་ཉིད་ཆེ་ཆེ་དང་རང་ཉིད་ཚད་མར་འཛིན་པ་ནི་ཁོ་ཚོའི་ངོ་གདོང་དངོས་ཤིག་ཏུ་འཁུམས། གང་ཞིག་རང་གི་བློར་མི་འཚམ་ཚེ་དེ་དག་ཀྱང་མཐར་བསྐྲོད་དུ་གཏང་ངེས།

ཚོགས་སྤྱི་དང་མི་སྒེར་གྱི་གནད་དོན།

མི་བུ་རང་མཚན་པ་རེ་རེའི་ལུས་རེ་རེས་ཐུན་མོང་ངམ་ཚོགས་སྤྱི་དེའི་ཕྱི་ལུས་གྲུབ་པ་ཇི་བཞིན་དུ། དེ་ལྟར་མི་བུ་སྒེར་རེ་རེའི་བསམ་བློ་ནི་ཚོགས་སྤྱི་དེ་གྲུབ་ཆས་ཀྱི་དངོས་དཔང་ཨང་གཉིས་པ་ཡིན་པ་མ་ཟད། དེ་ནི་བྱེ་བྲག་གི་བསམ་བློ་རེ་རེའི་སྤྱི་འདུས་ཀྱི་ཉིང་བཅུད་ཅིག་ཏུ་རློམ་བཞིན་ཡོད། དེའི་རྐྱེན་གྱིས་མི་བུ་སྒེར་གྱི་བསམ་བློ་ནི་ཆད་དུ་མི་འོས་པའི་འདེམས་བསྐོ་ལྟ་བུ་རེད། རྒྱུ་མཚན་ནི་མི་ཆོས་བསམ་བློ་དང་རིགས་གཞུང་འདུས་ཚད་ཀྱི་བྱེད་པོའམ་འབྱུང་ཁུངས་ནི་མི་ཡིན་པས་སོ།།

གཉུག་གཤིས་ལ་བབས་ཏེ་ལབ་ན། ཁོ་བོས་ནི་སྤྱི་མཚན་ལས་བྱེ་བྲག་གཙོ་བར་འདོད་དེ། སྐྱེས་བུ་སྒེར་རེ་རེ་བའི་གོ་རྟོགས་ནི་སྤྱིའི་གོ་རྟོགས་ཤིག་ལ་ཡུན་གྱིས་འགྱུར་སྲིད་པ་བདེན་དོན་དུ་གནས་པས་སྙམ། གོ་རྟོགས་དེས་མི་དོན་སྤྱིའི་གཞུང་ལུགས་མཐའ་དག་རང་གི་མགོན་དང་སྐྱབས་སུ་གཏན་ནས་མི་བཀུར་ཏེ། བཀོལ་སྤྱོད་ཀྱི་རིན་ཐང་ངེས་ཅན་ཞིག་དང་གསར་གཏོད་ཀྱི་སྙིང་སྟོབས་ཤིག་འཚོལ་བའི་གྲོགས་སུ་འཛིན་ངེས། གསར་གཏོད་དེས་སྲོལ་རྒྱུན་གྱི་བླ་སྒུལ་ནས་རང་ཉིད་ལྟེ་བར་འཛིན་པ་དང་མི་སེམས་དྭངས་གཙང་དུ་འཇུག་པའི་བྱེད་ནུས་ཤིག་ཅིས་ཀྱང་ཐོན་དགོས་སོ།། འདི་ལྟར་ལབ་ཡོང་ཚེ། ངས་ནི་སྤྱི་དང་ཐུན་མོང་། ཚོགས་པ་བཅས་ཕལ་བའི་ཕལ་བ་ཞིག་རེད་ཅེས་གླེང་གིན་མེད་ལ། ཚོགས་སྤྱི་དེ་ཡང་དམའ་ས་དམའ་ས་སྟེ་སྒེར་ངོས་ལ་འབབ་ཐུབ་དགོས་པ་དང་། སྒེར་ངོས་ཀྱི་བསམ་བློའི་ཉིང་བཅུད་ཀྱིས་གནད་དོན་རབ་དང་རིམ་པ་སྤྱི་སྙོམས་སུ་ཐག་གཅོད་དགོས་ཞེས་པ་དེ་ཡིན། ཡང་གཅིག་བཤད་ན། ཚོགས་སྤྱི་དང་མི་སྒེར་ནི་འཁོར་སྐྱོད་ཀྱིས་རྒྱུ་དགོས་ལ། བྱེད་ནུས་ཀྱི་ཆ་ནས། ཕན་ཚུན་ལ་སྐྱོར་འདེགས་དང་ཐེ་གཏོགས་ཀྱི་བྱེད་ནུས་ཐོན་དགོས་པར་འདོད།

2013.6.18

The French Fashion Designer Pierre Balmain
VIDEO PORNO XXX She's Not a Fashion Icon

Tiffany Engagement Rings Appease Your Would
Prom Dresses are actually pretty easy to whip up

exhibit to explore the effect on culture and design
VIDEOS PORNO design a basket in which extremely fathers and mothers

The World That Sean John Created
Download Free Games For an affordable take on the trending style

The Victorian Era to the 1960s Styles
Kostenlose Pornos von As we learn from her

Versace for H to debut this Saturday
PORNO FRANCAIS assessment to make pattern

TONE PIQUE CAP SLEEVE POLO
Tube XXX 8 amazing tv show knowledge most as unintelligent as 'grey's anatomy'

Women Always Look Great in a White Skirt
Free Porno Wife giving snippets of the philosophy behind their fashion
བསྟོད།6

抱歉,评论已关闭!