སྐྱ་བོ་ཆོས་སྨྲ་དག་གི་གདོང་འབག་བཤུ་རན།

སྙུག་བཅུད་ལེན།

འུ་ཚང་གིས་སངས་ཆོས་རིག་པ་ཞེས་པ་ཞིག་དང་ལེན་བྱས་ཤིང་འདི་ལ་སློབ་སྦྱོང་བྱས་ནས་ལོ་ངོ་གཅིག་སྟོང་ལྔ་བརྒྱ་ལྷག་འགོར་བའི་དུས་དེ་རིང་། ཐུར་འབབ་ཆུ་ལ་གྱེན་བཟློག་བྱས་ཏེ་སྔོན་གྱི་གནས་མལ་དེ་ལ་ཕྱིར་རིག་རྟོགས་དང་སློབ་སྦྱོང་བྱ་དགོས་པའི་ཚད་འདི་འདྲ་ཞིག་ལ་སླེབས་སོང་བ་དེས་འགྲེལ་བཤད་ག་འདྲ་ཞིག་བརྒྱབ་སོང་བ་རེད། འདི་ལས་འཕྲོས་ཏེ་འུ་ཚང་གི་འདས་མ་ད་གསུམ་གྱི་ཁོར་ཡུག་ན་འབག་བཙོག་བཟོ་མཁན་དང་། ཡང་ན་འུ་ཚང་གི་མ་འོངས་པའི་ལམ་ཁ་ལ་འབག་བཙོག་གི་འཆར་གཞི་འཐེན་མཁན་དག་གི་ངོ་གདོང་ནས་ལྕི་ལྤགས་དག་བཤུས་པ་ཡིན་ན། གཅིག་གཅིག་གཉིས་གཉིས་ཀྱིས་འདི་དང་གན་རེ་ཞེས་ལར་ནས་བགྲང་མི་དགོས་པར། དེ་ནི་འདི་དང་དེ་ལྟར་རོ་ཞེས་སྤྱིའི་སྒྲིག་བཀོད་ཀྱི་སྟེང་ནས་རགས་པར་བཤད་དེ་སོང་བས་ཀྱང་ཀུན་གྱིས་དེ་མ་ཐག་ཏུ་བརྙན་འཕྲིན་ལ་བལྟས་པ་བཞིན་ཡིད་ལ་གསལ་ལྷིང་ལྷིང་གིས་འཁོར་ནུས་པ་རེད། དེ་ནི་འདས་པའི་ལོ་ངོ་གཅིག་སྟོང་ལྷག་གི་རིང་ལངས་ཕྱོགས་དང་གཏན་ཚུགས་ཅི་ཡང་མེད་པའི་སྐྱ་བོ་ཆོས་སྨྲ་སྐོར་ཞིག་སྨུག་ལང་ལོང་ནང་མགོ་འཁོར་ནས་གྲུབ་སོང་བ་དེ་དག་གི་རྐང་རྗེས་ནག་པོ་ཞིག་ཅི་ལ་མ་ཡིན།

ང་ཚོས་ནམ་རྒྱུན་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ལས་འཕྲོས་ཏེ་སྤྱི་ཚོགས་ལ་རྒོལ་བ་གཏོང་བ་དང་སྤྱི་ཚོགས་ལ་གཟེངས་ཤོག་ཕུལ་བ་སོགས། སོ་སོས་ལྟ་གྲུབ་མི་འདྲ་བ་སྣ་ཚོགས་ཀྱིས་སྤྱི་ཚོགས་ཟེར་བ་ཞིག་རང་རང་ཐད་ནས་འབྲི་བཞེངས་བྱས་ཏེ་འོང་བ་རེད་ལ། དེ་ལྟར་ཤེས་ཡོན་པའི་སྡེ་ནས་འགོ་བརྩམས་ཏེ་བསམ་བློའི་རྩུབ་བརྡར་གང་མང་ཞིག་གི་ཁྲོད་ད་གཟོད་དཀར་ནག་གི་དབྱེ་བ་མི་ཉུང་བ་ཞིག་བསལ་ནས་འོང་བ་རེད། དེ་དག་གིས་ལྟོས་བཅས་ཀྱིས་སྤྱི་ཚོགས་ཀྱི་བསམ་བློའི་འཛིན་སྟངས་དང་མཛེས་དཔྱོད་ཀྱི་ལྟ་ཚུལ་སོགས་ལ་དཔྱོད་ཤེས་ཀྱི་བློ་དང་དཔའ་སྤོབས་ཀྱི་ངར་ཁ་སོགས་མི་ཉུང་བ་ཞིག་ཀྱང་སྡུད་པ་རེད་ལ། དེ་བཞིན་དུ་ཡང་ང་ཚོའི་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་ཡང་ན་སློབ་གྲྭའི་ཁོར་ཡུག་ཁྲོད་སོགས་གང་མང་ཞིག་ན་སྐྱ་བོའི་སྡེ་ཡི་ཆོས་བཤད་རྒྱག་མཁན་གང་མང་མང་ཞིག་གནའ་ནས་ད་བར་དུ་ཐོན་གྱིན་ཡོད་པ་རེད། ལྷག་དོན་ད་ལྟའི་སྤྱི་ཚོགས་ཁྲོད་སྐྱ་བོའི་སྡེ་ཡི་མང་དག་ཅིག་གིས་ཅིག་ཡིན་མདོག་ཁ་བོའི་ངང་ཆོས་བཤད་ཀྱི་བྱ་འགུལ་ཤ་མོང་བརྡོལ་བརྡོལ་བྱས་ནས་འཕྱུར་གྱིན་ཡོད་པ་རེད། འདི་དག་གི་ངོ་གདོང་ནས་ང་ཚོས་ཅི་ཞིག་མཐོང་ཐུབ་པ་རེད་ཟེར་ན། མ་གཞི་ནས་ཁོ་ཚོའི་སྐད་ཆ་དང་ཁོ་ཚོའི་བསམ་གཞིགས་ལ་ཁ་ཕྱོགས་དང་ལངས་ཕྱོགས་བརྟན་པོ་ཞིག་མེད་པ་དེ་གསལ་ཁ་ཕྱེས་ནས་ཡོད་པ་རེད། དེ་བཞིན་དུ་ཁོ་ཚོས་ནམ་རྒྱུན་ཅིག་ཡིན་མདོག་གིས་ཆེ་ཆེ་རྫིག་རྫིག་ངང་སྟེགས་བུ་རེའི་སྟེང་ཐོན་པའི་ཚེ་བསྔོ་སྨོན་གྱི་ཆོས་ཚིག་ཤོ་ལོ་ཀ་རེ་དབྱངས་སུ་གྱེར་ཞིང་ལག་གཉིས་ཐར་མོས་འཁྲབ་སྟོན་སྤུས་ལེགས་རེ་བྱེད་པ་རེད། དེའི་གཞུགས་ནས་ཆོས་ལུགས་འདིས་མ་ཁྱབ་པ་ཞིག་མེད་རབས་དང་འདིས་མི་ནུས་པའི་བྱ་བ་ཞིག་ཡོད་མ་ཡིན། ཞེས་ཆོས་ཚིག་གི་ཐ་སྙད་མཁྲེགས་པོ་རེ་ཁོ་ན་གྲངས་འདྲེན་ཙམ་པོ་བ་རེས་ཁོས་ཅིག་ཤོད་སོང་བ་ལྟ་བུའི་ང་རྒྱལ་གྱི་སྒམ་ཚིག་སྟོན་པ་རེད། རེད་དེ། མ་གཞི་ནས་ཆོས་སམ་ནང་ཆོས་ཟེར་བ་དེ་འཇིག་རྟེན་སྟོང་བའི་རིག་གནས་ཤིག་ཡིན་པར་མ་ཟད་དེས་འཇིག་རྟེན་གྱི་བྱ་ངོས་མཐའ་དག་ལས་ལྡོག་པའི་ལྟ་གྲུབ་ཅིག་བརྗོད་ཀྱིན་ཡོད་པས། ཆོས་སྒོར་ཞུགས་མ་ཐུབ་པའི་སྐྱ་བོའི་སྡེ་ཡི་ཆོས་བཤད་རྒྱག་མཁན་དག་ནི་དངོས་གནས་དགོད་བྲོ་བ་ཞིག་ཅི་ལ་མ་ཡིན། ཡང་གཅིག་བཤད་ན་ལངས་ཕྱོགས་དང་དམིགས་འབེན་ཅི་ཡང་མེད་པའི་སྐད་ཆ་འདི་དག་གིས་འུ་ཅག་གི་ཁོར་ཡུག་ན་ཆེས་སྐྱུག་བྲོ་བའི་འབག་བཙོག་བཟོ་བཞིན་ཡོད་པ་དེ་མངོན་གསལ་དོད་པོ་རེད་དེ། ཁོ་ཚོའི་སྐད་ཆ་དང་ཁོ་ཚོའི་འཚོ་བའི་ལངས་ཕྱོགས་མཐའ་དག་ནི་མ་གཞི་ནས་རྦད་དེ་ལྡོག་པར་གྱུར་འདུག་ཕྱིར། འདི་ལ་ཉན་མཁན་གྱི་སློབ་མ་དང་ཉེ་འཁོར་གྱི་མི་བུ་གང་དེ་དག་གི་འཚོ་བའི་ཁ་ཕྱོགས་ལ་ལངས་ཕྱོགས་བརྟན་པོ་ཞིག་ཆགས་མི་ཐུབ་པའི་ཤུགས་རྐྱེན་ཤེད་ཀྱིས་འཇོག་པ་དེ་མངོན་ནོ།།

དེ་ལྟར་བྱས་པ་གཞིར་བཞག་གི་སྟེང་ནས་འུ་ཅག་གི་ཤེས་ཡོན་པའི་སྡེར་ཞིབ་ཚགས་ཤིག་བལྟས་པ་ཡིན་ན། སྤྱིའི་སྟེང་ནས་འུ་ཚང་ལ་ཅིག་ཡོད་ཅེས་ནམ་རྒྱུན་ཁ་ཤས་རེ་བགྲང་ཁུལ་བྱེད་ཀྱིན་ཡོད་ནའང་། ལངས་ཕྱོགས་མི་བརྟན་ཞིང་དམིགས་འབེན་དེ་ལས་གསལ་ཁ་མེད་པ། ཡང་ན་རིག་གནས་གང་ཞིག་གི་བསམ་བློའི་ངོ་བོར་གཞི་རྩའི་བསམ་གཞིགས་མི་ཐོངས་བའམ་གཞི་རྩའི་རྣམ་གཞག་གི་སྟེང་ནས་དང་ལེན་བྱེད་ཐུབ་ཀྱིན་མེད་པའི་ལྦི་བ་ཞིག་རྟག་ཏུ་འཕྱུར་གྱིན་ཡོད་པ་རེད། འདི་དག་གི་སྟེང་ནས་སྐད་ཆ་ཞིག་ཆེད་དུ་འུ་ཚང་གི་ཤེས་ཡོན་པའི་སྡེ་ཡི་ནང་ཁ་ཚུར་འཁོར་ཏེ་ཚ་འདྲི་ཐེངས་གཅིག་བྱས་པ་ཡིན་ན། ང་ཚོས་ནམ་རྒྱུན་བདེན་པ་དང་གནས་ལུགས་ཀྱི་བརྗོད་དོན་དག་ལ་ཕྱི་ལྤགས་མི་འདྲ་བ་རེས་རྒྱན་གྱིས་དཀྲིས་ཏེ་ཆེ་ཆེ་རྫིག་རྫིག་བྱེད་ཀྱིན་ཡོད་ནའང་། དོན་དམ་གྱིས་དེ་དག་ནི་འཁྲབ་སྟོན་གྱི་ལེའུ་འབའ་ཞིག་ལས་མིའི་གཉུག་གཤིས་ཀྱི་བདེན་པ་དང་མིའི་གཉུག་གཤིས་ཀྱི་གནས་ལུགས་ཤིག་རྩད་ནས་སྔོག་ཐུབ་ཀྱིན་མེད་པ་རེད། འདི་ལྟར་ནམ་རྒྱུན་མིིའི་རིགས་ལ་ཕར་སྐད་ཆ་བཤད་པར་དགའ་བའི་འུ་ཚང་གི་མང་དག་ཅིག་ལ་ཞིབ་དཔྱོད་ཐེངས་གཅིག་རེ་བྱས་ཚེ། དངོས་གནས་དགོད་བྲོ་ཞིང་ཡིད་སྐྱོ་བའི་ལས་ཤིག་ཅི་ལ་མ་ཡིན། འདི་དག་ཚང་མ་འུ་ཚང་གི་སྐྱ་བོ་ཆོས་སྨྲ་དག་གི་གདོང་འབག་ལས་མཐོང་བའི་ཟུར་ངོས་གཞན་ཞིག་གི་མཚང་བརྡོལ་བ་ཡིན་ནོ།།

The Best Places to Live to Be a Fashion Designer
VIDEO PORNO XXX career while in textiles clothing

15 Consumer Goods Dividend Stocks
Wedding Dresses This jacket features contrasting white piping

Outfits Give Fashion Appeal To American Idol 2012
PORNO Once women were liberated of elaborate

15 Earnings to Watch Next Week 1
Download Free Games if their girlfriend approved

Fashion Houston preview with HYPS
Kostenlose Pornos von others the supersizing of McDonald's menu choices

Los Angeles Downtown LA Fashion
Pornofilme two it is possible better for kenneth cole

Make Your Presence Felt Among Peers
PORNO XXX While that sums it up

250 XLT 4X4 Crew Super Duty is a truck for all seasons
Free Porno Wife It's not even December
བསྟོད།5

抱歉,评论已关闭!