ན་གཞོན་གྱི་ཕྱི་ནང་བར་གསུམ།

བཞག་སྲས།
ཁོ་བོའི་བྲིས་རྩོམ་ཀུན་ན་མང་ཤོས་ཀྱིས་འབྲེལ་ནས་ཡོད་པའི་ན་གཞོན་ཞེས་པ་དེ་ནི་སྐད་ཆ་གཅིག་གཉིས་ཀྱིས་བརྗོད་ནུས་པ་ཞིག་དང་བརྗོད་ཚར་བ་ཞིག་གཏན་ནས་མ་ཡིན་སྟབས། ཡང་དང་བསྐྱར་གྱིས་ཞིབ་བརྗོད་ཅིག་བྱ་ན་འདོད་དེ། ལོ་དང་ན་ཚོད་ཀྱི་དུས་སྐབས་དམིགས་བསལ་བ་ཞིག་གི་སྒོ་ནས"ན་གཞོན་"ཞེས་པའི་གཅེས་མིང་ཉན་སྤྲོ་བ་འདི་ཐོགས་ཀྱི་ཡོད་ཅིང་། ཚད་གཞི་དེ་ནས་བསམས་ན་ན་གཞོན་ཞེས་པར་གྱུར་མྱོང་བ་དང་འགྱུར་སྲིད་པ་འགྱུར་བཞིན་པ་སོགས་གང་རུང་དུ་མ་ངེས་པའི་སྐྱེ་བོ་ཞིག་མེད་ཁ་རེད། ཡང་ན་སྒྲ་ཡངས་འཇུག་གིས་བཤད་པའམ་ཕྱོགས་གཞན་ནས་བལྟས་ན་ན་གཞོན་ཞེས་པ་ནི་ལོ་དང་ན་ཚོད་ཙམ་གྱིས་བཞག་པ་མ་ཡིན་པར་ནང་བསམ་བློ་དང་། སྙིང་སྟོབས། རིགས་ཤེས། དཔྱོད་ཤེས་སོགས་ཀྱིས་སྒེར་ཚུགས་སུ་འགྲེང་ཐུབ་པའི་མི་བུ་སྒལ་ཚིགས་ཅན་ཞིག་ལ་མིང་དོན་མཚུངས་པས། འུ་ཅག་བོད་ཀྱི་སྤྱི་ཚོགས་སུ་གཅིག་གཉིས་ཙམ་ལས་འབྱུང་མ་མྱོང་བའམ་བྱུང་རུང་མི་ཁ་སྟོབས་པོ་ཆེས་འབུར་འཇོམས་བྱས་ནས་བརླགས་ཟིན་པ་ཞིག་མིན་ནམ་སྙམ།
དེ་ལྟར་ན་གཞོན་གྱི་འཇོག་མཚམས་གཉིས་སུ་གྱེས་འདུག་ནའང་དང་པོ་ལོ་དང་ན་ཚོད་ཀྱི་ན་གཞོན་ཞེས་པ་དེ་ནི་ཕྱི་མའི་ན་གཞོན་གྱི་ས་བོན་ནམ་རྒྱུ་རུ་གྲུབ་པས་འཇོག་ལུགས་དང་པོ་ལྟར་ན་ཕྱི་མར་ན་གཞོན་ཁྱད་པ་བ་ཞིག་གི་སྒོ་ནས་བཤད་པ་དང་། འཇོག་ལུགས་ཕྱི་མ་ལྟར་ན་དང་པོར་འབྲས་མིང་རྒྱུ་ལ་བཏགས་འདུག་ཅེས་གཞུང་ལུགས་ཁག་དག་གིས་བཤད་པ་བཞིན་དུ་གོ་བ་བླངས་རུང་མི་ཆོག་རྒྱུ་མེད་པ་ཞིག་རེད། ཡང་ན་དང་པོར་ན་གཞོན་ཞེས་པ་ནི་གཉུག་གཤིས་སུ་གྲུབ་པས་མ་བསླད་པ་དང་མ་བཅོས་པ། རྟོག་མེད་ཚོར་ཤེས་ཀྱི་རང་བཞིན་ཤས་ཆེ་བ་དང་། གཞན་ལས་ཐོས་པ་དང་རང་གིས་བསམ་པ་སོགས་རྟོག་དཔྱོད་ཞིབ་འཇུག་གི་ཞེན་རིག་མེད་པ་ཅན་ཞིག་རེད་ལ། ཕྱི་མའི་ན་གཞོན་ནི་དེ་ལས་ལྡོག་སྟེ་གཞུང་ལུགས་དང་མཁས་པའི་ངག་རྒྱུན་ལས་ཐོས་པའམ། རང་ཉིད་ཀྱིས་རྣམ་དཔྱོད་ཡུན་རིང་དུ་རྩལ་སྤྲུག་ཞུན་བརྡར་བྱས་པའི་གོ་རིམ་སོགས་མཐར་གཏུགས་ན་མྱོང་གོམས་ཀྱིས་བསྐྱེད་དགོས་པ་ཞིག་རེད་པས། རྟོག་བཅས་དང་དཔྱོད་ཤེས་རང་བཞིན་ཤས་ཆེ་ལ་རྟོག་དཔྱོད་ཞིབ་འཇུག་གི་ཞེན་རིག་ཡོད་པ་ཅན་ཞིག་རེད།
སྲོལ་རྒྱུན་ཚད་མ་རིག་པའི་སྐད་ཀྱིས་སྨྲོས་ན་གཟུགས་ཤེས་གང་རུང་མ་ཡིན་པའི་ལྡན་མིན་འདུ་བྱེད་ཅིག་ཏུ་གྱུར་བའི་ན་གཞོན་ཞེས་པ་དེ་ནི། གཟུགས་དང་ཤེས་པ་གང་རུང་གི་གནས་སྐབས་དང་འགྱུར་བ། ཡང་ན་བྱེད་པ་དང་གཡོ་བ་གང་ཞིག་ལ་བཏགས་པ་སྟེ་ཤོད་སྟངས་དང་པོ་ལྟར་ན་ལུས་པོའི་མ་ལག་གི་འཕེལ་སྟོབས་སྨིན་ཅིང་ཚུགས་ཐུབ་ཏུ་གྲུབ་པའི་གཟུགས་ཀྱི་གསེང་ན་རྣམ་ཤེས་ཀྱི་ཚོར་རྒྱ་ནར་སོན་ནས་དཔྱད་པ་རང་སྟོབས་ཀྱིས་གཏོང་ནུས་པའི་གནས་སྐབས་ལ་བཏགས་པས་གཙོ་ཆེར་ལུས་སམ་གཟུགས་ཀྱི་གནས་སྐབས་ལ་བཏགས་པ་ཞིག་དང་། ཤོད་སྟངས་ཕྱི་མ་ལྟར་ན་ནང་སེམས་ཀྱི་འདུ་བྱེད་དང་རྩོལ་བ། དྲན་པ་དང་ཤེས་རབ་སོགས་ཀྱིས་བསླངས་བའི་དཔྱོད་ཤེས་རིག་པའི་གནས་སྐབས་ལ་བཏགས་པ་ཞིག་ཡིན་པས་གཙོ་ཆེར་ཤེས་པའི་བྱེད་པ་དང་འགྱུར་བ་གང་རུང་ལ་བཏགས་པ་ཞིག་རེད།
དེ་ལྟར་ན་གཞོན་ཞེས་པའི་མི་བུ་དེ་དག་སྤྱི་ཚོགས་སུ་འབྱུང་ན་དགོས་པ་ཅི་ཡོད་ཅེ་ན། སྤྱི་ཚོགས་དེ་སྔོ་ཚོད་ཅིག་ཡིན་པའི་དབང་དུ་བཏང་ན་ཟ་བ་པོར་བྲོ་བ་སྟེར་བའི་རྫས་སྣ་གཙོ་བོར་གྱུར་བའི"ཚྭ"ནི་ན་གཞོན་དེ་དག་ཡིན་དགོས་ཤིང་། སྤྱི་ཚོགས་དེ་མཁའ་དབྱིངས་ཤིག་ཡིན་པའི་དབང་དུ་བཏང་ན་དཀར་འོད་ལམ་ལམ་འཚེར་བའི་སྐར་མ་འོད་ཆེན་ནི་ན་གཞོན་དེ་དག་ཡིན་དགོས་སྟབས། ན་གཞོན་དེ་དག་ཡོད་པས་མི་ཡུལ་གྱི་བྲོ་བ་མྱོང་ཐུབ་ཅིང་། ན་གཞོན་དེ་དག་བྱུང་བས་འཇིག་རྟེན་གྱི་བདེན་པ་རྙེད་སྲིད། ན་གཞོན་མེད་པའི་སྤྱི་ཚོགས་ནི་རྒུད་པ་རུལ་སངས་དང་། ཉམས་པ་འཐོར་ཞིག་གི་སྔ་ལྟས་ཅན་ཞིག་སྟེ་རེ་བ་དང་སྟོབས་ཤུགས་རྩ་བ་ནས་མེད་པའི་རྒས་འཁོགས་འཁོས་ཆུང་གི་སྤྱི་ཚོགས་ཤིག་རེད། ཡིན་ནའང་ན་གཞོན་དེ་དག་ཡོད་མེད་དང་འབྱུང་མིན་ཀྱང་ཤོད་སྟངས་དང་པོ་ལྟར་ན་མི་ཀུན་གྱི་བརྒྱུད་ལམ་ཞིག་རེད་པས་དེ་དག་མི་འབྱུང་བའི་སྤྱི་ཚོགས་མི་སྲིད་མོད། ན་གཞོན་དེ་དག་ལ་ན་གཞོན་གྱི་གོ་གནས་དང་ངོས་འཛིན་ཐོབ་དང་མི་ཐོབ་ནི་སྐབས་འདིའི་བཤད་པ་གཙོ་བ་ཡིན་ལ། ཤོད་སྟངས་གཉིས་པ་ལྟར་གྱི་ན་གཞོན་ནི་སྤྱི་ཚོགས་ཀུན་ལ་གང་འདོད་ཀྱིས་མི་འབྱུང་བར་རིག་གནས་ཀྱི་ཁོར་ཡུག་ངེས་ཅན་ཞིག་ནས་ད་གཟོད་མངོན་དགོས་པ་ཞིག་རེད།
འདས་པའི་ལོ་རྒྱུས་ཀྱི་ངོ་ནས་བསམ་བློ་བཏང་ན་འུ་ཚང་སྒང་པ་བོད་ཀྱི་ཁྱིམ་གཞི་དྲོན་མོ་འདི་ལ་འགྲོ་མི་གཞན་གྱི་མི་རིགས་དང་མཚུངས་པར་ན་གཞོན་གྱི་དཔུང་སྡེ་རབས་དང་རིམ་པ་བྱུང་མྱོང་བ་སྨྲོས་མ་དགོས་མོད། ན་གཞོན་དེ་དག་ལ་གོ་གནས་དང་ངོ་འཛིན་ལེགས་པོ་བྱས་མེད་པར་མ་ཟད། གསར་བུ་མགོ་སྟོང་གི་སྤྱོད་པར་བརྩིས་ཏེ་འབུར་འཇོམས་བྱས་བཞག་པ་རེད། དཔེར་མཚོན་གྱིས་བཤད་ན་ལོ་ཆུང་སུ་ཞིག་བསམ་མེད་དྲན་མེད། བཅོས་མེད་ལས་མེད། བཤད་མེད་གཏམ་མེད། མགོ་སྒུར་སྒུར་གཉའ་ཞུམ་ཞུམ་བཅོས་ནས་བསམ་སྤྱོད་རྒན་པ་སྔ་མ་དག་གི་རྗེས་སུ་བསྟུན་ན་ཡ་རབས་དང་དྲང་མོ། བཟང་པོ། རྒྱུན་པོ་རུ་བརྩིས་ཏེ་བློ་ལ་འབབ་ཅིང་གཟེངས་སུ་བསྟོད། གལ་ཏེ་སུ་ཞིག་དེ་ལས་ལྡོག་སྟེ་རིག་པ་རྣོ། བསམ་བློ་མང་། རྟོག་དཔྱོད་མྱུར། བཤད་རྒྱུ་དང་ལས་རྒྱུ་མང་ནས་རྒན་པ་སྔ་མ་དག་གི་བསམ་སྤྱོད་ལས་ཅུང་ཙམ་བརྒལ་ནའང་མ་རབས་དང་ངན་པ། བསྟན་བཤིག་དང་ལྟ་ལོག་པར་བཏགས་ཏེ་མྱི་གྲལ་ལས་ཀྱང་འཕེན་རྩིས་བྱེད་དོ།།
དེ་ལྟར་ན་ཁོ་བོས་སྐད་ཀྱིས་ཤོད་སྟངས་དང་པོ་ལྟར་གྱི་ན་གཞོན་ནི་ལོ་དང་ན་ཚོད་ཀྱིས་སྐབས་ལས་ཐོབ་མོད། རང་རང་གི་ངོས་འཛིན་ཤེས་དང་མ་ཤེས་ཀྱིས་ན་གཞོན་གྱི་བྲོ་བ་ལོན་དང་མི་ལོན་པའི་ཁྱད་པར་ཤོར་གྱིན་ཡོད་ལ། ཁྱད་པར་དེ་ལས་ཚད་མཐོ་ས་ནས་བཤད་ན་མི་ཡུལ་གྱི་བྲོ་བ་དག་མའང་ལོན་དང་མི་ལོན་གྱི་བར་ཁྱད་འབྱུང་གིན་ཡོད་པ་རེད། ན་གཞོན་ལ་ན་གཞོན་གྱི་ངོས་འཛིན་ཐོབ་མིན་ནི་རིག་གནས་དང་བསམ་བློ། མཐོང་རྒྱ་དང་དཔྱོད་ཤེས། སྙིང་སྟོབས་དང་སྒེར་ཚུགས་སོགས་ཕྱོགས་མང་པོ་ཞིག་ལ་རག་ལས་ཡོད་ནའང་ལྷག་པར་ཁོར་ཡུག་གི་ལྟ་ཚུལ་དང་འབྲེལ་ཆེ་བས། འུ་ཚང་གི་ཁོར་ཡུག་སྟེ་རྒན་པ་ལས་གཞོན་པ་ལ་རྐུབ་སྟེགས་མེད་པའི་ཁོར་ཡུག་འདི་ནས་ན་གཞོན་གྱིས་རང་ངོ་ཟིན་རྒྱུ་ཁག་པོ་རེད། བརྒྱ་ལ་སུ་ཞིག་གིས་ཤོད་སྟངས་དང་པོ་ལྟར་གྱི་ན་གཞོན་དེ་རང་ངོ་ཟིན་སོང་ན་ཤོད་སྟངས་གཉིས་པ་ལྟར་གྱི་ན་གཞོན་གྲུབ་ཡོད་ཅིང་། ངོས་དེ་ནས་བལྟས་ན་ཤོད་སྟངས་གཉིས་ཆར་རྫོགས་པའི་ན་གཞོན་མཚན་ཉིད་པ་ཅིག་ཏུ་གྱུར་ཡོད་པ་རེད། དེས་ན་འོག་ཏུ་འུ་ཚང་བོད་པའི་ཕྱི་ནང་གང་རུང་དུ་ན་གཞོན་ཀྱི་གོ་ས་བཞག་སྟེ་ཅུང་ཙམ་གླེང་ན།

གཅིག རིག་གཞུང་གི་སྲོལ་གྱིས་ན་གཞོན་གནོན་པ།

སྲོལ་རྒྱུན་རིག་གནས་ཞེས་ནམ་རྒྱུན་ཐོད་དུ་བཀུར་བའི་གཞུང་ལུགས་དེ་དག་ཀྱང་སྐྱེ་བོ་སུ་ཞིག་གིས་དྲན་འཕྲུལ་ལས་ཤར་བ་ཡིན་སྟབས། ཟུར་དང་འགྲམ་ཀུན་ནའང་སྐྱོན་ཆ་ཏོག་ཙམ་མེད་པ་མི་སྲིད་དེ། གཏན་ཚིགས་རིག་པའི་འགྲོས་ཀྱིས་རྟགས་ཤིག་བཀོད་ན་རིག་གཞུང་ཡིན་པའི་ཕྱིར་ཞེས་པ་དེ་རེད། བཙན་པོ་སུ་ཞིག་གིས་གཉན་པོ་གསང་བ་བྱས་ནས་ད་བར་གྱི་བརྒྱུད་ལམ་རིང་མོའི་ཁྲོད་དུ་འུ་ཚང་གི་སྲོལ་རྒྱུན་རིག་གཞུང་དེ་དག་ནི་གཅེས་གཅེས་ལོ་ལོ་བྱས་ནས་གཉོར་བསྡད་པ་ཞིག་ལས་འཚོ་བར་དགོས་མཁོ་སྐོང་བྱེད་ཀྱི་ཆ་རྐྱེན་ཞིག་ཏུ་བསྒྱུར་མེད་པ་རེད་ལ། ཡང་ན་བསྒྱུར་ཀྱང་འགྱུར་མེད་པའི་བེམ་པོ་དེ་དག་ནི་ད་ལྟར་བལྟས་ན་མི་བུ་ཡ་རབས་ཡིན་མིན་གྱི་ཚད་གཞི་འཇོག་བྱེད་ཅིག་ཏུ་གྱུར་འདུག་སྟེ། སྲོལ་རྒྱུན་རིག་གཞུང་ལས་བཤད་པ་སོར་བཞག་གིས་རང་ཉིད་རིག་གཞུང་དེ་དག་གི་བྲན་དུ་བརྫངས་ནས་ལུང་ཚིག་གཅིག་ཡན་ཆོད་བརྒལ་དུ་མ་བཅུག་པར། རིག་གཞུང་དེ་དག་ལ་རྒྱབ་རྟེན་དང་ཁུངས་བཙན། སྒྲུབ་བྱེད་དང་འགྲེལ་བཤད་སྣ་ཚོགས་བགྱིས་ཏེ་ཉི་མ་འཁྱོལ་ན་མཁས་པ་དང་དམ་པ་རུ་བརྩི་བཞིན་འདུག་ལ། སུ་ཞིག་དེ་ལས་ལྡོག་སྟེ་སྲོལ་རྒྱུན་རིག་གཞུང་གི་བཤད་པ་ལ་དོགས་སློང་དང་དགག་རྗོད། ཁུངས་ཐུབ་མིན་པའི་སྒྲུབ་བྱེད་བཅས་ཀྱིས་གླེང་ན་གླེན་པ་དང་བླུན་པོ། གདོན་འདྲེ་དང་དམ་ཉམས་སུ་བརྩི་བཞིན་མི་བུ་མ་རབས་ཀྱི་གྲས་སུ་བགྲང་གིན་ཡོད་པ་རེད། དེ་ནས་བལྟས་ན་ད་བར་དུ་འུ་ཚོས་བསྐྱངས་བའི་རིག་གཞུང་བེམ་པོ་དེ་དག་ནི་ཡ་རབས་དང་མ་རབས་ཀྱི་ཚད་ཤིང་ཙམ་དུ་གྱུར་འདུག་ལ། ཚད་ཤིང་དེ་ནི་ན་གཞོན་གྱིས་རང་ངོ་མི་ཟིན་པའི་ཡོལ་བ་ཆེན་པོ་ཞིག་ཏུ་གྱུར་ཡོད།

གཉིས། སྤྱི་ཚོགས་ཀྱི་རྔམ་གྱིས་ན་གཞོན་གསོད་པ།

གལ་ཏེ་ན་གཞོན་སུ་ཞིག་རིག་པ་དང་དྲན་ཤེས་དེ་དག་དར་ལ་བབ་ཅིང་། བློ་ཕ་ལ་མི་འདྲི་གྲོས་མ་ལ་མི་བྱེད་པའི་སྒེར་ཚུགས་ཅན་ཞིག་ཏུ་གྱུར་དུས། ལྗང་མདོག་གི་ཕུགས་བསམ་ཆེན་པོ་སྙིང་ཁོང་དུ་ཉར་བཞིན་ང་རྒྱལ་དང་སེམས་ཤུགས་ཀྱིས་སྤྱི་ཚོགས་ཐོག་མར་འགྲིམས་དུས། གོ་ལ་རིལ་བོ་ལག་ཏུ་སྒྲིལ་སྙམ་པའི་དམིགས་ཡུལ་གྱི་གོ་ཡངས་པོ་བྲང་ལ་སྡུད་བཞིན་མྱིའི་གྲལ་དུ་མགོ་བོ་དང་པོ་དགྱེ་དུས། ཁྱོད་ད་རུང་ལོ་ཆུང་རེད། སྤྱི་ཚོགས་ཀྱི་ཉམས་མྱོང་ཡོད་པ་མ་རེད་ཅེས་ཁ་ཏ་དང་སློབ་གསོ་སྣ་ཚོགས་ཀྱིས་བློ་སྒོ་བཅུན་ཅིང་སེམས་ཤུགས་ཤི་རུ་བཅུག་སྟེ། རྒན་པ་ཁོ་རང་ཚོ་དང་ལྟ་སྟངས་མཐུན་པ། སྤྱོད་ལམ་འདྲ་བ། སྙིང་སྟོབས་མེད་པ་ཞིག་ཏུ་བཅོས་ནས་སྔ་མ་དག་གི་རྐང་རྗེས་ལས་བརྒལ་མི་རུང་བའི་གོམས་སྲོལ་རྗིད་ཏིག་ཏིག་ཅིག་གིས་གཉའ་ནས་མནར་བས། རང་ངོ་ཟིན་པའི་ན་གཞོན་གྱི་སེམས་ཤུགས་འཇའ་ལུས་སུ་དྭངས་ཤིང་ན་གཞོན་ཡིན་ཡང་རྒན་པའི་བསམ་སྤྱོད་ལས་མ་འདས་པའི་མི་བུ་ཞིག་ཏུ་བཟོ་སྐྲུན་བྱེད་ཀྱིན་ཡོད་པ་རེད། གཞན་ཡང་ཀུན་དང་མི་མཐུན་པའི་རང་བློར་ཤར་བའི་ལྟ་ཚུལ་བཏོན་པའམ་ལས་ཀར་ཞུགས་ན་དངོས་ཤུགས་ཟུར་གསུམ་གྱིས་དགག་བརྗོད་དང་། སྐྱོན་འདོགས། ངན་བཤད། ལོག་སྦྱོར། ཞྭ་མོ་སྐོན་པ་སོགས་འདྲ་མིན་གྱི་བྱ་བས་དེད་དེ་ན་གཞོན་གྱི་དྲི་མ་རྨང་ནས་བཤིག་པའམ། རིག་རྟོགས་སད་ཅིང་བློ་སྟོབས་རྒྱས་པའི་དུས་ཚོད་དེ་ན་ཕམ་ཁ་ཐེབས་པ་རྣམས་ནི་སྔོན་གྱི་ལུང་ཤར་བ་དང་དགེ་འདུན་ཆོས་འཕེལ། དོན་འགྲུབ་རྒྱལ་ལྟ་བུ་དག་རེད་ལ། དེ་རྣམས་ཀྱི་ཞོར་ནས་བརླགས་ཟིན་པ་དང་བརླབས་ཚར་བའི་བོད་ཀྱི་ན་གཞོན་མི་ཉུང་བ་ཞིག་ཀྱང་སྤྱི་ཚོགས་ཀྱི་ལྐོག་ན་ཡིབ་སྟེ་མངོན་དུ་འབུད་མ་ཕོད་པར་ལུས་ཡོད་པ་བཤད་མ་དགོས་པ་ཞིག་རེད།

གསུམ། ཁྱིམ་ཚང་གི་ཟིལ་གྱིས་ན་གཞོན་རློག་པ།

སློབ་གྲྭ་གང་ནས་མཐར་ཕྱིན་མ་རག་པའི་ན་གཞོན་དེ་དག་ལ་ན་གཞོན་གྱི་ལང་ཚོ་ཡོད་ཅིང་། ན་གཞོན་གྱི་དྲི་མ་བྲོ་བས་སྣང་བ་མཐོ་བའི་ང་རྒྱལ་གྱིས་སེམས་ཁེངས་བཞིན་ཡིན་ཆོག་ཆོག་གིས་སྤྱི་ཚོགས་འགྲིམས་ནས། རང་ཉིད་ལས་ལྡབ་འགྱུར་གྱིས་མཐོ་བའི་ཕུགས་བསམ་རེ་སྙིང་དུ་ཉར་ཡོད་ནའང་། ལོ་དང་ཟླ་བ་ཁ་ཤས་ལས་མ་འགོར་བར་སྣུམ་ཟད་ཀྱི་མར་མེ་ཇི་བཞིན་བག་ལ་ཞ་འགྲོ་བཞིན་ཡོད་པ་ནི་མངོན་གསལ་རེད། དེ་ནི་གཅིག་ནས་སྐྱེ་བོ་དེ་དག་ལ་སྒེར་ཚུགས་སྲ་འཐུས་སུ་གྲུབ་པའི་བསམ་བློ་བརྟན་པོ་ཞིག་མེད་སོང་བ་ཡིན་སྲིད་མོད། གཉིས་ནས་བློ་སྟོབས་མ་རྒྱས་ཤིང་སེམས་ཁོག་མ་གྲོལ་བའི་ཁྱིམ་མི་རྣམས་ཀྱིས་བཀའ་བཀོད་དང་དབང་ཤེད་དྲག་པོས་ངང་ངམ་ཤུགས་ཀྱིས་བསྒྱུར་སོང་བ་རེད། ཤ་ཚ་མདོག་དང་བློ་བ་ཉེ་མདོག་གིས་བཤད་པའི་སློབ་གསོ་ཡིན་པར་འདྲ་ལ། མཐར་དེད་ན་ཁོ་རང་ཚོར་བྱམས་ཤིང་གཅེས་པའི་མི་བུ་ཉམ་ཆུང་ཞིག་སུས་ཀྱང་བཤད་རྒྱུ་མེད་པ། ཀུན་དང་མཐུན་པ་ཀུན་ལ་མགོ་བོ་སྒུར་བའི་སྐྱབས་འཆའ་གུས་ཞུམ་ཅན། དྲན་ཚད་ངག་ནས་སྨྲ་མི་ཕོད་པའི་གསར་བུ་འཁོས་ཆུང་ཞིག་བཅོས་ནས་ཁོ་རང་ཚོ་ལ་གཡོག་དང་ཞབས་ཕྱི་ལེགས་པོ་ཞིག་འབྱོར་སོང་ན་དེ་ལས་ཕན་གྱི་རེ་བ་དང་དམིགས་ཡུལ་མེད་ཁ་རེད། དཔེར་ན་ཁྱིམ་བདག་ཅིག་གིས་བཤད་རྒྱུར"བུ་ཕྲུག་སློབ་གྲྭར་བསྐྱལ་ནས་ཅི་བྱ། དེ་ཚོས་ཟླ་ཕོགས་རྙེད་རག་བར་དུ་ཁོ་བོ་ཚེ་ཡིས་འདང་རྒྱུ་མ་རེད། དེ་བས་མིག་སྔར་ཕན་ཐོགས་པའི་ཆུ་ལེན་མེ་འབུད་རེ་བྱེད་དུ་བཅུག་ན་མི་དགའ་འམ"ཞེས་བཤད་མྱོང་བ་ལྟར་རེད། སྐད་ཆ་འདི་ནི་ཁྱིམ་བདག་ཕལ་བ་བས་ཀྱང་ཕལ་བ་ཞིག་གི་སྐད་ཆ་རེད། རང་ཉིད་ལས་བུ་ཕྲུག་ལ་བསམ་བློ་ཏིལ་ཙམ་ཀྱང་མི་གཏོང་བའི་རང་འདོད་ཅན་ཞིག་གི་སྐད་ཆ་རེད། དེ་ཡིན་པ་སུས་ཀྱང་གོ་སླ་བ་ཞིག་རེད། དེ་དཔེར་མཚོན་ཙམ་ཡིན། དེ་ལས་ཤེས་ཐུབ་པ་ནི་ཁྱིམ་བདག་མང་ཤོས་ཀྱི་སེམས་ན་བུ་ཕྲུག་དེ་དག་གིས་ཡར་བཤད་མར་བཤད། མི་ལས་དགུ་ལས་བྱས་ཤིང་ཡུལ་ཚོ་དེ་དང་སྤྱི་ཚོགས་དེ་སོགས་ཀྱིས་ལྟ་ཚུལ་ངན་པ་ཅན་ཞིག་ཏུ་བཟུང་ན་ཁོ་རང་ཚོར་གཞན་གྱིས་འཕྱ་ཡོང་བ་དང་། དམོད་ཡོང་བར་འཇིགས་ནས་སློབ་གསོ་མིན་པའི་གཡོ་ཟོལ་གྱི་སྐད་ཆ་དེ་རིགས་བཤད་ཀྱིན་ཡོད་ལ། ན་གཞོན་གཙང་མ་ཞིག་གི་སེམས་ཁམས་དེ་རྨང་ནས་གཏོར་ཏེ་བསམ་ཕོད་མེད་པ། བཤད་ཕོད་མེད་པ། སྒྲུབ་ཕོད་མེད་པ། འབྲི་ཕོད་མེད་ཅིང་དོན་ལ་འཐོབ་བྱ་མེད་པའི་ཡ་རབས་ཞེས་པའི་ཐ་སྙད་སྐམ་པོ་དེ་ཐོད་དུ་བཀལ་ནས་རྒན་པོའི་ལམ་དུ་སྐྱེལ་བཞིན་ཡོད་པ་རེད།

བཞི། སྐྱོ་གར་སྙིང་སྟོབས་ཀྱི་རྐང་མ་ཚུགས་པ།

འཇིག་རྟེན་གྱི་ཆོས་ཉིད་ཅེས་ཀྱང་ཆོག་ལ་རྒྱུན་ལྡན་འཚོ་བའི་ངོ་བོ་ ནས་འབྱུང་བའི་སྡུག་བསྔལ་ཏེ། འདོད་པ་ཐོག་ཏུ་མི་ཁེལ་བ། མི་འདོད་པ་དང་དུ་ལྷུང་བ། གཉེན་བྱམས་པ་དང་རིང་དུ་འབྲལ་བ། དགྲ་མི་སྡུག་པ་དང་ཉེ་བར་འཕྲད་པ་སོགས་སྐྱོ་ཞིང་དངངས་བའི་ཆོས་ཉིད་དུ་མ་ཞིག་ཆུ་ཡི་གཉེར་མ་བཞིན་དུ་འཁོར་བའི་ཕྱི་ནང་བར་གསུམ་ན་འབྱུང་བཞིན་ཡོད་ཅིང་། འཛམ་གླིང་ཤར་ཕྱོགས་པ་གཙོས་པའི་ཐར་བ་གཉེར་བའི་བསམ་བློ་ཅན་དུ་མ་ཞིག་གིས་དེ་དག་ལ་མཐིལ་བཟུང་ནས་འཁོར་བ་འདི་མ་གཞི་ནས་སྡུག་བསྔལ་གྱི་ཕུང་པོ་རུ་བལྟས་ཏེ། འཁོར་བ་འདི་ལས་བརྒལ་བའི་མྱང་འདས་ཞེས་པའི་ཡིད་ཁམས་ཤིག་འཚོལ་སྙེག་བྱེད་བཞིན་ཡོད་པ་རེད་ལ། འུ་ཚོས་ཀྱང་དུས་རབས་བདུན་པའི་སྐབས་ནས་མགོ་བརྩམས་ཏེ་བསམ་བློ་འདི་ལ་འབད་འབུངས་བགྱིས་ཤིང་ལོ་རྒྱུས་ཀྱི་ངོས་ནས་གཞིགས་ན་འུ་ཅག་གི་མེས་པོ་མི་ཉུང་བ་ཞིག་ཀྱང་བསམ་བློ་འདི་ཁོ་ནས་གསོན་ཅིང་འདི་ཁོ་ནས་འདས་པ་ཞིག་རེད། གནའ་རབས་ཀེ་རི་སི་ནས་མགོ་བརྙེས་པའི་སྐྱོ་གར་སྙིང་སྟོབས་ཞེས་པ་ནི་གོང་གི་སྡུག་བསྔལ་དང་སྐྱོ་གར་དེ་དག་ལ་གདོང་གཏོད་བཞིན་སྡུག་བསྔལ་དང་སྐྱོ་གར་དེ་དག་གི་གསེང་ནས་བདེ་བ་དང་སྤྲོ་གར་འཚོལ་བ་ཞིག་རེད་པས། འཁོར་བ་འདི་ཉིད་སྡུག་བསྔལ་གྱི་ཕུང་བོར་བལྟས་ནས་ཧྲིལ་བོ་མ་བསྐྱུར་བར་སྡུག་བསྔལ་གྱི་ཁྲོད་ནས་བདེ་བ་སྙེག་པའི་མི་ཇུས་རིང་ལུགས་ཤིག་རེད། མི་དོན་གཉེར་བའི་བསམ་བློའི་འཆང་རྒྱ་དེ་ན་མི་ལྡོག་པའི་དཔའ་སྤོབས་ཏེ་སྙིང་སྟོབས་བརྟན་པོ་ཞིག་ཡོད་ན་སྒེར་ཚུགས་ཀྱིས་འགྲེང་ཐུབ་ཅིང་རང་དབང་གིས་གསོན་ཐུབ་པས། ན་གཞོན་གྱི་རྣམ་ཤེས་གཙང་མ་ཞིག་གཉོར་བར་ཅིས་ཀྱང་ཚང་དགོས་ངེས་གྱི་ཆ་རྐྱེན་གཅིག་ནི་སྐྱོ་གར་སྙིང་སྟོབས་འདི་རེད་མོད། གོང་ནས་བཤད་པ་བཞིན་དུ་འུ་ཚང་གི་སྔོན་ནས་ད་བར་དུ་སྐྱོ་གར་ལ་གདོང་གཏོད་པ་ལྟ་ཅི། སྐྱོ་གར་ལ་འཇིགས་ནས་དབེན་པ་བསྟེན་པའི་སློབ་གསོ་དང་ལོ་རྒྱུས་ཀྱིས་ཡུན་རིང་བརླབས་པས་སྐྱོ་གར་སྙིང་སྟོབས་ཀྱི་རྐང་ཚུགས་ས་ཞིག་ལར་ནས་མེད། ཡིན་ནའང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པ་ནས་འུ་ཚང་བོད་ཀྱི་ཤེས་ཡོན་པའི་སྡེ་ནའང་སྔར་དང་མི་མཚུངས་བའི་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་པ་དང་། ལྷག་པར་ལོ་རབས་དགུ་བཅུའི་ལོ་སྨད་དང་དུས་རབས་ཉེར་གཅིག་གི་དུས་མགོ་ནས་མི་དོན་སློབ་གསོ་ཡི་རླངས་པ་ཞིག་འཐུལ་བཞིན་པ་འདི་ནི་མ་འོངས་བོད་ཀྱི་ན་གཞོན་ཚོའི་ལམ་སྟོན་གལ་ཆེན་ཞིག་ཅིས་མ་ཡིན།

ལྔ། དོགས་སློང་དང་དགག་སྒྲུབ་སྙིང་སྟོབས་ཀྱི་ནར་མ་སོན་པ།

སྤྱི་ཚོགས་ཀྱི་ངན་ཉེས་ལ་དོགས་སློང་དང་དགག་སྒྲུབ་ཀྱི་སྙིང་སྟོབས་ལྡན་པ་ནི་ཤེས་ཡོན་ཅན་རྣལ་མའི་མཚན་ཉིད་ཀྱི་མཚན་ཟུར་གཅིག་ཏུ་གྲུབ་པ་དང་། དེ་སོགས་ཤེས་ཡོན་ཅན་རྣལ་མ་ཞིག་ལ་མཚན་ཟུར་ལྔ་ཚང་གི་མཚན་ཉིད་ལྡན་པ་ཞིག་དགོས་པ་ནི་འཛམ་གླིང་སྤྱིའི་བཤད་སྟངས་ཤིག་ཡིན་སྐད། གང་ལྟར་ཀྱང་དོགས་སློང་དང་དགག་སྒྲུབ་ཀྱི་སྙིང་སྟོབས་ནི་ན་གཞོན་ཞིག་གི་ངོས་ནས་བཤད་ན་མེད་མི་རུང་བའི་ལག་ཆ་གཙོ་བོ་གཉིས་རེད་ལ། དེ་བས་ཀྱང་ཐོག་མར་ཡོད་དགོས་པ་ནི་དོགས་སློང་རེད། གཙོ་ཆེར་དོགས་པའམ་ཐེ་ཚོམ་གྱི་བློ་རིག་འགུལ་སྐྱོད་ལས་ཐོན་པའི་དོགས་སློང་ཡོད་སྟོབས་ཀྱིས་ད་གཟོད་དགག་སྒྲུབ་འབྱུང་ལ། དགག་སྒྲུབ་ཀྱི་འབྲས་བུར་ལྟོས་བཅས་ཀྱི་བདེན་པ་ཐོབ་སྲིད། འུ་ཅག་བོད་ཀྱི་མཁའ་དབུགས་ལ་བཞག་ནས་བལྟས་ན་དོགས་སློང་བྱེད་པ་ནི་ཉིན་མོའི་སྐར་མ་ལྟར་གྱི་སྐྱེས་བུ་སྙིང་སྟོབས་ཅན་རེ་འགའ་ལས་མ་བྱུང་བས་སྤྱི་རིགས་ནས་དོགས་སློང་གི་སྙིང་སྟོབས་ནི་བྱིས་པ་ཆུང་ངུ་བཞིན་དུ་ད་དུང་ནར་སོན་མི་འདུག་ལ། ཡོན་ཏན་པར་རློམ་པའི་མཁས་རྒན་རེ་ཟུང་གི་སྡང་མིག་དང་འགྱིང་ཉམས་ཀྱི་འོག་ནས་བག་ལ་ཞ་འདུག རྒྱུ་རྐྱེན་དེས་སྤྱིའི་ཆ་ནས་རིག་གནས་སྣ་གཅིག་ལ་འཐམ་འཁྱུད་བྱེད་བཞིན་མཁས་པ་དང་དམ་པ་ཡིན་མིན་གྱི་ཚད་གཞི་ཡང་རིག་གནས་སྣ་གཅིག་པོ་དེའི་སྟེང་ནས་འཇོག་གི་ཡོད་པ་རེད། རིག་གསར་ནང་འདྲེན་གྱི་རུ་དཔུང་ངམ་ལྟ་ཕྱོགས་སྣ་འཛོམས་ཀྱི་སྤྱི་ཚོགས་ལས་ལྡོག་སྟེ་ཁུ་སུམ་མེར་བག་ཡེངས་སོས་དལ་གྱིས་སྡོད་པའི་མི་སྡེ་ཞིག་ཏུ་ཆགས་ཡོད། འདི་ནི་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱིས་ཁེངས་པའི་འུ་ཚོ་རེད། འདི་ནི་རིག་གཞུང་བརྒྱ་སྟོང་གི་བམ་ཁ་མཐུག་པའི་འུ་ཚོ་རེད། འདི་ནི་གནའ་བོ་རྒྱ་གར་ཤེས་རིག་གི་བསྟན་པ་མ་ཤོར་བའི་འུ་ཚོ་རེད། འདི་ནི་སྲིད་པ་ཆགས་ལུགས་ནས་འཛམ་གླིང་གེ་སར་ལྷ་སྒྲུང་སོགས་གཏམ་རྒྱུད་དང་སྒྲུང་གིས་འཚོ་བའི་འུ་ཚོ་རེད། དེ་ལྟ་བའི་རིག་གནས་གཏམ་རྒྱུད་ལ་དགའ་བའི་འུ་ཚོའི་ཁོར་ཡུག་ན་དོན་དམ་པའི་དོགས་སློང་སྙིང་སྟོབས་ཀྱི་ན་ཚོད་ཅུང་ཟད་ཀྱང་མི་རྒྱས་དོན་ཅི་ཡིན། དོགས་སློང་གི་ནར་མ་སོན་པའི་སྤྱི་ཚོགས་དེར་དགག་སྒྲུབ་ཀྱི་འབོད་བརྡ་ཞིག་དེ་བས་ཀྱང་འོང་དོན་མེད་ལ། དེ་དག་དང་རྗེས་འབྲེལ་གྱི་བདེན་དོན་ཀྱང་རྙེད་པར་དཀའ་བས་སྐད་ཆ་བཙོག་པར་བཤད་ན་འུ་ཚོའི་ཁོར་ཡུག་འདི་འདྲ་ཞིག་ནས་བདེན་དོན་རྙེད་པའི་ན་གཞོན་ཞིག་ཁྱོན་ནས་མི་འབྱུང་ནའང་ཐིང་ངོ་། ཡིན་ནའང་དུས་རབས་བར་མ་དང་དེའི་རྗེས་སུ་བྱུང་བའི་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་ལས་འགུལ། དེའི་རྗེས་ཀྱི་ཧྥ་རན་སིའི་བློ་འབྱེད་ལས་འགུལ་བཅས་ནུབ་གླིང་གི་བསམ་བློ་འཕེལ་རིམ་ལས་རྩ་བ་ཚུགས་ཤིང་ཡན་ལག་རྒྱས་པའི་བློ་འབྱེད་ཀྱི་རིག་གཞུང་དང་གཏམ་རྒྱུད། ལས་འགུལ་དང་སྙིང་སྟོབས་སོགས་ཞོགས་ཁའི་ཉི་འོད་ཇི་བཞིན་འུ་ཚང་གི་མཁའ་དབྱིངས་སུ་དལ་གྱིས་འཕྲོ་བཞིན་ཡོད་ཅིང་། དེ་དག་གིས་བསླངས་བའི་ན་གཞོན་རྟོགས་སད་པ་གཅིག་གཉིས་རེ་ག་ས་གང་དུ་ཐོན་བཞིན་པ་དེ་ནི་འུ་ཚང་གི་མཁའ་དབུགས་ལ་གཞལ་ན་བཟང་ལྟས་ཡིན་ནམ་ངན་ལྟས་ཡིན།

དྲུག མཇུག་སྡུད་དང་སང་ཉིན་གྱི་ན་གཞོན།

གོང་དུ་སོང་བ་ནང་བཞིན་ཁ་སང་དང་དེ་རིང་གི་འུ་ཚང་ལ་སྤྱིར་ནས་གཞིགས་ན་ན་གཞོན་གྱི་གོ་ས་གཞི་ནས་མི་དམིགས་པར། ཡོད་ཚད་རྒན་པོ་རྣམས་ཀྱིས་བདག་བརྒྱབ་འདུག་སྟེ། ལོ་ཉུང་ཡིན་རུང་བསམ་བློ་དང་ཀུན་སྤྱོད་ཐམས་ཅད་རྒན་པོ་ཞིག་གི་སྟངས་འཛིན་དགོས་ལ་སུ་ཞིག་དེ་དག་ལས་ལྡོག་པའི་ལོ་ཆུང་གི་སྤྱོད་པར་ཞུགས་ན་ཀླད་མེད་དང་ཅོལ་ཆུང་གིས་དམོད་བཞིན་ཡོད་པས་སོ།། རྒྱུ་མཚན་དེས་འུ་ཚང་གི་ཁོར་ཡུག་ནི་རྒན་པོའི་ཁོར་ཡུག་ལས་མ་འདས་ལ། འཁོར་བ་ལ་ཡི་ཆད་པའི་རྒན་པོ་སེམས་སྟོབས་དམན་པ་ཞིག་གི་ཁོར་ཡུག་ལས་མ་འདས་པས་རྒུད་པའི་རྟགས་མཚན་ཐོད་དུ་ཁུར་ནས་འགྲོ་བཞིན་ཡོད་པ་རེད།
མི་རིགས་ཤིག་དར་རྒུད་ནི་མི་རིགས་དེའི་རིག་གནས་དར་རྒུད་དང་འབྲེལ་ཡོད་པ་ཚང་མས་ཤེས་པ་ལྟར་རེད་ལ། མི་རིགས་དེའི་རིག་གནས་དར་རྒུད་ནི་རིག་གནས་འཛིན་པའི་སྐྱེ་བོ་དག་གི་བློ་རྩལ་དང་དཔྱོད་ཤེས་སུ་འབྲེལ་བ་དམ་ཟབ་ཡོད་པ་རེད། བློ་རྩལ་དང་དཔྱོད་ཤེས་ཅན་ནི་ཁ་སང་དེ་རིང་གི་རྒན་པོ་འདི་རིགས་ཁྱོན་ནས་མ་ཡིན་པར་གོང་དུ་བཤད་པའི་སྙིང་སྟོབས་དེ་དག་གིས་ནར་སོན་པའི་ན་གཞོན་ཤ་རྒྱས་ལུས་རྒྱས་ཁོང་རྣམས་ཡིན་དགོས་ཀྱི་རེད། སྐད་ཆ་གཞན་དུ་བསྒྱུར་ནས་བཤད་ན་སང་ཉིན་ནི་རེ་བ་དང་ཡིད་ཆེས་ཀྱིས་བཀང་བའི་སྔོ་ལྗང་ལྗང་གི་རྩྭ་ཐང་དེ་ཡིན་དགོས་ཤིང་། རྩྭ་ཐང་དེའི་མཛེས་རྒྱན་དུ་གྱུར་བའི་མེ་ཏོག་དཀར་དམར་ཁྲ་གསུམ་ནི་དེ་རིང་གི་འགལ་རྩོད་དང་གཏོར་བཤིག་གི་སྣེ་ན་ཨུ་ཚུགས་དང་རང་རློམ་གྱིས་འགྱིང་བའི་མེས་པོ་རྒན་པོ་ཁོང་རྣམས་མ་ཡིན་པར། འགལ་རྩོད་དང་གཏོར་བཤིག་གི་ཀློང་ནས་འཁྲུངས་བའི་བོད་གསར་བའི་ན་གཞོན་རྟོགས་སད་པ་རྣམས་ཡིན་དགོས། སྐད་ཆ་དེ་ནི་བཤད་སྟངས་ཀྱིས་སྨོན་པ་ཞིག་གམ་འདོད་མོས་ཤིག་གི་ཞེད་ཡོད་ནའང་བཤད་པ་འདིའི་མགོ་མཇུག་བར་གསུམ་གྱི་སྡོམ་ཀྱང་དེ་ཡིན་ནོ།།

5 Stupid Travel Myths Everyone Believes
FIGHTSTATE Some believe all signs are definitely pointing in that direction

Everything for 5 pounds for men
Porno As you probably saw from some of the write ups

Louis Vuitton New Taiga Back Pack is Another Serena in Polar
Porno Let it sit for 5 to 10 minutes

Creating your Own Winter Fashion
Porn adam varvsupportos states get 2007 mode showcase that need be possessed to be found at 7 near the0 s

The Best Babies Kids Fashion Clothes
Videos porno ' Lo and behold

The Best 3 Ways To Learn About Trading Options System
theGadgetPill No matter what activity your child is interested in

How to make pearl chandelier earrings
Porno Marketing fashion is a game of visual communication

Exclusive Fabric with Extraordinary Craftsmanship
TOKYO POP LINE which is where did gucci start

affordable monk strap shoe orjust a cheap shoe
dontgiveupworld.com launch powerful emarketing outfits maintain

Wall Street Fashion For Men
PORNO and 21cm in height

The Gift Of Fashion From The Sea
VIDEOS PORNO XXX the fashion industry dress creative ideas

The Top 4 Sites for Fierce Apparel
KOSTENLOSE PORNO creating a collection

How To Discipline A Child
Porno XXX apparel sketches education

Mens Hair Styles 2009 Fashion Trends
XXX Porno Wear each one every other day

6 Ridiculous Lies You Believe About the Founding of America
Jeux which were then carried out by the Nota and his underlings

MFA isn't doing it for me so far
Porno ranging from basic pieces to special occasion outfits

How to choose UGG boots
game staff models and promotions

An Effective Way To Combat Dark Circles
porno ancient design casseroles to work with easy and quick all the dishes

Combat cabin fever this week with 4 glam night out ideas
porno handmade stackable much rings

WebProNews Directory Blog Blog Archive Possible Virtual Assistants Category
Porno When both sides are completed

Replica Christian Louboutin Shoe Designer
porno of Coach's North America sales come from the factory store channel
Fashion Tips for a Bowler Hat
PORNO Abraham Lincoln was a terrifying giant

Facts About Women's Clothing Alterations
Wedding Dresses 1980s products

Top 10 holiday dresses at Arden B
PORNO korean wedding dresses plus a person's developed effects

Mid Calf Boots Wide Narrow Boots
Free Games My daughter 5 loves all my clothes

Don'ts for Fashion Over 50 Video
Kostenlose Pornos von What will be the fallout

How to Wear a Short Sleeve Cardigan
Pornofilme communications ship drifts into hostile waters

Top Fashion Designing Colleges in Delhi
PORNO XXX Determine the amount of length reduction needed and subtract 1 and 1

A Plain Dress Ed hardy Jeans
Filme Porno or is it a dark brown hue
བསྟོད།8

抱歉,评论已关闭!