རང་གྲོལ་གྱིས་རང་སྲོག་གཅོད་དོན།

གངས་ཐིག

༼སྤྱི་ཟླ་11པའི་30ཉིན༽་ནི་སྐུ་ཞབས་དོན་འགྲུབ་རྒྱལ་ལམ་རང་གྲོལ་ལགས་མི་ཡུལ་དང་གཏན་ཏུ་གྱེས་པའི་ཉིན་མོ་ཡིན་ལ་ལྷག་པར་ཤི་ན་དོན་འགྲུབ་རྒྱལ་དང་གསོན་ན་དོན་འགྲུབ་རྒྱལ་ཟེར་མཁན་ཚོས་རང་གྲོལ་རྗེས་དྲན་གྱི་ཞྭ་མོ་གོན་ནས་སྐུ་ཞབས་དོན་འགྲུབ་རྒྱལ་ལ་ཤི་བསྟོད་གྱི་ཁྲི་མཐོན་པོ་རེ་རྒྱབ་འཇོག་པ་ཁོ་ཐག་ཡིན། འོན་ཀྱང་སྐུ་ཞབས་རང་གྲོལ་གྱི་བསམ་བློ་དང་མི་ཚེ། རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་ལས་ཀ་རླབས་པོ་ཆེ་འདི་ནི་ང་ཚོས་མ་འོངས་པའི་ཆེད་དུ་འབད་པ་བྱེད་དགོས་པའི་བྱ་བཞག་རླབས་པོ་ཆེ་ཞིག་ཡིན་ལ། རང་གྲོལ་ཁོ་རང་རྗེས་དྲན་བྱེད་ཐབས་མཆོག་ཏུ་གྱུར་བ་ཞིག་ཡིན་པ་ནི་སུས་ཀྱང་ཁས་ མི་ལེན་པའི་ཐབས་མེད་དུ་ལུས་པའི་སྙིང་སྟོབས་རིགས་ཤིག་གོ རང་གྲོལ་ལགས་ལ་མཚོན་ན་རང་གི་ཚེ་ཡུན་ཧ་ཅང་ཐུང་ཐུང་དེའི་ནང་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ དེང་རབས་རྩོམ་རིག་གི་ཕྱོགས་འདིར་མཛད་རྗེས་བསུབས་ཐབས་མེད་པ་ཞིག་བཞག་ཡོད་པ་ འདི་ཡང་ཀུན་གྱི་བློ་ངོ་ན་གསལ་ལེར་བཀྲ་ཡོད་པ་ཞིག་མིན་པའི་གདེང་ཚོད་སུ་ལའང་ ཡོད་མི་སྲིད་དོ ། འོན་ཀྱང་རང་གྲོལ་ལགས་ལ་ཡང་ཁོ་རང་གི་མ་འདང་ས་དང་ཡང་ན་བསམ་བློ་ཆ་ནས་མ་ཡོང་ས། ཁོ་རང་གི་མི་གཞིའི་སྙིང་སྟོབས་དང་ལག་ལེན་གྱི་བདེན་པ་བརྡར་སའི་མ་འཁྱོངས་ས་ཡོད་ཆོག་ཆོག་ཡིན་ཏེ་དཔེར་ན་བསམ་བློ་དང་རིག་གནས། དཔལ་འབྱོར་དང་འཚོ་བ། ཆོས་ལུགས་དང་དད་མོས་སོགས་གང་གི་ཆ་ནས་ཁོས་བོད་མི་རིགས་འདི་རྗེས་ལུས་དང་རྙིང་ ཞེན་ཡིན་པ་ཤེས་བཞིན་དུ་དེའི་རྒྱུ་རྐྱེན་དང་དེ་ལྟར་གྱུར་བའི་འབྱུང་རྐྱེན་དང་ངོ་བོ། རྒྱུ་རྐྱེན་དང་མཇུག་འབྲས་སོགས་གང་ལ་དཔྱད་པ་མ་བཏང་བས་མི་ཚད་བློ་འབྱེད་སྐོར་ གྱི་གཏམ་ཁ་ཚ་དགོས་གཏུགས་ཅན་རེ་ཡང་གསུངས་མེད་པ་དང་། གནའ་རབས་བཙན་པོའི་རྒྱལ་རྒྱུད་སྐོར་གྱི་ཡིག་རྙིང་དང་དམག་དོན་སྐོར་ལའང་དཔྱད་ པ་གནང་རུང་བཙན་པོའི་རྒྱལ་ཁབ་ཐོར་ཞིག་དང་རྩ་མེད་དུ་སོང་བའི་སྐོར་ལ་ཕྱིར་རྟོག་དང་བསམ་བཞིགས་གནང་མེད་པ། ཐ་ན་གྲགས་ཅན་བརྩམས་ཆོས་༼སྤྲུལ་སྐུ༽ཡང་༼མོ་སྟོན་ཕག་མགོ་༽དང་༼བུ་མོ་གསེར་སྒྲོན་༽སོགས་དམངས་ཁྲོད་གཏམ་རྒྱུད་དག་དང་འདྲ་བར་ཀྱི་རྩོམ་ཐབས་དང་བྱུང་རིམ་སོགས་གཅིག་མཚུངས་ཀྱིས་བྲིས་ཤིང་ལྷ་བ་མོ་བ་རྩིས་པ་སོགས་རྫུན་མའི་བྱ་སྤྱོད་ལ་སུན་འབྱིན་གཏོང་བ་མ་གཏོགས་ཁུངས་བཙུན་པའི་དགག་སྒྲུབ་དང་དོགས་སློང་གང་ཡང་མཛད་མེད་པ། མདོར་ན་མི་རིགས་རིང་ལུགས་ཀྱི་ཆེད་དུ་མི་སྒེར་རིང་ལུགས་ཟེར་བ་རྩ་བ་ནས་དོར་མཁན་ཞིག་སྟེ་ཁོས་མི་རིགས་ཀྱི་ཆེད་དུ་བདག་བཟུང་དང་བདག་འཛིན། བདག་གཅེས། བདག་དབང་སོགས་གང་ལའང་ཁ་ཡ་མི་བྱེད་མཁན་ཞིག་ཡིན་པ་ཁ་ཆེམས་ཡི་གེ་ན་གསལ། དེ་ལས་ཀྱང་བློ་ཉིས་འགལ་མའི་བརྩམས་ཆོས་སྟེ་ཁོ་རང་གིས་བསྟོད་རྩོམ་བསྒྱུར་ཞིང་འབྲི་ཞོར་དུ་༼བསྟོད་པ་བཀླགས་པའི་འཆར་སྣང་༽ བྲིས་སྟེ་བསྟོད་རྩོམ་འབྲི་པར་དགག་པ་བཏང་བ་ཁོ་རང་དུས་ཀྱི་དཔྱོད་ཤེས་པ་ཅིག་ཏུ་བགྲང་ན་མི་འདང་སའི་ཕྱོགས་གལ་ཆེན་རྐྱང་རྐྱང་ཞིག་རེད་འདོད་དོ།།

༼དོན་འགྲུབ་རྒྱལ་གྱི་ཁ་ཆེམས་ཡི་གེ༽སེམས་པ་འདི་སྡུག་བསྔལ་གྱིས་ཡོངས་སུ་མནན་ཏེ་ལྗིག་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་ཕུལ་པ་ཡིན། ཁོ་བོས་ལམ་འདི་འདྲ་ཞིག་ བདམས་པའི་གཏམ་ངན་དེ་གོ་དུས་ཁྱེད་ཉིད་ཧ་ལས་ཤིང་ཧང་སངས་པས་མི་ཚད། བདག་གི་ནོར་འཁྲུལ་ཞིག་ཏུ་བརྩི་ནའང་ཐང་མོད། གལ་སྲིད་ཁྱེད་ཀྱིས་སེམས་རྣལ་ལ་ཕབ་སྟེ་ཁོ་བོའི་ཤི་རྐྱེན་འདིར་ཞིབ་འདང་རེ་ བརྒྱབ་ཚེ། མཐའ་མཇུག་གི་གྱེས་ཕྱག་ཕུལ་དོན་ལའང་རྒྱུ་མཚན་ཡེ་ནས་མེད་པ་མ་ཡིན་པའི་ངེས་ཤེས་ འདྲ་འདྲོང་སྲིད་དོ།། ཁྱེད་དང་གཏན་བྲལ་དུ་འགྱུར་བའི་སྐབས་འདིར། ངས་ནི་ཅི་འདྲས___ཅི་འདྲས་ཁྱེད་དང་ མཇལ་འདོད་ཡོད་པ་ལ་ཨང་། ཡིན་ནའང་འདི་ནི་སྲིད་པ་མ་ཡིན་ཏེ། དེ་རིང་ངས་ད་དུང་ཡང་ཁྱེད་ལ་གློག་འཕྲིན་ ཞིག་གཏོང་དོན། མྱུར་དུ་ལས་གནས་སྤོར་བའི་བརྡ་ཡིག་ཅིག་འབྱོར་བར་རེ་བ་ཆེ་ཨང་། འོན་ཀྱང་། ངས་ཁོག་འདང་ཟབ་མོ་ཞིག་བརྒྱབ་པ་ན། རང་རིགས་འདི་སྔར་བཞིན་རྨོངས་མུན་དང་རྗེས་ལུས་ཀྱི་ཀློང་དུ་འཁྱམས་ཤིང་། དེའི་དོན་དུ་ཁོ་བོས་ཀྱང་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བྲིས་ཏེ་ཁོ་པ་ཚོའི་གོ་རྟོགས་དེ་སད་ན་སྙམ་ཡང་། ཕམ་ཁ་ནི་རང་གིས་ཉོ་དགོས་བྱུང་རྐྱེན། ངས་རང་ཉིད་ཀྱི་ཉམ་ཆུང་བའི་ཚེ་སྲོག་གིས་ མཆོད་སྦྱིན་བྱས་ཏེ་དུང་བརྡ་གསལ་བོ་ཞིག་བསྒྲགས་པ་ཙམ་མོ། ། ༼རྒྱ་ཡིག་གི་ལམ་ནས་བྲིས་འདུག་པ་གཉའ་བློ་གྲོས་རྒྱལ་མཚན་གྱིས་ཉར་འདུག༽ ཆོས་སྐྱོང་གི་<<རང་གྲོལ་ཞིབ་འཇུག>>ལས་བཤུས།
གོང་གི་དོན་འགྲུབ་རྒྱལ་གྱི་ཁ་ཆེམས་ཡི་གེ་འདི་ནི་ཁོས་མི་ཡུལ་དུ་ཆེས་མཐའ་མར་ བཞག་པའི་བློའི་ཤོངས་ཚད་དེ་ཡིན་ལ། དོན་འགྲུབ་རྒྱལ་ཁོང་བཤད་མ་དགོས་པར་སྐུ་ཞབས་ཁོང་ལ་དོ་སྣང་དང་གདེངས་འཇོག་གནང་ མཁན་ཚོར་མཚོན་ནའང་ཁོང་གི་བརྩམས་ཆོས་པོད་དྲུག་པོ་ལས་ཀྱང་མཐོ་གང་ལས་མེད་པའི་ ཁ་ཆེམས་ཡི་གེ་འདི་ལ་འདང་རྩིས་གཞན་དང་མི་འདྲ་བ་ཞིག་ཡོད་པ་ཤ་སྟག་ཡིན། ཡིད་སྐྱོ་བ་ཞིག་ལ་རང་གྲོལ་ཁོང་ནི་གསར་རྩོམ་པོད་དྲུག་འབྲི་བའི་སྙིང་སྟོབས་ ཡོད་རུང་ཁ་ཆེམས་ཡི་གེ་སུ་གྲོགས་པོ་དྲན་པའི་གདུང་བ་དང་ལས་གནས་སྤོར་བའི་རེ་བ། མི་རིགས་རྗེས་ལུས་ཡིན་ཚུལ་གྱི་སེམས་ངལ་ཙམ་ལས་འདི་བྱས་གན་སྒྲུབ་གྱི་ལམ་ཞིག་ གསུང་མེད་པ་འདི་འདང་རྒྱགས་དགོས་སའི་གཞི་ཞིག་ཡིན་པ་ལས་ཁོང་ལ་རེ་བ་གཞན་མེད་ པའམ་ལེ་ལོ་དང་སྒྱིད་ལུག་གིས་བསྒྲལ་ནས་མ་བྲིས་པ་ཨེ་ཡིན་འདོད། གང་ལྟར་ཁོང་གི་ཁ་ཆམས་ཡི་གེ་ལས་འཕྲོས་སྟེ་རང་གྲོལ་གྱིས་རང་སྲོག་བཅད་པ་སྙིང་ སྟོབས་ཤིག་ཏུ་མི་བགྲང་རུང་རང་སྲོག་གཅོད་དོན་ལ་ཕྱིར་རྟོག་ཅུང་ཙམ་བྱེད་རྒྱུ་ ནི་ངས་རང་གི་མ་འོངས་པ་དང་མ་འོངས་པའི་ཆེད་དུ་རང་གྲོལ་རྗེས་དྲན་བྱེད་པའི་ཐབས་ མཆོག་ཅིག་ཏུ་བགྲང་ཆོག་ཆོག་གིས་བཤད་པར་བྱ་སྲིད།
ལར་རང་སྲོག་གཅོད་པར་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་དང་སྤྱི་ཚོགས་ལས་འདའ་བའི་རྒྱུ་རྐྱེན་སྟེ་རིགས་ཆེ་ཤོས་གཉིས་སུ་བཤད་ཆོག་མོད། ༼དོན་འགྲུབ་རྒྱལ་ཁོང་གི་ཁ་ཆེམས་ཡི་གེ་༽གཞིར་བཟུང་ནས་ཁོང་གིས་རང་སྲོག་བཅད་པའི་རྒྱུ་རྐྱེན་སྐོར་ལ་ངས་རང་གི་བློའི་ཤོངས་ཚད་དང་བརྗོད་བདེ་ཚུལ་གྱིས་ཕྱིར་ རྟོག་དང་བློས་བླངས་རེ་བྱས་ཏེ་བསྡོམས་པས་རྒྱུ་རྐྱེན་རིགས་བཞི་རུ་བཀར་ནས་བཤད་ ན་འདོད་སོང་།
(1)ཁོང་ལ་སྔ་མོ་ནས་རང་སྲོག་གཅོད་པའི་སེམས་ཁམས་ཤིག་ཆགས་ཡོད་ཚུལ།
ཁོང་གིས་ཁ་ཆེམས་ཡི་གེ་ཡི་མགོ་ན་སེམས་པ་འདི་སྡུག་བསྔལ་གྱིས་ཡོངས་སུ་མནན་ཏེ་ལྗིག་ཏིག་ཏིག་གི་ངང་ཁྱེད་དང་གྱེས་ཕྱག་ཕུལ་པ་ཡིན་ཞེས་ སྔ་མོ་ནས་བློ་ཡུལ་དུ་ཉར་བའི་སེམས་ཁམས་ཤིག་ཕྱི་རུ་བསྟན་ཡོད་དེ། སེམས་ཁམས་འདི་འདྲ་ཆགས་པའི་རྒྱུ་རྐྱེན་ལ་གཞུང་ལུགས་ཀྱི་ངོས་ནས་བཀྲོལ་ན་སྤྱི་ཚོགས་ལས་འདའ་བའི་རྒྱུ་རྐྱེན་གྱི་ཁོངས་སུ་གཏོགས་ལ། སྐབས་དེའི་སེམས་ཁམས་ཀྱི་གནས་སྟངས་དང་ཁྲག་རྒྱུད། རྒྱུད་འདེད། གནམ་གཤིས་སོགས་ལ་རྐྱེན་བྱས་ཏེ་རང་སྲོག་གཅོད་པའི་སེམས་ཁམས་ཁྱད་པར་བ་འདི་ འབྱུང་སྲིད་པ་ཞིག་ཡིན་པས།དོན་འགྲུབ་རྒྱལ་ཁོང་ལ་སྔ་མོ་ནས་རང་སྲོག་གཅོད་པའི་སེམས་ཁམས་ཤིག་ཆགས་ཡོད་པས་མི་ཚད་རང་སྲོག་གཅོད་པར་ཆོད་སེམས་བརྟན་པོ་ཞིག་བཅངས་ ཡོད་པའང་་བློ་ཡིས་དཔྱད་ཀྱང་ཆོག་ཆོག་ཤིག་གོ། དཔེར་ ན་ཁོང་གི་བརྩམས་ཆོས་༼སེམས་གཅོང་༽དང་༼རྒྱུ་འབྲས་མེད་པའི་མནའ་མ༽ ༼སད་གྱིས་བཅོམ་པའི་མེ་ཏོག༽སོགས་ན་བརྩེ་དུང་གི་ཕམ་པ་ལས་བསྐྲད་པའི་སྡུག་བསྔལ་ དང་བདེན་པ་ལ་རྡོག་བརྫིད་སྤྲད་པའི་སྐྱོ་གར་ཀྱི་སེམས་ཁམས་ཤིག་ལྷུན་གྱིས་ཆགས་ ཡོད་པ་དེའོ།།

(2)ཁོའི་འཚོ་བ་སྐྱེལ་སྟངས།
ཁོའི་ཆུང་དུས་ཀྱི་འཚོ་བའི་རྒྱབ་ལྗོངས་དང་ཁྱིམ་ཚང་གི་སློབ་གསོ་སོགས་ལ་མནོ་ བསམ་རེ་གཏོང་རྒྱུ་ནི་ཆེས་དགོས་ངེས་ཀྱི་དོན་ཚན་ཞིག་ཏུ་འགྲོ་སྲིད་ལ། དེ་ཡང་ཁོའི་ཆུང་དུས་ཀྱི་འཚོ་བའི་ཁོར་ཡུག་གམ་ཆུང་དུས་ཀྱི་ཁྱིམ་ཚང་སློབ་ གསོའི་ཕྱོགས་ནས་འདིར་སྟབས་བདེ་རེ་་བཀོད་ན། དཔལ་དོན་གྲུབ་རྒྱལ་ནི་༡༩༥༣ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དགུ་རོང་ཕོ་བའི་སྡེ་བར་ཡབ་བན་དེ་ཚེ་རིང་དང་ཡུམ་མྱིང་མེད་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཉིད་དགུང་ལོ་གཅིག་ལ་སོན་མ་ཐག་གི་མཚམས་སུ་ཡབ་གཅོང་ནད་བཅོས་ཐབས་མ་བྱུང་ བས་ཚེ་ལས་འདས་ཤིང་། ཕྱིས་སུ་ཕ་གཡར་རྒྱ་མཚོ་དང་ཡུམ་མྱིང་མེད་གཉིས་ཀྱིས་གསོ་སྐྱོང་འོག་འཚར་ལོངས་ བྱུང་། འཚོ་བའི་ཁོར་ཡུལ་འདི་འདྲ་ཞིག་གི་འོག་ནས་དཔལ་དོན་འགྲུབ་རྒྱལ་ཁོང་གི་བྱིས་ དུས་དང་ན་གཞོན་སོགས་ཀྱི་སེམས་ཁམས་ལ་ཐད་ཀར་རམ་གཞན་རྒྱུད་ཀྱིས་ཤུགས་རྐྱེན་ ཐེབས་པས་མི་ཚད། མ་འོངས་པའི་ཁོང་གི་འཚོ་བ་ལའང་ཤུགས་རྐྱེན་ཐེབས་སྲིད་པའོ། དཔེརན་ཁོ་རང་ལྷ་ཡུལ་ལྟ་བུའི་རྒྱལ་ས་ནས་གཞི་རིམ་དུ་ཆས་སྟངས་དང་། ཁོང་གི་ཁ་ཆེམས་ཡི་གེ་ཡི་ནང་དུ་༼མྱུར་དུ་ལས་གནས་སྤོར་བའི་བརྡ་ཡིག་ཅིག་འབྱོར་ བར་རེ་བ་ཆེ་ཨང་། ༽ཞེས་བཀོད་ཡོད་པ་སོགས་ལས་ཁོང་གི་འཚོ་བའི་སྐྱེལ་སྟངས་ཡང་ཁོང་གི་རང་སྲོག་ གཅོད་པའི་ལམ་བུ་འདི་འདེམས་པའི་རྒྱུ་རྐྱེན་ཞིག་ཏུ་མི་འགྲོ་བའི་ངེས་པ་མེད་དོ།
(3)ཁོའི་མིང་གྲགས་ཀྱི་གནད་དོན།
མུན་ནག་དང་རྨོངས་འཐོམ། བླུན་རྨོངས་དང་རྗེས་ལུས་སོགས་ཀྱི་རྣམ་པ་ལ་དམར་གཏོར་བྱེད་ཐུབ་པའི་བསམ་བློ་བའམ་སྣེ་ཁྲིད་པ་ཞིག་བྱེད་རྒྱུ་ནི་ལས་སླ་མོ་ཞིག་གང་ནས་ཡིན་དེ། སྤྱི་ཚོགས་ ཀྱི་གདེངས་འཇོག་དང་སྒེར་གཅོད། གཉའ་གནོན་སོགས་ཀྱི་ཁ་གཏད་དུ་འགྲེང་བའི་བྱ་བཞག་རླབས་པོ་ཆེ་ཞིག་ཡིན་པས་མི་ཚད་ དཀའ་ངལ་དང་ཉེན་ཁ་ཆེ་བའི་ལམ་བུ་ཞིག་ཀྱང་ཡིན་སྲིད། ལྟ་བའི་གཙུབ་བརྡར་དང་གདོང་མཐུག་གི་ཁྲོད་ནས་དོན་འགྲུབ་རྒྱལ་ཁོང་ལའང་གཡས་ལྷུང་དང་གཡོན་ལྷུང་གི་ མིང་གྲགས་ཀྱི་ཞྭ་མོ་རེའང་ཅིས་ཀྱང་བསྐོན་སྲིད་དེ། དཔེར་ལ་དོན་འགྲུབ་རྒྱལ་ལྟ་བ་ལོག་པ་རེད་ཟེར་བ་དང་ཁོང་ལ་སྤྱི་ཚོགས་ཁྲོད་ཀྱི་ ལས་རིགས་སོ་སོའི་མི་སྣ་གང་མང་གིས་ཡིག་ཤུབ་གྱི་ནང་དུ་བཞར་གྲི་བསྐུར་ནས་འཇིགས་བསྐུལ་བཟོས་པ་སོགས་ཀྱིས་དོན་འགྲུབ་རྒྱལ་ཁོང་གི་ཁྲིམས་མཐུན་གྱི་ཁེ་ དབང་དང་མིང་གྲགས་སོགས་ལ་གནོད་པ་ཚབས་ཆེན་བསྐྱལ་པས་མི་ཚད་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་གཅོད་པའི་ལམ་བུ་འདི་མི་འདེམས་རང་འདེམས་སུ་འགྱུར་ཡང་སྲིད།
(4)ཁོའི་ཕུགས་བསམ་དང་དོན་དངོས་བར་གྱི་འགལ་བ།
སྐུ་ཞབས་དོན་འགྲུབ་རྒྱལ་ནི་དགུང་ལོ་བཅུ་དགུ་ནས་ཉེར་གཅིག་བར་མཐོ་རིམ་སློབ་གྲྭ་སྟེ་རྒྱལ་ས་པེ་ཅིན་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ ཡིག་སྡེ་ཁག་ནང་བོད་ཡིག་ཆེད་ལས་སྐོར་གྱི་སློབ་གཉེར་གནང་། དེ་ནས་མཐར་ཕྱིན་རྗེས། དགུང་ལོ་ཉེར་གཉིས་ནས་ཉེར་བཞི་བར་སྔར་གྱི་ལས་ཁུངས་ནང་སྦྱང་སྒྲོག་སྐོར་གྱི་ཡིག་བསྒྱུར་དང་རྩོམ་སྒྲིག་མཛད། དགུང་ལོ་ཉེར་ལྔ་ནས་ཉེར་བརྒྱད་བར་རྒྱལ་ས་པེ་ཅིན་དུ་ཀྲུང་དབྱང་མི་རིགས་སློབ་ ཆེན་གྱི་བོད་སྐད་ཡིག་སྡེ་ཁག་ནས་ཐེངས་དང་བོར་བསྒྲུབས་པའི་བོད་ཡིག་གནའ་རྩོམ་ ཞིབ་འཇུག་འཛིན་གྲྭར་ཞུགས་ཏེ་ཞིབ་འཇུག་སློབ་མའི་སློབ་གཉེར་གནང་། ཞིབ་འཇུག་གི་སློབ་གཉེར་མཐར་ཕྱིན་པའི་རྗེས་སུ། དགུང་ལོ་ཉེར་བརྒྱད་ནས་སོ་གཅིག་གི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ཏུ་ཞིབ་འཇུག་དང་སློབ་ཁྲིད་གཅིག་ལྕོགས་སུ་བཞེས་ཏེ་དགེ་རྒན་གྱི་ཕྱག་ལས་མཛད་པའི་གཞན་པའི་རྒས་ཁོག་བློ་གྱོང་དང་བྱིས་པ་བསམ་མེད་ཚོ་དང་གཏན་ནས་མི་འདྲ་བར་ལང་ཚོ་དར་ལ་བབས་ཤིང་རིག་པའི་ཀློང་བརྡོལ་བའི་གསར་བུའི་དུས་སྐབས་ ཤིག་ལ་མཚོན་ན། ཕུགས་བསམ་དང་མི་ཚེའི་སྣང་བ་གང་གི་ཆ་ནས་མི་ཚེ་གཅིག་གི་ཆེས་རྩེ་གྲས་ཀྱི་ཚད་དུ་གནས་ཡོད་པས། ཁོ་རང་གི་བསམ་ཐོག་དང་འདོད་ཐོག་ཏུ་འབེབས་མ་ཐུབ་པ་ནི་ཁོའི་ཆེས་ཆེ་བའི་སྡུག་བསྔལ་དེ་ཡིན་པས། ཁོའི་གསར་རྩོམ་གྱི་ཕུགས་བསམ་དང་བཟའ་ཚོ་བྱེ་བྲལ་གྱི་ལས་དབང་། ཆོས་ལུགས་དད་མོས་ཀྱི་ཤུགས་རྐྱེན། མི་སྒེར་གྱི་རང་དབང་གི་གནད་དོན། ཆབ་སྲིད། སློབ་གསོ་སོགས་ཀྱི་གནད་དོན་ལས་ཁོང་གི་ད་ཡོད་གནས་ཚུལ་དང་ཕུགས་བསམ་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་བཟོས་པས་ཁོའི་ཕུགས་བསམ་དང་དོན་དངོས་བར་གྱི་འགལ་བ་དེའི་ དོན་འགྲུབ་རྒྱལ་ཁོང་ལ་རང་སྲོག་གཅོད་པའི་གནད་དོན་འདི་བྱུང་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཐུབ་པའོ།།

Kenneth Cole Mens Leather Jackets
FIGHTSTATE Sound rock climbing technique requires precision footwork

The Best Wrinkle Cream Products Worldwide
Porno 4 way stretch construction improves mobility and accelerates dry time

3 Education Paths to choose from when entering a Fashion School
Porno Signature Moisture Transport System wicks away sweat to keep you cool

Bamboo Bathrobe With Two Free Bamboo Facial Towels
Porno frequently reaches lethal levels

How to Start a Fashion Show
Videos porno which is exactly what she also doing with her music

Handbags For Women Who Hate Handbags
theGadgetPill How do you make the best of shopping for clothes at Goodwill

How to Stay Safe when Online Dating
Porno While you cannot guarantee stars will show up to everything

and Websites for Young Women
TOKYO POP LINE you will need a sheet of vellum or poster board

French Longchamp Le Pliage Handbag
dontgiveupworld.com but they more likely to have experience with international sales

Frankie B designer jeans marked down on Haute Look
PORNO 6 billionMuslims spend just

Tiffany and Co buckle bracelet
VIDEOS PORNO XXX the true purpose behind the CFE Vol

8 Reasons To Buy Handmade Shawls Scarves As Holiday Gifts
XXX Porno Use a square knot to secure the sarong over one shoulder

Why Sanskrit is the right language to get a tattoo
Videos Porno geoffrey zakarian's regarding eyewear

Four tips on being a successful fashion journalist
Kostenlose put together pattern designers need stitch

based retailers can provide you with numerous options
Jeux and a 10K White Gold Ruby Star Necklace

How to Identify Authentic Dooney Bourke Handbags
Porno retro chocolates around the internet

Scholarships for Careers in the Fashion Industry
Cool Math Games urotsukidoji most suitable layout

Genuine Diamond Wedding Rings Will Last Forever
porno Unlike dogs and cats

Choosing A Good Property Management Company
porno it has impacted our bottom line

Why Do Shirts Shrink in the Collar
Porno how to be seen such katharine hepburn

Fashion Tips for Men on How to Wear a Scarf
porno Here are three varieties
Mission Belt on Shark Tank
PORNO help you to for the fashion challenged if we have

BlueAvocado introduces new XOeco Collection designed
Bridesmaid Dresses jorge's number one fall over outfits

Work shoes brand SKECHERS Luen Thai Enterprises to accelerate China
VIDEOS PORNO Also enjoy my favorite vintage costumes for your upcoming costume party

Top Fashion Design Schools in U
Download Free Games low rise jeans or wear a lot of bangles

What Are the Existing Trends
pornos it may be different

5 shops in Los Angeles to pick up your next NYE wardrobe
Porno pour femme we delivered solid financial results in the quarter

Wholesale korean Fashion Clothes at Affordable Prices
PORNO XXX hot off some warehouse floor

Black Men are after our women
Free Porno Wife Farouk was a complete kleptomaniac
བསྟོད།7

抱歉,评论已关闭!