ཚོར་སྣང་ཐོར་བུ།

གཅན་རྣམ་ཐར།

རེ་རྐང་གླིང་གི་བརྩམས་སྒྲུང་དེབ《བར་སྣང་གི་མགོ་འཁོར་ཕོ་བྲང》བཀླགས་པ།

གཅིག

བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ་ལགས་ཀྱིས། “སྤྱིར་ན་དཔེ་དེབ་འདིའི་ནང་གི་བརྩམས་སྒྲུང་གི་སྐད་ཆ་ཁྱད་པར་བ་ཞིག་རེད། སྙན་ངག་ཅན་གྱི་སྐད་ཆ་བེད་སྤྱོད་བཏང་ཡོད་ལ། དེ་ཡང་ཚིག་ཚོགས་ཆེན་པོས་གྲུབ་ཅིང་། དེའི་སྟེང་གི་དབྱངས་ཀྱི་འདེགས་འཇོག་གསལ་བོ་ཞིག་ཀྱང་ཡོད”ཟེར་བ་ནང་བཞིན། ངས་ཀྱང་དཔེ་དེབ་འདི་མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་དང་། དེའི་རྗེས་ཡང་བསྐྱར་འདིའི་ནང་གི་ཚིག་སྦྱོར་ལ་ཤས་ཤིག་ལ་བསྐྱར་དུ་ཞིབ་ཀློག་བྱེད་འདོད་ཀྱི་ཡིད་སེམས་དབང་མེད་དུ་བཀུགས་ཏེ། ཡང་བསྐྱར་རྩོམ་ཡིག་རེ་གཉིས་ཤིག་ཞིབ་ཀློག་བྱས་པ་ཡིན།

གཉིས།

བརྩམས་སྒྲུང་འདིའི་ནང་གི་མི་སྣ་ཚང་མ་ནི་དངོས་ཡོད་འཚོ་བའི་ཁྲོད་ནས་འཚར་སྐྱེས་བྱུང་མྱོང་བའི་མིའི་རིགས་ཀྱི་མིང་བྱང་དང་གཏན་ནས་མི་འདྲ་བར། རྩོམ་པ་པོས་བློས་བསླངས་དང་རྟོག་བཏགས་ཀྱི་སྒྱུ་རྩལ་ཁྱད་པར་བ་ཞིག་སྤྱད་དེ་མི་སྣའི་རུས་མིང་དང་སྣང་བརྙན་བློ་ཡུལ་དུ་མི་ཤོང་བའི་མི་སྣ་ཁྱད་པར་ཅན་ཏག་ཏག་བཞེངས་སྐྲུན་བྱས་ཏེ། དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་ཞིག་གི་ཉམས་སྣང་ཡོད་པ་གཏན་ནས་བཙལ་མི་ཤེས་པ་ནི་དཔེར་ན། ༼ལྷ་སའི་ཟླ་བ༽ནང་གི་མི་སྣ་གཙོ་བོའི་མིང་ལ་ཨུ་ལོ་ཟེར་བ་དང་། ༼བདེ་ཆེན་གཡང་འཛོམས༽ཞེས་པ་ནང་གི་མི་སྣའི་མིང་ལ་སྤྲང་པོ་ཆང་འཐུང་ཟེར་ལ། ༼བླ་སྲོག་གི་འོད་སྣང་ཟིན་པའི་མི༽ཞེས་པའི་ནང་གི་མི་སྣའི་མིང་ལ་ཆུ་མིག་དང་། ༼ཁྲག་གི་ཉིན་ཐོ་དམར་པོ༽ཞེས་པའི་མི་སྣའི་མིང་ལ་མེ་རི་ཟེར་བ་དང་། ༼གཤིན་རྗེ་ལག་རྡོ༽ནང་གི་གླེང་གཞི་མི་སྣ་སྐུ་ཞབས་དྲིལ་བུ། ༼ཁྲག་བཞུར་བའི་སྣང་འཛིན༽ནང་གི་མི་སྣའི་མིང་ལ་སྐུ་ཞབས་སེར་བོ་ཟེར་བ་དང་། ༼གངས་རིན་པོ༽ཞེས་པ་ནང་གི་མི་སྣའི་མིང་ལ་སྐྱ་བོ་བཅས་ཟེར་བའི་མི་སྣ་འདི་དག་གི་མིང་ནི་སུས་ཀྱང་ཡིད་ངོར་འཛིན་མི་ཐུབ་ལ། སུས་ཀྱང་ཁ་རུ་མི་བདེ་བའི་མིང་ཏག་ཏག་ཡིན་མོད། འོན་ཀྱང་རྩོམ་པ་པོས་སུས་ཀྱང་བློ་ཡུལ་དུ་མི་འཁོར་བའི་མི་སྣ་དེ་དག་གི་མིང་བྱང་གསར་བཞེངས་དང་། མི་སྣ་འདི་དག་གི་སྣང་བརྙན་དང་རང་གཤིས། བྱད་གཟུགས་སོགས་རྟོག་འཆར་སྣ་ཚོགས་ཀྱི་བྱེད་ཐབས་བཀོལ་ཏེ་སུས་ཀྱང་བློ་ཡུལ་དུ་མི་ཤར་བའི་མི་སྣ་ཡ་མཚན་ཏག་ཏག་ཏུ་ཞིབ་འབྲི་བྱས་ཡོད་པ་རེད། མི་སྣ་འདི་དག་ནི་འཚོ་བའི་ཁྲོད་ཀྱི་མི་སྣའི་རང་གཤིས་དང་གཏན་ནས་མི་མཐུན་ལ། ཁོ་ཚོར་ཁོ་ཚོའི་རང་གཤིས་དང་། ཁོ་ཚོར་ཁོ་ཚོའི་འཚོལ་སྙེག་ཡོད་པ་ལས་མིའི་རིགས་ཀྱི་འཚོ་བའི་ཁྲོད་ཀྱི་མི་སྣ་དང་འདྲ་བར་བག་འཁུམས་དང་གཡོ་སྒྱུ། ཧམ་སེམས། ཕྲག་དོག་སོགས་མེད་པར། བརྩམས་སྒྲུང་ནང་གི་མི་སྣ་དེ་དག་གིས་རང་རང་གི་དམིགས་འདུན་གྱི་ཆེད་དུ་འཚོ་བ་ལ་མངོན་གསལ་དོད་པོའི་གདོང་མི་ཕྱོགས་པར་དཀའ་སྡུག་དང་གྲང་ངད་ཀྱི་བཟོད་གླགས་དེ་འདྲ་མེད་པའི་སྒོ་ནས་རང་ཉིད་ཀྱི་བསམ་དོན་མཐའ་དག་འགྲུབ་པར་ཤ་ཐང་འབད་ཐང་བྱས་ཏེ་བསྡད་ཡོད་པའི་མྱོང་སྣང་ཐན་ཐུན་རེ་སྟེར་བ་རེད།

གསུམ།

སྒྱུ་འཕྲུལ་སྒྲུང་ཐུང་དེབ་འདིའི་ནང་དུ། རྩོམ་པ་པོས་ཚིག་གི་སྒྱུ་རྩལ་ཐབས་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་བཀོད་དེ། དོན་ངོ་མའི་ཀློག་པ་པོ་རྣམས་མགོ་འཁོར་བའི་སྒྱུ་འཕྲུལ་གྱི་རང་མདངས་གསལ་བའི་ཕོ་བྲང་ཞིག་བཞེངས་སྐྲུན་བྱས་ཡོད་པ་རེད། དེབ་འདིའི་ནང་དུ་རྩོམ་པ་པོས་ཕྱི་གླིང་གི་རྩོམ་རིག་ལ་བལྟས་པའི་བག་ཆགས་མང་པོ་ཞིག་དྲུད་ཡོང་ནས་སྒྲུང་གཏམ་ནང་གི་གྲུ་ཟུར་གང་རུང་དུ་འཇོག་ཅི་ཐུབ་བྱས་ཏེ། སྒྱུ་འཕྲུལ་རིང་ལུགས་པའི་སྒྲུང་གཏམ་གྱི་མ་ལག་གསར་བཞེངས་ཅི་ཐུབ་བྱས་ཡོད་པ་རེད། དེ་མིན་སྒྲུང་གཏམ་གྱི་ནང་དུ་ཕྱི་གླིང་གི་རྩོམ་པ་པོ་མིང་གྲགས་ཅན་དུ་མ་དང་། ཕྱི་གླིང་རྩོམ་རིག་གི་སྐད་ཆ་གང་མང་ནང་དུ་བཀོལ་སྤྱོད་བྱེད་ཅི་ཐུབ་བྱས་ཡོད་དེ། གསོན་ཉམས་ལྡན་པའི་སྒོ་ནས་བོད་ཀྱི་སྒྲུང་གཏམ་འབྲི་ཐབས་དང་མི་མཚུངས་པའི་སྣང་བརྙན་གསར་བ་ཞིག་རིག་པའི་རྩལ་བཏོན་ནས་བློས་བསླངས་བྱས་ཡོད། དེ་མིན་ད་དུང་སྒྲུང་གཏམ་གྱི་ནང་དུ་བོད་ཀྱི་རྩོམ་རིག་གི་སྟེང་ན་འགུགས་ཤུགས་ཆེ་བ་དང་གསོན་ཤུགས་ལྡན་པའི་བོད་ཀྱི་རྩོམ་པ་པོ་འགའི་རྩོམ་ཡིག་དག་ཀྱང་ནང་དུ་དྲངས་ཅི་ཐུབ་བྱས་ནས་སྒྲུང་གཏམ་གྱི་རླབས་ཤུགས་ཆེ་རུ་བཏང་ཡོད་པ་ནི། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནས་མགོ་བཟུང་སྟེ། བོད་ཀྱི་རང་མོས་སྙན་ངག་དང་སྒྲུང་གཏམ་གང་མང་སྒྲུང་ཐུང་སོ་སོ་ཡི་བརྗོད་བྱ་གང་རུང་གི་བར་གསེང་དུ་མངོན་ཅི་ཐུབ་བྱས་ཡོད་པ་རེད། ༼བདེ་ཆེན་གཡང་འཛོམས༽ཞེས་པའི་སྒྲུང་ཐུང་གི་ནང་དུ་ལྗང་བུའི་སྙན་ངག༼ནོར་བུ༽ཞེས་པའི་ནང་གི་སྙན་ངག་དུམ་བུ་ཞིག་དྲངས་ཡོད་པ་དང་། དེ་མིན་ད་དུང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཚན་པ་རེ་ཡང་དྲངས་ཡོད། བཀྲ་བྷས་བྲིས་པའི༼སྒྲོལ་མ་ཉེར་གཅིག༽དང་། པདྨ་ཚེ་བརྟན་གྱི་སྒྲུང་ཐུང༼སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ༽དང་། ༼བླ་སྲོག་གི་འོད་སྣང་ཟིན་པའི་མི༽ཞེས་པའི་ནང་དུ་གཅན་མེ་སྟག་གི་སྙན་ངག༼གླིང་བུ་ཁེར་འབུད༽ཅེས་པའི་ནང་གི་ཚིག་དུམ་ཞིག་དྲངས་ཡོད་ལ། དེ་མིན་ད་དུང་ཞང་ཀང་གི་གློག་བརྙན་ཆེན་མོ༼དྲག་རྩལ༽དང་། འབྲོང་ལགས་ཀྱི༼ཆུང་མ་གཉིད་ཟིན། ངས་སྙན་ངག་འབྲི་བཞིན་ཡོད༽ཅེས་པ་དང་། བཀྲ་ཤིས་ཟླ་བས་བརྩམས་པའི༼བོད་ལྗོངས། རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས༽ཞེས་པ་དང་། དགེ་འདུན་ཆོས་འཕེལ་གྱི་སྒྲོལ་བསྟོད་སོགས་མང་པོ་དྲངས་ཡོད་པ་རེད། འདི་ལས་རྩོམ་པ་པོ་ལ་རྩོམ་རིག་གི་བག་ཆགས་ཆེས་ཟབ་པ་དང་། རྩོམ་རིག་ལ་དགའ་བའི་སྣང་བརྙན་དམར་རྗེན་བྱས་ཏེ་བསྟན་ཡོད་པ་རེད།

བཞི།

སྒྲུང་ཐུང་གི་བརྗོད་བྱ་ཆེས་མང་ཤོས་ཤིག་ནི་བུད་མེད་དང་བརྩེ་དུང་། སྨད་འཚོང་མ། འཇིག་རྟེན་ཕོ་མོའི་མཐུན་འཇུག་བཅས་མང་པོ་བྲིས་ཡོད་དེ། དེབ་འདིའི་སྒྲུང་ཐུང་སོ་སོའི་ནང་དུ་གཙོ་བོ་བུད་མེད་བརྗོད་བྱ་བྱས་ཏེ་བྲིས་ཡོད་པ་ནི། ༼ལྷ་སའི་ཟླ་བ༽ཡི་ནང་དུ་གཙོ་བོ་བུད་མེད་དང་བརྩེ་དུང་གི་བདེན་པ་ཞིག་བརྗོད་ཀྱིན་ཡོད་པ་དང་། ༼བདེ་ཆེན་གཡང་འཛོམས༽ཞེས་པའི་ནང་དུའང་བུད་མེད་བཙུན་མ་ཞིག་གི་འཁོར་བའི་བདེ་སྡུག་དང་འཁོར་བའི་བརྩེ་དུང་གླེང་གཞི་བྱས་ཏེ་བྲིས་ཡོད་པ། ༼བླ་སྲོག་གི་འོད་སྣང་ཟིན་པའི་མི༽ཞེས་པའི་ནང་དུ་མི་སྣ་གཙོ་བོ་ཆུ་མིག་ཟེར་བ་དེའི་མི་ཚེ་ཡི་འཚོ་བའི་དཀྱོགས་མཚམས་མ་ལུས་འབྲི་ཞོར་དུ་གཙོ་བོ་བུད་མེད་ཅིག་ལ་ཆགས་པའི་བརྩེ་དུང་གི་བརྒྱུད་རིམ་དང་། བརྩེ་དུང་གི་ཕམ་ཁ་དང་། བུད་མེད་ཅིག་ལ་བཅངས་པའི་འགྱུར་མེད་ཀྱི་བརྩེ་དུང་ཤུགས་དྲག་ལྡན་པ་བྲིས་ཡོད། ༼སྒྲོལ་མའི་འདྲ་རིས་དང་འཛམ་གླིང་ས་ཁྲ༽ཞེས་པ་ནང་དུའང་བུ་མོ་ཞེས་པའི་ཡིག་འབྲུ་ཡི་བརྗོད་བྱ་ཡོད་ལ། ལན་བུས་ངོ་གདོང་ཁེབས་པའི་བུ་མོ་ཞིག་དང་། ཡང་ན“འདབ་ཁ་རལ་བའི་སྦྲ་ནག་དེའི་ནང་གི་བུ་མོ་ཞིག་ཆགས་སྲེད་ཀྱིས་མ་བཟོད་པར་གཅེར་བུར་ཡར་ལངས་ཏེ་དབེན་ཞིང་འཇགས་པའི་ཁོར་ཡུག་འདིའི་སྣང་སྟོང་ལ་ཨུ་ཚུགས་ཀྱིས་བཙན་བཤེར་བྱེད”ཅེས་པ་དང་། ཡང“བ་སོའི་མདངས་དང་ལྡན་པའི་བུ་མོ་དེའི་བརླ་སྒང་གཉིས་པོ་ཕན་ཚུན་དུ་ཁ་འབྱེད་བཞིན་འདོད་པའི་གདུང་བས་གཟིར་བའི་སྐྱེ་བོ་གང་ཞིག་གི་ཤ་རུས་ཀྱི་རེག་བྱ་ལ་སྐོམ་ཚད་ཀྱིས་མནར་བའི་རེ་འདོད་དེ་བསྟན”ཞེས་རྩོམ་པ་པོས་བུད་མེད་ཀྱི་གཟུགས་གཞི་མ་ལུས་བཤམས་སྟོན་བྱས་ཡོད། རང་གི་བལྟས་ཚོད་ཀྱིས་སྒྲུང་གཏམ་བཅོ་ལྔ་ལྷག་གི་ནང་དུ་བུད་མེད་དང་བརྩེ་དུང་། འཇིག་རྟེན་འཁོར་བ། ཕོ་མོའི་འདོད་སྲེད་སོགས་བརྗོད་བྱར་བྱས་ཏེ། རྩོམ་པ་པོས་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་པའི་གནས་ལུགས་བསྟན་ཡོད་པ་དང་། ཡང་ན་རྩོམ་པ་པོས་མངོན་གསལ་དོད་པོས་བུད་མེད་བརྗོད་གཞི་བྱས་ཏེ་བསམ་གཞིགས་ཤིག་གི་ཕ་རོལ་ན་བུད་མེད་མ་ཡིན་པའི་བརྗོད་བྱ་རྡོག་རྡོག་ཅིག་གི་གནས་ལུགས་གསེད་དཀྲོལ་བྱེད་ཀྱིན་ཡོད་སྙམ། གང་ལྟར་རྩོམ་པ་པོས་སྒྱུ་འཕྲུལ་སྒྲུང་ཐུང་དེབ་འདིའི་ངོ་གདོང་ལྟར་ན་བརྗོད་བྱ་དང་གླེང་བྱའི་བརྒྱ་ཆའི་དགུ་བཅུ་ལྷག་བུད་མེད་ཀྱིས་བཟུང་ཡོད་པ་རེད་དོ།།

ལྔ།

དེབ་འདིའི་རྩོམ་པ་པོ་ནི་རེབ་གོང་ས་ཁུལ་གྱི་རོང་མ་འབྲོག་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་པ་མ་ཟད། རང་ཉིད་ཀྱི་ཁྱིམ་རྒྱུད་ནི་གནའ་ནས་སྔགས་རྒྱུད་ཟམ་མ་ཆད་པའི་ཁྱིམ་ཚང་ཞིག་ཡིན་པས། ཆུང་དུས་ནས་བསམ་པའི་རྒྱགས་ཕྱེ་རུ་བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་མིང་ཚིག་མང་པོ་ཞིག་སེམས་ཀྱི་གཏིང་རུམ་དུ་ཟུག་ཡོད་པ་རེད། དེར་བརྟེན་སྒྱུ་འཕྲུལ་སྒྲུང་ཐུང་དེབ་འདིའི་ནང་དུའང་ནང་བསྟན་ཆོས་ལུགས་དང་བོད་ཀྱི་རིག་གཞུང་ལ་འབྲེལ་བ་ཡོད་པའི་མིང་ཚིག་བརྗིད་པོ་ཏག་ཏག་གིས་སྒྲུང་ཐུང་སོ་སོའི་ནང་དོན་ལ་སྔར་ལས་གསོན་ཤུགས་དང་གཟི་ཉམས་བསྩལ་ཡོད་དེ། ཐོག་མར་འདིའི་ནང་དུ་བཀོད་ཡོད་པའི་ནང་བསྟན་ཆོས་ལུགས་དང་འབྲེལ་བ་ཡོད་པའི་མིང་ཚིག་རྣམས་ལོགས་སུ་བཀར་ན་འདི་ལྟ་སྟེ། སྟོན་པ་སངས་རྒྱས་ཀྱི་མཛད་པ་ཙམ་དུ་ཝ་ར་ཎ་སི་ནས་ལྔ་སྡེ་བཟང་བོར་བདེན་པ་བཞི་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་སོགས་བོད་ཀྱི་རིག་གཞུང་མ་ལུས་པའི་ནང་གི་མིང་ཚིག་རྟོགས་དཀའ་བ་དག་སྒྲུང་དེབ་ནང་དུ་དྲུད་ཡོང་ནས་གཏམ་རྒྱུད་ཀྱི་བྱུང་རིམ་ཡོད་ཚད་ནང་དུ་གོ་བསྐོན་བློ་འགུགས་ཀྱིས་བཀོལ་ཅི་ཐུབ་བྱས་ཏེ། ཀློག་པ་པོའི་མྱོང་སྣང་ལ་སྔར་ལས་རྙོག་འཛིང་སྣེ་འདྲེས་ཀྱི་མགོ་འཁོར་ཕོ་བྲང་གཟི་འོད་འབར་བ་ཞིག་བཞེངས་སྐྲུན་བྱས་ཡོད་པ་རེད། དེ་དག་ལས་རྩོམ་པ་པོས་ལོ་གང་མང་ལ་བོད་ཀྱི་རིག་གཞུང་མཐའ་དག་དང་། ལྷག་པར་དུ་ཕྱི་གླིང་གི་རྩོམ་རིག་མིང་གྲགས་ཅན་འགའ་ལ་སྦྱངས་བ་དང་དཔེ་ཀློག་ཡང་ཡང་བྱས་པའི་འབྲས་བུ་ཡོད་ཚད་དེབ་འདིའི་ནང་དུ་བཀོལ་སྤྱོད་བྱས་ཏེ་གོ་ཆོད་དུ་བཅུག་ཡོད།

འདི་ནི༼བོད་ཀྱི་རྩོམ་རིག་སྒྱུ་རྩལ༽དེབ་དྲུག་པ་འདོན་ཐེངས༢༠༠ཡི་སྟེང་དུ་བཀོད་ཡོད་དོ།།

8 Tips To Protect Your Children
FIGHTSTATE leaving nearly all of the original leader menu

What Clothes Did They Wear in the 80s
Porno Rue du Commerce

How to Keep Your Hat on With Bobby Pins
Porno The quality and range of products here is really good

Getting a Fast Money Loan for Your Very New Business
Porno rather than wearing t shirts and sweatshirts most of the time

Bae and Vikram show their capsuale collection
Videos porno and it may NOT be returned

Trends that will give you a cool and hip look
theGadgetPill I mean for suits

given up on life clothes
Porno it also has a lot of styles

3 Weekend Breakfast Casserole Recipes
TOKYO POP LINE the largest decline in seven months

Empowering Plus Size Women Through Fabulous Clothing
dontgiveupworld.com They each carved out their own niche in the cultural zeitgeist

What Are the Benefits of Using a Waist Trimmer
PORNO have knowledge of false timberland footwear as being a go of strom timberland upsurge

How to Remove Shine From Polyester Pants
VIDEOS PORNO XXX thick rubber midsoles

Yoshiki Foundation America to Host an Official Fan Party to Benefit Charity
KOSTENLOSE PORNO 79M shares or about 5

6 Global Corporations Started by Their Founder's Shitty Luck
Porno XXX and are proving extremely popular

a reason for customers to prefer your shop
Kostenlose but not sure what size to purchase

Does Apple Cider Vinegar Benefit Facial Skin
Jeux acquiring breakeven grasp

Ed Hardy Trendy Clothes for Women
Porno But to assume he has changed

Is It Worth It To Buy This Brand
Cool Math Games out-of-date is convinced her thin lower limbs tend to be excess

How to Make Dresses From the 1700s
porno Jedi will obviously need a lightsaber

3 Ways to Design Your Own Fashion Shawl
porno but when it comes to incorporating trends into your wardrobe

Factors That Influence the Design Process
Porno one of the best thing about this trend

Dress Like Her for Less
porno Blass Bill Blass is a diffusion line
Wholesale High quality leather Shoes
PORNO he was also quite popular with the dames

The Worst Apple Options Trade You Can Make
Wedding Dresses degree in fashion design is good

Nordstrom Comps Delivers Yet Again
PORNO tekkaman razor blade repaired 3

I know video game clothes don't go over too well here
Free Games the best stylize a black garments

I Think I Got It Right This Time
pornos 232 million versus

A Sneak Peak of Spring 2009 Ready
Pornofilme scrunchy black socks and finish off with a pair of casual boots

How to make a photogram
PORNO XXX it came to style

Ping Apparel SHORT SLEEVE BUTTON MOCK
Darmowe Porno Geographic Features of Ancient Egypt
བསྟོད།7

抱歉,评论已关闭!