ཡེ་ཤུའི་ཆོས་སྒྱུར་དང་ཨེ་ཙིའི་ནད་ལྡོམ།

རྡོ་རྗེ་རིན་ཆེན།

སྔོན་གྱི་ཚེ་ཡེ་ཤུ་བ་དང་ཁ་ཆེ་བ་ཚོས་དམག་འཁྲུག་དང་བཙན་དབང་གི་སྡུག་རྩུབ་ཁྲོད། རང་ཉིད་ཀྱི་ཆོས་ལུགས་ཉིད་རྟ་དམག་གི་རྐང་སྒྲ་དང་ཁྲག་གི་གཞུར་རྒྱུན་དང་ལྷན་དུ། ནུབ་གླིང་ནས་ཡོལ་རོལ་གླིང་དང་ཡོལ་རོལ་གླིང་ནས་ཨེ་ཤཱ་ཡ་གླིང་སོགས་འཛམ་གླིང་ཧྲིལ་བོར་ཁྱབ་པར་བྱས། འོན་ཀྱང་། ཁོ་ཚོས་འཇིག་རྟེན་ཡོད་ཚད་ཡེ་ཤུ་བ་དང་ཁ་ཆེ་བར་བསྒྱུར་འདུན་གྱི་དམིགས་ཡུལ་ཡ་ང་བ་དེ་ལམ་སློང་བྱུང་ཐུབ་མེད། ཡིན་ནའང་། ཁོ་ཚོས་རྩ་བ་ནས་ཁྲམ་ལས་དེ་མཚམས་འཇོག་བྱས་མེད་པ་མ་ཟད། ད་དུང་མུ་མཐུད་དུ་འཛམ་གླིང་ཡོངས་རྫོགས་ཁོང་ཚོའི་ཞབས་འོག་ལ་འཇུག་འདུན་གྱི་རྨོངས་པའི་འཁྲུལ་སེམས་དེ་ལ་ཡིད་ཆེ་བྱ་བཞིན་ཡོད།

དུས་རབས་བཅུ་བདུན་དང་བཅོ་བརྒྱད་པ་ནས་བཟུང་ཡོལ་རོལ་དང་ནུབ་གླིང་ལ་ཚན་རིག་གི་རིག་གནས་དང་། རིག་རྩལ་བསྐྱར་དར་སོགས་རིག་གནས་ལས་འགུལ་དང་ཆོས་ལུགས་བཅོས་སྒྱུར་གྱི་ལས་བྱ་མང་པོ་བྱུང་བར་བརྟེན། རིག་གནས་གསར་བ་མང་པོ་ཞིག་ཀྱང་དར་འགོ་ཚུགས་པ་ན། ཆོས་ལུགས་པ་དང་ཤེས་ཡོན་པའི་སྡེ་དབར་ལ་འགལ་བ་རྣོ་ངར་ཅན་དུ་འགྲོ་འགོ་ཚུགས། ཆོས་ལུགས་པས་རང་ཉིད་ཀྱི་དབང་གྲགས་དང་ཆོས་ལུགས་ཀྱི་རྨོགས་ཞེན་གྱིས་དབང་གིས། གང་ཐུབ་ཀྱིས་བདེན་པ་དང་གནས་ལུགས་འགོག་པར་བརྩོན་ཞིང་། ཤེས་ཡོན་པ་དང་བསམ་བློ་བ་མང་པོར་ཆོས་ལུགས་ཀྱི་ཉེས་མིང་བཀབ་ནས་བཙོན་འཇུག་དང་སྲོག་ཐོག་བཏངས་པ་རེད།

ཡིན་ནའང་། བདེན་པ་དང་གནས་ལུགས་ནི་ཞོགས་པའི་ཉི་ཟེར་བཞིན་རྫུན་སྤྱོད་ཅན་དེ་ཚོའི་ལག་པས་ནི་ག་ལ་འགེབས་ཐུབ་སྟེ། དུས་རབས་བཅུ་དགུ་བ་ནས་ཉི་ཤུ་བར་བསླེབས་དུས་སུ། ནུབ་གླིང་བ་ཚོ་ནི་རིམ་བཞིན་བདེན་པ་མ་ཡིན་ཡེ་ཤུ་ཆོས་ལུགས་ཀྱི་རྫུན་བཟོ་རྣམས་ལ་ཡིད་ལོག་འགོ་ཚུགས་ཡོད་མ་ཟད། ཆོས་ལུགས་ཀྱི་ཡུན་རིང་གི་སྙོག་དྲ་དང་། ཆོས་ལུགས་པ་ཚོའི་ཚུལ་མིན་གྱི་ལོགས་སྤྱོད་རྣམས་ལ་སྐྱུགས་ལོག་བའི་སྣང་བའང་འབྱུང་འགོ་ཚུགས།

དེ་བས་ན། ཆོས་ལུགས་ཕན་ཚུན་དབར་གྱི་འཁྲུག་རྩོད་དང་བསྣུབས་རེས་ཀྱིས་དབང་གིས། མི་དམངས་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ལ་གནོད་སྐྱོན་མང་པོ་བཟོས་པས་རྐྱེན་གྱིས། དུས་རབས་ཉི་ཤུ་བར་བསླེབས་དུས་སུ་འཛམ་གླིང་གི་རྒྱ་ཁབ་ཁག་མང་པོ་ཞིག་དམངས་གཙོའི་ལམ་བུར་ཕྱོགས་པ་དང་བསྟུན། ཆོས་སྲིད་ཀྱི་ལམ་ཁ་སོ་སོར་དགར་བའི་འགོ་ཚུགས་ཤིང་། མི་དམངས་རྣམས་ལ་ཆོས་ལུགས་དད་མོས་རང་དབང་བདག་པར་བགྱི་པས། དེང་གི་དུས་འདིར་ནུབ་གླིང་དང་ཡོལ་རོལ་གླིང་གི་མི་དམངས་མང་པོ་ཞིག་གིས། ཡེ་ཤུ་དང་ཁ་ཆེའི་ཆོས་ལ་དད་མོས་མི་བྱེད་པར་དེའི་ཚབ་ཏུ་སངས་རྒྱས་པའི་ཆོས་དང་ཧིན་ངྷིའི་ཆོས་ལ་དད་མོས་བྱ་འགོ་ཚུགས།

ལྷག་པར་དུ་ནུབ་ཕྱོགས་པའི་རྒྱལ་ཁབ་མང་པོ་ཞིག་གི་ནང་། གྲགས་ཆེན་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ་ཤེས་ཡོན་པ་མང་པོ་ཞིག་གིས། སངས་རྒྱས་པའི་ཆོས་ལ་དོ་སྣང་ཆེན་པོ་གནང་ཞིང་། ནང་པའི་སྒོམས་ཀྱི་ཉམས་ལེན་སོགས་ཉི་རེའི་འཚོ་བའི་ནང་སྤྱོད་སྒོ་ཆེན་པོ་བྱེད་བཞིན་ཡོད་སྐད་དང་། གཞན་ཡང་། གཙུག་ལགས་སློབ་གཉེར་ཁང་མང་པོ་ཞིག་གི་ནང་དུ་ནང་པའི་སེམས་ཀྱི་རྣམ་བཞག་དང་། ནུབ་ཀྱི་ཚན་རིག་གཉིས་ལ་ཞིབ་འཇུག་བྱེད་པའི་སྡེ་ཚན་བཙུགས་ཡོད་འདུག དམིགས་གསལ་དུ་༧དམ་པ་ཁོང་གི་དབུ་འཁྱུད་པའི་《སེམས་དང་ཚེ་སྲོག་གི་ཚོགས་པ་》དེ་ནི། དེང་སྐབས་འཛམ་གླིང་གི་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ་སྙན་གྲགས་ཅན་མོང་པོ་ཞིག་གི་རིག་གནས་བགྲོ་གླེང་གི་སྡིང་ཆ་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཡིན་ནའང་། ཡེ་ཤུ་ཆོས་སྒྱུར་བ་ཚོ་ནི་ཨེ་ཙིའི་ནད་ལྡོམ་དང་མཚུངས་པར་ཤི་མདོགས་ཤར་བའི་ཨེ་ཤཱ་ཡའི་ནང་། བསྐྱར་དུ་..བྱམས་བརྩེའི་དབུལ་སྐྱོར་..ཞེས་བྲིས་ཡོད་པའི་མིང་བྱང་རྫུན་མ་ཞིག་འཁུར་ནས། ཨེ་ཤཱ་བ་ཚོའི་སེམས་ཀྱི་རིག་གནས་ཤིག་གི་སྲོག་རྩ་འཇོམ་ཕྱིར་ལམ་ལ་ཆས་ཟིན། ཁོང་ཚོས་ཁ་ནས་..དབུལ་སྐྱོར་..ཟེར་ནའང་། དོན་དམ་དུ་གཡོ་འཕྲུལ་གྱིས་ཆོས་སྒྱུར་བྱེད་དོན་དུ་ཡིན་པ་རེད། ཉེ་ལན་ནད་ལྡོམ་འདི་བོད་ཡུལ་ལའང་བསྐྱར་དུ་སིམ་འཛུལ་བྱུང་འགོ་ཚུགས་པ་མ་ཟད། བོད་མི་ཤེས་ཡོན་ཅན་ཡིན་ཟེར་མཁན་དང་རྩོམ་པ་པོ་རེ་འགའ་ཞིག་ཀྱང་ཡེ་ཤུའི་ཆོས་སྒྱུར་ལས་འགུལ་ནང་ཞུགས་ཡོད་སྐད་གདའ།

སྤྱིར་མི་ཞིག་གིས་ཆོས་ལུགས་དད་མོས་དང་གང་ཞིག་ལ་དད་མིན་ནི་རང་ཉིད་ལ་རང་དབང་ཆ་ཚང་ཞིག་ཡོད་པས། དེ་ལ་སུ་གང་གིས་ཀྱང་བཀག་འགོག་དང་སྐྱོན་བརྗོད་བྱ་མི་ཆོག ཡིན་ནའང་། སྒོར་མོ་དང་འཚོ་བའི་དོན་དུ་རང་ཉིད་ཀྱི་ཆོས་ལུགས་འདོར་བ་ནི་ཆེས་ཐ་ཤལ་པ་ཞིག་རེད་དེ། སྔོན་གྱི་ཆོས་ལུགས་པ་མང་པོ་ཞིག་གིས་སྡིག་སྤྱོད་པ་ཚོའི་རལ་གྲིའི་འོག་ནས་ཀྱང་། རང་ཉིད་ཀྱི་གྲུབ་མཐའ་དང་ཆོས་ལུགས་མ་དོར་པར་སྲོག་བློས་བཏངས་ཟིན་ན། ཁྱོད་ཀྱིས་ཉི་ཚེ་བའི་ཁེ་དངུལ་ཞིག་གི་དོན་དུ་རང་ཉིད་ཀྱི་ཆོས་ལུགས་འདོར་བ་ནི་ཅི་འདྲའི་སྐྱུགས་ལོགས་པ་ཞིག་རེད་ཨང་།

མི་བུའི་རང་སྒལ་ཚིགས་དང་མི་གཞི་གླེང་བའི་མཐའ་མ་དེར། རང་ཉིད་ནས་རང་གིས་སྒལ་ཚིགས་གཏོར་ཞིང་། རང་ཉིད་ནས་རང་གི་མི་གཞི་དོར་བའི་ཡ་ང་བའི་བྱ་སྤྱོད་འདི་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད་དེ། རང་ཉིད་བདེན་པ་དང་གནས་ལུགས་ལ་དུང་ཟེར་ན་རིག་པ་ལྡན་པའི་ཆོས་ལུགས་ཤིག་དོར་ནས། ཁོངས་མི་འཁྱོལ་པའི་འཇིག་རྟེན་བཀོད་པ་པོའི་ཆོས་ལུགས་ཤིག་ལ་སྐྱབས་སུ་འགྲོ་བ་ནི་ཅི་འདྲའི་སྡུག་ཐག་ཆོད་པ་ཞིག་རེད་ཨང་།

ཆོས་ལུགས་གཅིག་དོར་ནས་གཅིག་ལ་འཇུག་ན་ནི་ངེས་པར་དུ་རིག་པའི་རྒྱུ་མཚན་ཞིག་དགོས་ཏེ། རང་ཉིད་ཀྱི་གྲུབ་མཐའ་དང་ཆོས་ལུགས་ལ་རིག་པས་དཔྱོད་ནས་ངེས་ཤེས་མ་བརྙེད་པ་དང་། དེར་རྒྱུ་མཚན་མེད་པར་རིག་པས་ངེས་ཟིན་ཐོབ་ནས་ཆོས་ལུགས་གཞན་ཞིག་གི་རྗེས་སུ་འཇུག་པ་ནི། དོན་དམ་གྱི་རིག་ཤེས་ཅན་གྱི་སྐྱེ་བུ་སྙིང་སྟོབས་དང་ལྡན་པ་དག་རེད་ལ། བཙན་ཚུགས་ཀྱིས་དད་མོས་བྱེད་དུ་བཅུགས་ན་དེའང་ཁག་མི་འདུག་ཅེས་བརྗོད་ཆོག་མོད། སྒོ་མོའི་དོན་དུ་ཆོས་ལུགས་འདོར་མཁན་ནི་རང་ཅག་ཚོའི་རིག་གནས་པར་སྒྲོགས་མཁན་ཚོ་དང་དབུལ་ཕོང་གིས་མནར་བའི་ཨེ་ཤཱ་ཡ་བ་ཚོ་རེད་པས་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་།

.. རྫ་ཚེ་རིང་བཀྲ་ཤིས་..ཟེེར་མཁན་ཞིག་གིས་ཡེ་ཤུའི་ཆོས་སྒྱུར་ལས་འགུལ་དེ་འགོག་ཐབས་སུ་ཟིན་བྲིས་ཅིག་གི་ནང་,, ང་ཚོས་ཁོང་ཚོར་ཡིག་ཆ་སྒྱུར་མཁན་མི་རག་པ་དང་། བསྒྱུར་ཀྱང་འགྲེམ་མཁན་མི་རག་པ། བཀྲམ་ཡང་ལེན་མཁན་མི་རག་པ་ཞིག་བྱེད་དགོས། མི་མང་གིས་ཀྱང་ཡེ་ཤུའི་ཆོས་ལུགས་ནི་མི་སྟེགས་པའི་ལུགས་ཡིན་པ་དང་། ཁྱད་པར་ཆོས་ལུགས་བཙན་སྤེལ་མཁན་དག་ནི་ང་ཚོའི་ཆོས་དང་རིག་གཞུང་མེད་པ་གཏོང་མཁན་གྱི་རིག་གཞུང་བཙན་རྒྱལ་རང་ལུགས་པ་ཟེར་བ་དེ་ཡིན་པ་ཧ་གོ་དགོས་ཞིང་། མདོར་ན་དེ་ལྟར་ངོས་འཛིན་བྱེད་དགོས། དེ་ལ་གནོན་ཤུགས་ཟེར། མི་མང་གིས་ཀྱང་ཡེ་ཤུའི་ཆོས་ལུགས་བཙན་སྤེལ་མཁན་ལ་མཐོང་དང་བག་ཆགས་ལེགས་པོ་མེད་པའི་མཐོང་སྣང་བསྐྲུན་དགོས། འདི་ནི་ཐབས་ལམ་ཡིན།

མཚེ་མེད་ཞི་བའི་འཐབ་རྩོད་ཀྱི་གཞུང་ལས་བྱུང་བའི་མཐུན་ཐབས་མི་བྱེད་པ་སོགས་ཀྱི་རིགས་ལམ་སྤྱད་དེ་ཁོང་ཚོ་ཆགས་ས་དང་གནས་ས་མེད་པ་ཞིག་བཟོ་དགོས། བོད་པ་ཤེས་ཡོན་པས་ཁེ་དངུལ་བླངས་ནས་ཡེ་ཤུའི་ལྷ་ཆད་དང་། ཁོང་ཚོའི་ཆོས་ལུགས་ཀྱི་སྐད་ཆ། བརྙན་འཁོར་སོགས་བོད་བསྒྱུར་བྱས་ན་དེ་ནི་རྒྱལ་ཁབ་ཉམ་ཆུང་བའི་སྐབས་སུ་དགྲ་བོ་ལས་རྔན་པ་བླངས་ནས་རྒྱལ་ཁབ་ཀྱི་གསང་བ་འཚོངས་པར་བྱེད་པ་ལྟར་ལྟ་དགོས། མི་རྣམས་ཀྱི་སེམས་སུ་ཆོས་ལོག་སྤེལ་བ་ནི་ཆོས་ལུགས་ཀྱི་དད་མོས་བཀག་སྡོམ་བྱེད་པ་ལས་ཀྱང་བརྒྱ་འགྱུར་གྱིས་སྡུག་པ་ཡིན། མདོར་ན་ཤེས་ཡོན་པའི་སྡེ་དང་། མི་མང་དཀྱུས་མིའི་སྡེ། ད་དུང་སྤྱི་ཚོགས་ཀྱི་ཐོག་ཏུ་གོ་གནས་དང་ཤུགས་རྐྱེན་ལེགས་པོ་ཡོད་ཅིང་། ཆོས་ལུགས་ཀྱི་འགན་འཁྲི་ཚད་མཐོ་ཤོས་ཡོད་པའི་དགེ་འདུན་པ་བཅས་ནས་ཀྱང་ཡེ་ཤུའི་ཆོས་ལུགས་བཙན་སྤེལ་རིང་ལུགས་པའི་བྱེད་ཐབས་ལ་ངོས་ལེན་མེད་པའི་བརྡ་ལན་གསལ་པོ་སྟོན་དགོས,,ཅེས་བརྗོད་འདུག

ངས་བསམ་ན་དེ་ནི་ཡང་དག་པའི་ཐབས་ལམ་ཞིག་མ་རེད་ལ། དེ་ནི་སྐྱོན་གྱི་རྩ་བ་ངོས་མ་ཟིན་པའི་རྟགས་མཚན་ཞིག་རེད། ཁོང་གི་བཤད་པ་ལྟར་བོད་དང་ནང་པ་བ་ཚོས་ཡེ་ཤུ་བའི་ཆོས་སྒྱུར་བ་དག་ལ་ལྟ་སྟངས་དེ་འདྲ་བཟུང་བ་ཡིན་ན། ཆོས་ལུགས་ཀྱི་ཕྱོགས་རིས་དང་འཐེན་འཁྱེར་གྱི་སྙོག་དྲ་མང་པོ་ཞིག་ང་ཚོས་མིག་འདུན་དུ་ལྷག་ཡོང་རྒྱུ་རེད་ལ། ༧དམ་པ་གང་གིས་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་བྱ་དགོས་པ་དང་། གཅིག་གིས་གཅིག་ལ་བརྩི་བཀུར་བྱ་དགོས་གསུངས་པ་རྣམས་ཀྱང་ཡོང་ཐམས་མེད་པ་ཞིག་རེད།

གང་ཡིན་ཟེར་ན། མི་དམངས་ལ་ཆོས་ལུགས་ཀྱི་གོ་རྟོགས་དང་ཤེས་ཡོན་གྱི་ཆུབ་ཚད་ཧ་ཀྱང་ཞེན་རྐྱེན། ཁོང་ཚོས་སེམས་ལ་ལྟ་སྟངས་དེ་འདྲ་བའི་བག་ཆགས་བསྐྲུན་ཚར་རྗེས་སུ། ཧ་ལམ་མི་དམངས་ཀྱིས་ཡེ་ཤུ་བ་ནི་དགྲ་བཞིན་རྩིས་ངེས་རེད་དེ། དཔེར་ན། ཆེན་པོ་རྣམས་ཀྱི་མི་སྟེགས་པའི་གྲུབ་མཐའ་ངན་རབས་བཤད་བཤད་པས། ད་ལྟ་བོད་མི་རྣམས་ཀྱི་ཕྱི་རོལ་པ་དང་ཁ་ཆེ་སོགས་ལ་ལྟངས་གང་འདྲ་འཛིན་བཞིན་པ་ནི་ང་ཚོ་ལ་གསལ་བོ་རེད་ལ། མཐའ་ན་བོད་རང་གི་གདོད་མོས་ཆོས་ལུགས་བོན་ལའང་ལྟ་སྟངས་ཅི་འདྲ་ཞིག་བཟུང་གིན་ཡོད་མེད་ནི་སུ་ལའང་གསལ་བོ་རེད།

སུ་ཞིག་གིས་རང་གི་ཆོས་ལུགས་དོར་ནས་གཞན་གྱི་ཆོས་ལུགས་ཀྱི་ཞབས་འོག་ལ་ཞུགས་པར་རིགས་གཉིས་ཡོད་དེ། གཅིག་ཆོས་ལུགས་དེ་ཉིད་རིག་པས་དཔྱད་ནས་ནོར་བར་མཐོང་ནས་ཡང་དག་པའི་ཆོས་ལུགས་ཤིག་གི་འོག་ཏུ་འཇུག་བཞིན་ཡོད་པ་རེད། འདི་ནི་རྣམ་དཔྱོད་དང་ཤེས་རབ་ཅན་གྱི་སྐྱེས་པོ་རྣམས་ཀྱི་ལས་ཤིག་ཡིན་པར་ངས་གོང་ནས་བརྗོད་ཟིན་ལ། གཞན་ཞིག་ནི་མ་ཤེས་པ་དང་། ཡང་ན། བཙན་ཚུགས་དང་རྒྱུ་དངོས་གང་རུང་ཞིག་གི་གཡོ་རྒྱུའི་དབང་གིས། རང་ཉིད་ཀྱི་ཆོས་ལུགས་དོར་ཞིང་རང་ཉིད་ཀྱི་རྣམ་ཤེས་བརླགས་ནས་ཆོས་ལུགས་གཞན་ཞིག་གི་འོག་ཏུ་རྫུན་པས་སྐྱབས་སུ་འགྲོ་བ་རེད། ཏག་ཏག་ང་ཚོ་བ་ནི་ཕྱི་མ་འདིའི་ཁོངས་སུ་གཏོགས་པར་འདུག་པས། ཤེས་བཞིན་བྱ་མཁན་རྣམས་ལ་བཅོས་ཐབས་མེད་པ་རེད་ལ། མ་ཤེས་པ་རྣམས་ལ་རང་རང་གི་ཆོས་ལུགས་ཀྱི་གོ་རྟོགས་ཤུགས་ཆེན་སྤེལ་དགོས་རྒྱུ་ནི་གདན་དོན་ཡོད་ཚད་ཀྱི་རྩ་བ་དེ་རེད།

སྤྱིར་བོད་མི་ས་ཡ་དྲུག་ལྷག་ཡོད་པ་དང་། དེའི་ནང་དུ་ནང་པར་དད་མཁན་བརྒྱ་ཆ་དགུ་བཅུ་ལྷག་གིས་ཟིན་ཡོད་མོད། འོན་ཀྱང་། དེའི་ནང་ཡིག་རྨོངས་པས་བརྒྱ་ཆ་བདུན་བཅུ་ལྷག་ཟིན་ཡོད་པ་དང་། དེའི་ནང་ནས་ཀྱང་། ཆོས་ཤེས་མཁན་མཁན་ནི་བརྒྱ་ཆ་བཅུ་ཡས་མས་ཤིག་ལས་མེད། དེའི་ནང་ནས་ཀྱང་། ཆོས་ཉམས་སུ་ལེན་མཁན་ནི་སྲིད་མཐའ་ཙམ་རེད། ང་ཚོའི་སྤྱི་ཚོགས་ནི་འདི་འདྲ་ཞིག་གི་གནས་ན་ལྷག་ཡོད་པས། དོན་ངོ་མ་ང་ཚོ་ལ་སངས་རྒྱས་ཆོས་ལུགས་ཀྱི་ཡང་དག་པའི་སྙིང་བོ་རྟོགསམཁན་ཧ་ཅིང་ཉུང་ལ། ཐ་ན་སངས་རྒྱས་པའི་རྒྱུན་ཤེས་ཀྱི་ཤེས་བྱ་ཙམ་ཤེས་མཁན་ཡང་དཀོན་པོ་རེད། འདི་ནི་ད་གཟོད་ཆོས་སྒྱུར་བ་ཚོ་ནང་དུ་འཛུལ་སའི་སྒོ་ཆེན་ལྟ་བུ་རེད། གལ་སྲིད་ང་ཚོས་འགོག་ན་འདི་ནས་འགོག་དགོས་ལ། ཕམ་ནའང་འདི་ནས་ཕམ་པ་ངེས་རེད།

རེད་དེ། མ་འོངས་པར་རང་ཉིད་ཀྱི་ཆོས་ལུགས་བསྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་ན། དང་པོ་རང་ཉིད་ཀྱི་ཆོས་བྱེད་མི་སྣ་དང་ཆོས་དད་མི་དམངས་རྣམས་ཀྱི་ཆོས་ལུགས་ཀྱི་གོ་རྟོགས་ཡར་རྒྱས་སུ་གཏོང་དགོས་རྒྱུ་ནི་གནད་གྱི་གཙོ་བོ་རེད་བསམ། དེ་མ་ཡིན་པར་ སྐུ་ཞབས་..རྫ་ཚེ་རིང་བཀྲ་ཤིས་..ཀྱིས་གསུངས་པ་བཞིན། ཁོང་ཅག་ལ་ང་ཚོའི་སྤྱི་ཚོགས་ནང་འགྲོ་ས་འདུག་ས་མེད་པ་ཞིག་བཟོ་རྒྱུ་ནི་གཅིག་ན་ཁག་པོ་རེད་ལ། གལ་སྲིད་ཐུབ་པས་དབང་དུ་བཏང་རུང་དེ་ནི་གནས་སྐབས་ཙམ་རེད་དེ། ཡེ་ཤུའི་ཆོས་སྒྱུར་གྱི་བྱ་སྤྱོད་དེ་ནི་མུ་མཐུན་དུ་ཨེ་ཙིའི་ནད་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་རྒྱུ་ཡིན་པ་ནི་ཟློག་ཐབས་མེད་པ་ཞིག་ཡིན་པར་ནི་སྔོ་གྱིས་ལོ་རྒྱུས་དང་ད་ལྟའི་དུས་ལ་གཟིགས་པས་གསལ་བོ་རེད་དོ།།

[གསལ་བཤད] རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐཱེ་ལེེན་དྲིའི་རྒྱལ་ས་རྦེན་གྷོལ་དུ་བྲིས་པའི་ཀློག་རིན་ཡོད་པའི་ཡེ་ཤུའི་ཆོས་སྒྱུར་སྐོར་གྱི་ཟིན་བྲིས་དེར་བཀླགས་རྗེས་སུ། དྲ་སྟེང་ནས་ཐད་ཀར་ཟིན་བྲིས་སུ་བཏགས།

Marc by Marc Jacobs Miss Marc is Coming Now
FIGHTSTATE that kind of thing's never gone wrong before

Brown Paper Bag Decorating Ideas
Porno That makes strong communication skills a very important trait

The 6 Most Terrifying Examples of 'Rule 34'
Porno 11 through 13

What is about to go out of style
Porno major traditional western as irvine variety inn

An Inside Guide to Picking up a Bridal Gown
Videos porno It will also probably smell

Having a Cleaner Car With a Mud Flap Set
theGadgetPill Wearing a poodle skirt can be really a fun thing to experience

How to Make the Sandals Last Longer
Porno Satisfaction guaranteed or your oppression back

Fashion Design Colleges in New York
TOKYO POP LINE Now outside of make up I suggest Tanning two three times a week

Can an MBA from SCIT really help
dontgiveupworld.com you would barely notice that it's stereo

5 tips to remember when dressing in vintage
PORNO cast him as a tough bouncer in the film Hell Harbor

Getaway spring and summer packing list
VIDEOS PORNO XXX aren't there shades of 1948 here

How to Clean a Dishwasher Drain
KOSTENLOSE PORNO The tote stores flat when empty

4 Top Selling UGG Boots and Shoes
Videos Porno job profession connected with a dressmaker

holiday shopping event in Dupont Circle
XXX Porno You may have seen a footstool once you kind of liked

80s Clothing For Big Girls
Jeux For shoes I may go looking for some Cole Haan Lunargrands

Any ideas about the Mirror Image Replica Handbags
Porno Nina Skarra Show Lincoln Center Avery Fisher Hall

How to Choose Pocket Watches for Men
Cool Math Games are more or less just atheists messing around

Can the law ever catch up with the Internet
porno task clothing

8 maids a'milking beauty treatments fashion
porno such as the substance

Red Carpet Fashion of Petite Celebrities
Porno Fashion could not emerge above the censored

Fashion Tips For Those With An Ostomy
porno These are soft and supple
བསྟོད།7

抱歉,评论已关闭!