སྦྲགས་སྐད་ཀྱིས་བསླངས་བའི་ན་ཟུག

སྒོམ་པ་ཚེ་རིང་།

དེང་སང་ཚོད་ཚོད་ལ་བོད་ཡིག་མཁོ་མེད་དུ་སྨྲ་བའི་གཏམ་ཡན་གར་བ་ཞིག་མང་མང་གིས་གལ་ཆེན་དུ་འཛིན་ཅིང་གཙིགས་ཆེན་དུ་བརྩིས་ནས་ཅི་ཞིག་ཡིན་མདོག་མདོག་དང་གང་ཞིག་ཧ་གོ་ཚུལ་གྱིས་བོད་སྐད་བོད་ཡིག་གི་རིན་ཐང་ལ་རྡོག་བརྫིས་ཚད་མེད་དང་མེས་པོ་སྐུ་དྲིན་ཚོའི་བྱས་རྗེས་ལ་དམའ་འབེབས་ཚད་མེད་བྱེད་ཀྱིན་པའི་སྣང་ཚུལ་སྐྱོ་བོའང་སྤྱི་ཚོགས་ཀྱི་ཟུར་སོ་སོ་དང་འཚོ་བ་ཡི་ངོས་རེ་རེ་ན་རིག་རྒྱུ་གོ་རྒྱུ་མང་གི་ཨང་། རྒྱུ་འབྲས་བརྩི་རྒྱུ་ལས་གཡོ་སྒྱུའི་སྣོག་ལས་ལ་བྱང་ཞིང་དྲང་བདེན་ལ་རྒྱ་ལས་རུལ་སུངས་སྐྱག་རྫུན་རང་བྲིན་པའི་བོད་ཡུལ་ལུང་པ་འདི་ནས་དྲང་གཏམ་ལ་ཉན་མཁན་དང་བདེན་དོན་ལ་གཞོལ་མཁན་ཉིན་མོའི་སྐར་མ་བཞིན་དུ་དངོས་གནས་ཉུང་ཉུང་རེད་ལགས།

འདུ་ཤེས་གཞན་འགྱུར་གྱི་གནས་བབ་ཚབས་ཆེན་དང་རིག་གནས་བཙན་འཛུལ་གྱི་ཚ་གཅུན་དྲག་པོ། རྒྱ་མ་བོད་མིན་གྱི་སྦྲགས་སྐད་འཇིགས་པོའི་ཁྲོད་ན་རང་རེའི་བོད་ཀྱི་སྐད་དང་ཡི་གེ་ནི་དྭ་ཕྲུག་བྱིས་པ་ཉམས་ཆུང་ཞིག་གི་ངུ་འབོད་དང་ཕྱོགས་མེད་རླུང་འཚུབ་ཆེན་པོའི་ནང་གི་མར་མེ་ལས་མ་འདས་པའང་གཟུར་བོའི་བློ་ལྡན་ཞིང་དྲང་བའི་སྤྱན་ཡངས་ལ་དཔྱོད་པའི་རྩལ་མངའ་བ་དག་གིས་རྟོགས་ཐུབ་གི་རེད། རང་སྐད་རང་ཡིག་ལ་དོ་སྣང་དང་གཙིགས་ཆེན་ཡེ་ནས་མི་བྱེད་པའི་ཡ་མ་བརླའི་བྱ་སྤྱོད་དང་ཕྱོགས་ལྷུང་གི་བསམ་བློ་དེས་ཁོར་ཡུག་འདིའི་མི་མང་པོ་ཞིག་ཆུ་སྣ་གར་འཁྲིད་ཀྱི་མི་ལ་བསྐྱར་དཔར་ཡང་དཔར་བྱས་དང་བྱེད་ཀྱིན་འདུག་མོད། ན་ཟུག་བྲལ་ཞིང་གོ་རྟོགས་དམའ་ལ་བརྗེད་ཆུ་བླུད་ཟིན་པའི་མི་ཞིག་ལ་མཚོན་ན་དེ་ནི་བྱུང་རུང་བ་དང་འབྱུང་འོས་པའི་དོན་དག་ཅིག་ཅི་ལ་མིན་ཨང་། བོད་པས་བོད་པ་བཙོངས་ཞིང་བོད་པས་བོད་པ་བརླག་པའི་དོན་དངོས་ཀྱི་ལོ་རྒྱུས་ཁྲོད་ནས། ཁ་ནས་ཁ་བཏོན་རྒྱུན་མེད་དུ་འདོན་ཞིང་ལག་ནས་ཕྲེང་བ་བར་མེད་དུ་འདྲེན་པའི་བོད་ཡུལ་འདི་ནས། མི་ཞིག་གི་ཚེ་སྲོག་ནི་ཤིག་ཅིག་གི་ཚེ་སྲོག་ལའང་མི་བརྩི་བའི་བོད་ཡུལ་འདི་ནས། བོད་པས་བོད་ཡིག་འདི་གོང་སླ་མོའི་སྒོ་ནས་མི་བཙོང་བའི་གཏན་ཚིགས་ཀྱང་ཁྱོན་ནས་མི་འདུག་ལ་མ་འོངས་པའི་མ་འོངས་ཤིག་ལ་བོད་ཡིག་འདི་དངོས་མང་བཤམས་སྟོན་ཁང་དུ་མི་འཕེན་པའི་ངེས་པའང་ཡོངས་སུ་བྲལ་ན། ན་ཟུག་བདོག་ཅིང་མི་དྲི་མངའ་བའི་མི་བུ་ཚོར་མཚོན་ན་དེ་ནི་ཇི་འདྲའི་བཟོད་དུ་མེད་པའི་སྡུག་བསྔལ་ཞིག་མ་ཡིན་ནམ།

དུས་ཚོད་ལ་འདུ་ཤེས་མེད་པའི་སྒང་བ་བོད་ཡུལ་ནས། འགྲོ་འོང་ལ་བྲེད་ཤ་བྲལ་བའི་བོད་ཡུལ་ལུང་པ་ནས། འགྲོ་རྩིས་ལ་ཞིབ་རྩིས་མེད་པའི་སྙིང་རྗེའི་ཞིང་ཁམས་ནས། མཁས་པ་ལ་ཟོག་ཏུ་བལྟ་བའི་བོད་ཀྱི་ཞིང་ཁམས་ནས། ཕྱོགས་ཞེན་དེ་ཆོས་སུ་སྣང་བའི་བོད་ཀྱི་ཕ་ཡུལ་ནས། དམ་པ་དག་བདུད་དུ་འདོད་པའི་རང་ས་རང་ཡུལ་ནས། སློབ་གསོ་དེ་དབྱུག་པས་སྐྱོང་བའི་རང་རེའི་ཕ་ཡུལ་ནས། འདས་ཟིན་ལ་ཕྱིར་རྟོག་དབེན་པའི་ཞི་བདེའི་ལུང་པ་ནས། འདས་ཟིན་པའི་ཁ་སང་ནི་འདས་ཟིན་པའི་ཁ་སང་ཙམ་ལས་ཅི་ཡང་མ་རེད་ལ། འབྱུང་ངེས་པའི་སང་ཉིན་ཡང་འབྱུང་ངེས་པའི་སང་ཉིན་ཙམ་ལས་སྟ་གོན་དང་བསམ་གཞིག་ཅི་ཡང་མེད་ཚོད་རེད། འདི་ལྟ་འདི་ལྟར་འདས་ཟིན་ལ་ཕྱིར་རྟོག་དབེན་ཞིང་མ་འོངས་བར་སྟ་གོན་བྲལ་བའི་ང་ཚོ་ལམ་གང་ཞིག་ལ་ཆས་སམ། དམིགས་ཡུལ་དང་ཁ་ཕྱོགས་བྲལ་ཞིང་བཙན་པོ་ཡི་སྙིང་སྟོབས་དབེན་པའི་ང་ཚོས་ཅི་ལྟར་བྱ་ཨང་།

འཇིག་རྟེན་ཆུང་ནས་ཆུང་དུ་འགྲོ་བཞིན་པའི་ཁ་སང་དེ་རིང་། བོད་ཁམས་ཆེ་ནས་ཆེ་རུ་འགྱུར་གྱིན་པའི་ཁ་སང་དེ་རིང་གི་དུས་འདི་ལ་ཕ་སྐད་རྐྱང་རྐྱང་གི་ཁ་བརྡ་དང་ཡིག་སྐད་གཙོ་འཛིན་གྱི་སློབ་ཁྲིད། རིག་ཞེན་ལ་རྒྱ་ཡི་དགེ་སློབ། སྦྲགས་སྐད་མ་འདྲེས་པའི་བགྲོ་གླེང་བྱེད་མཁན་ནི་དྭངས་གཙང་དྲི་བྲལ་གྱི་ཤོག་དཀར་ལྟ་བུའི་སློབ་མ་ཚོ་ཕར་ཞོག་དང་། མཚན་སྙན་ཅན་གྱི་དགེ་རྒན་དང་། ཟླ་ཕོགས་མཐོ་བའི་ལས་བྱེད་པ། རྒྱལ་ཁབ་རིམ་པའི་ཆེད་མཁས་པ། སློབ་གྲྭ་ཆེན་མོའི་དགེ་སློབ་དག མཁས་མིང་འཛིན་པའི་རྩོམ་པ་པོ། དགོན་སྡེ་ཁག་གི་སྤྲུལ་གྲྭའི་རིགས། གངས་རིའི་གླུ་བ་གླུ་མ་དག སྐྲ་ལོ་རིང་བོའི་སྒྱུ་རྩལ་པ་སོགས་ཀྱི་ཁྲོད་ན་ཡང་ཉིན་གྱི་སྐར་མ་དང་མཁའ་ཡི་འཇའ་ཚོན་ཇི་བཞིན་ངེས་ངེས་བཙལ་དཀའ་ཞིང་མཐོང་དཀོན་པར་སྣང་། བོད་མི་ཕལ་ཆེར་བར་བཅོས་ཐབས་མེད་པའི་ནད་ཡམས་ཡ་མཚན་ཞིག་ཡོད་པ་ནི་བོད་པ་ཕན་ཚུན་བར་ལ་རྒྱ་སྐད་རྐྱང་རྐྱང་གི་ཁ་བརྡ་བྱེད་ཐུབ་ན་དེ་ནི་གཟི་བརྗིད་དང་ང་རྒྱལ་དུ་རློམ་ཞིང་བོད་པ་ཕན་ཚུན་བར་ལ་བོད་སྐད་རྣལ་མ་ཡིས་ཁ་བརྡ་བྱེད་ན་དེ་ནི་འཕྱ་དམོད་དང་ངོ་ཚའི་གནས་སུ་གྱུར་དོན་ག་རེ་ཡིན་ནམ། ག་རེ་ཡིན་ནམ།

ཏག་ཏག སྐབས་འདིར། ངས་གསེར་གྱི་ཀ་བ་ལྟ་བུའི་མི་བུ་རླབས་ཆེན་ཞིག་གི་བླ་ན་མཐོ་བའི་བཀའ་དྲིན་དང་སྲིད་ན་དཀོན་པའི་མཛད་རྗེས་དག་དྲན་འོངས། དེ་ནི་བོད་མིའི་སེམས་ཁོང་ན་རི་རྒྱལ་ལྟར་བརྗིད་ཆགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆོས་ཀྱི་རྒྱན་མཚན་མཆོག་ཡིན། ཡིན་ཡང་། ཤ་གསེང་ན་ཁྲག་བྲལ་ཞིང་རུས་གསེང་ན་རྐང་དབེན་པའི་འུ་ཚོ་བོད་པ་ཚོས་ཕན་ཚུན་བར་ལ་ཁ་པར་ཨང་གྲངས་ཤིག་འདྲིབའམ་བཤད་པའི་ཚེ་ནའང་རྒྱ་སྐད་རྒྱ་ཡིག་ཅིག་གིས་མ་བཤད་ན་མི་གོ་ཞིང་གོ་ནའང་མི་བཤད་པའི་གནས་ཚུལ་འདིས་མི་རིགས་ཤིག་གི་ཉེན་ཁ་དང་སྐད་ཡིག་ཅིག་གི་འཆི་རྐྱེན་རྟོགས་མི་ཡོང་ངམ། བོད་ལ་བརྡ་གསར་གྱིས་དབུལ་ཞིང་ཚན་རྩལ་ནི་ཞན་པ་དེའང་རྒྱུ་རྐྱེན་ནང་གི་ཡང་རྐྱེན་དང་བདེན་པ་ནང་གི་ཡང་བདེན་ཡིན་དུ་ཆུགས་ཀྱང། ཁ་པར་ཨང་གྲངས་ཙམ་ཡང་རང་གི་ཕ་སྐད་ཀྱིས་བརྗོད་མི་ཐུབ་ཚེ་འདི་ཡིས་ཅི་ཞིག་གསལ་བཤད་བྱེད་ཀྱིན་ཡོད་དམ། དེ་ཡིས་གང་ཞིག་གསལ་འདེབས་བྱེད་ཀྱིན་འདུག་གམ། ཉེན་བརྡ་ཅི་འདྲ་གཏོང་གི་ཡོད་དམ། ཀྱེ། བདག་གི་བོད་པ་དག

ཁ་ཐུར་ནས་ཐུར་དུ་འགྲོ་བཞིན་པའི་མི་རིགས་ཤིག་ལ་མཚོན་ན་ཁ་ཡག་ངོ་བསྟོད་དང་ངོ་དགའ་སྤྲེལ་ལད་དང་སྙིགས་གླུ་བྲན་གླུ་དང་བསྟོད་གླུ་དགའ་གླུ་སོགས་བླངས་ཏེ་དུས་འདའ་དོན་མེད་ལ། ནམ་ཡང་རྒྱུ་མཚན་མེད་པར་སྣང་བ་སྐྱིད་པ་གཅིག་དང་གཉིས་དང་གསུམ་ཞེས་འདུག་ཚོད་ཀྱང་མ་རེད་ལགས། ལྷོག་ལྷོག་ཏུ་གདུ་བའི་ན་ཟུག་ཅིག་མེད་ཚེ་ཁྱོད་ཀྱི་ལུས་སྟེང་ན་རྒྱུ་བའི་ཁྲག་འཁྱག་པ་ཡིན་སྲིད་ལ། མེ་ལྕེ་བཞིན་འབར་བའི་རིག་ཞེན་ཞིག་མེད་ཚེ་ཁྱོད་ཉིད་བོད་ཡིན་དོན་ཡང་གཞར་ནས་མེད་པར་འདོད།

ཡང་དེང་སང་མང་པོ་ཞིག་གིས་མི་བུ་རང་ཉིད་ནས་འགོ་རྩོམ་དགོས་ཞེས་བསྐྱར་བཟླས་ཡང་བཟླས་བྱེད་ཀྱིན་འདུག་མོད། ཡིན་ཡང་སློབ་གྲྭ་ཆེན་མོའི་དགེ་རྒན༼ཆེན་མོ་བ༽དག་གིས་འདིའི་ཐད་ནས་ངོ་ཚ་ཆེན་པོ་ཉོས་ཤིང་སྐྱག་པ་དྲོན་པོ་ཟ་བཞིན་འདུག ཁོ་བ་ཚོས་ཁ་ནས་བཤད་རྒྱུ་ནི་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་དང་བརྡ་སྤྲོད་དང་སྙན་ངག་དང་ལ་རྒྱ་དང་སྐད་བརྡ་དང་འདུ་ཤེས་སོགས་ཡིན་མོད། ཁོ་བ་ཅག་གི་བུ་བུ་མོ་དག་ཆ་རྐྱེན་བཟང་བའི་གྲོང་ཁྱེར་གྱི་རྒྱའི་སློབ་གྲྭ་གང་རུང་ན་རྒྱ་དྲི་བྲོ་བའི་བོད་རྫུན་མར་འགྱུར་ཡག་རེད། དེའི་ཕྱིར་ངས་བལྟས་ན་འུ་ཚོའི་སློབ་ཆེན་གྱི་དགེ་རྒན་ཚོས་ཀྱང་གཞུང་ལུགས་ཀྱི་ཆེད་དུ་གཞུང་ལུགས་བརྩམས་ནས་མི་འདུག་པར་མར་དྲི་དང་རྩམ་དྲི་མ་ཡལ་བའི་ཕ་སྐད་གཙང་མ་གཙང་རྐྱང་ཞིག་ལབ་ཐུབ་པ་དང་རང་གི་བུ་བུ་མོ་ཚོ་ཡང་བོད་སྐད་བོད་ཡིག་ཤེས་མཁན་ཞིག་ཏུ་བཏང་ན་ནི་ད་གཟོད་མི་བུ་རང་ཉིད་ནས་མགོ་རྩོམ་སྟངས་ཡིན་གྱི། དེ་ལས་ལྡོག་ན་ནི་དགེ་རྒན་ཆེན་མོ་དང་འབུམ་རམས་པ་དང་ཆེད་མཁས་པ་དང་ལོ་ཙྰ་བ་དང་རྩོམ་པ་པོ་སོགས་ཀྱི་དོན་གྱིས་སྟོང་བའི་མིང་གི་ལྷག་མ་ཞིག་བདོག་ཀྱང་མི་བུ་རང་ཉིད་ནས་འགོ་རྩོམ་སྟངས་ཤིག་ཁྱོན་ནས་མིན་ལ་རང་གི་མི་རིགས་ལ་དགའ་བའི་མཚོན་སྟངས་ཤིག་ཀྱང་ཡེ་ནས་མ་ཡིན་ནོ།། རྒྱུ་མཚན་རང་གི་བུ་དང་བུ་མོ་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེའང་སློབ་ཏུ་མི་འཇུག་པའི་དགེ་རྒན་དང་མཁས་པ་དང་ལས་བྱེད་པ་དེ་དག་བོད་ལ་དགའ་རབས་དང་དུངས་རབས་བརྗོད་ན་དགའ་རྒྱུ་མ་གཏོགས་འཚིག་པ་གཏིང་ནས་ཟ་འོང་གི ཁྱོད་ཚོས་ཤོད་དང་། བོད་རང་གི་སྐད་ཡིག་ལ་མི་དགའ་བའི་བོད་ཀྱི་དགེ་རྒན་ཆེན་མོ་བ་དེ་དག་བོད་མི་རིགས་ལ་དགའ་གི་ཞེས་བརྗོད་འོང་ན་མི་བདེ་བ་ཞིག་མ་རེད་དམ།

གཞན་ད་དུང་རང་སྐད་གཙང་མ་ཞིག་མི་འཁྱོངས་ཤིང་བྱེད་འབྲེལ་གྱི་ཕྲད་སྦྱོར་ཚུལ་ཙམ་ཡང་མི་ཤེས་པའི་བོད་ཀྱི་ཤེས་ལྡན་པར་རློམ་པ་ཞིག་ལ་མཚོན་ན་རིག་གནས་ཤེས་བྱ་ཡི་དར་སྤེལ་དང་སློབ་ཁྲིད་མི་སྐྱོང་གི་བྱ་བ། མི་རིགས་རིག་གནས་དང་ལ་རྒྱ། བྱམས་དང་སྙིང་རྗེ་ཡི་བདག་པོ། རིག་གནས་ཆེ་ཆུང་གི་རྣམ་གཞག་བཤད་པ་སོགས་ནི་མིང་མེད་དོན་སྟོངས་ཤིག་མ་ཡིན་ནམ། བོད་ཀྱི་ས་ཆ་མང་ཆེ་ཤོས་ནས་ཡིག་ནོར་གྱིས་གཏམས་པའི་སྒོ་བྱང་དང་དོན་སྐྱོན་གྱིས་བརྫད་པའི་མིང་བརྡ། བརྡ་སྤྲོད་དང་འགལ་བའི་དཔེ་དེབ། གོ་འཛོལ་དུ་འགྲེལ་བའི་ཡིག་ཆ་དག་མཐོང་འོང་དུས་ང་ལ་སྐྱི་གཡའ་བའི་དངངས་འདར་གྲངས་མེད་དུ་རྒྱག་ཅིང་ཡ་ང་བའི་མིག་ཆུ་མཐོང་མེད་དུ་བཞུར་རྒྱུ་ཡོད། འདི་ལྟར་ཡིག་ནོར་འབྲི་རྒྱུར་རྨང་ནས་གོམས་ཤིང་གོམས་པའི་མི་ཚད་ཤིན་ཏུ་བྲིན་པའི་དུས་རབས་ཉེར་གཅིག་གི་འུ་ཚོ་ལ་མཚོན་ནས་བཤད་ན་མང་མང་ཞིག་གིས་ད་དུང་ཡང་མི་རིགས་ཀྱི་ལ་རྒྱ་ཆང་ཁ་ན་རྩོད་ཅིང་སྐད་ཡིག་གི་རིན་ཐང་ཤོ་ཁང་ན་ལབ་ཀྱིན་འདུག ཁ་ལ་སྐད་རིགས་འདྲ་མ་འདྲེས། ལུས་ལ་གྱོན་པ་འདྲ་མ་འདྲེས། བསམ་པའི་འཁྱེར་སོ་རྒྱ་མ་བོད། ཡོད་ཚད་ཐམས་ཅད་འདྲ་མ་འདྲེས། ངས་འདི་ལྟར་གཞན་རིགས་ཀྱིས་བལྟས་ན་དགོད་བྲོ་བ་དང་། རང་རིགས་ཀྱིས་བལྟས་ན་ངུ་བྲོ་བ། འདང་མ་རྒྱབ་ན་རྒྱག་རྒྱུ་མི་ཡོང་ལ་འདང་རྒྱབ་ན་སྐྲག་སྙིང་ཡོང་བའི་གནད་དོན་ཞིག་བཏོན་ནའང་མི་ཤེས་པར་སྨྲ་མཁན་དག་གིས་འཚང་ཁ་ཤིག་ཤིག་དང་མགོ་བོ་དྲོག་དྲོག་གིས་འདིས་མི་རིགས་ལ་ལ་རྒྱ་ཡོད་མདོག་དང་སྐད་ཡིག་ལ་དུངས་ཁ་ཡོད་མདོག་སྟོན་གྱིན་འདུག ཁ་ཡ་བྱེད་དོན་མེད་ཟེར་ན་ཐང་མོད། ངས་བསམ་ན་སྐད་ཡིག་སློབ་མིན་དང་ཡིག་ནོར་འབྲི་རྒྱུར་ཐོག་མ་ནས་བསམ་དགོས་ཤིང་གླེང་འོས་ལ་གླེང་གླེང་བའི་མཐའ་མ་ལ་འགྲུབ་རྒྱུ་ཞིག་ཀྱང་ངེས་པར་དུ་ཡོད་པའི་རེ་བ་བཅངས་ཡོད། སྦྲགས་སྐད་བཤད་རྒྱུར་སེམས་ཁོང་ནས་གཟབ་དགོས་ལ་གཟབ་གཟབ་པའི་ཁྲོད་ནས་ཇེ་ལེགས་ཇེ་བཟང་དུའང་ལོས་འགྲོ་སྙམ་ཡོད། སྐད་ཡིག་ནི་མི་རིགས་ཤིག་གི་ལུས་སྟེང་དུ་བར་མེད་དུ་རྒྱུ་བའི་ཟུངས་ཁྲག་དྲོན་མོ་ཡིན་པ་དང་། གལ་ཏེ་རང་རེ་རྣམས་ཀྱི་ལུས་སྟེང་ན་བཞུར་གྱིན་པའི་ཟུངས་ཁྲག་དྲོན་མོ་ཡི་དབུགས་ཀྱི་རྒྱུ་བ་འགག་པར་གྱུར་ཚེ་མི་རིགས་དེའང་བེམ་པོར་གྱུར་བ་ཡིན་འདུག་ན། འུ་ཚོའི་སྐད་ཡིག་གི་ཉེན་ཚབས་འུ་ཚོས་མི་གླེང་ན་སུས་གླེང་ངམ། འུ་ཚོའི་མི་རིགས་ཀྱི་བདེ་སྡུག་འུ་ཚོས་མི་བསམ་ན་སུས་བསམ། འུ་ཚོའི་ཕྲག་སྟེང་གི་འགན་འཁྲི་དེའང་མི་རིགས་གཞན་པའི་ཤེས་ཡོན་པའི་འགན་འཁྲི་དང་གཏན་ནས་མི་འདྲ་བར་ལྡབ་འགྱུར་གྱིས་ལྕི་ཞིང་སྟོང་འགྱུར་གྱིས་དཀའ་བར་འདོད། ཆོལ་ཁ་གསུམ་དུ་འབོད་པའི་སྒང་བ་བོད་ཡུལ་ནས་དོན་མཐུན་གྱི་སྒོ་བྱང་ཞིག་དང་ཡང་དག་གི་བརྡ་སྦྱོར་ཞིག་མཐོང་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ། བོད་ཡུལ་ནས་ཡིག་ནོར་གྱི་རྒྱ་མཚོ་འཕྱུར་ཞིང་དོན་སྐྱོན་གྱི་རི་རབ་བརྩིགས་ན་ཡང་འདི་དག་ལ་ཁ་ཡ་བྱེད་མཁན་དང་སེམས་ཁུར་བྱེད་མཁན་མེད་སོང་བའི་རྒྱུ་མཚན་ཅི་ཡིན་ནམ། ཞི་བདེ་ཡི་ཞིང་ཁམས་དང་སྙིང་རྗེ་ཡི་ལྟེ་གནས་སུ་འདོད་པའི་བོད་ཡུལ་ནས་སྦྲགས་སྐད་ངུ་སྐད་དང་འདྲེས་ཤིང་ངུ་སྐད་བྲན་སྐད་དང་འདྲེས་དོན་ཡང་ཅི་ཡིན་ནམ། ཆོས་ལུགས་ཀྱི་རྫོང་མཐུག་སར་ཁས་འཆེས་པའི་གྲྭ་ས་ཆེ་ས་དང་རིག་གནས་ཀྱི་རྡོ་རྩིག་བཀན་མོ་ཡིན་པའི་སློབ་ཆེན་ཆེ་གྲས་དག་གི་གྲས་སུའང་ཡིག་ནོར་གྱི་རྒྱ་མཚོ་རྒྱུན་མེད་དུ་བཞུར་བ་དང་དོན་སྐྱོན་གྱི་རི་རབ་བར་མེད་དུ་བརྩིགས་དོན་ཅི་ཡིན་ནམ། ཐ་ན། བོད་ཀྱི་དངོས་གཞི་དང་ཞིབ་འཇུག་སློབ་མ་དང་བླ་གྲྭ་སྤྲུལ་གསུམ་དག་གིས་བོད་སྐད་གཙང་མ་རེ་དང་བོད་ཡིག་གི་དགོངས་ཞུ་ཡི་གེ་ཞིག་ཀྱང་འབྲི་མི་བཏུབ་པ་ག་རེ་ཡིན་ནམ། འདི་ལྟར་མི་མངོན་པའི་རྦ་རླབས་ཤིག་གི་དབང་འོག་ནས་མངོན་པའི་ཡིག་ནོར་གྱི་རྦ་རླབས་ཤིག་དྲག་ཏུ་འཕྱུར་ཚེ་བོད་པ་ཚོ་ཁ་ཕྱོགས་གང་དུ་འགྲོ་རྒྱུ་ཡིན་ནམ། ངས་བསམ་ན་འདི་ནི་ཏག་ཏག་དུས་རབས་འདིའི་བོད་མི་རྣམས་ཀྱི་བཅོས་ཐབས་མེད་པའི་ནད་ཡ་མཚན་ཞིག་ཡིན་ནོ།།

ཕྱི་ན་འདོད་ཧམ་སྤྱང་ལྟར་རྒོད་ཅིང་ནང་ན་ཕྲག་དོག་མེ་ལྟར་འབར་བའི་ལོ་ཟླ་ནག་པོ་འདིའི་ཕ་རོལ་དང་ཚུར་རོལ་ན་བོད་པ་ཚོས་ད་དུང་བསྟོད་གླུ་སྙན་མོ་ཞིག་བླངས་ནས་འདུག་ཚོད་རེད། སེམས་པ་སྐྱིད་པོ་ཞིག་བྱེད་དེ་འདའ་ཚོད་རེད། ཟ་མ་ཞིམ་པོ་ལ་རོལ་ནས་ཚིམས་ཚོད་རེད། དོན་མེད་སྣང་སྐྱིད་ཀྱི་དུས་ཚོད་ཚར་ཚོད་རེད། ལག་པ་གཞན་ལ་བསྲིང་རྒྱུར་དགའ་ཞིང་སྐྱིད་སྡུག་ལྷ་ལ་བཅོལ་རྒྱུར་དགའ་བའི་སྒང་བ་བོད་ཡུལ་ནས་དུས་རབས་འདིའི་བྲེལ་འཚུབ་དང་འགྲན་རྩོད་ཀྱི་བྲེད་ཤའི་ཀློང་ན་ངེས་ཤེས་དང་དཔྱོད་ཤེས་དང་འདུ་ཤེས་དང་རིག་ཤེས་མངའ་བའི་འགན་འཁྲི་ཅན་དུ་ཡོད་དམ།

ནམ་ཡང་ཆེན་པོ་ཞིག་བཤད་རྒྱུ་ལོབས་པའི་ཁོར་ཡུག་འདི་ནས་ཆེན་པོ་ཞིག་མི་བཤད་པའི་རེ་སྐུལ་དང་བཅས་ཏེ་ཆུང་ངུ་ནས་འགོ་རྩོམ་དགོས་པར་ང་ཚོ་ནས་འགོ་རྩོམ་དགོས་སོ།།

2012.11.18.ཉིན།

Top trends in furniture in 2009
VIDEO PORNO XXX vandread second factor vol

The evolution of Levi's 501 jeans from 1890 through 1978
Gowns Online Shop Six inch stilettos to be exact

Fashion week in Phoenix attracts a new generation of fashion entrepreneurs
PORNO mentality and adheres to one that mirrors our own reality

Kanye West's fashion uses Astrakhan fur
Free Games students take core courses including the following subjects

Red Carpet Fashion of Petite Celebrities
Kostenlose Pornos von but slightly longer

Top fashion apps for iPhone
PORNO FRANCAIS As things move along

Will Not Protect Our Kids
free porno If you don't feel comfortable choosing a hair color

200 ALDEN SHOES sale list
Free Porno Wife how to begin a career popular decorating
བསྟོད།9

抱歉,评论已关闭!