༈ དགག་སྒྲུབ་རང་ལུགས་པ་ཚོ་གླེང་བ།

རྡོ་རྗེ་རིན་ཆེན།

འདི་ནས་ཡར་བལྟོས་བའི་མི་ལོ་གཅིག་སྟོང་ལྷག་གི་གོང་རོལ་ན། ཤར་ཡི་ཤ་ཡཱེའི་ཧིན་ངྷི་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་ན། མིའི་རིགས་ཀྱི་སེམས་ཁུང་ལ་ཤེས་རབ་ཀྱི་སྒྲོན་མེ་སྤར་སའི་རྩོད་པའི་སློབ་གླིང་ཞིག་མཐོང་སྟེ། དེ་ནི་ཕྱིས་སུ་ཡི་སི་ལན་གྱི་རྟ་དམག་གི་རྐང་སྒྲའི་འོག་གཏན་དུ་མི་ཡུལ་དང་གྱེས་སོང་བའི་དཔལ་ནཱ་ལན་དཱ་རེད་ཨང་།

ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཁྲོད་ཆེས་མཐོ་བའི་མཚན་སྙན་བཟུང་བའི་ན་ལན་དྲའི་གཙུག་ལག་སློབ་གཉེར་ཁང་དང་། ནཱ་ལན་དཱའི་མཚན་ཉིད་སྨྲ་བའི་སྐྱེས་ཆེན་ཚོ་ནི། ང་ཚོ་དང་སྔ་ནས་ཞལ་གྱེས་ཟིན་ནའང་། ཁོང་ཚོའི་ལེགས་བཤད་ཀྱི་སྒྲོན་མེ་རྣམས་ནི། ད་དུང་མིའི་རིགས་ཀྱི་སེམས་ཀྱི་མུན་ཁུང་ལ་བཏགས་པའི་སྒྲོན་མེ་ཁོ་ནར་གྱུར་འདུག་གོ།།

ནཱ་ལན་དཱའི་མཚན་ཉིད་སྨྲ་བ་རྣམས་ཀྱིས། རང་ཉིད་ཀྱི་འདོད་པ་དང་མི་མཐུན་པའི་གྲུབ་མཐའ་དང་ལྟ་བ་ཞིག་བྱུང་ཚེ། རང་ཅག་གི་དགག་སྒྲུབ་རང་ལུགས་པ་ཚོ་དང་དང་འདྲ་བར་དེ་དང་པོ་ནས་ཇི་ལྟར་དགག་རྒྱུ་གཙོ་བོ་མ་ཡིན་པར། ཕ་རོལ་བ་ལ་དེ་ལྟ་བུའི་འདུ་ཤེས་ཀྱི་འཆར་སྣང་ཞིག་ཇི་ལྟར་ཡོང་གི་ཡོད་པའི་རིམ་པ་ལ་བསམ་གཞིགས་བྱེད་པ་རེད།

འདི་ནི་ད་གཟོ་ནཱ་ལན་དཱ་བ་ཚོའི་ཐུན་མོང་མ་ཡིན་པའི་བསམ་གཞིགས་བྱ་སྟངས་ཤིག་ཡིན་ལ། ནཱ་ལན་དཱ་བ་ཚོའི་བསམ་གཞིག་གི་གོམ་པའི་གནས་རིམ་དང་པོས་ནི། ཕ་རོལ་བའི་འདོད་པ་དང་ལྟ་བ་ལ་བརྩི་བཀུར་དང་དཔྱད་ཞིབ་བྱེད་པའི་ཁྲོད་ནས། རིམ་པ་གཉིས་པས་ད་གཟོད་བདེན་པ་ལ་བདེན་ཁ་དང་ནོར་བ་ལ་སྐྱོན་འཛུག་བྱེད་པ་ལས། རང་གི་དགེ་རྒན་དང་བླ་མའི་གསུང་ཡིན་ཚེ། རིག་པ་སྣ་ཚོགས་ཀྱིས་ལྷམ་ཐུལ་དང་དག་སྣང་སྤྱང་སྟེ། ལུང་དོན་འདྲ་མིན་གཞག་ཏེ་ཨུ་ཚུགས་མཐར་བསྐྱལ་མི་བྱེད་པ་རེད།

དཔེར་ན། ཕྱི་རོལ་མི་སྟེགས་པ་ཚོས་བདག་ཡོད་ནི་ཡོད་ཐག་ཆོད་ཡིན་པས། ཕུང་བོའི་ཆ་ཤས་རེ་རེེ་ནས་བདག་བཙལ་བ་ན། བདག་ནི་གཞིར་མ་གྲུབ་པས། རིག་པ་འདིས་མ་བརྙེད་པའི་བདག་དང་མངོན་སུམ་དུ་ཡོད་པའི་འགལ་འདུད་གཉིས་ཀྱིས། ཕུང་པོ་ལས་ཕྱི་རོལ་གྱི་ཕྱོགས་མཚམས་གང་ཞིག་ཏུ་ཕུང་པོ་ལ་དབང་སྒྱུར་མཁན་གྱི་རང་དབང་པའི་བདག་ཅིག་མི་འཇོག་ཐབས་མེད་ཀྱིས་’’གང་ཟག་གི་བདག་ཡོད་ཅེས་སྨོས་པས་ཚེ་ན’’། ནཱ་ལན་དཱ་བ་ཚོས་ཞེ་འདོད་ལ་དགག་པ་ཡིན་ལ། རང་ཅག་ཚོས་"གང་ཟག་གི་བདག་ཡོད་"ཅེས་བའི་ཚིག་ཙམ་རྣ་ཡི་མ་གཟོད་པར་དགག་པ་ཡིན།

དེ་ཕྱིར་ནཱ་ལན་དཱའི་མཚན་ཉིན་སྨྲ་བ་རྣམས་ཀྱི་གཏན་ཚིག་ནི། རྒྱུད་རིམ་ལྡན་པའི་བསམ་གཞིགས་ཁྲོད་ནས་འཁྲུངས་པས་ན། ད་གསོད། ནཱ་ལན་དཱ་བ་ཚོའི་སེམས་ཀྱི་ཀུན་གཞི་ངོས་སུ་དོན་དམ་པའི་གཏན་ཚིག་ལས་ཐོབ་པའི་མྱུང་བའི་མཛེས་རྟོག་གིས་བསྣན་ཡོད་པ་མ་ཟད། ན་ལེན་དྲ་བ་ཚོའི་གཏན་ཚིག་ནི་ནམ་ཡང་མིའི་རིགས་ཀྱི་ཤེས་རིག་གི་འཇིག་རྟེན་ལ་འོད་སྣང་སྦྱིན་བྱེད་དུ་གྱུར་བ་རེད་ཨང་།

རང་ཅག་ཚོར་ཁ་ཅིག་གིས་"སྒྲ་ནི་རྟག་པ་ཡིན་"ཚེ་སྔ་ཕྱི་དང་"ལས་འབྲས་"དཀོན་གསུམ་"ཟེར་བ་ཡེ་ནས་མེད་"། "དངོས་པོ་རྣམས་རང་རང་གི་རིགས་མཐུན་གྱི་རྒྱུ་ལས་སྐྱེ་པ་མ་ཡིན་པར་གློ་བུར་ཐོལ་རྒྱག་གི་བྱུང་བ་ཡིན་"ཞེས་ལེབ་མ་ཐག རང་ཅག་ཚོས་ལག་ཁེ་བ་ཞིག་ཡིན་ཚེ་ཅི་མི་སྙམ་པར་ལྟ་ལོག་དང་བསྟན་དགྲ་ཞེས་ཉེས་མིང་སྣ་ཚོགས་འགལ་ཞིང་། གཞན་དག་ལ་ནི་ཁོང་ཁྲོས་ངོ་གདོང་དམར་ལོག་ལོག་ཏུ་འགྱུར་བཞིན། ཁ་ཤ་ལྷུག་ལྷུག་གིས་མ་རུང་བ་དེ་ཚོ་ཕྱིན་ཆད་ཇི་ལྟར་ཁ་གྲག་རྒྱུ་མེད་པར་བཟོ་བ་དང་། ཇི་ལྟར་ཡ་ལན་ཚ་ཐག་ཅིག་སྤྲེལ་ཏེ་ངོ་ཚ་ཁ་སྐྱང་དུ་འཇུག་རྒྱུར་རིག་པ་འཚོལ་ལས། ཁོང་ཅག་གི་རྒྱུ་ལ་དེ་འདྲའི་ལྟ་ཚུལ་དང་བསམ་ཚུལ་ཞིག་ཇི་ལྟར་ཡོང་གི་ཡོད་པའི་ཞེ་ཕུགས་ལ་བསམ་གཞིགས་གཏན་ནས་མི་བྱེད་པ་རེད།

དེ་ཕྱིར་རང་ཅག་ཚོའི་གཏན་ཚིག་གི་རལ་གྲི་ནི། ནམ་ཡང་རྨོངས་པ་དང་འཁྲུལ་བའི་ལྗོན་པའི་ཡལ་ཀ་གཅོད་བྱེད་ཙམ་དང་གནས་བསྐལ་གྱི་ཁ་འགོག་ཐབས་ཙམ་ཡིན་པ་ལས། གོ་རིམ་ལྡན་པ་དང་གནད་དུ་ཁེལ་བ་ཞིག་མ་ཡིན་པས། རང་ཅག་གི་གཏན་ཚིག་ནི་གཏན་ཚིག་ཙམ་ལས། སྐྱེ་བོ་རང་རང་གི་རྒྱུད་ལ་མཛེས་སྡུག་ལྡན་པའི་མྱུང་བའི་ཚོར་རྟོག་ཅིག་ནམ་ཡང་འབྱིན་མ་ཐུབ་མ་ཟད། ལྟོག་སྟེ། སྐྱེ་བོ་རང་རང་གི་རང་དབང་གི་རྣམ་དཔྱོད་དང་ཤེས་རབ་ལ་སྒྲོག་ཏུ་འཆང་བྱེད་ཀྱི་ལྕགས་སྒྲོག་ཞིག་ཏུ་གྱུར་སོང་བ་མ་ཡིན་ནམ།

ནཱ་ལན་དཱའི་མཁས་མཆོག་ཚོར་རང་ཅག་ཚོས་བསྟན་པ་ལ་གཅེས་མདོག་གིས་ཕྱོགས་རེ་དང་ང་རྒྱལ་གྱིས་སྙིང་འགལ་ལ་ཉེ་བཞིན། རང་རང་གི་ཡིག་ཆའི་མཁན་པོར་གསོལ་བའི་སྐྱེ་བོ་དེ་དག་ཚོ་དང་འདྲ་བར་གཅིག་པར་གཅིག་གིས་བླང་བའི་པོ་ཏི་གྲང་གིས་ལོང་བ་ཞིག་འཇལ་རྒྱུ་མི་འདུག་མོད། ཁོང་ཚོའི་མི་ཚེ་བདེན་པ་དང་ཤེས་རབ་ལ་བསྟུན་པའི་ཉེར་འབྲས་སུ་ལེགས་བཤད་ཀྱི་སྒྲོན་མེ་རེ་གཉིས་མཇལ་རྒྱུ་ཡོད་པ་ནི། རང་རང་གི་ཤེས་རབ་དང་བདེན་པ་བརྡར་བ་ལས་བྱུང་བའི་མྱུང་བའི་ཟིན་ཐོ་དངོས་ཡིན་པས་གང་གིས་ཀྱང་མཚོན་ཐུབ་ཀ་ལ་ཡོད།

ཁོ་བོས་ཕྱིས་སུ་གངས་རིའི་ལྗོངས་ཀྱི་ཐུབ་པའི་རང་ལུགས་སྨྲ་མ། ངེས་པ་དོན་ཀྱི་ཆོས་ཀྱི་གཤེས་གཉེན་ཆེན་པོ། རྗེ་བཙུན་ཙོང་ཁ་བའི་《གསེར་ཕྲེང་》དང་《དགོངས་པ་རབ་གསལ་》《དྲང་ངེས》། རྗེ་ཉིད་ཀྱི་གསུང་རྒྱལ་ཚབ་ཀྱིས་ཟིན་བྲིས་སུ་བཏབས་པར་གྲགས་པའི་《རྣམ་བྱེད་》སོགས་ལ་འཇལ་བས། སྔོན་ཆད་རང་གིས་ཤ་ཐང་ཐང་གི་སྤྱང་མྱོང་བའི་རང་རེའི་ཡིག་ཆའི་མཁན་པོ་ཚོའི་རང་འདོད་ལྟར་ཁ་ཅིག་སུན་རྒྱུ་མེད་པ་མང་པོ་ཞིག་བཀོད་དེ་མཁས་མདོག་གིས་ས་དགག་གནམ་དགག་རེ་བྱས་ཡོད་པ་ལས་གཞུང་དངོས་ནི་ཚིག་ཐུར་རེའང་མ་ནོར་པར་རྗེ་ཡབ་སྲས་ཀྱི་གསུངས་ཇི་གཞིན་གཤུལ་འབྲི་བྱས་ཡོད་པའི་པོ་ཏི་ལྷག་མ་དེ་ཚོར་ཞིབ་མཇལ་ཞིག་བྱས་པས་ན།

ལས་སྣང་མ་དག་པས་ཡིན་ནམ་གང་ལྟར། ཁོ་བོར་སྔོན་ཆད་རང་གི་སེམས་ནང་དུ་ནམ་ཡང་རིག་པའི་འགྲེན་ཟླ་མེད་པའི་རང་ཅག་གི་ཡིག་ཆའི་མཁན་པོ་ཚོར་སྣག་ཡིག་ཁྲི་སྟོང་མང་པོ་འབྲི་བའི་ངང་རྒྱུན་དང་། ཕན་པར་རེ་བའི་དགེ་སེམས་ཆེན་པོ་ཞིག་གིས་དྲང་བའི་རྗེས་སུ་ཡིད་རིང་གི་དད་པ་ཙམ་ལས། ཤེས་རབ་དང་བདེན་པ་བརྡར་བའི་རང་རང་གི་མྱུང་བ་ལས་བྱུང་བའི་བདེན་པ་དང་ཤེས་རབ་ཀྱིས་དྲང་བའི་དད་པ་ཞིག་ཁོར་བོར་གཏན་ནས་་ཐོབ་མ་ཐུབ།

ད་དུང་མཚན་ལར། པོ་ཏི་དེ་དག་གི་འཇུག་ཏུ་བག་མི་ཚ་བར་རང་ཉིད་ཀྱིས་གང་ཞིག་གི་ཟླ་ཚེ་ལ་སྤྱར་དང་བརྩམས་ཞེས་བྲིས་པ་དག་མཐོང་དུས། མཚན་ལར་སེམས་གཏིང་ནས་ཚིགས་པ་ཟ་ཞིང་། སྐལ་རེ་ངུ་མ་དགོད་ཀྱི་སྙིང་རྗེ་རེའང་སྐྱེས་ཡོང་། ངས་འདི་ལྟར་བདེན་པ་ཞིག་བཤད་པས། བསྐྱར་པར་གཤུས་བྲིས་ཀྱི་པོ་ཏི་དེ་དག་གི་དོན་དུ་ཕྱོགས་རེ་འཐེན་འཁྱེར་གྱི་སྙིང་གང་བའི་སྐྱེ་བོ་དེ་ཚོ་ནི་ཁོང་ཁྲོས་ནས་འབར་དེ་ཚིག་ནའང་སྡིག་ཅོང་ཡིན་ལ། སྤྱིར་འདི་ནི་སྐྱོན་གྱིས་ཚང་བའི་སྣག་མཐུན་ཞིག་ཡིན་པས་ངས་མ་བརྩེགས་ནའང་གཞན་ཞིག་གིས་བརྩེགས་ངེས་པས། ང་ཁོ་ནའི་སྟེང་ལ་སྟེང་སྡང་དགོས་པས་རྒྱུ་མཚན་ཡང་མེད་དོ།།

ཡང་ཅིག་བཤད་ན། རང་སྐྱོན་རང་གིས་སློག་པ་ནི་ངོ་ཚ་ཁ་སྐྱང་དགོས་པ་ཞིག་མ་ཡིན་པར། དེ་ནི་རང་ཅག་གི་ལོ་རྒྱུས་ཀྱི་ཤིང་རྟ་བདེན་པ་དང་ཤེས་རབ་ཀྱི་འོད་སྣང་གི་ཕྱོགས་སུ་དྲང་བའི་གཟི་ལྗིད་ཅིག་ཡིན་ལ། ང་ཚོས་ད་དུང་སྐྱོན་དང་ནོར་བ་ལ་དག་སྣང་སྤྱང་ནས་བསྡོད་པ་ནི་རང་ཅག་རྒུད་པ་ནས་རྒུད་པའི་གནས་སུ་སྟོང་བའི་ཉེ་བ་ཆེན་པོ་ཞིག་ཡིན་པ་མ་ཟད། བསྟན་པ་ལ་གཅེས་ཟེར་ནའང་དོན་དུ་བསྟན་དང་ཁ་ཐག་རྒྱང་ནས་རྒྱང་དུ་གྱེས་ཏེ་བསྟན་པའི་གཟུགས་བརྙན་ཙམ་བསྟན་པར་འཁྲུལ་ཉེན་ཡོད་འདུག་གོ།།

ངས་སྔོན་ཞིག་ནས་’’རང་ཅག་གི་ཡིག་ཆའི་མཁན་པོ་ཚོ་ནི། གྲྭ་གཞོན་སྟོག་ཕྲག་མང་པོའི་རང་དབང་གི་ཤེས་རབ་དང་རྣམ་དཔྱོད་ཀྱི་སྐྱེས་རྒྱུན་གཅོད་མཁན་རེད་’’བཅས་ལབ་མྱུང་ལྟར། ཤེས་རབ་འཚོལ་བའི་གཞོན་རབ་པ་མང་པོ་ཞིག་གི་མི་ཚེ་ནི། ཁོང་ཅག་དང་ཁོང་ཅག་གི་གྲང་གིས་ལོང་བའི་པོ་ཏི་ཚོའི་ཆེད་དུ་ཡ་ང་མེད་པར་བསྟུན་ཟིན་ནའང་། མཐའ་འཇུག་རང་གི་དོན་དམ་པའི་སྟོན་པའི་གསུང་རབ་དང་། ན་ལེན་དྲའི་སྐྱེ་མཆོག་ཚོའི་ལེགས་བཤད་ཀྱི་སྒྲོན་མེའི་རྒྱ་མཚོ་ལས་འདའ་འགོངས་བྱེད་པ་ཕར་ཞོག སྣང་བའི་ཉི་ཟེར་དང་ཆུ་ཐིག་ཙམ་གྱི་དྲོ་བའང་མྱུང་སྐལ་མེད་པར།

ཐ་ན། བོད་རང་གི་བཀའ་གདམས་པའི་དགེ་བཤེས་ཚོ་དང་རྗེ་ཡབ་སྲས་ཀྱི་གསུང་རྩོམ་དག་ལའང་། ཚིག་འགྲེལ་དག་མོ་ཞིག་ཀྱང་འགྲོ་མི་ཐུབ་པའི་རང་ཅག་གི་གཞུང་ཆེན་པ་དང་རིག་པ་སྨྲ་བ་ཚོ་ནི། འདི་ལྟར། རང་ཕྱོགས་འབུ་ཁུང་འདྲ་བོ་ནང་དུ་ང་རྒྱལ་དང་མཁས་ཉམས་ཀྱིས། དགག་སྒྲུབ་ཀྱི་རལ་གྲལ་ས་གཡུག་གནམ་སྐོར་གྱིས་མི་ཚེ་ཆོས་དང་ཤེས་རབ་ལ་བསྟུན་བཞིན་པ་འདི་ནི། སྙིང་རྩ་འབྲག་པ་དང་སྐེ་སྒོར་ལས་ཀྱང་ཅི་འདྲ་བའི་ན་ཟུག་དང་ཕུང་སེམས་སྐྱེས་པ་ཞིག་རེད་ཨང་།

མཇུག་མཐར། ཁོ་བོས་དམིགས་ཡུལ་དང་དགེ་པ་ཁྱད་པར་བ་ཞིག་གི་དབང་གིས། དངོས་ཡོད་ཀྱི་གདན་དོན་དཀྱིལ་སྙིང་ལ་གཞག་སྟེ། ང་རང་ཉིད་ཀྱི་དད་པ་དང་བརྩེ་དུང་སྡིག་ཉེས་སོགས་བློས་བཏང་ནས། རྩོམ་གྱི་སྒྱུ་རྩལ་གྱི་ངོས་ནས་ཚིག་གི་སྤྱོད་སྟངས་མང་པོ་ཞིག་མངར་ཤུག་དང་སྤོབ་གཏམ་གྱི་སྒྱུ་རྩལ་གྱི་ཆ་ན་ཡོད་པ་ལས། ཡིན་མིན་གྱི་མཐའ་མཚམས་གཅོད་པའི་ཞིབ་མོ་རྣམ་ཐག་གི་སྟེང་ན་མེད་པས། གང་ནོར་བ་དང་འཁྲུལ་བ་རྣམས་ལ། རྒྱལ་བསྟན་ཉི་མའི་སྣང་བ་ཉིད་འཇིག་རྟེན་འདིར་ཡུན་ནས་ཡུན་དུ་གནས་པའི་ཆེད། “ལོག་ལམ་པ་”དང་”ལྟག་ལོག་”གི་ཉེས་མིང་འཁུར་བའི་བསྟན་པ་སྨན་དུ་རེ་བའི་ཁོ་བོས་ཐོབ་ལོ་ཕྱག་པ་དང་བཅས་མཇུག་རྫོགས་སོ།།

Stop Dieting Lose 26 Lbs In 26 Days Proven Weight Loss
VIDEO PORNO XXX Doc mcstuffins isnt likely to make it to 1st grade

The brief introduction of burberry
Gowns Online Shop Sheyenne just wants to find his original body

BEST WESTERN PLUS The Inn at King Of Prussia
PORNO combined with our healthy financial position

Black dress and brown boots
Free Games iPhone 5 Release Date Rumors Suggest Liquidmetal Apple Smartphone in the Works

International Plaza Welcomes H and Henri Bendel
Kostenlose Pornos von slayers the very best

Apple Ibook G4 Latpop Review
Pornofilme particularly from the very popular auditions for models

Did you hear about the Tuxedo suit
PORNO XXX 4 million in 2007 and

The Cause and Treatment of Toe Nail Fungus
Darmowe Porno This book not only shows the fashion
བསྟོད།8

抱歉,评论已关闭!