རྔ་བ་ཁུལ་གྱི་འབྲོག་པ་ལ་རྩྭ་ཐང་ཐད་འོས་འགན་དང་ཐོབ་ཐང་ཅི་ཡོད་སྐོར་ལ་དཔྱད་པ།

མཐའ་སྒྲོལ།

ད་ཡོད་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་སའི་ཁྲིམས་
ལྟར་ན་རྔ་བ་ཁུལ་གྱི་འབྲོག་པ་ལ་རྩྭ་ཐང་ཐད་འོས་འགན་དང་
ཐོབ་ཐང་ཅི་ཡོད་སྐོར་ལ་དཔྱད་པ།

[ ཁ་བྱང་ལ་རྔ་བ་ཁུལ་གྱི་འབྲོག་པའི་རྩྭ་ཐང་སྐོར་ཞེས་བཏགས་ཡོད་ནའང་། རྒྱལ་ཁབ་རིམ་པའི་ཁྲིམས་གཞན་པ་བོད་ཀྱི་འབྲོག་ས་ཚང་མར་འདྲ་འདྲ་སྤྱོད་ཆོག]

གཅིག རྔ་བ་ཁུལ་གྱི་རྩྭ་ཐང་ངོ་སྤྲོད།
རྔ་ཁུལ་ལ་རྩྭ་ཐང་མུའུ་ཁྲི6782ཡོད། དེའི་ནང་མཛོད་དགེར་རྩྭ་ཐང་མུའུ་ཁྲི་1212ཡོད། རྔ་བ་རྫོང་ལ་རྩྭ་ཐང་མུའུ་ཁྲི་1312ཡོད། ཁྱུང་མཆུ་རྫོང་ལ་རྩྭ་ཐང་མུའུ་ཁྲི་1158.03ཡོད། འཛམ་ཐང་རྫོང་ལ་རྩྭ་ཐང་མུའུ་ཁྲི་663.3ཡོད། འབར་ཁམསརྫོང་ལ་རྩྭ་ཐང་མུའུ་ཁྲི་427ཡོད། ཆུ་ཆེན་རྫོང་ལ་རྩྭ་ཐང་མུའུ་ཁྲི་283ཡོད། བཙན་ལྷ་རྫོང་ལ་རྩྭ་ཐང་མུའུ་ཁྲི་331ཡོད། བཀྲ་ཤིས་གླིང་རྫོང་ལ་རྩྭ་ཐང་མུའུ་ཁྲི་161ཡོད། རྟ་དམག་རྫོང་ལ་རྩྭ་ཐང་མུའུ་ཁྲི166ཡོད། ཁྲོ་ཆུ་རྫོང་ལ་རྩྭ་ཐང་སྤྱི་ཆིང་ཁྲི19.73ཡོད། ཟུང་ཆུ་རྫོང་ལ་རྩྭ་ཐང་མུའུ་ཁྲི་517ཡོད། གོང་གི་རྫོང་བཅུ་གཅིག་ལ་བསྡོམས་པའི་རྩྭ་ཐང་མུའུ་ཁྲི་6250ཡོད་པ་རྔ་བ་ཁུལ་སྲིད་གཞུང་གི་དྲ་བའི་ངོས་ཀྱི་གྲངས་ཀ་དང་ཅུང་མི་འདྲ། ཡིན་ནའང་རི་རྩྭ་སྡེ་དགུ་དང་ཁྲི་ཚང་རྫོང་གཉིས་ཀྱི་སྲིད་གཞུང་གི་དྲ་བའི་ནང་རྫོང་འདི་གཉིས་ལ་རྩྭ་ཐང་ཡོད་པ་བཀོད་མེད་པས་དེ་ལྟར་བཞག་ཡོད། གཞན་གོང་གི་རྫོང་བཅུ་གཅིག་གི་རྩྭ་ཐང་གི་གནས་ཚུལ་ཚང་མ་རྫོང་སོ་སོའི་གཞུང་གི་དྲ་བའི་སྟེང་གི་གྲངས་ཀ་གཞིར་བཞག་ནས་བྲིས་པ་ཡིན།

གཉིས། རྩྭ་ཐང་དང་སའི་ཁྲིམས་སོགས་ངོ་སྤྲོད།
རྩྭ་ས་དང་འབྲེལ་བའི་ཁྲིམས་ངོ་སྤྲོད་བྱེད་དགོས་དོན་ནི། འབྲོག་པ་ཚོས་རྩྭ་ཐང་གི་འོས་འགན་དང་ཐོབ་ཐང་ལོངས་སུ་སྤྱོད་པར་ཁྲིམས་ཁ་ཤས་ལ་ངེས་པར་ཏུ་རྒྱུས་ཡོད་ན་བཟང་བས་ཡིན། དེ་ན་རྩྭ་ཐང་གི་འབྲེལ་ཡོད་ཁྲིམས་ཀྱི་སྐོར་ལ་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>དང་། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས།>> <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས།>> སི་ཁྲོན་ཞིང་ཆེན་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>ལག་བསྟར་བྱེད་ཐབས་བཅས་ཡོད། ཡུལ་གྲོང་འཆར་འགོད་མ་ཡིན་པའི་གོང་གི་ཁྲིམས་རེ་རེ་ལ་གསལ་བཤད་རེ་ཡོད་པ་དང་། གཞན་ཞིང་ཆེན་དང་། གྲོང་ཁྱེར། ཁུལ་རིམ་པའི་རང་གི་གནས་ཚུལ་དང་བསྟུན་ནས་ཁྲིམས་ལ་ལར་[ རྔ་བ་ཁུལ་ལ་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས>>ཀྱི་བབ་བསྟུན་ཐག་གཅོད་ཐབས་ཤེས་མི་འདུག]བབ་བསྟུན་ལག་བསྟར་ཐག་གཅོད་ཀྱི་ཐབས་ཤེས་རེ་འབྲི་སྲོལ་འདུག རྩོམ་འདིའི་མཇུག་ཏུ་རྩྭ་ཐང་གི་ཁྲིམས་ཡིག་དང་། རྩྭ་ཐང་གི་འབྲེལ་ཡོད་འགྲིག་ལམ་སྐོར་གྱི་བོད་རྒྱའི་ཁ་བྱང་སྦྲག་མ་ཞིག་བཀོད་ཀི་ཡིན་ལ་དེར་གཟིགས་པར་འཚལ།
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>ནི་༢༠༠༣ལོ་ཟླ་༣པའི་ཚེས་༡ཉིན་ནས་དངོས་སུ་ལག་བསྟར་དང་། ཁྲིམས་འདི་ལ་སི་ཁྲོན་ཞིང་ཆེན་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>ལག་བསྟར་བྱེད་ཐབས་དང་། <<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ།>>་ཟེར་བ་བཅས་ཡོད། ཡིན་ནའང་༢༠༠༦ལོའི་ཟླ་༡བའི་ཚེས་༡ཉིན་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ།>>ཟེར་བ་དེ་མེད་པར་བཟོས་འདུགཁྲིམས་འདིའི་ཚབ་ལ་༢༠༡༠ལོའི་ཟླ་༢པའི་ཚེས་༨ཉིན་རྔ་བ་བོད་རིགས་ཆའང་རིགས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བའི་ཚོགས་འདུ་ཐེངས་ལྔ་བའི་སྟེང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>ལག་བསྟར་བྱེད་ཐབས་>>ཀྱི་བབ་བསྟུན་གཏན་འབེབས་ཟེར་བ་ལ་ཆོག་མཆན་ཐོབ།ཁྲིམས་འདི་ལ་༢༠༡༠ལོའི་ཟླ་༤པའི་ཚེས་༢༠ཉིན་སི་ཁྲོན་ཞིང་ཆེན་དམངས་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གནང་བ་དང་། ༢༠༡༠ལོའི་ཟླ་༥པའི་ཚེས་༢༨ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚོགས་འདུ་ཐེངས་བཅུ་དྲུག་པས་ཆོག་མཆན་གནང་ནས་རྔ་བ་ཁུལ་གྱི་རྩྭ་ཐང་གི་ཁྲིམས་ལ་བསྒྱུར།ཁྲིམས་དེ་ལ་ཚིག་བསྡུ་བྱས་ན་<<བབ་བསྟུན་བཅོས་བསྒྱུར་གཏན་འབེབས།>>ཟེར་གི་འདུག ཁྲིམས་དེ་༢༠༡༠ལོའི་ཟླ་༧པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱས་འདུག ཡིན་ནའང་ཁྲིམས་དེ་ལ་ཧ་ཅང་མགྱོགས་པོར་ཆོག་མཆན་ཐོབ་སོང་བ་དང་དངོས་སུ་ལག་བསྟར་བྱས་སོང་བའི་རྒྱབ་ན་ཁེ་འབྲེལ་དང་། རྒྱུ་རྐྱེན་གཞན་ཡོད་མེད་སོགས་ལ་ཧ་ཅང་གཟབ་ནན་གྱིས་དཔྱད་པ་གཏོང་དགོས་འདུག་སྙམ། མ་གཞི་ཁྲིམས་བཟོ་བ་ནི་ཧ་ཅང་གཟབ་ནན་གྱི་ལས་ཀ་ཞིག་ཡིན། རྔ་བ་ཁུལ་གྱིས་རྩྭ་ཐང་བཅའ་ཁྲིམས་འདི་བཟོ་དུས་རྔ་བ་ཁུལ་དམངས་འཐུས་དྲ་བ་དང་། རྔ་བ་ཁུལ་སྲིད་གཞུང་གི་དྲ་བ། རྔ་བའི་ཉིན་རེའི་གསར་འགྱུར་བཅས་ཀྱི་སྟེང་ལ་རྩོམ་ཡིག་ཧྲིལ་བོ་བཀོད་མྱོང་ཟེར་མོད། ཡིག་རིགས་གང་གིས་བཀོད་པ་བྲིས་པ་མེད་པ་དང་། ང་ཚོ་རང་ཉིད་ཡིན་ན་ཁྲིམས་ཀྱི་འདུ་ཤེས་ཞན་པས་སྐབས་དེར་དོན་སྣང་མ་བྱས་པ་རེད། རྗེས་མ་ཡིན་ན་ཁྲིམས་ཅི་ཞིག་བཟོས་ན་དོན་སྣང་བྱེད་རྒྱུ་དང་། བསམ་འཆར་འདོན་པ་གལ་ཆེ་ལ། ལྷག་ཏུ་དེ་དག་རྗེས་སུ་རང་གིས་ཁེ་དབང་སྲུང་བྱེད་ཀྱི་ཐབས་ཤིག་ལ་འགྱུར་ངེས་པ་ཤེས་དགོས།
ཀྲུང་གོའི་ད་ཡོད་ཀྱི་རྩྭ་ཐང་གི་ཁྲིམས་འདི་དག་ས་ཁུལ་གང་ཞིག་ན་ལག་བསྟར་བྱས་ནའང་རྩྭ་ཐང་གི་འབྲེལ་ཡོད་ཁྲིམས་ལུགས་དང་། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས།>> <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས།>>སོགས་དང་མཉམ་དུ་སྤྱོད་དགོས་པ་བཟོས་འདུག རྔ་བ་ཁུལ་ལ་མཚོན་ན་རྒྱལ་ཁབ་ཀྱི་ས་ཁྲིམས་དེ་དག་རང་ཁུལ་ན་སྤྱོད་པར་ད་དུང་<<སི་ཁྲོན་ཞིང་ཆེན་ས་ཞིང་དོ་དམ་ཐབས་ཤེས།>>དང་། སི་ཁྲོན་ཞིང་ཆེན་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>ལག་བསྟར་བྱེད་ཐབས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་ས་ཞིང་དོ་དམ་ལག་བསྟར་བྱེད་ཐབས་བབ་བསྟུན་དག་བཅོས་འཆར་ཟིན།>>དང་། རྔ་བ་ཁུལ་གྱི་<<བབ་བསྟུན་བཅོས་བསྒྱུར་གཏན་འབེབས།>>ཟེར་བ་སོགས་ཡོད། རྩྭ་ཐང་བེད་སྤྱོད་དང་བསྒྱུར་བཅོས་བྱེད་དགོས་ན་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་དང་བསྟུན་དགོས་པ་མ་ཟད། ལྷག་པར་ཏུ་འབྲོག་པ་དག་ཁུལ་གང་གི་མངའ་ཁུངས་ནས་ཡིན་ན་ཁུལ་དེའི་རྩྭ་ཐང་གི་འབྲེལ་ཡོད་སྲིད་ཟུས་དང་མཐུན་པར་ལག་བསྟར་བྱེད་དགོས་འདུག ཡིན་ནའང་སྲིད་ཟུས་དེ་དག་གིས་འབྲོག་པའི་ཁྲིམས་མཐུན་གྱི་ཁེ་ཕན་ལ་གནོད་པ་བཟོས་ན་དེ་ལ་ཁྲིམས་ལ་བརྟེན་ནས། ས་གནས་སྲིད་གཞུང་གི་ལས་ཁུངས་སུ་ཡིན་ན་དེ་ཚུན་ཆད་མི་དམངས་ཁྲིམས་ལ་གཏུགས་ན་ཆོག་པ་རེད།
རྩྭ་ཐང་སྲུང་སྐྱོབ་དང་བདག་གཉེར་བྱེད་པར་ད་དུང་རྩྭ་ཐང་དང་འབྲེལ་བའི་གཏེར་ཁ་སྔོག་འདོན་གྱི་ཁྲིམས་ལུགས་སྐོར་ལ་ངེས་པར་ཏུ་རྒྱུས་ལོན་ཡོད་དགོས། ད་ལྟ་རྩྭ་ཐང་ན་གཏེར་ཁ་སྔོག་འདོན་བྱེད་པའི་གནས་ཚུལ་མང་བོ་བྱུང་དང་འབྱུང་གི་འདུག གཏེར་ཁ་བསྔོག་འདོན་གྱི་ཁྲིམས་ལུགས་སྐོར་ལ་རྒྱུས་ལོན་མེད་ན་འབྲོག་པ་ཚོས་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་མི་ཐུབ་ལ། རང་གི་མ་འོངས་འཚོ་རྟེན་གྱི་རྩྭ་ཐང་བེད་སྤྱོད་ཀྱི་ཁེ་དབང་ཡང་གཞན་གྱིས་མི་འཕྲོད་པའི་ངེས་པ་མེད་པས། གཏེར་ཁ་བསྔོག་འདོན་གྱི་ཁྲིམས་ལུགས་སྐོར་གྱི་རྒྱུན་ཤེས་ཕྲན་བུ་ཡོད་ན་བཟང་བ་བསམ་ནས། གཤམ་གྱི་ས་བཅད་ནང་གཏེར་ཁ་བསྔོག་འདོན་གྱི་ཁྲིམས་ལུགས་སྐོར་ཡང་ངོ་སྤྲོད་ཅུང་ཟད་བྱེད་ཀི་ཡིན་ལ། དེས་ཀྱང་འབྲོག་པ་ཚོ་ལ་ཕན་ཐོགས་ཅུང་ཟད་རེ་ཡོད་པའི་རེ་བ་བྱེད། དེ་དག་དཔྱད་གཞི་ཙམ་ལས་གཞི་འཛིན་ས་མི་ཉན་པར་ཐུགས་ལ་ཟུངས།

གསུམ། ཁུལ་དང་། རྫོང་། འབྲོག་པ་དང་། སྡེ་དཔོན་སོགས་ཀྱིས་རྩྭ་ཐང་ཉོ་ཚོང་བྱེད་ཆོག་གམ།
(གཅིག) <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>ཀྱི་ལེའུ་གཉིས་པའི་དོན་ཚན་དགུ་བ་ལྟར་ན་“ཁྲིམས་ལྟར་ཐུན་མོང་ལ་དབང་བ་མ་ཡིན་པའི་རྩྭ་ཐང་རྒྱལ་ཁབ་ལ་དབང་། རྒྱལ་ཁབ་ལ་དབང་བའི་རྩྭ་ཐང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱབ་ཁབ་ཀྱི་ཚབ་བྱས་ནས་བདག་དབང་སྤྱོད་དགོས། རྩྭ་ཐང་ལས་ཁུངས་དང་མི་སྒེར་གང་རུང་གིས་བདག་བཟུང་དང་། ཉོ་ཚོང་། ཡང་ན་ཐབས་གཞན་ལ་བརྟེན་ནས་ཁྲིམས་འགལ་གྱིས་ཁ་སྐོར་ན་མི་ཆོག་”[ 第九条 草原属于国家所有,由法律规定属于集体所有的除外。国家所有的草原,由国务院代表国家行使所有权。
任何单位或者个人不得侵占、买卖或者以其他形式非法转让草原。སྒྲོལ་མ་སྐྱབས་ཀྱིས་བསྒྱུར་བ་ཡིན།]ཅེས་བཀོད་འདུག གོང་གི་རྩྭ་ཐང་གི་ཁྲིམས་ཀྱི་དོན་ཚན་དེ་ན་གསལ་བོ་བསྟན་པ་ནི། རྩྭ་ཐང་འབྲོག་སྡེ་དང་ལས་ཁུངས། མི་སྒེར་སུས་ཁྲིམས་འགལ་གྱིས་ཉོ་ཚོང་དང་། ཁ་སྐོར་མི་ཆོག་པ་རེད། ཡིན་ནའང་། ད་ལྟ་རྔ་བ་ཁུལ་གྱི་རྫོང་ཁག་ཁ་ཤས་ན་འབྲོག་པ་ཁ་ཤས་དང་། ཡང་ན་སྡེ་བའི་འགོ་ཁྲིད་རེ་གཉིས་ཀྱིས་རང་ལ་ད་ལྟ་ཡོད་པའི་གོ་སྐབས་དང་དབང་ཆ་ཆུང་ཆུང་ཙམ་བོ་བེད་སྤྱད་ནས་སྡེ་བ་གཞུང་གི་རྩྭ་ས། གྲོང་ཁྱེར་བ་དང་། འགོ་ཁྲིད་རེ་གཉིས་ལ་ཁང་ས་དང་། ཚོང་ལས་གཉེར་ས། ཡང་ན་ཡུལ་སྐོར་ཀུང་སི་བཅས་ལ་བཙོང་གི་ཡོད་པ་རེད། ང་ཚོས་ཀྱང་དེ་དག་ལ་མ་བརྟག་མ་དཔྱད་པར་བཞག་པས། བར་སྐབས་ཤིག་ལ་འབྲོག་པ་ཁ་ཤས་དང་འགོ་ཁྲིད་རེ་གཉིས་ཀྱིས་རྩྭ་ས་གཞན་ལ་བྱིན་པ་དང་བཙོང་བ་ཁྲིམས་མཐུན་ལུགས་མཐུན་ལྟ་བུར་གྱུར་བ་རེད། གནས་ཚུལ་དེ་ལྟ་བུ་ཀྲུང་གོའི་ས་ཆ་མང་བོ་ན་བྱུང་དང་འབྱུང་བཞིན་པར་དམིགས་ནས། ༢༠༠༧་ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“རང་གི་སྡེ་བའི་ཁང་ས་རང་སྡེའི་སྡེ་མི་ལས་གཞན་ལ་བྱིན་མི་ཆོག་[ 农村住宅用地只能分配给本村村民,བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར། ]”ཅེས་བཀོད་ཡོད་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“གྲོང་རྡལ་གྱི་གྲོང་མིས་སྡེ་བའི་ས། ཁང་ས་ལ་ཉོ་མི་ཆོག་[ 城镇居民不得到农村购买宅基地、བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར།]”ཅེས་གསལ་བོ་བཀོད་འདུག ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཁྱབ་དེའི་ནང“ལས་ཁུངས་དང་མི་སྒེར་སུ་ཡིན་ནའང་རང་འདོད་ལྟར་ཞིང་སའམ་ཡང་ན་བེད་སྤྱད་མ་བྱས་པའི་ས་འཛུགས་སྐྲུན་གྱི་ས་ལ་བསྒྱུར་ཆེད་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་སམ། ཡང་ན་མི་སྒེར་བ་སུ་ལའང་གན་རྒྱ་འཇོག་མི་ཆོག་[ 任何单位和个人不得自行与农村集体经济组织或个人签订协议将农用地和未利用地转为建设用地。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར།]”ཅེས་བཀོད་འདུག ད་སྔའི་རྩྭ་ཐང་གི་ཁྲིམས་ལྟར་ན་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་དགོས་ན་འབྲེལ་ཡོད་ཁྲིམས་ཀྱི་གོ་རིམ་བརྒྱུད་དགོས། ད་དུང་སའི་རྒྱ་ཁྱོན་ལ་བལྟས་ཏེ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་མོས་མཐུན་བརྒྱུད་རྗེས། ས་ཞིང་དོ་དམ་གྱི་འབྲེལ་ཡོད་ཀྱི་ཁྲིམས་བརྒྱུད་དགོས་འདུག མ་ཟད་ད་རུང་ཞིང་ཆེན་རྩྭ་ཐང་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཁག་ནས་ཐོ་འགོད་སྙན་ཞུ་བྱེད་དགོས་པ་ལྟ་བུ་རེད། རྩྭ་ས་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བར་ཁྲིམས་ཀྱི་གོ་རིམ་གང་འདྲ་ཞིག་བརྒྱུད་དགོས་པའི་སྐོར་གཤམ་དུ་གསལ་བཤད་བྱེད་རྒྱུ་ཡིན་པས་དེ་ལ་གཟིགས་པར་འཚལ། གཞན་གོང་གི་ཁྲིམས་དེ་ལས། འབྲོག་པ་ལ་རྩྭ་ཐང་སྤྱོད་དབང་ལས་རྩྭ་ཐང་གི་བདག་དབང་མེད་པ་གསལ་བོ་གཏན་འདུག ཡིན་ནའང་འབྲོག་པ་ལ་རྩྭ་ཐང་གི་སྤྱོད་དབང་ཡོད་པའི་ལོ་ཚད་ནང་ལས་ཁུངས་དང་མི་སྒེར་སུས་འབྲོག་པའི་ཁེ་དབང་ལ་གྱོང་གུད་དང་གནོད་སྐྱོན་བཟོས་ན་ཁྲིམས་ལ་གཏན་ནས་རང་གི་ཁེ་དབང་སྲུང་དགོས། དེའི་སྐོར་ཡང་མཇུག་ཏུ་བཤད་ཀི་ཡིན།
ས་གནས་སྲིད་གཞུང་རིམ་པ་སུ་ཞིག་ཡིན་ནའང་ཁྲིམས་ཀྱི་གོ་རིམ་མ་བརྒྱུད་པར་རང་འདོད་ལྟར་རྩྭ་ཐང་གི་ངོ་བོ། འཛུགས་སྐྲུན་དང་། ཁང་སར་བསྒྱུར་བ། ཡང་ན་ཉོ་ཚོང་དང་། གཞན་ལ་ཁ་སྐོར་མི་ཆོག་པ་རེད། མི་སྒེར་བ་ཞིག་གིས་རྩྭ་ཐང་ཉོ་ཚོང་བྱེད་པ་ཁྲིམས་འགལ་ཡིན་པ་དེ་པས་ཀྱང་བཤད་མི་དགོས་པ་ཞིག་ཡིན་པ་མ་ཟད། ད་ཡོད་ཀྱི་ས་ཁྲིམས་དང་རྩྭ་ཐང་གི་ཁྲིམས་ཀྱིས་མི་སྒེར་བ་ཞིག་གིས་ཁྲིམས་ཀྱི་གོ་རིམ་ཞིག་བརྒྱུད་ནས་རྩྭ་སའི་ངོ་བོ་བསྒྱུར་ཐབས་མི་འདུག་པ་བཟོས་འདུག
(གཉིས།) འབྲོག་པ་ཚོས་རང་ལ་ཁྲིམས་ལྟར་བབས་པའི་ཁང་ས་བཙོང་ཆོག་མོད། རང་ལ་རང་སྡེའི་ནང་ཁྲིམས་ལྟར་བབས་པའི་ཁང་ས་བཙོངས་རྗེས། སླར་ཡང་རང་སྡེའི་ནང་ཁང་ས་ལེན་མི་ཆོག་པ་བཀོད་འདུག ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་ཅུ་རེ་གཉིས་པའི་ནང་“སྡེ་བའི་སྡེ་མི་ཡིས་ཁང་ས་བཙོང་བ་དང། གླས་རྗེས་ཡང་བསྐྱར་ཁང་ས་སློང་མི་ཆོག་[ 第六十二条 农村村民出卖、出租住房后,再申请宅基地的,不予批准。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར།
]”ཅེས་གསལ་བོ་བཀོད་འདུག་པ་མ་ཟད། <<བབ་བསྟུན་དག་བཅོས་འཆར་ཟིན།>>གྱི་དོན་ཚན་བཅུ་བའི་ནང་“འབྲོག་སྡེའི་སྡེ་མི་ཞིག་ཡིན་ན་ཁང་ས་ལ་མུའུ་གྲུ་བཞི་མ་༥༠ལས་བརྒལ་མི་ཉན་[ 牧区每人不得超过50平方米,བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར།]”ཞེས་བཀོད་འདུག འབྲོག་སྡེའི་སྡེ་མི་ཞིག་ལ་ཁང་ས་མུའུ་གྲུ་བཞི་མ་༥༠ཡིན་ཟེར་མོད་སྡེ་བ་ནང་ཁུལ་ན་ལག་བསྟར་འདྲ་མིན་ཡིན། ཡིན་ནའང་རྩྭ་ས་གྲོང་ཁྱེར་བ་དང་། སྡེ་བ་གཞན་གྱི་མི་ལ་མ་བཙོང་བར་རང་གིས་བེད་སྤྱོད་ན་འབྲོག་པ་ལ་ཕྱུགས་ཟོག་གསོ་སའི་དྲོད་ཁང་དང་དྲོད་རྭ་སོགས་ཡོད་ཆོག་པའི་ལུགས་མཐུན་ཁྲིམས་མཐུན་གྱི་གནས་ལུགས་བཙལ་ཆོག་གི་རེད། ཡིན་ནའང་<<བབ་བསྟུན་དག་བཅོས་འཆར་ཟིན།>>གྱི་དོན་ཚན་བཅུ་བའི་ནང་འབྲོག་པའི་ཁང་ས་ལ་“འབྲོག་ཁུལ་གྱི་མི་རེ་ལ་གྲུ་བཞི་མ་༥༠ལས་བརྒལ་མི་ཉན། ཁྱིམ་མི་ལྔ་ལས་ཉུང་བར་ལྔ་ལྟར་བརྩི་དགོས། ཁྱིམ་མི་དྲུག་གི་ཡན་ལ་དྲུག་ལྟར་བརྩི་དགོས། ཁང་ས་གསར་བ་ཞིང་ས་མ་ཡིན་པའི་ས་ནས་ལས་པ་ཡིན་ན། ཁྱིམ་ཚང་རེའི་ཁང་སའི་སྟེང་ལ་མུའུ་གྲུ་བཞི་མ་༥༠སྣོན་ཆོག་[ 牧区每人不得超过50平方米,5人以下的户按5人计算,6人以上的户按6人计算。新建住宅全部使用非耕地的,其用地面积可以适当增加,但增加部分每户最多不超过50平方米。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར།]”ཅེས་བཀོད་འདུག

བཞི། འབྲོག་པས་ས་རྩྭ་གཞན་ལ་ཕྱུགས་འཚོ་སར་གླ་བ་དང་། སྟེང་ནས་ཚོང་གཉེར་ན་ཆོག་གམ།
ད་ལྟ་འབྲོག་ཁུལ་ན་འབྲོག་པ་ཚོས་“རང་ས་”སྟེ་ལོ་ལྔ་བཅུ་ལ་སྤྱོད་དབང་བབས་པའི་རྩྭ་ས་རང་འདོད་ལྟར་རང་སྡེ་དང་རང་སྡེ་མ་ཡིན་པའི་འབྲོག་པ་དག་ལ་ཚོང་ལས་དང་ཚོང་ལས་མ་ཡིན་པའམ། ཡང་ན་རྩྭ་ས་གཞན་ལ་གླ་བ་དང་གཡར་བའི་དོན་དག་མང་བོ་བྱུང་གི་འདུག ཡིན་ནའང་ཁྲིམས་ཀྱི་ནང་འབྲོག་པ་ཚོས་རང་འདོད་ཀྱིས་རྩྭ་ས་དེ་ལྟར་སྤྱོད་མི་ཆོག་པ་བཟོས་འདུག <<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>ཀྱི་དོན་ཚན་བཅུ་དྲུག་པའི་ཚན་ཆུང་གསུམ་པ་ལས་“ལས་གྲྭ་འཛུགས་སྐྲུན་དང་། ས་གཤིས་རྩད་ཞིབ། གཏེར་འཚོལ། གློག་བརྙན་པར་ལེན། གནས་སྐབས་ཚོང་གཉེར་རང་བཞིན་གྱི་ལྗོངས་སྐོར་བྱེད་སྒོ་སྤེལ་བ་སོགས་གནས་སྐབས་སུ་རྩྭ་ཐང་སྤྱི་ཆང་༢༠[ སྤྱི་ཆང་ལ་རྒྱ་ཡིག་ནང་公顷ཟེར་འདུག 1平方千米=100公顷 1公顷=10000平方米 1平方米=100平方分米 1平方分米=100平方厘米 1平方厘米=100平方毫米 (一亩地是666.67平米,十亩地是6666.7平米边长是81.65米,周长是326.6米 )]དང་དེའི་ཡན་ཆད་སྤྱོད་དགོས་ན། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་མོས་མཐུན་བྱེད་དགོས་པ་དང་། སྤྱི་ཆང་༢༠མན་ཆད་སྤྱོད་དགོས་ན། རྫོང་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་གནང་དགོས་”ཅེས་བཀོད་འདུག གོང་གི་དོན་ཚན་བཅུ་དྲུག་པའི་ཁྲིམས་འདིའི་ནང་དོན་ལྟར་ན་འབྲོག་པས་རྫོང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་དག་[ 自治州、县人民政府国土资源]ལ་རྩྭ་ཐང་གི་ངོ་བོ་མ་བསྒྱུར་བའི་སྒོ་ནས་རྩྭ་ཐང་འབྲོག་པའི་ཡོང་འབབ་བཙལ་བྱེད་ལ་སྤྱོད་ཆོག་པར་གོ་ན་འགྲིག་ཡོད་སྙམ། ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ཞིང་བ་[ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས་བཞིན་སྐབས་འདིའི་ཞིང་བའི་ནང་ལ་འབྲོག་པ་ཡང་འདུས་ཡོད། ]དམངས་ཚོགས་ཐུན་མོང་གི་ཁེ་གཉེར་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས། ཐུན་མོང་ཡོང་འབབ་བགོད་ཆའི་དབང་ཆ། ཐུན་མོང་དཔལ་འབྱོར་ནུས་པ་རྒྱ་བསྐྱེད། ཞིང་བའི་ཆེད་ལས་མཉམ་འབྲེལ་དང་མ་རྐང་མཉམ་འབྲེལ་འཕེལ་རྒྱས་གཏོང་བ། རྣམ་པ་གསར་བའི་ཁེ་གཉེར་གསོ་སྐྱོང་། རྣམ་པ་སྣ་ཚོགས་ཀྱི་ཁེ་གཉེར་ཐབས་ལམ་འཕེལ་རྒྱས་གཏོང་བ། གཞན་ད་དུང་ས་ཞིང་བསྡུ་གཡར་ལམ་ལུགས་བཅོས་བསྒྱུར། ཞིང་བར་ས་ཞིང་རིན་འཕར་ཐད་ཀྱི་ཡོང་འབབ་ཀྱི་བརྒྱ་ཆ་ཇེ་མཐོར་གཏོང་དགོས་པ་[ 十八大报告(全文)
11月8日,中国共产党第十八次全国代表大会在北京人民大会堂开幕。胡锦涛代表十七届中央委员会向大会作报告。坚持和完善农村基本经营制度,依法维护农民土地承包经营权、宅基地使用权、集体收益分配权,壮大集体经济实力,发展农民专业合作和股份合作,培育新型经营主体,发展多种形式规模经营,构建集约化、专业化、组织化、社会化相结合的新型农业经营体系。改革征地制度,提高农民在土地增值收益中的分配比例。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]སོགས་བསྟན་ཡོད། གང་ལྟར་འབྲོག་པ་ལ་ད་ཡོད་ཀྱི་ཁྲིམས་ལྟར་བབས་པའི་རྩྭ་ས་གཞུང་གིས་ཡར་བསྡུས་པའམ། ཡང་ན་གནས་སྐབས་རིང་ལས་ཁུངས་དང་མི་སྒེར་སུས་སྤྱོད་ནའང་ཁྲིམས་ལྟར་སྐྱིན་གསབ་ལེན་ཆོག་པ་རེད། སྐྱིན་གསབ་ལེན་སྟངས་སྐོར་ཡང་གཤམ་ན་བཤད་ཡོད།
འབྲོག་པ་སྒེར་ངོས་ནས་རྩྭ་ཐང་སྡེ་བ་ནང་ཁུལ་དང་། ཡང་ན་སྡེ་བ་གཞན་ལ་ཕྱུགས་འཚོ་སར་གླ་ཆོག་གི་ཡོད་པ་མ་ཟད། གླ་མཁན་སུ་ཡིན་ལའང་ཁྱད་པར་འདུག་སྟེ། རྩྭ་ཐང་གི་བཅའ་ཁྲིམས་ཀྱི་ལེའུ་གཉིས་པའི་དོན་ཚན་བཅོ་ལྔ་ལས་“རྩྭ་ཐང་བེད་སྤྱོད་ཀྱི་གླ་ཁ་གཞན་ལ་སྐོར་བར་ཁ་སྐོར་ས་དེ་ལ་ཕྱུགས་ལས་གཉེར་བའི་མཉམ་མྱོང་དང་ནུས་པ་ཡོད་དགོས། ད་རུང་བདག་སྐྱོང་གི་འོས་འགན་ཡང་ཡོད། རྩྭ་ཐང་གླས་པའི་གན་རྒྱའི་ནང་དོན་ལྟར་ལུགས་མཐུན་གྱིས་སྤྱོད་པ་དང་གསོ་སྙོར་[ རྩྭ་ཐང་བཅའ་ཁྲིམས་ནང་གི་建设ཟེར་བ་འཛུགས་སྐྲུན་ཞེས་བསྒྱུར་གི་ཡོད་ནའང་། ངས་གསོ་སྙོར་ཞེས་བྲིས་ཡོད། དེ་ལྟར་ན་གོ་བདེ་སྙམ། ]གྱི་འོས་འགན་ཡོད་ཅེས་བཀོད་པ་དང་།”[ 第十五条 草原承包经营权受法律保护,可以按照自愿、有偿的原则依法转让。
草原承包经营权转让的受让方必须具有从事畜牧业生产的能力,并应当履行保护、建设和按照承包合同约定的用途合理利用草原的义务。
草原承包经营权转让应当经发包方同意。承包方与受让方在转让合同中约定的转让期限,不得超过原承包合同剩余的期限。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར།]གཞན་རྔ་བ་ཁུལ་གྱི་<<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>ཀྱི་དོན་ཚན་ལྔ་བ་ལས། “འགན་གཙང་ལེན་བྱེད་པའི་གོ་རིམ་ནང་དུ། རྩྭ་ཐང་བདག་གཉེར་འགན་གཙང་ལེན་དབང་ཆ་བེད་སྤྱོད་ཀྱི་ངོ་བོ་མི་བསྒྱུར་བའི་ཆ་རྐྱེན་འོག་ཏུ། འདྲ་མཉམ་གྲོས་མོལ་དང་། རང་མོས། བྱ་དགའ་སྤྲོད་པ་བཅས་ཀྱི་རྩ་དོན་ལྟར། འགན་ལེན་གཞན་སྤྲོད་དང་། གཞན་ལ་བཤུས་པ། ཕན་ཚུན་བརྗེ་རེས། བོགས་མར་གཏོང་བ། མ་རྐང་མཉམ་ལས་བཅས་ཀྱི་བྱེད་སྟངས་ཀྱིས་ཁྲིམས་ལྟར་སྐོར་སྐྱོད་བྱེད་ཆོག
རང་སྐྱོང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་རྩྭ་ཐང་བདག་གཉེར་འགན་གཙང་ལེན་བྱེད་དབང་ནི་རང་གི་གྲོང་ཚོ་དང་རང་གི་ཡུལ་ཚོ་(གྲོང་རྡལ)ནང་ཁུལ་དུ་ཁྲིམས་ལྟར་སྐོར་སྐྱོད་བྱེད་པར་དར་སྤེལ་དང་སྐུལ་འདེབས་བྱེད་རྒྱུ། གྲོང་ཚོ་དང་། ཡུལ་ཚོ་(གྲོང་རྡལ)བརྒལ་ནས་རྩྭ་ཐང་བདག་གཉེར་འགན་གཙང་ལེན་སྐོར་སྐྱོད་བྱེད་ན་རྩྭ་ཐང་གནས་སའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་གྲོང་དམངས་གྲོས་ཚོགས་ཀྱི་ཁོངས་མིའི་སུམ་ཆ་གཉིས་ཡན་ནམ་གྲོང་དམངས་ཀྱི་འཐུས་མི་སུམ་ཆ་གཉིས་ཡན་ཡིད་མཐུན་ཐོབ་ཅིང་། ཐུན་མོང་གི་རིམ་པ་གོང་མའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བར་ཞུ་བ་མ་ཟད། ད་དུང་རྫོང་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་སྙན་སེང་ཞུ་དགོས།
ཆ་རྐྱེན་འདྲ་མཉམ་འོག་ཏུ། རང་རེས་ཡུལ་ཚོ་(གྲོང་རྡལ)གྱི་གྲོང་དམངས་ལ་དམིགས་བསལ་གྱིས་སྔོན་ལ་བཤུག་ལེན་དབང་ཆ་ཡོད་”ཅེས་བཀོད་འདུག
རྩྭ་ཐང་གཞན་ལ་གླ་དུས་དེ་ལ་ཕྱུགས་འཚོ་བའི་མཉམ་མྱོང་ཡོད་མེད་དང་། ཡང་ན་ཕྱུགས་འཚོ་སར་གླས་པ་ཡིན་མིན་ལྟ་རྒྱུ་དང་། གཞན་རྩྭ་ཐང་གི་འགན་གཙང་ལེན་གྱི་དབང་ཆ་མི་བསྒྱུར་བ་ཟེར་བ་སོགས་ཀྱི་ཚིག་ལྟ་བུ་འབྲོག་པ་ཚོས་སེམས་ལ་འཛིན་རྒྱུ་ཧ་ཅང་གལ་ཆེན་རེད།
འབྲོག་ཁུལ་གྱི་ས་ཆ་རེ་གཉིས་ན་གཞན་གྱིས་གནས་སྐབས་སུ་རྩྭ་ཐང་སྟེང་ན་ཚོང་ལས་གཉེར་བ་དང་། ཡུལ་སྐོར་སྤྲོ་འཆམ་གྱི་བྱ་འགུལ་སྣ་ཚོགས་སྤེལ་གྱིན་འདུག བྱ་འགུལ་དེ་འདྲ་སྤེལ་དུས་འབྲོག་པ་རང་ངོས་ནས་ཁྲིམས་ལྟར་རང་གི་ཁེ་དབང་སྲུང་ཐུབ་དགོས། གཤམ་གྱི་དོན་ཚན་ནང་རྩྭ་ཐང་གཞུང་བཞེས་དང་གནས་སྐབས་བེད་སྤྱོད་བྱེད་པར་སྐྱིན་གསབ་ལེན་སྟངས་སྐོར་ཡང་ཅུང་ཟད་བཤད་ཀི་ཡིན།

ལྔ། རྩྭ་ཐང་གཞུང་བཞེས་དང་གནས་སྐབས་བེད་སྤྱོད་བྱེད་པར་སྐྱིན་གསབ་ལེན་སྟངས།
ད་ལྟ་འབྲོག་ཕྱོགས་ན་འབྲོག་པ་དག་གིས་རང་ལ་ལོ་༥༠ལ་སྤྱོད་དབང་ཡོད་པའི་རྩྭ་ཐང་ས་གནས་སྲིད་གཞུང་དང་། ཡང་ན་གནས་སྐབས་སུ་ཚོང་ལས་སོགས་ལ་སྤྱོད་པའི་སྐྱིན་གསབ་ལ་ལ་ཞིག་སྡེ་བ་གཞུང་གི་ཡིན་ལ། ལ་ལ་ཞིག་འབྲོག་པ་སྒེར་གྱི་ཡིན། ཡིན་ནའང་གཞུང་བཞེས་བྱས་པའི་རྩྭ་ཐང་གི་ས་རིན་གཅིག་པོ་སྡེ་བ་གཞུང་ལ་དབང་གི་ཡོད།[ ཁྲིམས་ལུགས་ནང་ན་སྡེ་བ་ལ་ཞིང་སྡེ་ཐུན་མོང་དཔལ་འབྱོར་རྩྭ་འཛུགས་ཟེར་གྱི་འདུག 农村集体经济组织]<<ཀྲུང་ཧྭ་མི་དམངས་མི་སྤྱི་མཐུན་རྒྱལ་གྱི་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་>>[ 中华人民共和国土地管理法实施条例(1998年12月27日国务院令第256号发布)]གི་དོན་ཚན་ཉེར་དྲུག་ལས་“ས་ཞིང་སྐྱིན་གསབ་དངུལ་ཐུན་མོང་དཔལ་འབྱོར་རྩྭ་འཛུགས་ལ་དབང་། སའི་སྟེང་གི་ཟུར་འབྱར་དངོས་རིགས་[ མི་རིགས་དཔེ་བསྐུན་ཁང་གིས་རྩོམ་སྒྲིག་བྱས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་附着物ལ་ཟུར་འབྱར་དངོས་རིགས་ཞེས་བསྒྱུར་འདུག རྒྱ་ཡིག་དེའི་གོ་བ་དངོས་ནི་དངོས་པོ་དེ་ས་དེ་ལ་བཙུགས་པ་དང་། ཡང་ན་ས་ངོས་ལ་སྦྱར་བ་སོགས་བྱེད་འབྲེལ་ལས་ཚིག་ལ་གོ འབྱར་ནི་བྱེད་མེད་ལས་ཚིག་ཡིན་པས་ཚིག་མཛོད་ལྟར་ཟུར་འབྱར་དངོས་རིགས་ཟེར་ན་མི་འགྲིག ཡང་ཁང་བ་སོགས་ས་དེ་རང་ན་རྫོག་ནས་གཞན་ལ་ཁྱེར་དུས་བེད་སྤྱོད་མི་ཐུབ་པ་དག་ལ་གོ ཡིན་ནའང་ཁང་བའི་རྒྱུ་ཆ་སོགས་ས་གཞན་ལ་ཁྱེར་ནས་ཡང་བསྐྱར་སྤྱོད་ཐུབ་པས། དེ་དག་ལ་སྐྱིན་གསབ་མི་སྟེར་ཟེར་མི་ཆོག་པ་ལྟ་བུ་རེད། ]དང་ལྗང་པའི་[ མི་རིགས་དཔེ་བསྐུན་ཁང་གིས་རྩོམ་སྒྲིག་བྱས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་青苗ལ་ལྗང་པ་ཞེས་བསྒྱུར་འདུག བོད་སྐད་ནང་青苗ཟེར་བ་སྙེ་མ་གོ་ན་ཆོག ]སྐྱིན་གསབ་དངུལ་ཟུར་འབྱར་དངོས་རིགས་དང་ལྗང་པའི་བདག་པོ་ལ་དབང་།[ 中华人民共和国土地管理法实施条例(1998年12月27日国务院令第256号发布)第二十六条 土地补偿费归农村集体经济组织所有;地上附着物及青苗补偿费归地上附着物及青苗的所有者所有。
征用土地的安置补助费必须专款专用,不得挪作他用。需要安置的人员由农村集体经济组织安置的,安置补助费支付给农村集体经济组织,由农村集 体经济组织管理和使用;由其他单位安置的,安置补助费支付给安置单位;不需要统一安置的,安置补助费发放给被安置人员个人或者征得被安置人员同意后用于支 付被安置人员的保险费用。
市、县和乡(镇)人民政府应当加强对安置补助费使用情况的监督。བཅོད་མཚམས་དང་བོ་བསྒྱུར་དུས་མ་ཡིག་དང་གོ་བ་མི་འཁྲུགས་པའི་ཆེད་ཐ་སྙད་ཚིག་མཛོད་ལྟར་བཞག་ཡོད། ]”ཞེས་བསྟན་ཡོད་ལ། གཞན་སྐྱིན་གསབ་དངུལ་ལ་རིགས་ཁ་ཤས་ཡོད་པ་དང་། དེ་དག་གི་སྐོར་གྱི་ཞིབ་ཕྲ་འབྲེལ་ཡོད་ལས་ཁུངས་དང་། ཁྲིམས་ལུགས་ཆེད་མཁས་ལ་བཀའ་འདྲི་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན། ངས་འདི་ན་ཞིབ་མོ་དང་གསལ་བོ་བཤད་མི་ཐུབ་པ་ནི་ས་གནས་རེ་རེ་དང་། གཞུང་བཞེས་བྱས་པའི་ས་ཞིང་རེ་རེའི་རིན་གོང་མི་འདྲ་བ་དང་། ད་དུང་ས་གནས་རེ་རེའི་ཐག་གཅོད་བྱེད་ཐབས་ཀྱི་སྲོལ་ཡིག་ཀྱང་མི་འདྲ་བས་ཡིན། ཡིན་ནའང་འབྲོག་པ་ཚོས་ཤེས་དགོས་པ་ཞིག་ནི་རྩྭ་ཐང་རྩྭ་ས་ནས་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བའི་གོ་རིམ་རྒྱལ་སྲིད་ཁྱབ་ཁང་དང་། ཞིང་ཆེན། ཁུལ་རིམ་པ་སོགས་ཀྱི་ལག་ནས་ཡོད་ནའང་། སྲིད་འཛིན་རིམ་པ་དེ་དག་གིས་ཀྱང་ཁྲིམས་ལྟར་ལས་དོན་བསྒྲུབ་དགོས་པའི་འགྲིག་ལམ་བཙན་པོ་ཡོད་པ་[ 国务院关于深化改革严格土地管理的决定国发〔2004〕28号 国 务 院二○○四年十月二十一日 (二) 严格依照法定权限审批土地。农用地转用和土地征收的审批权在国务院和省、自治区、直辖市人民政府,各省、自治区、直辖市人民政府不得违反法律和行政法规的规定下放土地审批权。严禁规避法定审批权限,将单个建设项目用地拆分审批。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]རེད།
འབྲོག་པ་ལ་ཞིང་བ་ལྟར་སྙེ་མའི་སྐྱིན་གསབ་དངུལ་ཟེར་བ་ལྟ་བུ་མེད་ནའང་རྔ་བ་ཁུལ་གྱིས་བཟོས་པའི་རྩྭ་ཐང་གི་ཁྲིམས་ལ་ལྟོས་དང་རྩྭ་ས་གཞུང་བཞེས་བྱས་པའམ་ཡང་ན་གནས་སྐབས་རིང་གཞན་གྱིས་སྤྱོད་པར་སྐྱིན་གསབ་དངུལ་ལེན་སྟངས་སྐོར་ལ་གསལ་བཤད་ཅིག་བྱས་འདུག <<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>དོན་ཚན་བཅུ་བདུན་ལས“རྩྭ་ཐང་ནི་ཞིང་འབྲོག་དམངས་འཚོ་གནས་བྱེད་སའི་རྨང་གཞི་ཐོན་སྐྱེད་ཀྱི་དཔྱད་གཞི་[ ཁྲིམས་འདིའི་ནང་གི་འཚོ་གནས་བྱེད་སའི་རྨང་གཞིའི་ཐོན་སྐྱེད་དཔྱད་གཞི་ཡིན་ཟེར་བ་ཧ་ཅང་གལ་ཆེན་ཡིན། 草原是农牧民赖以生存的基本生产资料。བོད་ཡིག་ལ་བསྒྱུར་བ་ཅུང་ཤ་རྩར་བཞག་མོ་ཞིག་མིན་པས་རྒྱ་ཡིག་ལ་ཟུར་ལྟ་བྱོས། ]ཡིན།
རྩྭ་ཐང་བསྡུས་སྤྱོད་དང་བཟུང་སྤྱོད་[ བསྡུས་སྤྱོད་ནི་རྩྭ་ས་(征)གཞུང་བཞེས་ལ་གོ་བ་དང་། བཟུང་སྤྱོད་ནི་(占用)གནས་སྐབས་སུ་རྩྭ་ས་བེད་སྤྱོད་བྱས་པ་ལ་གོ། ]བྱས་ཡོད་པར་ཁྲིམས་ལྟར་བསྡུས་སྤྱོད་བཟུང་སྤྱོད་བྱེད་ཡུལ་གྱི་ལས་ཁུངས་སམ་མི་སྒེར་ལ་སྐྱིན་གསབ་སྤྲོད་དགོས། རྩྭ་ཐང་བསྡུས་སྤྱོད་དམ་བེད་སྤྱོད་བྱས་པའི་སྐྱིན་གསབ་ནི་གཤམ་གསལ་གྱི་གཏན་འབེབས་ལྟར་སྐྱིན་གསབ་སྤྲོད་དགོས་པ་སྟེ།
(གཅིག) རྩྭ་ཐང་སྐྱིན་གསབ་ནི་རྩྭ་ཐང་དེ་བསྡུས་སྤྱོད་བཟུང་སྤྱོད་དམ་རྩྭ་ཐང་བེད་སྤྱོད་སྔོན་ལོ་གསུམ་གྱི་ཆ་སྙོམས་རིན་ཐང་གི་ལྡབ་༡༥ནས་ལྡབ་༢༠ལྟར་གཏོང་སྤྲོད་བྱ་དགོས།
(གཉིས།) བཀོད་སྒྲིག་སྐྱིན་གསབ་ནི་རྩ་ཐང་མུའུ་རེར་བསྡུས་སྤྱོད་བཟུང་སྤྱོད་དམ་བེད་སྤྱོད་བྱེད་སྔོན་ལོ་གསུམ་གྱི་ཆ་སྙོམས་རིན་ཐང་གི་ལྡབ་༨ནས་ལྡབ་༡༠ལྟར་གཏོང་སྤྲོད་བྱ་དགོས།
(གསུམ།) ས་ཐོག་གི་ཟུར་འབྱར་དངོས་རིགས་སྐྱིན་གསབ་ནི་གྱོང་གུད་དངོས་ལྟར་གཏོང་སྤྲོད་བྱ་དགོས།
(བཞི།) ཕྱུགས་རྩྭའི་སྐྱིན་གསབ་ནི་རྩྭ་ཐང་བསྡུས་སྤྱོད་བཟུང་སྤྱོད་དམ་བེད་སྤྱོད་བྱེད་པའི་དེའི་ལོའི་ཕྱུགས་རྩྭའི་གྱོང་གུད་དངོས་ལྟར་སྐྱིན་གསབ་སྤྲོད་དགོས།
(ལྔ།) ཕྱུགས་རྩྭའི་ས་བོན་ཞིང་སའི་སྐྱིན་གསབ་ནི་ས་བོན་ས་ཞིང་འདི་བསྡུས་སྤྱོད་བཟུང་སྤྱོད་དམ་བེད་སྤྱོད་བྱེད་པའི་དེའི་ལོའི་ས་བོན་དང་ཕྱུགས་རྩྭའི་གྱོང་གུད་དངོས་ལྟར་སྐྱིན་གསབ་སྤྲོད་དགོས།
གནས་སྐབས་སུ་རྩྭ་ཐང་བཟུང་སྤྱོད་དམ་བེད་སྤྱོད་བྱས་པའི་སྐྱིན་གསབ་ཀྱི་བརྒྱ་ཆ་༣༠ནས་བརྒྱ་ཆ་༥༠ལྟར་སྐྱིན་ཚབ་སྤྲོད་དགོས་”ཅེས་བཀོད་ཡོད།
རྒྱལ་ཁབ་ཀྱིས་རྩྭ་ཐང་ལམ་ལས་པ་སོགས་འཛུགས་སྐྲུན་གྱི་དགོས་མཁོའི་ཆེད་གཞུང་བཞེས་བྱས་པའམ། ཡང་ན་སྐབས་སུ་རྒྱལ་ཁབ་ཀྱིས་བེད་སྤྱོད་ཆེད། འབྲོག་པ་ཚོ་ལ་ཁྲིམས་ལྟར་སྤྱོད་དབང་ཡོད་པའི་རྩྭ་ས་བཀོལ་བ་ལ་སྐྱིན་གསབ་ལེན་ཆོག་གི་འདུག་མོད། འབྲོག་པ་ཚོས་ཅི་ལྟར་ལེན་དགོས་པ་ཤེས་དཀའ་བས་འབྲེལ་ཡོད་ཁྲིམས་ལུགས་ཤེས་མཁན་དང་། སྐྱིན་གསབ་ཅི་ལྟར་ལེན་པ་བརྩི་སྟངས་ཤེས་མཁན་ལ་བཀའ་འདྲི་གནང་རྒྱུ་གཙོ་བོ་རེད། རབ་ཡིན་ན་ཁྲིམས་ལུགས་ཆེད་མཁས་ཀྱིས་རོགས་གནང་ཐུབ་ན་དེ་ལས་ཡག་མེད།
ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ཞིང་བ་དམངས་ཚོགས་ཐུན་མོང་གི་ཁེ་གཉེར་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས། ཐུན་མོང་ཡོང་འབབ་བགོད་ཆའི་དབང་ཆ། ཐུན་མོང་དཔལ་འབྱོར་ནུས་པ་རྒྱ་བསྐྱེད། ཞིང་བའི་ཆེད་ལས་མཉམ་འབྲེལ་དང་མ་རྐང་མཉམ་འབྲེལ་འཕེལ་རྒྱས་གཏོང་བ། རྣམ་པ་གསར་བའི་ཁེ་གཉེར་གསོ་སྐྱོང་། རྣམ་པ་སྣ་ཚོགས་ཀྱི་ཁེ་གཉེར་ཐབས་ལམ་འཕེལ་རྒྱས་གཏོང་བ། གཞན་ད་དུང་ས་ཞིང་བསྡུ་གཡར་ལམ་ལུགས་བཅོས་བསྒྱུར། ཞིང་བར་ས་ཞིང་རིན་འཕར་ཐད་ཀྱི་ཡོང་འབབ་ཀྱི་བརྒྱ་ཆ་ཇེ་མཐོར་གཏོང་དགོས་པ་[ 十八大报告(全文)
11月8日,中国共产党第十八次全国代表大会在北京人民大会堂开幕。胡锦涛代表十七届中央委员会向大会作报告。 新华社记者 黄敬文 摄
坚持和完善农村基本经营制度,依法维护农民土地承包经营权、宅基地使用权、集体收益分配权,壮大集体经济实力,发展农民专业合作和股份合作,培育新型经营主体,发展多种形式规模经营,构建集约化、专业化、组织化、社会化相结合的新型农业经营体系。改革征地制度,提高农民在土地增值收益中的分配比例。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]སོགས་བསྟན་ཡོད་པའི་ནང་གི་ས་ཞིང་བསྡུ་གཡར་ལམ་ལུགས་བཅོས་བསྒྱུར་དང་། ཞིང་བར་ས་ཞིང་རིན་འཕར་ཐད་ཀྱི་ཡོང་འབབ་ཀྱི་བརྒྱ་ཆ་ཇེ་མཐོར་གཏོང་དགོས་ཟེར་བ་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་བསྟུན་རྩྭ་ས་གཞུང་བཞེས་དང་། གནས་སྐབས་བེད་སྤྱོད་ལ་གཡར་བ་གང་ཡིན་ནའང་། སྐྱིན་གསབ་སྤྲད་དུས་སྔར་གྱི་ཐག་གཅོད་ལས། ཇེ་མཐོར་གཏོང་དགོས་པ་ཚོགས་ཆེན་གྱི་དགོངས་པ་ཡིན་པ་འབྲོག་པ་ཞིག་ཡིན་ན་ཤེས་དགོས་པའི་གལ་ཆེ་བའི་གནད་ཅིག་རེད།
ས་ཞིང་གཞུང་བཞེས་བྱེད་སྐབས་སྤྱི་ཚོགས་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད། ཡང་ན་དམིགས་བསལ་གྱི་གནས་བབ་དང་བསྟུན་ནས་ས་ཞིང་གཞུང་བཞེས་ཀྱི་སྐྱིན་གསབ་དང་བཀོད་སྒྲིག་རོགས་དངུལ་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་ཁྲིམས་ཀྱི[ 中华人民共和国土地管理法 国务院根据社会、经济发展水平,在特殊情况下,可以提高征收耕地的土地补偿费和安置补助费的标准。]ཐག་གཅོད་ཡོད་པ་སོགས་ཤེས་ན་རྩྭ་ཐང་གཞུང་བཞེས་བྱེད་སྐབས་རྩྭ་ཐང་གསབ་དངུལ་ལུགས་མཐུན་ལེན་ཐུབ་པར་ཕན་པ་ཡོད།
སྲིད་གཞུང་གིས་རྩྭ་ས་གཞུང་བཞེས་བྱེད་པའི་གོ་རིམ་ཁྲོད་ཞིང་སྡེའི་ཐུན་མོང་ས་ཞིང་གི་དབང་ཆ་དང་། སྒེར་གྱིས་རང་སྒོར་བླས་པའི་རྩྭ་སའི་དབང་ཆ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། རྩྭ་ས་ཁྲིམས་ལྟར་གཞུང་བཞེས་མ་བྱས་པའི་སྔོན་ལ། གཞུང་བཞེས་བྱེད་པའི་རྩྭ་སའི་སྤྱོད་སྒོ་དང་། ས་གནས། སྐྱིན་གསབ་ཚད་གཞི། བཀོད་སྒྲོག་ཐབས་ཤེས་རྩྭ་ས་གཞུང་བཞེས་བྱེད་སའི་མི་སེར་ལ་བཤད་དགོས་[ 国务院关于深化改革严格土地管理的决定国发〔2004〕28号 国 务 院二○○四年十月二十一日 (十四)健全征地程序。在征地过程中,要维护农民集体土地所有权和农民土地承包经营权的权益。在征地依法报批前,要将拟征地的用途、位置、补偿标准、 安置途径告知被征地农民;གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]ཞེས་གསལ་བོ་བཤད་འདུག་པའི་འགྲིག་ལམ་སོགས་ཡོད་དོ།།
གཞན་རྩྭ་ས་གཞུང་བཞེས་བྱེད་དུས་རྩྭ་སའི་རོགས་དངུལ་དང་བཀོད་སྒྲིག་ཐག་གཅོད་མེད་པའམ། ཡང་ན་ཐག་གཅོད་དེ་མི་སེར་གྱི་འདོད་བློ་དང་མི་མཐུན་ན་བཙན་གྱིས་རྩྭ་ས་འཛུགས་སྐྲུན་གྱི་བསྒྱུར་བའི་གོ་རིམ་ལག་བསྟར་བྱེད་ཆོག་གི་མ་རེད།[ 国务院关于深化改革严格土地管理的决定国发〔2004〕28号 国 务 院二○○四年十月二十一日 (十五)加强对征地实施过程监管。征地补偿安置不落实的,不得强行使用被征土地。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]

དྲུག རྩྭ་ཐང་ན་རྡོ་བྱེ་མ་ལེན་པ་དང་། རྩྭ་སྨན་བརྐོ་ཆོག་མིན།
ད་ལྟ་འབྲོག་ཕྱོགས་ན་འབྲོག་པ་ཚོས་རང་སའི་རྡོ་དང་བྱེ་མ་ལ་རིན་ཅུང་ཟད་བླངས་ནས་རང་འདོད་ལྟར་གླ་མཁན་ལ་བརྐོ་རུ་བཅུག་པ་དང་། སྨན་རྩྭ་སོགས་ཀྱང་དེ་བཞིན་བྱེད་ཀྱིན་ཡོད་པ་རེད། ཡིན་ནའང་རྡོ་དང་བྱེ་མ་རང་འདོད་ལྟར་རྐོ་ལེན་བྱེད་ཆོག་གི་མི་འདུག དཔེར་ན་རྩྭ་ཐང་སྟེང་ས་ལེན་པ་དང་། བྱེ་མ། རྡོ་རྐོ་བར་<<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>དོན་ཚན་བཅུ་དྲུག་པའི་ཚན་ཆུང་བཞི་བ་ལས། “རྩྭ་ཐང་ཐོག་ས་ལེན་པ་དང་། བྱེ་མ་ལེན་པ། རྡོ་སྔོག་ལ་སོགས་པའི་ལས་ཀའི་བྱེད་སྒོ་སྤེལ་བར་རྩྭ་ཐང་སྤྱི་ཆང་༥དང་དེའི་ཡན་ཆད་སྤྱོད་དགོས་ན། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་གནང་དགོས་པ་དང་། སྤྱི་ཆང་༥མན་ཆད་སྤྱོད་དགོས་ན། རྫོང་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཆོག་མཆན་གནང་དགོས་”ཅེས་དང་། དེ་ཙམ་གྱི་ཁྲིམས་ལུགས་ཤེས་སོང་ན་ས་གནས་འགོ་ཁྲིད་ཁ་ཤས་དང་། ཚོང་བ་ངན་འབྲེལ་གྱིས་མི་སེར་ལག་ན་བྱེ་རྡོ་འཕྲོག་མི་འགྲོ་བར་ཕན་ཐོགས་ཡོད་དོ།།
རྩྭ་ཐང་སྟེང་ན་སྨན་འཐུ་བ་དང་ཡང་ན་སྨན་རྐོ་བར་<<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>
དོན་ཚན་བཅུ་གཉིས་པ་ལས། “རྩྭ་ཐང་ཐོག་ཏུ་རི་སྐྱེས་སྨན་ལྡུམ་རྐོ་འདོན་བྱས་པར། རྩྭ་ཐང་གི་སྤང་ཤུན་སྲུང་སྐྱོང་དང་ཉམས་གསོ་བྱེད་དགོས་ལ། གང་བྱུང་དུ་རྐོ་འདོན་བྱེད་མི་ཆོག མངའ་ཁོངས་བརྒལ་ནས་རྐོ་འདོན་བྱེད་པ་དག་རྐོ་འདོན་བྱེད་མཁན་གྱིས་རྩྭ་ཐང་བདག་གཉེར་འགན་གཙང་ལེན་བྱེད་མཁན་ནམ་བེད་སྤྱོད་བྱེད་མཁན་དང་རྐོ་འདོན་གྲོས་མཐུན་བྱུང་དགོས་”ཅེས་བཀོད་འདུག་ལ། ཁྲིམས་འདིའི་རྐོ་མཁན་དང་རྩྭ་ཐང་འགན་ལེན་བྱེད་གཉིས་ཀྱིས་རྩྭ་ཐང་སྲུང་སྐྱོབ་རྨང་གཞི་རུ་བཟུང་སྟེ་རྩྭ་སྨན་རྐོ་ཆོག་མིན་དང་བརྐོས་ན་རིན་གོང་སོགས་ལ་གྲོས་ཁ་མཐུན་ན་ཆོག་ཟེར་བའི་ནང་དོན་ཡིན་སྙམ།[ ཁྲིམས་ཀྱི་ཆེད་མཁས་དང་། ཡང་ན་འབྲེལ་ཡོད་ལས་ཁུངས་ལ་དྲིས་ན་བཟང་། ]མི་གཞན་གྱིས་ཁྲིམས་འགལ་གྱིས་རྩྭ་ཐང་ན་བྱེ་མ་དང་རྡོ་ལེན་པའམ་ཡང་ན་རྐོ་བར་ཁྲིམས་དང་ཆད་པ་ཅི་ཡོད་སྐོར་གཤམ་དུ་བཤད་ཡོད།

བདུན། རྩྭ་ཐང་ན་གཏེར་ཁ་འཚོལ་བསྔོག་དང་། གཏེར་ཁའི་བདག་དབང་སུའི་ཡིན་སྐོར།
རྩྭ་ཐང་ན་གཏེར་ཁ་རྩད་ཞིབ་[ མི་རིགས་དཔེ་བསྐུན་ཁང་གིས་རྩོམ་སྒྲིག་བྱས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་勘查ལ་རྩད་ཞིབ་ཅེས་བསྒྱུར་འདུག]བྱེད་མཁན་གྱི་ལས་ཁུངས་ལ་འབྲེལ་ཡོད་ཁྲིམས་མཐུན་གྱི་ལག་ཁྱེར་ཡོད་མེད་ལྟ་རྒྱུ་གཙོ་བོ་རྩྭ་ཐང་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཁག་[ 自治州、县人民政府国土资源]གི་འོས་འགན་དང་ལས་ཀ་ཡིན་ནའང་། རྩྭ་ཐང་ན་གཏེར་ཁ་རྩད་ཞིབ་དང་བསྔོག་འདོན་བྱེད་པ། དེ་ནི་འབྲོག་པ་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས་ཞང་དང་དེའི་ཡན་གྱི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཁག་ལ་གནས་ཚུལ་ཞིབ་མོ་འདྲི་གཅོད་བྱེད་པ་གལ་ཆེན་ཡིན། ཡིན་ནའང་གཏེར་ཁ་རྩད་ཞིབ་ལས་ཁུངས་ལ་གཏེར་ཁ་རྩད་ཞིབ་ཀྱི་ལག་ཁྱེར་[ 第五条 采矿权申请人申请办理采矿许可证时,应当向登记管理机关提交下列资料:
(一)申请登记书和矿区范围图;(二)采矿权申请人资质条件的证明;(三)矿产资源开发利用方案;(四)依法设立矿山企业的批准文件;(五)开采矿产资源的环境影响评价报告;(六)国务院地质矿产主管部门规定提交的其他资料。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]ཡོད་ན་འབྲོག་པ་ལ་དཀག་འགོག་གི་ཐོབ་ཐང་ཡོད་པ་མ་རེད། ཡིན་ནའང་འབྲོག་པ་རང་ཉིད་ཀྱིས་རྔ་བ་ཁུལ་གྱི་<<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>ཀྱི་དོན་ཚན་བཅུ་བདུན་པའི་ནང་དོན་ལྟར་སྐྱིན་གསབ་ལེན་ཆོག་པ་རེད། སྐྱིན་གསབ་ལེན་དུས་འབྲོག་པ་རང་ཉིད་ལ་ཆ་རྐྱེན་འཛོམས་ན་རང་གི་ཁེ་ཕན་ཆེད་ཁྲིམས་རྩོད་པ་ལ་སྲིད་གཞུང་ངམ་ལས་ཁུངས་གང་རུང་གིས་གནང་བའི་སྐྱིན་གསབ་སྐོར་དེ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་མིན་འདྲི་ཐུབ་ན་ཡག རྩྭ་ཐང་ན་གཏེར་ལེན་གྱི་ཁྲིམས་མཐུན་ལག་ཁྱེར་ཡོད་པའི་ལས་ཁུངས་ཀྱིས་གཏེར་ཁ་ཆེ་འབྲིང་ལེན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས། རྫོང་དང་། ཁུལ། ཞིང་ཆེན་རིམ་པ་དབང་ཆ་མེད།[ 中华人民共和国矿产资源法 第十六条 开采下列矿产资源的,由国务院地质矿产主管部门审批,并颁发采矿许可证:国家规划矿区和对国民经济具有重要价值的矿区内的矿产资源; (二)前项规定区域以外可供开采的矿产储量规模在大型以上的矿产资源;(三)国家规定实行保护性开采的特定矿种;(四)领海及中国管辖的其他海域的矿产资源;(五)国务院规定的其他矿产资源。开采石油、天然气、放射性矿产等特定矿种的,可以由国务院授权的有关主管部门审批,并颁发采矿许可证。
开采第一款、第二款规定以外的矿产资源,其可供开采的矿产的储量规模为中型的,由省、自治区、直辖市人民政府地质矿产主管部门审批和颁发采矿许可证。
开采第一款、第二款和第三款规定以外的矿产资源的管理办法,由省、自治区、直辖市人民代表大会常务委员会依法制定。
依照第三款、第四款的规定审批和颁发采矿许可证的,由省、自治区、直辖市人民政府地质矿产主管部门汇总向国务院地质矿产主管部门备案。
矿产储量规模的大型、中型的划分标准,由国务院矿产储量审批机构规定。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།] རྩྭ་ཐང་ན་གཏེར་ལེན་མཁན་གྱི་ལས་ཁུངས་སུ་ཡིན་ནའང་སྐྱིན་གསབ་ནི་རྔ་བ་ཁུལ་གྱི་<<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>་ཀྱི་དོན་ཚན་བཅུ་བདུན་པའི་ནང་དོན་ལྟར་སྐྱིན་གསབ་ལེན་ཆོག་པ་རེད། ཡིན་ནའང་རྩྭ་ཐང་[ 中华人民共和国矿产资源法 第二十条 非经国务院授权的有关主管部门同意,不得在下列地区开采矿产资源:
(一)港口、机场、国防工程设施圈定地区以内;
(二)重要工业区、大型水利工程设施、城镇市政工程设施附近一定距离以内;
(三)铁路、重要公路两侧一定距离以内;
(四)重要河流、堤坝两侧一定距离以内;
(五)国家划定的自然保护区、重要风景区,国家重点保护的不能移动的历史文物和名胜古迹所在地;
(六)国家规定不得开采矿产资源的其他地区。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]དེ་རྒྱལ་ཁབ་རིམ་པའི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ཡིན་ན་རྩྭ་ཐང་དེ་ནས་གཏེར་ཁ་བརྐོ་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་དགོས་པ་དང་[ གཏེར་བརྐོ་བའི་ཆོག་མཆན་ལ་རྒྱལ་ཁབ་དང་། ཞིང་ཆེན། ཐེ་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས། ཁུལ་རིམ་པ་བཅས་ཡོད།]། དེ་མེད་ན་བརྐོ་མི་ཆོག་པ་ལྟ་བུ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་ཁའི་ཐོན་ཁུངས་ཀྱི་ཁྲིམས་ལས་རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་ཁུལ་ན་གཏེར་ཁ་བརྐོ་དུས་མི་རིགས་རང་སྐྱོང་ཁུལ་གྱི་ཁེ་ཕན་ལ་ལྟ་ཕྱོགས་བྱེད་དགོས་པ་མ་ཟད། མི་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱུས་ལ་ཕན་ཐོགས་ཡོང་བར་བཀོད་སྒྲིག་བྱེད་དགོས་པ་དང་། ད་དུང་གྲངས་ཉུང་མི་རིགས་ཀྱི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ་ལ་ལྟ་ཕྱོགས་དགོས་[ <<中华人民共和国矿产资源法>>第十条 国家在民族自治地方开采矿产资源,应当照顾民族自治地方的利益,作出有利于民族自治地方经济建设的安排,照顾当地少数民族群众的生产和生活。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]ཅེས་ལབ་འདུག རྔ་བ་ཁུལ་ལ་མཚོན་ན་མི་རིགས་རང་སྐྱོང་ས་ཁུལ་ཞིག་ཡིན་པས་རང་སྐྱོང་ས་ཁུལ་ལ་ཡོད་པའི་ཁྲིམས་ཀྱི་ཁེ་དབང་དེ་དག་ས་ཁུལ་དེའི་མི་དག་གིས་ལོངས་སུ་སྤྱོད་དགོས་ལ། ས་གནས་སྲིད་གཞུང་དང་ས་གནས་ན་གཏེར་ཁ་བསྔོག་འདོན་བྱེད་མཁན་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཁེ་ལས་པ་དག་གིས། རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་ས་གནས་ལ་གནང་བའི་གཏེར་ཁ་བསྔོག་འདོན་གྱི་ཁྲིམས་ལག་བསྟར་གནང་གི་ཡོད་མེད་དང་། ཡང་ན་གཏེར་ཁ་བསྔོག་འདོན་ལས་བྱུང་བའི་ཡོང་སྒོ་ས་གནས་མི་དམངས་ཀྱི་འཚོ་བ་དང་། རིག་གནས་སློབ་གསོ་ཡར་རྒྱུས་ཕྱོགས་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་ལ་ལྟ་རྒྱུ་གཙོ་བོ་རེད།
ང་ཚོ་ལ་གཏེར་ཁ་བརྐོ་མཁན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ལྟར་གཏེར་ཁ་བརྐོ་བཞིན་ཡོད་མེད་དང་དེའི་ཡོང་འབབ་ཅི་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་མེད་སོགས་ལ་ལྟ་རྟོག་བྱེད་པའི་དབང་ཆ་[ 习近平指出,要继续加强民主监督。对中国共产党而言,要容得下尖锐批评,做到有则改之、无则加勉;对党外人士而言,要敢于讲真话,敢于讲逆耳之言,真实反映群众心声,做到知无不言、言无不尽。希望同志们积极建诤言、作批评,帮助我们查找问题、分析问题、解决问题,帮助我们克服工作中的不足。中共各级党委要主动接受、真心欢迎民主党派和无党派人士监督,切实改进工作作风,不断提高工作水平。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།
]ཡོད་པ་རེད།

བརྒྱད། གཏེར་ཁ་བསྔོག་འདོན་གྱི་མགོ་མཇུག་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་གཙོ་བོར་འཛིན་དགོས།
གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གཏེར་ཁ་བསྔོག་འདོན་བྱེད་མཁན་ལས་ཁུངས་དང་མི་སྒེར་སུ་ཡིན་ནའང་གཏེར་ཁ་བསྔོག་འདོན་བྱེད་སྐབས་ཁོར་ཡུག་ལ་གནོད་པ་བྱེད་མི་ཉན་པ་མ་ཟད། ཕྱུགས་ལས་ཐོན་སྐྱེད་ལ་གནོད་སྐྱོན་[ མི་རིགས་དཔེ་བསྐུན་ཁང་གིས་རྩོམ་སྒྲིག་བྱས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལས་损失གྱོང་གུད་དང་གནོད་སྐྱོན་ཞེས་བསྒྱུར་ཡོད། ]བཟོ་བ་དང་མི་སྒེར་གྱི་འཚོ་བ་ལ་གྱོང་གུད་ཐེབས་མི་ཉན་པ་རེད། ཕྱུགས་ལས་ཐོན་སྐྱེད་དང་མི་སྒེར་གྱི་འཚོ་བ་ལ་གྱོང་གུད་བཟོས་པ་དང་། ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཡོད་ན་ཁྲིམས་ལྟར་ཁྲིམས་གཏུགས་བྱས་ནས། ཐོན་སྐྱེད་ལ་གྱོང་གུད་དང་། འཚོ་བར་དཀའ་ངལ་བཟོས་པར་ཁྲིམས་ལྟར་སྐྱིན་གསབ་ལེན་དགོས།[ 第三十二条 开采矿产资源,必须遵守有关环境保护的法律规定,防止污染环境。
开采矿产资源,应当节约用地。耕地、草原、林地因采矿受到破坏的,矿山企业应当因地制宜地采取复垦利用、植树种草或者其他利用措施。
开采矿产资源给他人生产、生活造成损失的,应当负责赔偿,并采取必要的补救措施。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།
] རྩྭ་ཐང་ན་གཏེར་ཁ་བརྐོས་པའི་རྐྱེན་གྱིས་འབྲོག་པ་རང་ཉིད་དང་རང་གི་སྡེ་བའི་ཁོར་ཡུག་ལ་གནོན་སྐྱོན་ཐེབས་ཡོད་ན། གནོད་སྐྱོན་བཟོ་མཁན་ལས་ཁུངས་དེས་ཁྲིམས་ལྟར་ཁོར་ཡུག་སླར་གསོ་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལྟར་ཁོར་ཡུག་ལ་གནོད་སྐྱོན་བཟོས་མཁན་གྱི་ལས་ཁུངས་དེ་མྱུར་ཏུ་སྒོ་བརྒྱབ་ནས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཡོད་པ་སླར་གསོ་བྱེད་དུ་འཇུག་དགོས།[ 第二十一条 关闭矿山,必须提出矿山闭坑报告及有关采掘工程、不安全隐患、土地复垦利用、环境保护的资料,并按照国家规定报请审查批准。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]
གཏེར་ཁ་སྒོ་བརྒྱབ་ནས་འགྲོ་དུས་ལས་ཁུངས་གང་དེས་ཁོར་ཡུག་ལ་གནོད་སྐྱོན་ཅུང་ཟད་ལས་ཐེབས་མེད་ནའང་སླར་གསོ་བྱེད་དགོས། དཔེར་ན། དོང་ཁ་བསུབས་ཡོད་པ། བདེ་འཇགས་ལ་ཉེན་ཁ་མེད་པ་བཟོས་ཡོད་པ། ས་སླར་ཡང་བེད་སྤྱོད་ཐུབ་པ་བྱས་ཡོད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུ་ཆ་ཡོད་པ་སོགས་ལ་བརྟེན་ནས་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ནས་གཏེར་ཁ་སྒོ་བརྒྱབ་ན་ཆོག་པའི་ཆོག་མཆན་ལེན་ཡོད་དགོས།[ 第二十一条 关闭矿山,必须提出矿山闭坑报告及有关采掘工程、不安全隐患、土地复垦利用、环境保护的资料,并按照国家规定报请审查批准。] འབྲོག་པ་ཚོས་ཀྱང་གཏེར་ཁ་བརྐོ་མཁན་ལས་ཁུངས་ཀྱིས་གཏེར་ཁ་བརྐོས་ཤུལ་སླར་གསོ་ཡག་པོ་བྱས་མེད་པའི་གནས་ཚུལ་དེ་འདྲ་ཡོད་པ་མཐོང་ཐོས་བྱུང་ན་འབྲེལ་ཡོད་ལས་ཁུངས་ལ་ཁྲིམས་ལྟར་ཞུ་གཏུགས་དང་། རྩྭ་ཐང་སླར་གསོ་མ་བྱས་ཚུན་ཆད་དུ། ཁྲིམས་གཏུགས་བྱེད་རྒྱུ་གལ་ཆེ། ས་གནས་འགོ་ཁྲིད་རེ་གཉིས་དང་གཏེར་བརྐོ་མཁན་གཉིས་ངན་འབྲེལ་གྱིས་འབྲོག་པའི་ཁེ་ཕན་ལ་གནོད་སྐྱོན་བཟོས་ནས། ས་གནས་ནས་ཐབས་མ་ཡོད་ན། གོང་རིམ་ལ་ཞུ་གཏུགས་དང་། ཡང་ན་གསར་འགྱུར་དང་དྲ་གནས་བེད་སྤྱད་དེ་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཆོག མ་ཟད་ཁྲིམས་དང་མཐུན་པའི་སྒོ་ནས་རང་གི་ཁེ་དབང་ཐབས་ལམ་འདྲ་མིན་ལ་བརྟེན་ནས་སྲུང་རྒྱུ་ནི་དེང་རབས་སྤྱི་ཚོགས་ཀྱི་འགྲོ་ཕྱོགས་ཤིག་རེད་ལ། ཁྲིམས་ནའང་ཡོད་པའི་དབང་ཆ་ཞིག་རེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་>>ཀྱི་དོན་ཚན་དྲུག་པའི་ནང“ལས་ཁུངས་དང་མི་སྒེར་སུ་ཡིན་ནའང་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་ཡོད་པ་མ་ཟད། ལས་ཁུངས་དང་མི་སྒེར་སུ་ཞིག་གིས་ཁོར་ཡུག་ལ་གནོད་འཚེ་བཟོས་ན་དེ་ཉེས་འདོན་དང་ཞུ་གཏུག་གི་དབང་ཆ་ཡོད་”[ 《中华人民共和国环境保护法》 第一章 第六条 一切单位和个人都有保护环境的义务,并有权对污染和破坏环境单位和个人进行检举和控告。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར་བ་ཡིན།]ཅེས་བཀོད་འདུག ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དེའི་ནང་ས་ཆུ་གཉིས་ལ་གནོད་སྐྱོན་དང་སྦགས་བཙོག་བཟོས་མི་ཆོག་པའི་སྐོར་གྱི་ཐད་“སྲིད་གཞུང་རིམ་པས་ཁོར་ཡུག་སྲུང་སྐྱོབ་ལ་ངེས་པར་ཏུ་ཤུགས་སྣོན་བྱེད་དགོས། ས་རྒྱུ་སྦགས་བཙོག་དང་། ས་ཞིང་བྱེ་ས་ཅན། བ་ཚ་ཅན། རྒྱུ་སྤུས་ཞན་པ། ན་འདམ་ཅན་དུ་བསྒྱུར་བ། ས་ངོས་ཞོམ་པ་དང། སྤང་ཤུན་ལ་གནོད་པ། ས་ཆུ་ཤོར་བ་དང་། ཆུ་འགོ་ཉམས་པ། སྐྱེ་དངོས་འབྱུང་རྩ་ཉམས་པ་འགོག་པ་དང་། གཞན་པའི་སྐྱེ་ལུགས་དོ་མི་མཉམ་པ་འབྱུང་བའི་སྣང་ཚུལ་བྱུང་བའམ་འཕེལ་རྒྱུས་སུ་འགྲོ་བ་དང་། རྩི་ཤིང་ལ་ནད་འབུ་མི་འབྱུང་བ་ཕྱོགས་ཡོངས་ནས་འགོག་དགོས། རྫས་ལུད་ལུགས་མཐུན་སྤྱོད་པ། ཁོར་ཡུག་ལ་གནོད་པའི་གནོད་པ་གཞན་པ་དག་ཀྱང་འགོག་དགོས་”[ 《中华人民共和国环境保护法》第二十条 各级人民政府应当加强对农业环境的保护,防治土壤污染、土地沙化、盐渍化、贫瘠化、沼泽化、地面沉降和防治植被破坏、水土流失、水源枯竭、种源灭绝以及其他生态失调现象的发生和发展,推广植物病虫害的综合防治,合理利用化肥、农药及植物生长激素。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར་བ་ཡིན།
]ཞེས་བཀོད་ཡོད་ལ། མ་ཟད་ཁྲིམས་དེའི་ནང་མུ་མཐུན་དུ་ཁོར་ཡུག་ལ་གློག་དང་རྫས་འགྱུར་གྱིས་གནོད་པ་བཟོ་མི་ཆོག་པའི་སྐོར་ལ་“ཁོར་ཡུག་ལ་སྦགས་བཙོག་བཟོས་པ་དང་སྤྱི་ལ་གནོད་རྐྱེན་བཟོས་པའི་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ངེས་པར་ཏུ་ལས་ཀའི་འཆར་གཞིའི་ནང་དུ་འཇོག་དགོས་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་འགན་ཁུར་གྱི་འགྲིག་ལམ་བཟོ་དགོས། ཐོན་སྐྱེད་འཛུགས་སྐྲུན་དང་གཞན་པའི་ལས་འགུལ་ཁྲོད་དུག་རླངས་དང་། བཙོག་ཆུ། སྙིགས་རོ། ཐལ་རྡུལ། རླངས་པ་དྲི་ངན་ཅན། འཕྲོ་བའི་རང་བཞིན་ལྡན་པའི་དངོས་པོ་དང་འུར་ཟིང་སུན་སྒྲ། གློག་ཁབ་ལེན་གྱི་རླབས་ཕྲེང་སོགས་ཀྱིས་ཁོར་ཡུག་ལ་སྦགས་བཙོག་དང་གནོད་པ་བཟོ་བ་འགོག་དགོས། ”[ 《中华人民共和国环境保护法》第二十四条 产生环境污染和其他公害的单位,必须把环境保护工作纳入计划,建立环境保护责任制度;采取有效措施,防治在生产建设或者其他活动中产生的废气、废水、废渣、粉尘、恶臭气体、放射性物质以及噪声振动、电磁波辐射等对环境的污染和危害。བོད་ཡིག་ལ་སྒྲོལ་མ་སྐྱབས་ཀྱིས་བསྒྱུར་བ་ཡིན།]ཞེས་བསྟན་ཡོད། གོང་གི་དོན་ཚན་གཉིས་པོ་ལ་ལྟོས་དང་གཏེར་ཁ་བསྔོག་འདོན་བྱེད་མཁན་གཞུང་དང་གཞུང་མ་ཡིན་པའི་ལས་ཁུངས་སུ་ཡིན་ནའང་དེ་འདྲ་བའི་གནོད་སྐྱོད་དང་སྦགས་བཙོག་བཟོ་མི་ཆོག་པ་དང་། གལ་ཏེ་དེ་འདྲ་བཟོས་ན་ཁྲིམས་གཏུགས་བྱས་ཏེ་རང་གི་ཁེ་དབང་སྲུང་དགོས། རྒྱ་ནང་ན་མི་སེར་གྱིས་རང་གིས་འབད་བརྩོན་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ཐད་རྒྱལ་ཁ་བླངས་དང་ལེན་བཞིན་པ་དག་ནི་མཉམ་མྱོང་ཞིག་ཡིན་པ་དང་། ང་ཚོ་ཡང་ལམ་ཁ་དེ་འདྲ་ལ་མ་སོང་ན་ནམ་ཡང་ཁེ་དབང་སྲུང་སྐྱོབ་ཐད་ལ་ཡར་རྒྱས་ཡོད་མི་སྲིད། དེའི་ཕྱིར། ནམ་ཡང་ཁྲིམས་ནི་ཤི་བོ་དང་། ཁྲིམས་ལ་རེ་ས་མེད་ཟེར་ནས་མི་འདུག་པར་ཁྲིམས་ལ་རེ་བ་བཞག་སྟེ། ས་གནས་ཁེ་དབང་སྒེར་སྤྱོད་པའི་དབང་ཆ་ལ་རྒོལ་བ་བྱེད་དགོས།

དགུ། འབྲོག་པ་ལ་རྩྭ་ཐང་བདག་སྐྱོང་གི་འོས་འགན་ཡོད།
འབྲོག་པ་ཉུང་ཤས་ཤིག་གིས་རྩྭ་ཐང་བེད་སྤྱོད་ཚད་ལས་བརྒལ་བ་དང་། རྩྭ་ཐང་ལ་བདག་སྐྱོང་ཡག་པོ་བྱེད་ཀྱིན་མེད་པའི་གནས་ཚུལ་རེ་གཉིས་འདུག རྩྭ་ཐང་གི་ཁྲིམས་ལྟར་ན། རྩྭ་ཐང་བདག་སྐྱོང་ཡག་པོ་བྱེད་དགོས་པ་མ་ཟད། ཐ་ན་ལུག་གི་རིམ་མ་དང་ནོར་གྱི་ལྕི་བ་སོགས་ཀྱང་རྩྭ་ཐང་གི་ས་ཤུན་གྱི་རྐང་རྩ་ཇེ་བཟང་ཕྱོགས་ལ་བཀོལ་དགོས་པའི་འོས་འགན་ཡོད་འདུག <<བབ་བསྟུན་བཅོས་བསྒྱུར་ཀྱི་གཏན་འབེབས།>>དོན་ཚན་བཅུ་བ་ལས། “རྩྭ་ཐང་བདག་གཉེར་འགན་གཙང་ལེན་བྱེད་མཁན་ནམ་བེད་སྤྱོད་བྱེད་མཁན་གྱིས་ལུགས་མཐུན་སྒོས་ལྕི་བ་དང་རིལ་མའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། རྩྭ་ཐང་གི་རང་བྱུང་ས་བཅུད་རང་གྲུབ་སླར་གསོ་ཡོང་བར་སྐུལ་འདེད་དང་། ས་རྒྱུ་གཤིན་པོར་འོང་བར་ཤུགས་སྣོན་བྱ་དགོས་”ཞེས་བཀོད་འདུག ད་ལྟའི་འབྲོག་པའི་རྩྭ་ས་སྤྱོད་དབང་གི་ལོ་ཚད་ལོ་འཁོར༥༠ཡིན་ནའང་། ལོ་ལྔ་བཅུའི་རྗེས་ན་ང་ཚོ་ས་འདི་ན་མི་འདུག་ཟེར་ཐབས་མེད་པ་བཞིན། ད་ལྟ་རང་གི་རྩྭ་ས་ལ་བདག་གཉེར་ཡག་པོ་བྱས་པ་ནི་རང་གི་བུ་རབས་ཚ་རྒྱུད་ལ་འགན་ཁུར་བའི་ལས་ཀ་ཞིག་ཡིན་པ་ཤེས་རྒྱུ་གལ་ཆེ།

བཅུ། ཅི་ཞིག་ལ་རྩྭ་ཐང་གི་ངོ་བོ་བསྒྱུར་བར་ཁྲིམས་ཀྱི་གོ་རིམ་བརྒྱུད་དགོས་ཤེ་ན།
ད་ལྟ་ཁུལ་དང་རྫོང་རིམ་པས་སྡེ་བའམ་ཡང་ན་འབྲོག་པའི་ལག་ནས་རྩྭ་ཐང་གཞུང་གི་འཛུགས་སྐྲུན་གྱི་དགོས་མཁོའི་ཆེད་ཡིན་ཟེར་ནས། སྡེ་བའམ་འབྲོག་པའི་ལག་ནས་རྩྭ་ཐང་ལ་སྐྱིན་གསབ་ཀྱི་དངུལ་སྟེར་ནས་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་དང་བསྒྱུར་བཞིན་པ་ཁྲིམས་མཐུན་ཡིན་མིན་དེ་རྩྭ་བ་ཞིག་རེད་མ་གཏོགས། རྩྭ་ཐང་གཞུང་གི་འཛུགས་སྐྲུན་གྱི་དགོས་མཁོ་ལ་མི་གཏོང་བའི་དབང་ཆ་སྡེ་བ་དང་འབྲོག་པ་ཚོ་ལ་མེད་མོད། དེ་ན་གཞུང་གིས་ཁྲིམས་ལྟར་རྩྭ་ཐང་འཛུགས་སྐྲུན་ལ་བསྒྱུར་བའི་གོ་རིམ་བརྒྱུད་ཡོད་མེད་ལ་ལྟ་རྒྱུ་དེ། མི་སེར་གྱིས་རང་གི་ཁེ་དབང་སྲུང་བྱེད་ཀྱི་གནད་རེད། རྩྭ་ཐང་ཁྲིམས་ལྟར་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བ་ལ་ས་གནས་སྲིད་གཞུང་གིས་འཆར་འགོད་བཟོ་བ་དང་། ཐོ་བཀོད་པ། འབྲོག་པ་ལ་བསམ་འཆར་ལེན་པ། གཞུང་གི་གསང་བ་དང་མ་འབྲེལ་བའི་སྐོར་ཕྱི་ལ་ཁྱབ་བསྒྲགས་བྱེད་པ། ས་གནས་མི་དམངས་འཐུས་མིའི་སྐུ་ཚབ་ཀྱི་ཞིབ་གྲོས་བསམ་འཆར་ལེན་པ་སོགས་བྱེད་དགོས་ལ། དེ་དག་གཞུང་དམངས་གཉིས་ཀྱིས་འབྲེལ་ཡོད་ཁྲིམས་ལྟར་ཕྱི་གསལ་ནང་གསལ་དང་། ལྐོག་ཟ་རུལ་སུངས་དང་མ་འབྲེལ་བར་ཁྲིམས་ལྟར་གོ་རིམ་སྐྱོང་གི་ཡོད་མེད་ལ་ལྟ་དགོས། འབྲོག་པ་ཚོས་ཁུལ་རིམ་པ་དང་། རྫོང་རིམ་པ་སོགས་ཀྱིས་ཅི་ཟེར་ཁོ་ན་ལ་མི་ཉན་པར། སྲིད་འཛིན་རིམ་པ་དེ་དག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལྟར་རྩྭ་ཐང་ཕྱུགས་ལས་གཉེར་ས་ནས་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བའི་གོ་རིམ་ཁྲིམས་ལྟར་བསྒྲུབས་ཡོད་མེད་ལ་ལྟ་རྒྱུ་འབྲོག་པ་རང་ཉིད་ཀྱི་ཁེ་དབང་སྲུང་བྱེད་ཀྱི་གནད་འགག་ཉག་གཅིག་པོ་རེད། དེ་ན་རྩྭ་ཐང་རྩྭ་ཐང་ནས་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བར་མ་མཐའ་ཡང་གཤམ་གྱི་ཆ་རྐྱེན་དག་ཚང་ཡོད་མེད་ལ་ལྟ་དགོས།
ད་ལྟའི་རྔ་བ་ཁུལ་གྱི་འབྲོག་སྡེ་ཚང་མ་ཞིང་དང་། གྲོང་རྡལ་གྱི་སྲིད་འཛིན་མངའ་ཁུངས་ན་ཡོད། ཞང་དང་གྲོང་རྡལ་རྒྱ་བསྐྱེད་[ ཞང་དང་གྲོང་རྡལ་རྒྱ་བསྐྱེད་ཟེར་བ་ནི། ཞང་དང་གྲོང་རྡལ་གྱི་སྤྱི་ལ་ཁེ་བའི་འཛུགས་སྐྲུན་ལ་གོ་དགོས། དཔེར་ན། སྨན་ཁང་། སློབ་གྲྭ སྤྱོད་ཁང་། འདུག་ས་སོགས། ]གཏོང་བ་དང་། ཡང་ན་རྒྱལ་ཁབ་རིམ་པའི་འཛུགས་སྐྲུན་ཆེད་དུ་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་དགོས་ན་ཐོག་མར་ལས་ཁུངས་སུ་ཡིན་ནའང་། རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བའི་འཆར་འགོད་ཡོད་དགོས་པ་མ་ཟད། འཆར་འགོད་དེ་ལ་མ་མཐའ་ཡང་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས།>>ནང་གི་གཤམ་གྱི་ཆ་རྐྱེན་དག་ཚང་དགོས།
ཡུལ་གྲོང་འཆར་འགོད་སྒྲིག་བཟོ་བྱེད་སྐབས། རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་རྩད་ཞིབ་དང་འཇལ་རིས། གནམ་གཤིས། ས་འགུལ། ཆུ་དཔྱད། ཁོར་ཡུག་སོགས་རྨང་གཞིའི་ཡིག་རིགས་ཚང་དགོས།
རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་ནས་ཡུལ་གྲོང་འཆར་འགོད་ཀྱི་སྒྲིག་བཟོའི་དགོས་མཁོ་ལ་བསྟུན་ཏེ། དུས་ཐོག་ཏུ་འབྲེལ་ཡོད་རྨང་གཞིའི་ཡིག་རིགས་འདོན་སྤྲོད་བྱ་དགོས། དོན་ཚན་ཉེར་ལྔ་ལས།
ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་ནས་ཡུལ་ཚོ་དང་གྲོང་སྡེའི་འཆར་འགོད་ལ་རྩ་འཛུགས་སྒྲིག་བཟོ་བྱས་ཏེ། གོང་རིམ་གྱི་མི་
དམངས་སྲིད་གཞུང་ལ་ཞིབ་མཆན་སྙན་ཞུ་མ་ཕུལ་སྔོན་ལ། སྡེ་དམངས་གྲོས་ཚོགས་སམ་ཡང་ན་སྡེ་དམངས་འཐུས་མིའི་ཚོགས་འདུའི་ཐོག་གྲོལ་མོལ་བྱས་ཏེ་མོས་མཐུན་བྱུང་བ་བརྒྱུད་དགོས། དོན་ཚན་ཉེར་གཉིས་པ་ལས།
ཡུལ་ཚོའི་འཆར་འགོད་དང་གྲོང་སྡེ་འཆར་འགོད་ནི་ཞིང་གྲོང་གི་འཚོ་བ་དངོས་ལ་གཞིགས་ཏེ། སྡེ་དམངས་ཀྱི་འདོད་བློ་ལ་བརྩི་འཇོག་
དང་། ས་ཆའི་ཁྱད་ཆོས་དང་ཞིང་གྲོང་གི་ཁྱད་ཆོས་འབུར་དུ་ཐོན་དགོས། དོན་ཚན་བཅོ་བརྒྱད་པ་ལས།
ཞིང་ཆེན་མངའ་ཁུལ་གྱི་ཡུལ་གྲོང་མ་ལག་འཆར་འགོད་དང་། གྲོང་ཁྱེར་སྤྱི་ཁྱབ་འཆར་འགོད། གྲོང་རྡལ་སྤྱི་ཁྱབ་འཆར་འགོད་བཅས་ལ་
ཆོག་མཆན་མ་བཀོད་སྔོན་དུ་ཞིབ་མཆན་ལས་ཁུངས་ནས། ཆེད་མཁས་དང་འབྲེལ་ཡོད་སྡེ་ཁག་རྩྭ་འཛུགས་བྱས་ཏེ་ཞིབ་དཔྱད་བྱེད་དུ་འཇུག་དགོས། དོན་ཚན་ཉེར་བདུན་པ་ལས།
ཡུལ་གྲོང་འཆར་འགོད་ཀྱི་ཞིབ་བཤེར་ཆོག་མཆན་མ་བཀོད་སྔོན་ལ། རྩྭ་འཛུགས་སྒྲིག་བཟོ་ལས་ཁུངས་ནས་ཁྲིམས་ལྟར་ཡུལ་གྲོང་འཆར་
འགོད་ཀྱི་འཆར་ཟིན་སྤྱི་བསྒྲགས་བྱེད་དགོས་པ་མ་ཟད། བགྲོ་གླེང་ཚོགས་འདུ་དང་གསན་ཞིབ་ཚོགས་འདུའམ་ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་ཆེད་མཁན་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། སྤྱི་བསྒྲགས་དུས་ཡུན་ཉིན་སུམ་བཅུ་ལས་ཉུང་མི་ཆོག
རྩྭ་འཛུགས་སྒྲིག་བཟོ་ལས་ཁུངས་ནས་ཆེད་མཁས་དང་མང་ཚོགས་ཀྱི་བསམ་འཆར་ལ་དགོངས་དཔྱད་གང་ལེགས་བྱེད་དགོས་པ་མ་ཟད། ཡར་ཕུལ་བའི་ཞིབ་མཆན་དཔྱད་གཞིའི་ཡིག་རིགས་ཀྱི་ཞར་བྱུང་དུ་བསམ་འཆར་དང་ལེན་བྱས་པའི་གནས་ཚུལ་དང་རྒྱུ་མཚན་གསལ་བོར་འགོད་དགོས། དོན་ཚན་ཉེར་དྲུག་པ་ལས།
ཡུལ་གྲོང་འཆར་འགོད་གཏན་ལ་འབེབས་པ་དང་ལག་ལེན་བྱེད་པ། འཆར་འགོད་མངའ་ཁོངས་སུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བ་
བཅས་ཡིན་ཚེ། ངེས་པར་དུ་བཅའ་ཁྲིམས་འདི་ལ་བརྩི་སྲུང་བྱེད། དོན་ཚན་གཉིས་པ་ལས།
ཁྲིམས་ལྟར་ཆོག་མཆན་ཐོབ་པའི་ཡུལ་གྲོང་གི་འཆར་འགོད་ནི་ཡུལ་གྲོང་འཛུགས་སྐྲུན་དང་འཆར་འགོད་དོ་དམ་གྱི་གཞི་འཛིན་ས་ཡིན་
པས། ཁྲིམས་བཀོད་ཀྱི་གོ་རིམ་མ་བརྒྱུད་པར་གང་བྱུང་གིས་བཟོ་བཅོས་བྱེད་མི་ཆོག ལེའུ་དང་བོའི་དོན་ཚན་བདུན་པའི་ལས།
རྩྭ་ཐང་བསྡུས་སྤྱོད་བེད་སྤྱོད་བྱས་པའི་ངོ་བོ། རྣམ་པ་དང་རྒྱ་ཁྱོན་ལྟར། རྩྭ་ཐང་བསྡུས་སྤྱོད་བཟུང་སྤྱོད་བྱས་པའི་རེ་ཞུ་བས་རྩྭ་ཐང་
གནས་ཡུལ་གྱི་རྫོང་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཡིག་ཐོ་རེ་ཞུ་འདོན་དགོས་ལ། གཤམ་གྱི་དབང་ཚད་ལྟར་བསྒྲུབ་དགོས་པ་སྟེ།
(གཅིག) གཏེར་ཁ་རྐོ་འདོན། ལས་གྲྭ་འཛུགས་སྐྲུན་དང་ལྗོངས་སྐོར་སྒྲིག་ཆས་བཟོ་སྐྲུན་སོགས་ཀྱིས་རྩྭ་ཐང་ཕྱུགས་ལས་ཐོན་སྐྱེད་མིན་པར་སྤྱོད་པའི་དགོས་གལ་ཆེ་ན། རྩྭ་ཐང་སྤྱི་ཆང་༣༠མན་ཆད་བསྡུས་སྤྱོད་དམ་བེད་སྤྱོད་བྱེད་དགོས་ན། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གི་རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་མོས་མཐུན་བརྒྱུད་རྗེས། ས་ཞིང་དོ་དམ་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་འཛུགས་སྐྲུན་སྤྱོད་ས་ཞིབ་མཆན་འགྲོ་ལུགས་བསྒྲུབ་དགོས་པ་མ་ཟད། ད་དུང་ཞིང་ཆེན་རྩྭ་ཐང་སྲིད་འཛིན་གཙོ་གཉེར་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།
རྩྭ་ཐང་སྲིད་འཛིན་གཙོ་གཉེར་སྡེ་ཁག་ནས་<<རྩྭ་ཐང་བསྡུས་སྤྱོད་བེད་སྤྱོད་ཞིབ་བཤེར་གཏན་འབེབས་མོས་མཐུན་ཡི་གི་>>དང་།
<<རྩྭ་ཐང་གནས་སྐབས་སུ་བཟུང་སྤྱོད་ཞིབ་མཆན་གནང་བའི་མོས་མཐུན་ཡི་གེ>>[ 《草原征用使用审核同意书》《草原临时占用审批同意书》阿坝藏族羌族自治州实施《四川省〈中华人民共和国草原法〉实施办法》的变通规定 第十四条 རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར་བ་ལྟར་རང་སོར་བཞག་ཡོད། ]ཟེར་བ་གཉིས་ལེན་དགོས།
ཁྲིམས་ཀྱི་དོན་ཆན་དེ་དག་གི་ནང་བསྟན་པ་ནི། གྲོང་རྡལ་ལམ་ཡང་ན་སྡེ་བ་སུ་ཞིག་ཡིན་ནའང་། རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བར་ཐོག་མར་སྲིད་འཛིན་སྡེ་ཁག་དེས་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་དགོས་པའི་འཆར་འགོད་འབྲི་དགོས་པ་རེད། ད་དུང་ཁྲིམས་འདིའི་ནང་གི་འཆར་འགོད་འདིས་“རྩད་ཞིབ་དང་འཇལ་རིས། གནམ་གཤིས། ས་འགུལ། ཆུ་དཔྱད། ཁོར་ཡུག་”སོགས་ཀྱི་ཐད་ལ་འདང་ཕོག་ཡོད་པ་དང་། ཡང་ན་འཆར་འགོད་འདིས་གོང་གི་གཙོ་གནད་དག་ལ་གནས་ལུགས་ལྡན་པའི་དཔྱད་ཞིབ་བྱས་ཡོད་མེད་ལ་ལྟ་དགོས། ཆེད་མཁས་ཀྱི་བསམ་འཆར་ལེན་དགོས་ཟེར་བ་དེ་ནི། ཆེད་མཁས་དེ་དག་གིས་ཀྱང་ཡུལ་གྲོང་འཆར་འགོད་ཐད་ལ་བསམ་འཆར་དྲང་མོ་བཤད་ཡོད་མེད་དང་། བདེན་པ་བྲིས་ཡོད་མེད་ལ་མི་སེར་རང་གིས་ལྟ་དགོས་པ་མ་ཟད། ཡང་ན་ཁྲིམས་ལུགས་མཁས་པ་གཞན་དང་འབྲེལ་ཡོད་ཆེད་མཁས་གཞན་ལ་འདྲི་རྩད་བྱེད་ཀྱང་ཆོག་པ་རེད། ད་རུང་ཁྲིམས་ཀྱི་དོན་ཚན་དེ་དག་གི་ནང་གལ་ཆེ་བ་ཞིག་ནི་མི་སེར་གྱི་བསམ་འཆར་བླངས་ཡོད་མེད་དང་། ཡང་ན་མི་སེར་གྱི་བསམ་འཆར་ལ་བརྕི་འཇོག་བྱས་ཡོད་མེད་དང་། ཡང་ན་མི་སེར་གྱི་འཐུས་ཚབ་རྩྭ་ཐང་འཛུགས་སྐྲུན་ས་ལ་བསྒྱུར་བར་འཐད་པ་ཡོད་མེད་སོགས་རེད།
སྲིད་འཛིན་སྡེ་ཁག་དག་གིས་སོ་སོས་དབང་ཚད་ལྟར་ཁྲིམས་ཀྱི་གོ་རིམ་བརྒྱུད་ནས་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་དགོས་པ་ལས། སྲིད་འཛིན་ལས་ཁུངས་ཡིན་པ་ཙམ་དང་། འགོ་ཁྲིད་མཐོན་པོ་ཡིན་པ་ཙམ་གྱིས་འབྲོག་པའི་ལག་གི་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བ་དང་། ཡང་ན་ཡུལ་སྐོར་ཚོང་ལས་བྱེད་ཡུལ་ལ་བསྒྱུར་མི་ཆོག་པའམ། ཡང་ན་བསྒྱུར་བའི་ཐོབ་ཐང་དང་དབང་ཆ་ཡོད་པ་མ་རེད།
གཞན་གྱིས་ཅི་ཟེར་ཁོ་ན་ལ་ཉན་ནས་མི་འདུག་པ་ཕྱོགས་ཡར་མར་ལ་བསམ་བློ་འདྲ་མིན་གཏོང་རྒྱུའང་གལ་ཆེན་ཡིན། ང་ཚོའི་གོམས་གཤིས་ལ་འགོ་ཁྲིད་ཟེར་ཡོང་དུས་ཁོས་བཤད་པ་ཁྲིམས་ཡིན་པའི་འདུ་ཤེས་ཞིག་ང་ཚོའི་ཁྲག་དང་རྐང་ལ་འཐིམ་ནས་ཡོད། དེ་འགྲིག་གི་མེད། འགོ་ཁྲིད་ཁྲིམས་མ་རེད། འགོ་ཁྲིད་ཟེར་བ་ཁྲིམས་ལྟར་ལས་ཀ་བྱེད་མཁན་ཞིག་ཡིན་དགོས། ཁོ་ལ་ཁྲིམས་ལྟར་ལས་ཀ་ལས་དགོས་པའི་འོས་འགན་ལས་འབྲོག་པའི་ལག་ནས་ས་ལེན་ཆོག་པའི་དམིགས་བསལ་གྱི་དབང་ཆ་དེ་འདྲ་ཡོད་པ་མ་རེད། གང་ལྟར་འབྲོག་པ་ཞིག་ཡིན་ཕྱིན་ཤེས་དགོས་པ་ཞིག་ནི། རྫོང་རིམ་པའམ་ཡང་ན་གྲོང་རྡལ་དང་སྡེ་བ་རིམ་པའི་འགོ་ཁྲིད་ཅིག་གིས་ཉིན་ཞིག་གློ་བུར་ཏུ་ཚོགས་འདུའི་སྟེང་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་དགོས་ཟེར་ཡོང་དུས། ང་ཚོས་ཐོག་མར་ཁོ་ཚོ་ལ་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་བའི་འཆར་འགོད་སྟོན་ཤོག་ཅེས་ལབ་དགོས་ལ། ད་དུང་འཆར་འགོད་དེས་འབྲོག་པ་རང་གི་ཁྲིམས་མཐུན་གྱི་དབང་ཆར་གནོད་པ་ཐེབས་ཡོད་མེད་ལ་དཔྱད་དགོས། འབྲོག་པ་ལ་སྤྱོད་དབང་ཡོད་པའི་རྩྭ་ཐང་ལྐོག་ཟ་རུལ་སུངས་དང་། ཁེ་ལས་པ་སྐོར་ཅིག་གིས་ཁོ་ཚོའི་ཁེ་ཕན་ཁོ་ནའི་ཆེད་དང་། ཡང་ན་ས་གནས་རིམ་པའི་འགོ་བ་དང་ཁེ་ཚོང་བས་ཕྱི་ནང་ངན་འབྲེལ་བྱས་ཏེ་རྩྭ་ཐང་འཛུགས་སྐྲུན་གྱི་ས་ལ་བསྒྱུར་མི་ཆོག་པ་དང་། གལ་སྲིད་སྡེ་བ་ཐུན་མོང་ལ་སྤྱོད་དབང་ཡོད་པའི་རྩྭ་ས་གོང་རིམ་འགོ་བ་དང་ཁེ་ཚོང་བ་དག་གིས་མི་དམངས་མང་ཕྱོགས་ཀྱི་བསམ་འཆར་མེད་པར་རྩྭ་སའི་ངོ་བོ་གཞན་ལ་བསྒྱུར་བ་འདི་གཅིག་པོའི་ཐད་ནས་བཤད་ན་ཁྲིམས་འགལ་རེད། དེ་ལས་གཞན་འཆར་འགོད་དེ་ལ་གནས་ལུགས་ཡོད་ནའང་འབྲོག་པ་རང་གི་ཁེ་ཕན་ལ་གཞིགས་ཏེ་བསམ་འཆར་བཤད་ཆོག་པ་མ་ཟད། གལ་ཏེ་རྫོང་རིམ་པའམ། ཡང་ན་གྲོང་རྡལ་དང་སྡེ་བ་རིམ་པའི་འགོ་ཁྲིད་ཀྱིས་བཙན་གྱིས་འབྲོག་པ་ཚོ་ལ་འཐད་ན་འཐད་དགོས་ལ། མི་འཐད་ནའང་འཐད་དགོས་ལབ་ཡོང་དུས། འབྲོག་པ་མི་གཅིག་གམ་ཡང་ན་ཁ་ཤས་ཀྱིས་འགོ་བ་དེ་དག་མི་དམངས་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱེད་ཆོག་པ་[ 第九条 任何单位和个人都应当遵守经依法批准并公布的城乡规划,服从规划管理,并有权就涉及其利害关系的建设活动是否符合规划的要求向城乡规划主管部门查询。
任何单位和个人都有权向城乡规划主管部门或者其他有关部门举报或者控告违反城乡规划的行为。城乡规划主管部门或者其他有关部门对举报或者控告,应当及时受理并组织核查、处理。《中华人民共和国城乡规划法》(2007年10月28日第十届全国人民代表大会常务委员会第三十次会议通过)གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]རེད། འབྲོག་པ་ཚོ་གྱོད་བཤད་ལ་དགའ་བའི་གཤིས་ཀ་དེ་དེང་རབས་ཀྱི་ཁྲིམས་གཏུགས་སྟེང་ལ་བསྒྱུར་ན་ཡག་པོ་རེད། ད་ལྟའི་གྱོད་བཤད་ནི་ང་ཚོ་རང་གི་གྱོད་བཤད་ལྟ་བུ་ཞིག་མ་ཡིན་པར་གྱོད་བཤད་དེ་ལ་ཁྲིམས་ཀྱི་གཞི་འཛིན་ས་དང། དཔེ་ལ་སྦྱར་ཏེ་ཞིབ་བཤད་བཤད་ཐུབ་པའི་སྐད་ཆ་དང་རིག་པའི་ནུས་སྟོབས་ཡོད་དགོས།

བཅུ་གཅིག པེ་ཅིན་གྱི་ཞིང་བས་ཞིང་ས་རི་མོ་བ་ལ་བཙོང་བའི་གྱོད་གཞི།
༢༠༠༢ལོ་རི་མོ་བ[ 李玉兰]ཞིག་གིས་པེ་ཅིན་གྲོང་མཐའི་སྡེ་བའི་[ 北京通州区宋庄镇]ཞིང་བ་[ 马海涛]ཞིག་གི་ལག་ན་མུའུ་གྲུ་བཞི་མ་391.28ཡོད་པའི་ཁང་བ་ཞིག་ལ་སྒོར་ཁྲི་4.5བྱིན་ནས་ཉོས། ཡིན་ནའང་༢༠༠༧ལོ་ཁང་རིན་ཡར་འཕར་བའི་སྐབས་དང་བསྟུན་ནས་ཞིང་བས་ཁྲིམས་ཁང་ལ་ཁོང་གཉིས་ཀྱི་གན་རྒྱ་མེད་པར་གཏོང་དགོས་པའི་རེ་འདུན་ཞུས་པ་རེད། པེ་ཅིན་གྲོང་ཁྱེར་གྱི་ཁྲིམས་ཁང་གཉིས་པས་སྡེ་བའི་སྡེ་མིས་ཁང་ས་གྲོང་ཁྱེར་བ་ལ་བཙོང་ན་མི་ཆོག་པའི་ཁྲིམས་གཞི་བཟུང་ནས་རི་མོ་བ་དང་ཞིང་བ་གཉིས་ཀྱི་ཁང་བ་ཉོ་ཚོང་ནུས་མེད་དུ་བཏང་བ་རེད། འདིར་ནུས་མེད་དུ་བཏང་བ་ཟེར་བ་ནི་ཁྲིམས་འགལ་ཡིན་པ་ཐག་བཅད་པའམ། ཡང་ན་དེ་ལྟ་བུའི་ཉོ་ཚོང་བྱེད་མི་ཆོག་པ་ལ་གོ་དགོས། ༢༠༠༧་ལོའི་ཟླ་༩བའི་ཚེས་༢༦རྩོད་གཞི་འདི་ལ་ཡང་བསྐྱར་ཁྲིམས་རྩོད་བྱས་པ་རེད། ཡིན་ནའང་ཞིང་བས་རི་མོ་བ་ལ་སྐྱིན་གསབ་ཐད་ཀྱི་ཐག་གཅོད་ཕྱི་ལ་བསྒྲགས་མེད་མོད། རི་མོ་བའི་ཁྲིམས་རྩོད་པ་ཡིས་བཤད་ན་རི་མོ་བ་ལ་ཁྲི་ཉི་ཤུ་ནས་སུམ་ཅུའི་བར་གྱི་སྐྱིན་གསབ་བྱིན་ས་རེད་[ 2008年10月16日08:35 来源:《中国青年报》གསར་འགྱུར་ཁ་བྱུང་། 北京宋庄画家村买卖农民房案将开庭]ཅེས་གསར་འགོད་པ་བཤད་འདུག
དཔེ་འདི་ལས་ས་ཉོ་མཁན་ཡིན་ནའང་ཞིང་བ་དང་འབྲོག་པའི་ཁང་ས་ཉོས་ན་ཉེན་ཁ་ཆེ་བ་དང་། དེ་ཉོས་ན་ཁྲིམས་ཀྱི་ཐད་ན་ཁག་ཐེག་མེད་པ་ཤེས་དགོས། ཞིང་བ་དང་འབྲོག་པ་ཚོ་ཡིན་ནའང་རིན་གོང་སླ་མོ་བྱས་ནས་ཕར་བཙོང་ཟིན་པ་ཉིན་ཞིག་རིན་གོང་མཐོན་པོའི་སྐྱིན་གསབ་འཇལ་ནས་ཕྱིར་ལེན་མི་དགོས་པའི་ངེས་པ་མེད། ཞིང་བ་དང་འབྲོག་པའི་ཁང་ས་ཙམ་བཙོང་བ་ལ་རྙོག་གྲ་དང་དཀའ་ངལ་འདི་འདྲ་ཆེ་ན། རྩྭ་ས་དང་ཞིང་ས་ཉོ་ཚོང་བྱས་ན་གནད་དོན་དང་དཀའ་ངལ་དེ་ལས་ཆེ་བར་འཕྲད་པར་གདོན་མི་ཟ་བས། ད་ཕྱིན་ཆད་ནས་དེ་འདྲ་མི་བྱེད་པ་དང་། བྱས་ཟིན་པ་ནང་གྲོས་དང་སྒེར་གྱི་ཐབས་ལམ་ལ་བརྟེན་ནས་ཐག་གཅོད་ཐུབ་ན་ཡག་པོ་རེད།

བཅུ་གཉིས། སྲིད་གཞུང་དང་དགོན་སྡེ་ལ་རེ་སྐུལ།
ཁྲིམས་ཀྱི་ནང་ན་རྩྭ་ཐང་བདག་གཉེར་བྱས་པ་བཟང་བོ་དག་ལ་བསྟོད་པ་དང་བྱ་དགའ། རྩྭ་ཐང་གཏོར་བརླག་བྱ་མཁན་དག་ལ་ཆད་པ་བབས་ཡོད་པ་ལག་བསྟར་བྱས་ན་རྩྭ་ཐང་གི་རྐང་རྩ་ཡུན་རིང་གནས་པ་ལ་ཕན་ཐོགས་ཡོད། ཁྲིམས་དེ་དག་ལག་བསྟར་བྱས་ན་རྩྭ་ཐང་གི་བདག་གཉེར་དང་སྲུང་སྐྱོབ་ལ་ཁག་ཐེག་བྱེད་ཐུབ། ཁུལ་དང་རྫོང་རིམ་པ་ནས་དེ་ལྟར་མི་བྱེད་ནའང་། སྡེ་བ་ནང་ཁུལ་དང་། དགོན་སྡེ་ཁག་ནས་ཀྱང་འབྲོག་པ་རྩྭ་ཐང་ལ་བདག་བྱེད་མཁན་བཟང་བོ་དག་ལ་བསྟོད་པ་དང་། རྩྭ་ཐང་གཏོར་བརླག་མཁན་ལ་ཆད་པ་ཡོད་པའི་ལམ་ལུགས་འཛུགས་ཐུབ་ན་སྲ། རང་རེའི་བོད་ཀྱི་ཁ་དཔེ་ལ། བཟང་བོར་བཟང་མ་ཟེར་ན་བཟང་ཇེ་དཀོན་དང་། ངན་པར་ངན་མ་ཟེར་ན་ངན་ཇེ་མང་གི་དཔེ་བཞིན་ཡིན་ནོ།།

བཅུ་གསུམ། མཇུག་གཏམ།
ད་ལྟ་བོད་ན་རྒྱ་ནང་གི་བཤད་ཚུལ་ལྟར་ཁྲིམས་ནི་ཤི་བོ་དང་། མི་ནི་གསོན་པོ་རེད་ཟེར་ནས་ཡོད་ཚད་འབྲེལ་བ་ཡོད་མེད་ཀྱིས་ཐག་གཅོད་ནས་འགྲོ་བཞིན་ཡོད། འདི་ལྟའི་སྐབས་སུ་འབྲོག་པ་ཚོ་ལ་གྲོང་ཁྱེར་ན་མི་འབྲེལ་མེད་པས་ཁྲིམས་ཤི་བོ་དེ་ལ་མི་བརྟེན་ཐབས་མེད་དང་། ཁྲིམས་ཤི་བོ་དེ་ལ་བརྟེན་ནས་རང་ས་མ་སྲུང་ན་དེ་ལས་ཐབས་ཤེས་མེད་པ་ལྟ་བུ་ལ་ཐུག་ཡོད།
མ་འོངས་ཡིན་ན་བོད་ཡུལ་ལ་ཡུལ་སྐོར་ཡོང་མཁན་ཇེ་མང་ཡིན་སྲིད་པས་ཡུལ་སྐོར་དར་ཁྱབ་ཆེ་སའི་སྡེ་བ་ཚོས་ཐུན་མོང་གི་རྩྭ་ས་ད་ཡོད་ཀྱི་རྩྭ་སའི་ཁྲིམས་ལྟར་ཁེ་ལས་འདྲ་མིན་ལ་སྤྱོད་ཅི་ཐུབ་བྱས་ན་བཟང་། གལ་ཏེ་རང་སྡེས་རང་སྐྱ་ཐུབ་པས་ཡུལ་སྐོར་གྱི་ཚོང་ལས་གཉེར་མི་ཐུབ་ནའང་། རྩྭ་སའི་བདག་དབང་དང་ངོ་བོ་མ་བསྒྱུར་བའི་སྒོ་ནས་གཞན་དང་མཉམ་འབྲེལ་གྱི་ཚོང་ལས་འདྲ་མིན་གཉེར་ཐུབ་པའི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན།
ད་ལྟ་རྩྭ་སའི་བདག་དབང་རྒྱལ་ཁབ་ཀྱི་ཡིན་ནའང་རྒྱལ་ནང་གི་མཁས་པ་ཚོས་[ 北京大学国家发展研究院教授周其仁: 土地是农民主要的资本。中国农民虽然穷,但占用的资源(土地)却不少。如果理顺体制,农民会富起来。要让土地流转起来,就要全面确权,确权到户。
确权之后,农民有了产权,才能发挥主观能动性,自己做合理的判断及交易,如抵押土地以换取资金 【财新网】(见习记者 王力为)]རྩྭ་སའི་བདག་དབང་མི་སེར་ལ་སྤྲོད་དགོས་པའི་འབོད་སྐུལ་ཇེ་མང་ལ་འགྲོ་བཞིན་ཡོད་པས་མ་འོངས་པ་ཡིན་ན་ད་རུང་རྩྭ་སའི་བདག་དབང་དེ་གང་ཞིག་ཡིན་མིན་མི་ཤེས་པས་འབྲོག་པ་ཚོས་ད་ལྟ་རང་སྡེ་ལ་བབས་འདུག་པའི་རྩྭ་སར་བདག་ཡག་པོ་བྱེད་ཤེས་ན་དེ་ནི་སྒོར་མོ་དངུལ་ཁང་ལ་བཞག་པ་ལས་བཟང་ཡིན་ནོ།། སྒོར་མོའི་རིན་གོང་ལོ་རེ་བཞིན་འཕར་མི་སྲིད་མོད། ས་གོང་ལོ་རེ་བཞིན་འཕར་ནས་འགྲོ་བཞིན་པ་མིག་མཐོང་ལག་ཟིན་རེད།
༡༩༩༠་ལོའི་ལོ་སྟོད་དུ་རྔ་བ་ཁུལ་གྱི་ཟུང་ཆུ་རུ་རྒྱ་ཁོག་གི་རྒྱ་མང་བོ་ཡོང་ནས་གཙོད་ཚང་གྲོང་རྡལ་གྱི་ཞིང་བའི་ལག་ནས་ས་མང་བོ་ཉོས་པ་དང་། ཞིང་བ་ཚོར་སྐད་ཅིག་ཉིད་ལ་ལག་ཏུ་སྒོར་ཁྲི་མང་བོ་ཐོབ་པར་ཧ་ལས་པ་དང་། ཞིང་བ་ཚོ་ལ་ཚོང་གཉེར་གྱི་ཤེས་བྱ་མ་ཡོད་པས་ཡུན་རིང་མ་སོང་བར་ཞིང་བ་ཁ་ཤས་ཀྱིས་རྒྱལ་སྐུག་པ། ལ་ལས་ཚོང་བྱས་ནས་བརྡིབ་པ། འགའ་རེས་རང་གིས་བརླག་པས་ཐ་མར་ཞིང་བ་ཚོ་རང་ས་ནས་སླར་ཡང་སྦྲང་བོ་ལྟ་བུའམ། ཡང་ན་འགྲིམ་འགྲུལ་ས་ཚིགས་ན་ཅ་ལག་ཙག་ཙིག་བཙོང་ནས་རང་ས་ནས་ཡང་བསྐྱར་འབྱོར་ཞན་དུ་གྱུར་བ་རེད། གཙོ་བོ་སྡེ་བ་རང་ལ་སྡེ་བ་འཕེལ་རྒྱུས་ཀྱི་འཆར་གཞི་མཁོ་བ་རེད། མ་གཏོགས་རྩྭ་ས་བཙོང་བ་ལ་བརྟེན་ནས་མི་རེ་གཉིས་ཤིག་ཕྱུགས་པོ་གྱུར་བས་སྡེ་བ་ཡོངས་ལ་ཕན་ཐོག་ཡོང་གི་མ་རེད།
འབྲོག་པ་ཚོས་རྩྭ་ས་སྲིད་གཞུང་དང་། ལྷག་པར་ཚོང་ལས་པ་དང་། ཡུལ་སྐོར་ཁེ་ལས་པ་ལ་མ་བཙོང་བར་སྡེ་བ་རང་གིས་ཐབས་འདྲ་མིན་སྤྱད་ནས་ཡོང་སྒོ་འཚོལ་བྱེད་ལ་བསྒྱུར་ན་བཟང་། ད་ལྟའི་ཁྲིམས་ལྟར་ན་རྩྭ་ས་བཙོང་ཆོག་གི་མེད་ནའང་། གལ་ཏེ་གཞུང་གིས་ཁྲིམས་མཐུན་གྱི་སྒོ་ནས་གཞུང་བཞེས་བྱས་པ་ཡིན་ན་གོང་གི་རྔ་བ་ཁུལ་གྱི་<<བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས།>>ཀྱི་ནང་གི་སྐྱིན་གསབ་འཇལ་ཚད་དེ་ལས་མཐོན་པོ་ལེན་ཐུབ་པར་འབད་བརྩོན་བྱ་དགོས། ༢༠༡༢་ལོའི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ས་ཞིང་བསྡུ་གཡར་ལམ་ལུགས་ལ་བཅོས་བསྒྱུར་དང་། ཞིང་བར་ས་ཞིང་རིན་འཕར་ཐད་ཀྱི་ཡོང་འབབ་ཀྱི་བརྒྱ་ཆ་ཇེ་མཐོར་གཏོང་དགོས་[ 十八大报告: 改革征地制度,提高农民在土地增值收益中的分配比例。གོ་བ་ལྟར་བོད་ཡིག་ལ་བྲིས་ཡོད།]པ་བསྟན་ཡོད་པས། འབྲོག་པའི་རྩྭ་ས་གཞུང་བཞེས་བྱེད་པ་དང་གནས་སྐབས་གཞན་གྱིས་བེད་སྤྱོད་པའི་སྐྱིན་གསབ་ཐད་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་གི་ཚིག་དེ་དག་སྤྱོད་ཆོག་སྙམ་གི་ཡོད། གང་ལྟར་ཞིབ་མོ་ཁྲིམས་ལུགས་ཆེད་མཁས་ལ་འདྲི་ཐུབ་ན་བཟང་ངོ་།།
ད་ལྟ་ས་ཁུལ་མང་བོ་ན་འགོ་ཁྲིད་དང་། ཚོང་བ། ལས་བྱེད་པ་ཚོས་འབྲོག་པ་དག་གིས་ཁྲིམས་མི་ཤེས་པ་རྒྱུ་མཚན་དུ་བྱས་ནས་རྩྭ་ས་མང་བོ་བདག་བཟུང་བྱས་ནས་སྟེང་ན་ཚོང་ལས་འདྲ་མིན་དང་། ཡང་ན་ཁང་བ་བསྐྲུན་ནས་ཉོ་ཚོང་དང་གཞན་ལ་གླ་བ་སོགས་ཚོང་ལས་འདྲ་མིན་གཉེར་གི་ཡོད། གནད་དོན་དེ་དག་འབྲོག་པ་ཚོས་མགྱོགས་པོར་ཐག་མ་བཅད་ན་དུས་ཚོད་ཇི་ལྟར་འགྱངས་ན་དེ་ལྟར་ཕྱིར་སྡེ་བ་གཞུང་ལ་ལེན་མི་ཐུབ་པའི་ཉེན་ཁ་ཡོད་པ་རེད། ཉིན་ཞིག་ཁྲིམས་གསར་བ་ཞིག་ཐོན་ནས་སྔར་གྱི་ཐག་གཅོད་དང་། སའི་སྐབས་དེའི་གནས་བབ་བསྒྱུར་ན་མི་ཆོག་ཟེར་ཡོང་དུས་དེར་ཐབས་ཅི་ཡང་རྙེད་མི་སྲིད། དེ་ན་ད་ལྟ་ནས་རང་སྡེའི་ས་གཞན་ལ་བཙོང་ཟིན་པ་དག་ཕྱིར་རང་སྡེ་ལ་བླངས་ན་འགྲིག་པ་མ་ཟད། ཚང་མས་འབད་བརྩོན་བྱེད་དགོས་པའི་དུས་ལ་ཐོན་ཡོད། མི་གཅིག་དང་རེ་གཉིས་ཀྱིས་སྡེ་བའི་འགན་མི་ཅོག་པས་ཚང་མ་རེམ་ན་དཀའ་བའི་གནས་ཡོད་པ་མ་རེད།
ངས་གོང་དུ་བྲིས་པ་ཚང་མ་གཅིག་ན་རང་ཉིད་འབྲོག་པ་ཞིག་ཡིན་པས་རང་གི་ཁེ་ཕན་ཆེད་དང་། གཉིས་ན་འབྲོག་པའི་རྩྭ་ས་དཀའ་ངལ་གསར་བ་ཞིག་ལ་འཕྲད་ནས་ཡོད་པར་དམིགས་ནས་འབྲོག་པ་སྤྱི་ལ་ཕན་ཐོགས་རེ་ཨེ་ཡོང་བར་རེ་བ་དང་། གསུམ་ན་འབྲོག་པ་ཚོ་ལ་ཁྲིམས་ལས་རེ་ས་མེད་པར་བསམ་ནས་ཟླ་བ་ཁ་ཤས་ལ་འབྲེལ་ཡོད་ཁྲིམས་ལུགས་སྐོར་ལ་སློབ་སྦྱོང་ཙམ་བྱས་ནས་བྲིས་པ་ཡིན་མ་གཏོགས། ང་རང་ཉིད་ཁྲིམས་ལུགས་ཆེད་སྦྱོང་ཙམ་མ་ཟད། ཁྲིམས་ལུགས་ཤེས་མཁན་དང་། ཐ་ན་ནམ་རྒྱུན་ཁྲིམས་ཀྱི་སྐོར་ལ་དོན་སྣང་བྱེད་པར་དགའ་མོས་ཡོད་མཁན་ཞིག་ཀྱང་མིན། དེའི་ཕྱིར། འདིར་བྲིས་པ་ཚང་མ་དཔྱད་གཞི་ཙམ་ལས་གཞི་འཛིན་ས་མི་ཉན་པར་ཐུགས་ལ་བཟུང་། ཡིན་ནའང་ཁྲིམས་ལུགས་སྐོར་གྱི་ཐ་སྙད་མང་བོ་ཞིག་སྔར་བསྒྱུར་ཚར་བ་ལྟར་རང་སོར་བཞག་ཡོད། ཁ་ཤས་ཤིག་གོ་སླ་བར་བཅོས་པ་ལ་མཆན་བཞག་ཡོད། ཁྲིམས་ཀྱི་གོ་བ་ནོར་འགྲོ་བར་དོགས་ནས་རང་གིས་བསྒྱུར་བ་དང་། ནང་དོན་ལྟར་བྲིས་པ་ལ་མ་ཡིག་ཀྱང་བཀོད་ཡོད། གཞན་ཚིག་དང་དོན་གང་ནས་ཡོང་བ་ཚང་མ་ལ་མཆན་བཞག་ཡོད།
རྔ་བ་ཁུལ་ཁྲིམས་འཛིན་ཅུས་ཀྱིས་བསྒྱུར་བའི་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས་>>དང་རྔ་བ་བོད་རིགས་ཆང་རིགས་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>ལག་བསྟར་བྱེད་ཐབས།>>ལག་ལེན་བྱེད་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས་གཉིས་ཀྱི་ཚིག་ཇི་ལྟར་རང་སོར་བཞག་ཡོད་ལ། གཞན་ང་རང་གིས་བསྒྱུར་བ་ལ་མཆན་ཡང་བཀོད་ཡོད། ང་རང་གིས་བྲིས་པའི་རྩོམ་གྱི་གོ་རིམ་བསྒྲིགས་པ་ལ་ནོར་བ་དང་མི་འགྲིག་ས་ཡོད་ངེས་ནའང་། ལུང་དྲངས་པ་དག་འབྲོག་པ་ཚོ་ཡིད་བརྟེན་ཆོག་ཆོག་ཡིན།
རྩོམ་ཡིག་འདི་འབྲི་དུས་འགོ་མཇུག་ཡོངས་ན་བསམ་འཆར་སྟོན་མཁན་དང་། དཔྱད་གཞི་འཚོལ་རོགས་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ཟུར་མཆན།
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>
《中华人民共和国草原法》本法自2003年3月1日起施行。
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས།>>
《中华人民共和国土地管理法》本法自1999年1月1日起施行。
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས།>>
《中华人民共和国城乡规划法》本法自2008年1月1日起施行
<<ཀྲུང་ཧྭ་མི་དམངས་མི་སྤྱི་མཐུན་རྒྱལ་གྱི་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག>>
《中华人民共和国土地管理法实施条例》本条例自1999年1月1日起施行
<<ཀྲུང་ཧྭ་མི་དམངས་མི་སྤྱི་མཐུན་རྒྱལ་གྱིཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས།>>
《中华人民共和国环境保护法》(1989年12月26日第七届全国人民代表大会常务委员会第十一次会议通过 1989年12月26日中华人民共和国主席令第二十二号公布施行)
<<སི་ཁྲོན་ཞིང་ཆེན་ས་ཞིང་དོ་དམ་ཐབས་ཤེས།>>
《四川省土地管理实施办法》(2012年修正本)
སི་ཁྲོན་ཞིང་ཆེན་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>>ལག་བསྟར་བྱེད་ཐབས།
四川省《中华人民共和国草原法》实施细则 本细则自1999年1月1日起施行
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>ལག་བསྟར་བྱེད་ཐབས་>>ཀྱི་བབ་བསྟུན་གཏན་འབེབས།
阿坝藏族羌族自治州实施《四川省〈中华人民共和国草原法〉实施办法》的变通规定 本变通规定自2010年7月1日起施行。
རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་ས་ཞིང་དོ་དམ་ལག་བསྟར་བྱེད་ཐབས་བབ་བསྟུན་དག་བཅོས་འཆར་ཟིན།>>
阿坝藏族羌族自治州施行《四川省土地管理实施办法》的变通规定修正案
<<རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅོས་བསྒྱུར་ཟབ་ཏུ་གཏོང་བའི་ས་ཞིང་དོ་དམ་ཐག་གཅོད་ནན་མོ།>>
《国务院关于深化改革严格土地管理的决定》国发〔2004〕28号 国 务 院 二○○四年十月二十一日
《国务院办公厅关于严格执行有关农村集体建设用地法律和政策的通知》国务院办公厅 二○○七年十二月三十日
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏེར་རྫས་ཐོན་ཁུངས་བཅའ་ཁྲིམས།>>
《中华人民共和国矿产资源法》《全国人民代表大会常务委员会关于修改〈中华人民共和国矿产资源法〉的决定》已由中华人民共和国第八届全国人民代表大会常务委员会第二十一次会议于1996年8月29日通过,现予公布,自1997年1月1日起施行。
《矿产资源勘查区块登记管理办法》1998年2月12日
<<གཏེར་ཁའི་ཐོན་ཁུངས་འཚོལ་ཞིབ་མངའ་ཁུངས་ཐོ་བཀོད་དོ་དམ་བྱེད་ཐབས།>>
四川省人大民族宗教委员会关于《阿坝藏族羌族自治州实施〈四川省《中华人民共和国草原法》实施办法〉的变通规定》审查意见的报告
2010年5月26日在四川省第十一届人民代表大会常务委员会第十六次会议上
四川省人大民族宗教委员会副主任委员 王毓强
阿坝藏族羌族自治州实施《四川省〈中华人民共和国草原法〉实施办法》的变通规定
2010年2月8日阿坝藏族羌族自治州第十届人民代表大会第五次会议通过
2010年5月28日四川省第十一届人民代表大会常务委员会第十六次会议批准
四川省人大民族宗教委员会关于《阿坝藏族羌族自治州实施〈四川省《中华人民共和国草原法》实施办法〉的变通规定》审查意见的报告2010年5月26日在四川省第十一届人民代表大会常务委员会第十六次会议上 四川省人大民族宗教委员会副主任委员 王毓强
རྔ་བ་བོད་རིགས་ཆང་རིགས་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའཁྲིམས།>ལག་བསྟར་བྱེད་ཐབས།>>ལག་ལེན་བྱེད་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སྨན་བཅོས་ཅུས་ཀྱིས་དཔར་དུ་བསྐྲུན་པ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར། ཁྲིམས་འདི་ནམ་པར་མི་གསལ་མོད། ཁྲིམས་འདི་༢༠༡༠ལོའི་ཟླ་༧པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱས་འདུག
<<中华人民共和国草原法>> 本法自2003年3月1日起施行。
国务院办公厅关于严格执行有关农村集体建设用地法律和政策的通知
国办发〔2007〕71号 国务院办公厅 二○○七年十二月三十日
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས།>> ཀྲུང་གོ་ཁྲིམས་ལུགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༩བར་དཔར་ཐེངས་དང་བོ་དཔར།
阿坝藏族羌族自治州施行《四川省土地管理实施办法》的变通规定修正案
(1996年10月8日阿坝藏族羌族自治州第七届人民代表大会常务委员会第二十三次会议通过,1997年2月21日四川省第八届人民代表大会常务委员会第二十五次会议批准)
རྔ་བ་བོད་རིགས་ཆང་རིགས་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའཁྲིམས།>ལག་བསྟར་བྱེད་ཐབས།>>ལག་ལེན་བྱེད་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སྨན་བཅོས་ཅུས་ཀྱིས་དཔར་དུ་བསྐྲུན་པ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར། ཁྲིམས་འདི་ནམ་པར་མི་གསལ་མོད། ཁྲིམས་འདི་༢༠༡༠ལོའི་ཟླ་༧པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱས་འདུག
<<中华人民共和国草原法>> 本法自2003年3月1日起施行。
第十五条 草原承包经营权受法律保护,可以按照自愿、有偿的原则依法转让。
草原承包经营权转让的受让方必须具有从事畜牧业生产的能力,并应当履行保护、建设和按照承包合同约定的用途合理利用草原的义务。
草原承包经营权转让应当经发包方同意。承包方与受让方在转让合同中约定的转让期限,不得超过原承包合同剩余的期限。
རྔ་བ་བོད་རིགས་ཆང་རིགས་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།>ལག་བསྟར་བྱེད་ཐབས།>>ལག་ལེན་བྱེད་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སྨན་བཅོས་ཅུས་ཀྱིས་དཔར་དུ་བསྐྲུན་པ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར། ཁྲིམས་འདི་ནམ་པར་མི་གསལ་མོད། ཁྲིམས་འདི་༢༠༡༠ལོའི་ཟླ་༧པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱས་འདུག
<<矿产资源开采登记管理办法>> 中华人民共和国国务院令 第241号 总理 李鹏 1998年2月12日
<<中华人民共和国矿产资源法>> 中华人民共和国主席令
第七十四号《全国人民代表大会常务委员会关于修改〈中华人民共和国矿产资源法〉的决定》已由中华人民共和国第八届全国人民代表大会常务委员会第二十一次会议于1996年8月29日通过,现予公布,自1997年1月1日起施行。 中华人民共和国主席 江 泽民1996年8月29日
2013年02月08日07:47:00 来源:新华每日电讯1版
http://news.xinhuanet.com/mrdx/2013-02/08/c_132159930.htm

<<中华人民共和国矿产资源法>> 中华人民共和国主席令
第七十四号《全国人民代表大会常务委员会关于修改〈中华人民共和国矿产资源法〉的决定》已由中华人民共和国第八届全国人民代表大会常务委员会第二十一次会议于1996年8月29日通过,现予公布,自1997年1月1日起施行。 中华人民共和国主席 江 泽民1996年8月29日
རྔ་བ་བོད་རིགས་ཆང་རིགས་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའཁྲིམས།>ལག་བསྟར་བྱེད་ཐབས།>>ལག་ལེན་བྱེད་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སྨན་བཅོས་ཅུས་ཀྱིས་དཔར་དུ་བསྐྲུན་པ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར། ཁྲིམས་འདི་ནམ་པར་མི་གསལ་མོད། ཁྲིམས་འདི་༢༠༡༠ལོའི་ཟླ་༧པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱས་འདུག
<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲོང་འཆར་འགོད་སྐོར་གྱི་བཅའ་ཁྲིམས་>>ཀྱི་ལེའུ་གཉིས་པའི་དོན་ཚན་ཉེར་ལྔ་བ་ལས། རྔ་བ་ཁུལ་ཁྲིམས་འཛིན་ཅུས་ཀྱིས་བསྒྱུར་ཏེ་དཔར།
ལེའུ་དང་བོའི་དོན་ཚན་བདུན་པའི་ལས།
རྔ་བ་བོད་རིགས་ཆང་རིགས་ཁུལ་གྱི་<<སི་ཁྲོན་ཞིང་ཆེན་<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས།> ལག་བསྟར་བྱེད་ཐབས།>>ལག་ལེན་བྱེད་པའི་བབ་བསྟུན་བསྒྱུར་བཅོས་ཀྱི་གཏན་འབེབས། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཕྱུགས་ལས་སྨན་བཅོས་ཅུས་ཀྱིས་དཔར་དུ་བསྐྲུན་པ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་བསྒྱུར། ཁྲིམས་འདི་ནམ་པར་མི་གསལ་མོད། ཁྲིམས་འདི་༢༠༡༠ལོའི་ཟླ་༧པའི་ཚེས་༡ཉིན་དངོས་སུ་ལག་བསྟར་བྱས་འདུག

Thrifty fashion shopper's guide for March 4
VIDEO PORNO XXX the fiber content label lets you know what's what

What Kind of Shoes Did People Wear in the 1960s
Bridesmaid Dresses I have found that when the technician uses a drill file

Painting With Colored Cocoa Butter
VIDEOS PORNO look for A lines that are simple with no frills

Fashion Icon Alexander Mcqueen'S Death A Tragic Waste
Free Games Pick the Right Size

5 Artistic Geniuses Who Only Became Great After Selling Out
pornos B Favorable unit economics

The First Love of Every Woman
Pornofilme This subject is something to be aware of

Allen Edmonds Factory Seconds Sale
free porno In a road

Diamond Rings Can Say Always and Forever
Darmowe Porno Excessively baggy clothes can be distracting
བསྟོད།6

抱歉,评论已关闭!