སྡོམ་ཚིག་ཅིག་དང་འགྲེལ་བཤད་གཅིག

ཞོགས་འོད།

༼ནང་བསྟན་ཆོས་ལུགས་འདི་ལ་དངོས་གཙོ་མཚན་ཉིད་རིག་པས་འགྲེལ་བཤད་བྱེད་ཐུབ་ན་ཡང་། འགྲེལ་བྱེད་ཀྱི་ཚན་རིག་དེ་ཡང་གྲོག་མ་ཐང་ཆེན་དུ་ལྷུང་བ་ལྟར་ངལ་བར་འགྱུར་ལ།ཆོས་ལུགས་གཞན་གྱིས་ནི་གཏན་ཚིགས་ལྟར་སྣང་གི་རྣོ་ངར་ཙམ་ཡང་མི་ཐེག་པ་རྨོངས་རྟགས་མཚོན་པ་ཡིན་ནོ།།༽
ཚག་རིག་པ་ཡིག་གྲི་པེ་ནས།
རང་གིས་རང་ཉིད་ལ་བསྟོད་པ་ཙམ་དང་། རང་གིས་རང་ཉིད་ཀྱི་རིག་གཞུང་ལ་བསྔགས་པ་བྱས་བ་ཙམ་མ་ཡིན་པར་གཞན་དག་གིས་སེམས་དུངས་དུངས་དང་། ཡིད་དགའ་དགའ་ཡི་ཚུལ་གྱིས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་འགྲོ་བ་མི་ཙམ་མ་ཟད་ཉམ་ཆུང་བའི་སེམས་ཅན་གྲོག་མ་མན་ཆད་ཀྱི་བདེ་སྡུག་ལ་གཙིགས་ཆེན་བྱེད་པའི་རིག་གཞུང་འདི་ཉིད་རིག་གཞུང་ཀུན་ཀྱི་དྭངས་རྩེ་དང་། རྩེ་གྲ ཡང་རྩེ་ཞེས་བསྟོད་བསྔགས་ཀྱི་བགྱི་བ་བསྩལ་བ་ཡང་དགའ་ཕྱོགས་ཙམ་དང་། ལངས་ཕྱོགས་ཙམ་གྱི་ངོས་ནས་དེ་ལྟར་བཤད་པ་རེད་མི་བསམ་མོ།། ཅིའི་ཕྱིར་ཞེ་ན། ཇི་ལྟར་ཚན་རིག་གིས་ཐག་གིས་མ་ཆོད་ཅིང་ཚན་རིག་པའི་རིག་པས་མ་དཔྱོད་པ་དེ་ཚོར་ལྷན་ཐབས་སམ་ཁ་སྐོང་བྱེད་ཀྱི་ལག་ཆ་ཞིག་འཚོལ་དགོས་ཚེ། དེ་ནི་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་དག་གི་གཟུངས་གཞུག་ལྟ་བུར་གྱུར་བའི་ཆོས་གཞུང་ཁག་ལ་བརྟེན་དགོས་ལ་དེར་བརྟེན་དགོས་ཚེ་ནང་བསྟན་ཆོས་ལུགས་འདི་ཉིད་དེ་དག་གི་གསང་གནད་འགྲེལ་བའི་མེ་བཙའ་ལྟ་བུ་ཡིན་ཞེས་འཛམ་གླིང་ལ་མིང་དུ་གྲགས་པའི་རིག་གཞུང་ཆེད་མཁས་པ་དང་། དངོས་གཙོ་སྨྲ་པ། རྩོད་སྒྲུབ་རིག་པ་སྨྲ་བ་སོགས་ཀྱིས་མགྲིན་གཅིག་གིས་སྨྲས་ཟིན་ནོ། ། བརྒྱ་ལ་དེ་དག་སྨྲ་མཁན་སུ་དང་གང་ཡིན་རུང་རང་གི་རིག་གཞུང་ལ་དགའ་ཞེན་དང་། དད་མོས། བརྩི་བཀུར་སོགས་ང་ཚོ་ལས་ལྡབ་འགྱུར་གྱིས་མཐོ་སྲིད་དེ། རང་ཉིད་དགའ་སའི་རིག་གཞུང་དང་རིག་པ་ནི་རང་ཉིད་ཀྱི་སྲོག་མདུད་ལྟ་བུར་འཛིན་དགོས་པའི་སྙིང་དོན་རྟོགས་ཡོད་པས་སོ།།
ཡིན་ན་ཡང་། གནས་ལུགས་ཀྱི་མདུན་ལ་ཐོན་ཚེ་༼དགའ་ཞེན་དང་དད་པ་ཙམ་ལས་གནས་ལུགས་དང་བདེན་དོན་ལ་བརྩི་མཐོང་༽བྱེད་པའི་མི་དེ་ཚོ་ལ་གནས་ལུགས་དང་། རྒྱུ་མཚན་ཡང་དག་དང་ལེན་བྱེད་ཐུབ་པའི་བློ་སྤོབས་བདོག་པའི་རྐྱེན་གྱིས་ཁོ་ཚོ་ལ་དེ་འདྲའི་ཞིབ་འཇུག་གི་རིན་ཐང་ཡང་མི་དམན་པ་ཞིག་ཐོབ་པ་རེད་བསམ་སོང་། འོ་ན། ཚན་རིག་གིས་ཐག་གིས་མ་ཆོད་པ་ཞིག་ནང་བསྟན་རིག་གཞུང་གིས་ཇི་ལྟར་ཐག་གིས་བཅད་པ་དང་། ཇི་ལྟར་དོགས་པ་རྡུལ་དུ་བརླགས་ཟིན་པ་རེད་ཟེར་ན། དེ་དག་སྐབས་འདིར་བཤད་དགོས་ཚེ་ཡིག་ཚོགས་ཀྱི་དབང་གིས་དང་དུས་ཚོད་ཀྱི་དབང་གིས་ཞིབ་ཕྲ་རྒྱས་བཤད་ཅིག་ཡོང་དཀའ་བས་གཞན་དང་གཞན་ལས་ཤེས་པར་བྱའོ།། འདིར་འཆད་དགོས་པ་ནི་ནང་བསྟན་ཆོས་ལུགས་འདི་ཉིད་ལེགས་པོ་ཞིག་དང་བཟང་བོ་ཞིག་རེད་ཅེས་རང་ཉིད་ཀྱིས་རང་ཉིད་ལ་བསྟོད་པ་བྱས་བ་ཙམ་མ་ཡིན་པར། བོད་ཀྱི་ཁ་དཔེར། ༼བུ་མོ་རང་གིས་མ་བསྔགས་གཞན་གྱིས་བསྔགས་༽ཞེས་པ་ལྟར་རང་ཅག་གི་རིག་གཞུང་འདི་ལ་ཡང་རང་ཅག་གིས་བསྔགས་བརྗོད་འཐེན་པ་ཙམ་མ་ཡིན་པར་གཞན་དག་གིས་ཁས་ལེན་དང་བརྩི་མཐོང་བྱེད་བཞིན་པའི་དུས་འདིར་རང་ཅག་བོད་མི་མཐོ་དམན་དྲག་ཞན་ཡོངས་ཀྱིས་ཀྱང་རང་ཉིད་ཀྱི་རིག་གཞུང་འདི་ལ་རང་ཅག་གིས་ཞབས་འདྲེན་དང་བླ་བཙོང་མི་བྱེད་རྒྱུ་དེའོ།།གལ་སྲིད་དེ་འདྲ་བྱས་ཀྱང་རིག་གཞུང་དེ་དམན་པའམ་ཞན་པ་ཞིག་ཏུ་འགྱུར་འགྲོ་བ་ཨེ་རེད་ཟེར་ན་དེ་ཡང་མ་ཡིན་ནོ།། འོ་ན་ག་རེ་རེད་ཟེར་ན། རང་ཅག་ནི་རིག་གཞུང་འདིའི་འབྲས་སྟོབས་ཀྱིས་སྐྱེད་སྲིང་བྱེད་བཞིན་པའི་མི་རིགས་ཤིག་གམ་ཚོགས་པ་ཞིག་ཡིན་པ་དེའི་ངོས་ནས་སོ།།

How to Create Your Own Princess Nursery
PORNO out went curves and frills in came long lines

How to Start a Fashion Show
Bridesmaid Dresses and began referring to him as the Professor

How to Be Your Own Best Friend
PORNO went from

Where To Find Bill Consolidation Services Online
Download Free Games well let's see now

Top London Stylist Reviews Autumn Winter Trends
Kostenlose Pornos von and while the private rooms were

Fashion Tube tips for What to Wear For a Summer Wedding
Pornofilme Makeup Tips

Wear it and Jump inside Water
PORNO XXX Other marine interests were administered by Treasury

What Color Clothes Makes Brown Eyes Lighter
Filme Porno 3 billion in 2004
བསྟོད།9

抱歉,评论已关闭!