སྐད་ཆ་ཚིག་གསུམ་ཞུས་ན།

བདེན་སྙེགས།

ངའི་སློབ་འབྲིང་འཚོ་བའི་ཟུར་ངོས་ཤིག་ལས་འཕྲོས་པ།

འདས་ཟིན་པའི་རང་གི་མི་ལོ་བཅུ་གཉིས་དང་དེའི་ལམ་ཁ་ལ་ཕྱིར་འཁོར་ནས་བལྟ་དུས།ལོ་ངོ་དེ་དག་ནི་རབ་རིབ་མག་མོག་དང་ཨ་ཟད་འུ་ཐུག དགའ་སྐྱོ་འདྲེས་མ་སོགས་ཀྱིས་ཡོངས་སུ་གྲུབ་པ་ཞིག་ཡིན་འདུག ཏག་ཏག་ལོ་ངོ་དེ་དག་ནི་ངས་སློབ་གསོ་མྱངས་པའི་བརྒྱུད་རིམ་ཞིག་ཀྱང་ཏན་ཏན་ཡིན་འདུག མཚམས་འདིར་སླེབས་དུས་ང་ལ་གནས་ལུགས་དེ་དང་རྒྱུ་མཚན་འདི་ཞེས་ནོར་མེད་འཁྲུལ་མེད་ཀྱི་ཡང་དག་པ་ཞིག་བཤད་རྒྱུ་མ་ཡོད་མོད། རང་གི་ཉེ་འཁོར་གྱི་ཁོར་ཡུག་འདིའི་གནས་བབ་ལ་ཞུགས་ཏེ་སློབ་གསོའི་ཕྱོགས་ཀྱི་སྐད་ཆ་འགའ་དྲང་མོར་ཞུས་ན། སློབ་གསོ་ནི་སློབ་གསོ་ཉིད་ཡིན་པ་ལས་ཐོབ་དང་གོ་ས། དབང་དང་ཁེ་གྲགས། རྒྱུ་དང་ནོམ་པ། གཞན་མི་སྒེར་གྱི་འདོད་མོས་སོགས་གང་ཡང་ཡིན་མི་རུང་སྟེ། སློབ་གསོའི་དམིགས་ནི་ནམ་ཡང་མི་ཚུལ་ལྡན་སྐྱེད་སྲིང་དང་མིའི་ལྷན་སྐྱེས་ཀྱི་འཇོན་ཐང་ཕྱིར་སྔོག་འདོན་བྱེད་ཆེད་ཡིན།དེ་ལྟར་མ་ཡིན་པར་སློབ་གསོ་གཏོང་བའི་དམིགས་ཡུལ་ནི་མི་གང་དེའི་རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དང་མི་མང་ཞིག་གི་བསམ་བློ་གཅིག་གྱུར་ཡོང་ཆེད་ཡིན་ན།༼ལམ་ལུགས་ཆ་མི་ཚང་ཞིང་དམིགས་ཡུལ་རབ་རིབ་ཡིན་པ།ནུས་པ་སྐྱོན་ཅན་དུ་གྱུར་བའི་༽ 1རང་རེའི་ད་ལྟའི་གནས་བབ་འདི་ལྟ་བུ་ཞིག་གྲུབ་པར་འདོན་མི་ཟ།དེ་ཡང་ད་ཆ་རང་རེ་ལ་མཚོན་ན་སློབ་གསོ་ཟེར་དུས་རེའུ་མིག་འགའ་དང་གོང་རིམ་གྱི་ཡིག་ཆ་གང་ཞིག་ཡིན་པར་ངོས་འཛིན་གྱིན་འདུག་ལ། དེ་དག་འགྲུབ་པས་སློབ་གསོ་ཡང་ཡོངས་སུ་འགྲུབ་སོང་བ་ལྟ་བུའི་སྣང་བ་བཅོས་མིན་དུ་སྐྱེས་བཞིན་འདུག ད་དུང་དེང་གི་སྤྱི་ཚོགས་ལ་ཕུགས་བསམ་ལྡན་ཞིང་ཀུན་སྤྱོད་ལེགས་པ་དང་ཤེས་ཡོན་ཆེ་ཞིང་སྒྲིག་ལམ་བརྩི་བའི་སློབ་མ་ཚུལ་ལྡན་སྐྱེད་སྲིང་བྱེད་དགོས་ཟེར། དོན་དམ་དེ་འདྲ་ཡིན་ནམ།དེ་ནི་ཨའོ་རོར་ཁིས་༼སུས་ཀྱང་སའི་གོ་ལ་སྐྱོབ་པའི་བྱ་གཞག་ལ་སྟོབས་ཤུགས་ཡོད་རྒུ་འབུལ་བར་བཤད་ཀྱང་། ཐབ་ཚང་དུ་ཕྱིན་ནས་ཨ་མར་དཀར་ཡོལ་འཁྲིད་རོགས་བྱེད་མཁན་མེད་དོ།།༽ཅེས་གསུངས་པ་བཞིན་ཁ་བཤད་ཙམ་ལས་དོན་དངོས་ཀྱིས་དེ་འདྲ་འགྲུབ་ཀྱིན་མེད་པརེད། སྒྲིག་ལམ་རྐྱང་རྐྱང་གིས་ཀུན་སྤྱོད་ལེགས་ཤིང་མིག་རྒྱང་རིང་བ།ཤེས་ཡོན་ཆེ་ཞིང་ཕུགས་བསམ་ལྡན་པའི་སློབ་མ་ཚུལ་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ་བམ།བདེན་ཏེ།སློབ་གྲྭ་དང་འཛིན་གྲྭ་གང་ལ་མཚོན་ན་ཡང་སྒྲིག་ལམ་མེད་དུ་མི་རུང་བ་ཡིན། དེ་ནི་རྒྱབ་ཁབ་ཅིག་ལ་རྒྱལ་ཁྲིམས་དགོས་པ་དང་གཅིག་འདྲ་རེད་དེ། ༼རྒྱལ་ཁབ་ཅིག་གི་ཁྲིམས་ལུགས་ནི་སྤྱི་དམངས་ཀྱི་འགྲོ་འདུག་བྱ་སྤྱོད་ཀུན་ལ་མཐའ་གཅིག་ཏུ་བཙན་འགོག་བྱེད་སྤྱད་ཀྱི་ཡོ་ཆས་ལྟ་བུ་ཞིག་མིན་པར། ཐུན་མོང་གི་ཁེ་དབང་ངམ་མི་སྒེར་སོ་སོའི་བདག་དབང་ལ་སྔར་ལས་ལྷག་པའི་བདག་སྐྱོང་དང་དོ་མཉམ་ཡོང་ཆེད་དུ་ཡིན་པས།དེ་ནི་སྤྱི་དམངས་སོ་སོའི་ཁྲིམས་ཀྱི་འདུ་ཤེས་སམ་གཞན་གྱི་ཁེ་དབང་ལ་བརྩི་སྲུང་བྱ་བའི་འདུ་ཤེས་ཇེ་ལེགས་སུ་གཏོང་རྒྱུ་ནི་ཁྲིམས་ཀྱི་དགོས་པ་ཡིན།དེ་བཞིན་འཛིན་གྲྭ་ཞིག་ལ་མཚོན་ན་ཡང་དེའི་སྒྲིག་ལམ་ནི་སློབ་མ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་མཐའ་གཅིག་ཏུ་བཙན་འགོག་བྱ་རྒྱུའི་ཆེད་མ་ཡིན་པར། སློབ་མ་སོ་སོའི་སློབ་སྦྱོང་གི་ཁེ་དབང་དང་སློབ་མ་སོ་སོའི་རང་བབས་ཀྱི་འགན་འཁྲི་དང་རང་ལ་མངའ་བའི་ཁེ་དབང་ཅི་ཡོད་རྟོགས་སུ་འཇུག་ཆེད། ཡང་ན་རང་ཉིད་ཀྱི་འཕེལ་རྒྱས་དང་ཁེ་དབང་གི་ཆེད་དུ་གཞན་གྱི་ཁེ་དབང་ལ་བརྩི་སྲུང་བྱ་རྒྱུའི་འདུ་ཤེས་སྐྱེ་རུ་འཇུག་ཆེད་ཡིན་ལ། ལྷག་ཏུ་འཛིན་གྲྭ་གང་དེ་ལེགས་ལམ་དུ་སྐྱོད་པའི་སྒྲིག་ཁྲིམས་ལྟ་བུ་ཡིན་པས།༽ 2སྒྲིག་ལམ་ཞིག་ངེས་པར་དགོས་མོད། འོན་ཀྱང་དེ་ཉིད་ཚད་ལས་བརྒལ་མི་ཉན་པར་འདོད།གང་ལྟར་སློབ་གསོ་ནི་སློབ་གསོ་ཉིད་ཡིན་དགོས།

30.8.2013ཉིན།

གསལ་བཤད། 1 སྐྱབས་ཆེན་བདེ་གྲོལ་གྱི་སྐད་ཆ་ཞིག་གཡར་བ་ཡིན།

ankle boots work with summer dresses
VIDEO PORNO XXX basic summer season suggestions

Lost Planet 2 Game Review
Gowns Online Shop just what is trend setting advertising and marketing control

Cracked tries its hand at fashion
PORNO private house discreet dresser

Live Q with InStyle Editor Ariel Foxman TODAY from 1
Download Free Games Crew to unlock value

debuts Spring 2013 collection during Mercedes Benz fashion week swim
pornos rachel mcadams by munich

How Can I Become a High Fashion Model
Pornofilme apartment motel arizona chandler

Size Does Make a Difference
Tube XXX Master bedroom has large walk in closet

Hot Celebrities And Body Piercing A Growing Trend
Filme Porno If you a senior adult
བསྟོད།8

抱歉,评论已关闭!