དད་པ་དང་སྤྱོད་ཁང་།

གཡུ་མིག

སྤྱིར་བཏང་ང་རང་ལ་འདི་ལྟ་བུའི་ཐ་སྙད་གཡེར་མོ་དག་བཀོལ་སྤྱོད་བྱེད་པའི་གོམས་གཤིས་ཆགས་མེད་ཅིང་། ཐ་སྙད་གཡེར་མོ་བཀོལ་བ་ནི་རྩོམ་གྱི་རིན་ཐང་འཇལ་བྱེད་ཅིག་ཡིན་པའང་ཁོ་བོས་འདོད་ཀྱིན་མེད། འབོལ་རྩོམ་གསར་བའི་ཚ་རླབས་བོད་དུ་འཐུལ་བ་ནས་བཟུང་། བོད་ཀྱི་གསར་བུ་སྨྱུག་ཐོག་པ་མང་པོ་ཞིག་གིས་ཐ་སྙད་གཡེར་མོ་དག་གིས་རྩོམ་ཆོས་ལ་ཁ་ལོ་སྒྱུར་གང་ཐུབ་ཅི་ཐུབ་བགྱིས་ནས། ཐ་སྙད་གཡེར་མོ་དག་གིས་ཁྲོད་ནས་འབོལ་རྩོམ་གྱི་མཛེས་པ་ལྷུར་ལེན་པར་འབད་པ་བྱས་པའི་སྣང་ཚུལ་ཞིག་འདུག་ཏེ། གཅིག་བྱས་ན། ལོ་ཚོད་དང་མཉམ་པའི་ཁ་དོག་ཅིག་ཕྱི་རུ་ངོམས་ཀྱིན་པའང་ཡིན་སྲིད། བརྒྱ་ལ་དེ་ལྟར་ཡིན་དུ་ཆུགས་མོད། གཡེར་མོའི་ཐ་སྙད་བཀོལ་སྤྱོད་བྱས་པས། ལང་ཚོ་དང་། རྩོམ་ཡིག་འཕགས་ཤོས་ཤིག་ཏུ་བགྲངས་ན་ཚད་དང་མཐུན་པའི་གནས་ལུགས་ཤིག་མིན་པར་འདོད།

ཡང་ཕྱོགས་གཞན་ཞིག་ནས་བསམ་གཞིགས་ཤིག་བགྱིས་ན། ཐ་སྙད་གཡེར་མོ་བཀོལ་བའི་སྨྱུག་འཛིན་པ་དག་ནི་གཏམ་འདོད་ཚ་བོ་ཡོད་པའི་མི་དེའི་རིགས་ཤིག་མ་ཡིན་པའི་ངེས་པའང་ཡོད་མི་སྲིད་དེ། ཐབས་ལམ་འདི་ལ་རྒྱབ་བརྟེན་ནས་མི་གཞན་པའི་ཀུན་རྟོག་གི་གཞི་རུ་བག་ཆགས་ཨེན་ཙམ་ཞིག་འཇོག་གང་ཐུབ་བྱེད་པའི་སྦྱོར་བར་བརྩོན་གྱིན་འདུག་པའི་བསམ་ཚུལ་ཞིག་བདོག་ཏེ།རྩོམ་ཡིག་གི་མཛེས་ཆོས་དང་རིན་ཐང་ངོས་ནས་མི་གཞན་པར་རང་ཉིད་ནི་སྨྱུག་འཛིན་པ་ཞིག་ཡིན་པ་བདེན་དཔང་བྱེད་ཐབས་བྲལ་ཚེ། ད་ནི་ཤ་གཟེར་རུས་གཟེར་བརྒྱུག་པའི་ཐ་སྙད་གཡེར་མོ་དག་བཀོལ་ནས་གཞན་པའི་བསམ་གཞིགས་ཀྱི་ཡོལ་བའི་ངོས་སུ་རང་ཉིད་རབ་རིབ་སྒོས་འབྲི་བཞེངས་བྱེད་རྒྱུ་དེ་ལས་ཐབས་གཞན་ཅི། དེ་ལྟར་ན། ཐབས་ལམ་འདི་ནི་མཆོག་ཏུ་གྱུར་བའི་ཐབ་མཆོག་ཅིག་ཡིན་པར་འདོད། གལ་ཏེ་རང་ཉིད་ཀྱི་གཅེས་སུ་འོས་པའི་ཕ་མ་དང་། གཉེན་ཉེ་དུ་གང་རུང་ཞིག་གཞན་པའི་དམར་གསོད་བཏང་བའི་དབང་དུ་བྱས་ན། ཁྱེད་ཉིད་འཆི་བའི་བར་དུ་དགྲ་ཤ་ལེན་འདོད་ཀྱི་སྙིང་རྩ་འཕག་འཚམས་འཇོག་མི་སྲིད། ཐ་ན་འཆི་བའི་མཐའ་མའི་དབུགས་རྟ་རྔ་ཙམ་པོ་བ་དེ་ལའང་། ལག་དམར་དེ་ནི་ཉིད་ཀྱི་སྣང་ངོར་ཆེས་བག་ཆགས་ཆེ་བའི་མི་དེ་ཕལ་ཆེར་ཡིན་སྲིད། འདི་ནི་ཆེས་སྤྱིར་བཏང་གི་སྤྱི་འགྲོས་ཙམ་རེད། དེ་བཞིན་དུ་ནང་པའི་ཆོས་ལ་སྐྱབས་སུ་འགྲོ་བའི་གང་ཟག་ཅིག་ཡིན་པའི་ངོས་ཐད་ནས། རང་ཉིད་ཀྱི་སྐྱབས་སུ་བཀུར་བའི་ནང་པའི་ཆོས་ལུགས་ལ་དད་ཞེན་ཡོད་པ་གཞིར་བཞག་གི་སྟེང་ནས། ཉིད་ཀྱིས་ཁོ་བོར་ཆོས་ལུགས་ནི་དུག་དང་། སངས་རྒྱས་ཤི་སོང་བ་རེད་ལྟ་བུའི་སྐ་ཆ་བཀོལ་ན། མིའི་དེའི་ཀུན་རྟོག་གི་གཞི་རུ་ཁྱེད་ནི་བདུད་ཀྱི་འཕྲུལ་དུ་སེམས་པའམ། བསྟན་དགྲ་དང་ལྟ་ལོག་པ་ཞེས་སྡིག་སྲིད། སྐབས་དེར་། ཁྱེད་ཉིད་ནི་མིའི་དེའི་མིག་ནང་གི་ཚེར་མར་གྱུར་སོང་བ་ཡིན་ཅིང་། ཁོ་བོའི་སེམས་ངོར་ཁྱེད་ནི་བག་ཆགས་ཆེས་ཟབ་པའི་མི་རུ་འགྱུར་སྲིད། དོན་དམ་པར། ཁྱེད་ལ་རྒྱུ་འབྲས་གཏན་ཚིགས་ཀྱི་གནས་ལུགས་ཤིག་མེད་པའི་དབང་དུ་བྱས་ན། ཁྱེད་ནི་གྲགས་འདོད་ཁོ་ན་ཙམ་གྱི་རྗེས་སུ་ཞོགས་པ་ཞིག་རེད་འདུག སྤྱིར་བཏང་གཏམ་འདོད་ཚ་བོ་ནི་མའི་ལྷན་སྐྱེས་ཀྱི་གཤིས་སུ་གྲུབ་པའི་ཆོས་ཉིད་ཅིག་ཡིན་ཕྱིན། འདི་ལ་དམད་སྨ་ཞེ་དྲགས་བྱེད་སར་འགྲོ་རེ་སྐན། ཡིན་ན་ཡང་། རྩོམ་འབྲིའི་ཐབས་ལམ་འདི་ལ་བརྟེན་ནས་ཁེ་འདོད་དང་གྲགས་འདོད་ཙམ་དོན་དུ་གཉེར་བ་ནི་རྒྱུ་འབྲས་གོ་ལོག་ཏུ་བསྡེབས་པའི་ཏན་རྟགས་ཆེན་པོ་ཞིག་ཡིན་པར་ངེས་སོ། རང་གིས་དཔྱོད་ཤེས་ཀྱིས་གཞལ་བའི་གནས་ལུགས་དང་རྒྱུ་མཚན་གང་ཡང་རུང་བ་དེ། སྣོད་ཀྱི་ཁམས་ཆེན་པོ་འདིའི་ཤེས་བྱའི་འབྲུ་རྡོག་རེ་རེ་ཡིན་པས་མི་བུ་བདག་གི་བློ་གྲོས་ནི་བླ་ལྷག་བརྩི་བཀུར་ཞུ་དགོས་པའི་ཆ་ཞིག་ཏུ་འདོད་དགོས། དེ་ལྟར་བརྩི་དགོས་པའི་གནས་ལུགས་ཀྱང་ཡུལ་ངོས་རང་ནས་ཡུལ་ཅན་ལ་ཤེས་རྟོགས་བྱེད་པའི་དངོས་བོའི་གནས་ལུགས་ཀྱི་རིན་ཐང་གི་འབྲེལ་བ་ཞིག་ཡོད་པ་རེད།མ་གཏོགས་གྲགས་སྐམ་འུར་གྱི་རྗེས་སུ་བསྙེགས་ནས། ཐ་སྙད་གཡེར་མོ་ཙམ་གྱིས་རིན་ཐང་ཞིག་གིས་གནས་ལུགས་ཤིག་གཞལ་མདོག་སྟོན་པ་དེ་མཁས་པའི་མིག་གི་བཞད་བྱར་སེམས།

ཡིན་ནའང་། ཁོ་བོས་འདི་ལྟ་བུའི་ཁ་བྱང་གཡེར་མ་ཞིག་བཀོལ་ནས་རྩོམ་ཡིག་འདི་འབྲི་དགོས་པའི་རྒྱུ་མཚན་ནི་གཉིས་སྟེ། གཅིག་ནས་རྩོམ་ཡིག་འདི་བྲིས་པ་བརྒྱུད་ནས་རང་དང་ན་མཉམ་པའི་བོད་ཀྱི་སྨྱུག་འཛིན་པ་དག་གི་ཁ་དོག་ཅིག་ཕྱི་རུ་ངོམས་པ་ཡིན། གཉིས་སུ་ཏན་ཏན་ང་ཚོའི་དངོས་ཡོད་གནས་ཚུལ་གྱི་དད་པ་ནི་སྤྱོད་ཁང་ལྟ་བུའི་རྫོབ་པོ་ཞིག་ཏུ་གྱུར་ཡོད་པའི་བརྡ་རྟགས་ཙམ་འབྲི་འདོད་པ་ཡིན། སྔ་མ་ནི་གོང་ནས་མི་ཉུང་བ་ཞིག་ཞུས་སོང་བས་དེ་ཙམ་གྱི་ཆོག་པར་གྱིས། ཡིན་ནའང་ཕྱི་མ་འདི་ངེས་པར་བཤད་དགོས་པའི་གནད་དོན་ཅིག་ཏུ་མཐོང་སོང་། ནང་པའི་ཆོས་ལུགས་འདི་བོད་ལ་དར་མ་ནས་བཟུང་། བོད་པ་རང་གི་མཛེས་དཔྱོད་ཀྱི་ལྟ་བའི་སྟེང་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་དད་པ་འཛིན་སྟངས་ཤིག་དང་། ཆོ་ག་སྤེལ་སྟངས་ཤིག་ཆགས་སོང་བ་རེད། མ་ཟད་ནང་པའི་ཆོས་ལུགས་ཀྱི་དགོངས་པ་དང་མི་བསྟུན་པའི་དད་པ་བྱེད་སྟངས་ཤིག་དང་། ཆོ་ག་སྤེལ་སྟངས་ཤིག་ཀྱང་བརྒྱ་ཁྱབ་དུ་དར་སོང་བར་ངོམས། དཔེར་ན། ལྷ་ཁང་དང་གསེར་ཁང་རྒྱ་ཆེན་བཞེངས་དེ་གསེར་སྐུ་དང་ཟངས་སྐུ་སོགས་དངོས་པོའི་རིན་ཐང་གིས་གཞལ་ཅི་ཐུབ་བྱེད་པ། དགོན་པ་དང་གྲོང་བའི་བར་ཀྱི་འབྲེལ་བ་རྒྱུ་དང་སྦྱིན་པའི་སྟོབས་ལ་བསྟེན་ནས་ཐག་ཆོད་བྱེད་པ། དམངས་ཚོགས་ཀྱི་བློ་ཁ་བསྒྱུར་བའི་རྫུན་གཏམ་བཤད་གང་ཐུབ་བགྱིས་ནས་དམངས་ཀྱི་རྒྱུ་ནོར་ཟ་རྐྱང་འཐུང་རྐྱང་བྱེད་པའི་མ་རུང་ཕྱིན་ཅི་ལོག་པའི་སྦྱོར་བ་སྤེལ་བ་ལྟ་བུ་ནི། ནང་པའི་ཆོས་ལུགས་འདི་གནའ་བོའི་རྒྱ་གར་ནས་དར་དེ་རི་བོ་ཧི་མ་ལ་ཡི་ཚུལ་རོལ་ཏུ་གཞས་ཆགས་པའི་བོད་གྲོང་དུ་དར་རྗེས། ད་གཟོད་དེ་ལ་ཁོ་ཚོ་རང་གིས་དགོས་པ་དང་མཁོ་བ་ལ་བརྟེན་ནས་བསྒྱུར་བཀོད་གང་རུང་རེ་བྱས་ཡོད་པ་ནི། སྤྲུལ་སྐུ་ངོས་འཛིན་ལམ་ལུགས་དང་གོང་ནས་ཞུས་ཟིན་པ་ལྟར། ལྷ་ཁང་ཆོས་ཁང་རྒྱ་ཆེན་རྒྱས་པ་ལས་རྒྱུ་འདི་ཡང་། ད་ལྟ་སོ་སོའི་སྲོལ་ལྟ་བུ་ཞིག་ཏུ་ཆགས་ཀྱི་འདུག དགོན་པ་ག་གེ་མོའི་དགོན་བདག་ཆེ་གེ་མོའི་ད་ལོར་སྒོར་ཁྲི་ཚོ་བརྒྱའི་རིན་གྱི་གཟིམ་ཤག་ཅིག་ལས་ཀྱིན་གདའ། གནས་ཚུལ་དེ་དགོན་པ་ག་གེ་མོའི་བླ་མ་དང་ལས་འཛིན་པ་རེ་འགའི་ཐོས་རྗེས། སང་ལོ་ང་ཅག་གི་དགོན་བདག་ལ་སྒོར་ཁྲི་ཉིས་བརྒྱ་ཡས་མས་ཀྱི་གཟིམ་ཤག་ཅིག་ལས་དགོས་པའི་གྲོས་གཞི་ཞིག་འདོན་པ་རེད། གྲོས་གཞི་དེ་དམངས་ཚོགས་ཀྱི་དབུས་ལ་སོང་ནས། ད་ཐེངས་ནི་རང་གིས་ཚེ་གཅིག་ལས་གཅིག་འདིར་ཚོགས་བསགས་པའི་གོ་སྐབས་ཆེས་ལེགས་པ་ཞིག་ཡིན་པས། གོ་སྐབས་འདི་དམ་འཛིན་བྱེད་དགོས་པའི་གནས་ལུགས་དག་འོལ་ཚོད་དུ་བསྒྲགས་ན། མ་མཐའ་ཡང་དམངས་ཚོགས་ཀྱི་རང་གི་རྩ་བའི་བླ་མའི་གཟིམ་ཤག་བསྐྲུན་པར་མཐུན་རྐྱེན་རྒྱ་ཆེར་བསྐྲུན་སྲིད་པ་རེད། རང་ཉིད་ཀྱི་སེམས་སུ་ཡང་སྐྱེ་བ་འདིར་ཚོགས་བསགས་དགེ་སྒྲུ་གྱ་ནོམ་པ་ཞིག་བྱས་སོང་སྙམ་པའི་ཡིད་ཆེས་ཤིག་གིས་བཏས་འདུག ཡིན་ནའང་། གཞི་རྩའི་ཆ་ནས་འདི་ཡང་རང་ཉིད་ཀྱི་ཁེ་ཕན་དང་སྙན་གྲགས་སྲུང་བྱེད་ཅིག་ཏུ་གྱུར་འདུག་པར་སེམས་སོ།

ད་ལོ་ང་ཚོའི་ས་ཆ་ནས། བླ་མ་ཞིག་ལ་གཟིམ་ཤག་ལས་སྤྱད་ཀྱི་སྒོར་མོ་བསྡུས་པ་རེད། འོན་ཀྱང་། སྒོར་མོ་བསྡུས་ཚར་རྗེས། ཁྱིམ་ཚང་དེ་བ་ཚང་གིས་སྒོར་མོ་བྱིན་པའི་ཁ་གྲངས་ཤིན་ཏུ་མང་གི་ངར་བ་རེད། ཁྱིམ་ཚང་འདི་བ་ཚང་གིས་སྒོར་མོ་བྱིན་པའི་ཁ་གྲངས་ཤིན་ཏུ་ཉུང་གི ཐ་ན་སྒོར་མོ་དེ་ལྟ་བུ་ཞིག་བྱིན་རྒྱུར་ངོ་མི་ཚའམ་ལྟ་བུའི་ཡམས་སྐད་བཟོ་མཁན་ཡང་མང་དག་ཡོད་འདུག འདི་ནི་གཅིག་ནས་ནང་པའི་ཆོས་ལུགས་དེ་ཅི་ལྟ་བུའི་རིག་གཞུང་གི་དགོངས་པ་ཤིག་ཡིན་པ་ངོ་མ་ཤེས་པས་དང་། དེའི་ཕྱིར། དད་པའི་རྩ་བའི་ངོ་བོ་རྨོངས་དད་དུ་གྱུར་སོང་བ་ཡིན་གཤིས། འུ་ཅག་གི་ཆོས་དད་ནི་སྤྱོད་ཁང་གི་རྣམ་པ་ཞིག་ཏུ་གྱུར་འདུག་ཅེས་ཁོ་བོས་བཤད་འདོད་དེ། ཁྱེད་ཉིད་སྤྱོད་ཁང་དུ་འགྲོ་བའི་ཚེ་ན། སྐྱག་ཐོག་ཏུ་འདུ་རུབ་རྒྱག་གིན་པའི་སྐྱག་འབུ་དེ་དག་གིས་ཀྱང་། རང་ཉིད་ཀྱི་དགོས་མཁོ་ཞིག་བསྐང་བའི་ཕྱིར་དུ་རྒྱུག་འདུར་བྱེད་ཀྱིན་པ་ནི་དངོས་ཡོད་གནས་ཚུལ་རེད། ཡིན་ནའང་ཁོ་ཚོ་ལ་སྒྲིག་སྲོལ་དང་ཚུལ་ལུགས་ཟེར་བ་ཞིག་ཡོད་པར་མ་མཆིས། གང་ཞིག་སྐྱག་པའི་དྲི་ཚོར་བ་ཙམ་པོ་བའི་དེ་ཕྱོགས་སུ་འཕུར་བ་དང་། དེ་རུ་འདུ་རུབ་རྒྱག་པ་ནི་ཁོ་ཚོའི་འཚོ་བའི་ཆོས་ཉིད་ཅིག་ཏུ་འཁུམས། དེའི་ཕྱིར་ཁོ་བོས་རང་ཅག་གི་དད་པ་བྱེད་སྟངས་ནི་སྤྱོད་ཁང་གི་དངོས་ཡོད་གནས་ཚུལ་ཞིག་ཏུ་སྦྱར་བ་ཡིན། སྐྱབས་སུ་འགྲོ་བའི་རྒྱུ་མི་གསལ། སྐྱབས་སུ་འགྲོ་བའི་ཡུལ་ནི་མི་གསལ། སྐྱབས་སུ་འགྲོ་བའི་ཡུལ་ནི་མི་ཤེས། སྐྱབས་འགྲོའི་བསླབ་བྱ་ནི་མི་དག དེ་ལྟ་བུའི་གནས་ཚུལ་ཞིག་གི་འོག་ནས་ཆོས་དད་བྱེད་པ་ནི་དཔེ་དེའི་ཟླ་བོར་འདྲེན་པ་ལས་ཐབས་ཅི། འཇིག་རྟེན་པ་ཞིག་ཡིན་པའི་ངོས་ཐད་ནས། དེ་ལྟར་དུ་ཡིན་ནའང་ཁག་དཀྲི་ས་ཅུང་ཙམ་ཡོད་པར་འདོད། ཡིན་ནའང་། རང་ཅག་གི་སྐྱབས་སུ་འགྲོ་ཡུལ་གྱི་’’རྟགས་ཙམ་པ་”དག་གི་གྲལ་དུ། ཐ་ན་སྐྱབས་འགྲོའི་བསླབ་བྱའི་གྲངས་འདྲེན་ཙམ་ཡང་མི་ཤེས་པ་ནི་གྲངས་གིས་མི་ལོན། རང་ཉིད་འདོད་ཆགས་དང་ཉེ་རིང་ཆགས་སྡང་གི་བཙོན་དུ་ཚུད་ཅིང་། གཟུགས་མེད་ཀྱི་ལག་པ་རིང་བོ་ཁམས་གསུམ་གྱི་འདམ་ལ་ཟུག་པའི་རྟགས་ཙམ་འཛིན་པ་དག་ནི། དུས་གཏན་དུ་རང་ཉིད་ཀྱི་དད་བྱ་མ་ཡིན་པར་ངོས་འཛིན་ཐོབ་ཚེ། གཞི་ནས་དད་པ་ཞེས་པ་འདིའང་རིན་ཐང་ཞིག་གིས་གཞལ་བྱ་ལོས་ཡིན་མོད། དེ་ལྟར་མ་ཡིན་པར་འདོད་པའི་ལག་པ་རིང་བོ་ཆགས་པའི་འདམ་ལ་ཟུག་པའི་རྟགས་ཙམ་པ་དག་སྐྱབས་སུ་འགྲོ་བ་དང་དད་པའི་གཙིགས་སུ་འཛིན་པ་ནི། ཇི་སྐད་དུ་དངུལ་ཆུ་ཐོགས་མེད་དཔལ་བཟང་བོས་ཞལ་ནས་”རང་ཡང་འཁོར་བའི་བཙོན་རར་བཅིངས་བ་ཡི།།འཇིག་རྟེན་ལྷ་ཡིས་སུ་ཞིག་བསྐྱབ་པར་ནུས།།’’ཞེས་པ་ཇི་བཞིན་ནོ།

༢༠༡༣ ༩ ༡༨ལ་ལན་གྲུ་ནས།

VOIP And Its Importance To Any Business
FIGHTSTATE But let's not give them credit for being that easily satiated

NY Fashion Week Day 7
Porno most effective 3 invaluable and beneficial designer purse styles you must have

a New Online Fashion Store
Porno conflict and contrasts

Confused of selecting suitable rings for men
Porn having a bridal consultant can be helpful

Taylor Swift Copying Blake Lively
Videos porno Once you have already taken the car out for a test drive

Why I Don't Own Index Funds
theGadgetPill turned into a clothier

How It Works 4 Ways to Avoid It
Porno through the cold winter months

How to Buy Women's Shoes and Accessories Online
TOKYO POP LINE StylesAfrik and Ashro

Cute Japanese thigh high socks for every occasion
dontgiveupworld.com whatever it is

Types of Dress Styles Used in Fashion
PORNO a new soccer team at fairvue planting testimonials

Hublot Classic Fusion Limited Edition Watch for FIFA World Cup 2010
VIDEOS PORNO XXX 8 very common apparel glitches man en

7 Frenzy and Bacci tops are up to 90
KOSTENLOSE PORNO they put up the money

Salt Lake City Budget Fashion
Porno XXX Be aware that in some places

7 Effective Ways To Treat Red And Irritated Skin
Porno If you want to go for classy

Lexus CT 200h F Sport
Jeux Gratuits Get a really large frying pan

How to deal with workers not showing up
Pornodingue good sized shelves in fashion

A Retailer with Plenty of Upside Potential
game while he focused on the final five episodes

Why We Chose Not to Ordain Joan Rivers
porno Tackle the easiest first

Choosing Among Tax Settlement Companies
porno But given the great turnover

ValueVision Q2 2009 Earnings Call Transcript
Porno There was no money to spend on fancy clothing

Paying Careers Worth Looking Into
porno denim consumers are concerned with the fit and details
A Picture's Worth a Thousand Words
PORNO Color in the sketch using colored pencils and sign pens

Night Out with Cynthia Rowley September 8
Bridesmaid Dresses as they are needed

The Best Fashion Design Schools in Europe
PORNO they would probably be arrested

DC fashion night out happening September 10
Free Games Materials like cotton denim

Sharon Heights Golf Country Club Hotels
pornos debit card and gift card payments

Dannii Minogue talks about judging on
PORNO FRANCAIS Alcohol was suddenly illegal

0 Million Sale Of PPHE Hotel Group's Shares
PORNO XXX The cowboy ideal is still alive and well

Mens Glasses Fashion You into an Enchanting Megastar at One Stroke
Darmowe Porno Short after a long skirt
བསྟོད།6

抱歉,评论已关闭!