བུད་མེད་ཚོར་གཉའ་ཤིང་ཆགས་འདུག་པ་སེམས་ཁྲལ་ཞིག

བྲག་རྡོ།

བདག་ཉིད་ཀྱིས་ཆེན་པོ་ཞིག་བརྗོད་འདོད་པ་མ་ཡིན་ལ། རང་ཉིད་གངས་ཅན་པ་ཞིག་་གི་བུ་རུ་སྐྱེས་སོང་པས་ཕྱིར་ན། རང་སྡེ་རིག་ལ་ཞེན་པ་དཀར་པོའི་མདངས་ཤིག་འཛིན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་འཁྲི་འགན་ཞིག་དང་དགོས་པ་གལ་ཆེན་གྱི་བླང་བྱ་ཞིག་ཡིན་པས་སོ། དེ་ཡང་ང་ཚོ་ནི་སྒང་བ་བོད་འདིས་མི་རབས་སྔོན་མ་སྟེ་ཡབ་མེས་དམ་པ་དག་གི་རྗེས་རབས་པ་ཞིག་ཏུ་གྱུར་བས་ན། ཡབ་མེས་དེ་དག་གི་ཤུལ་བཞག་གི་རེ་བ་མཐའ་དག་ནི་ང་ཚོས་ཅིས་ཀྱང་དཀའ་བ་ཁྱད་གསད་ཀྱིས་མངོན་འགྱུར་བྱེད་དགོས་པས་འོས་འགན་ཉག་གཅིག་མ་ཡིན་ནམ། དེ་བས་ཁོང་དམ་པ་ཚོའི་རེ་བཞག་འདི་དག་བུད་མེད་དང་སྐྱེས་པ་སོགས་མི་བུ་རེ་རེ་ལ་བཞག་པ་ལས་དེའི་ནང་ནས་བྱེ་བྲག་གིས་དམིགས་སུ་བཀར་ཏེ་ཁ་ཤས་ཤིག་ལ་རེ་བཅོལ་བྱས་པ་ཞིག་གཏན་ནས་མ་ཡིན་པས་འདིའི་ཐད་ནས་ང་ཚོ་སུ་དང་གང་ཡིན་རུང་འདོར་མེད་ཀྱི་འགན་འཁྲི་རེ་ཡོད་ལགས་བདག་གི་ཁ་ཡ་ན་ཟླ་ཚོ།

རེད་ལགས།ཉེར་གཅིག་དུས་གསར་བུ་མོའི་འཛུགས་སྐྲུན་གྱི་འཕྱོར་སྒེག་ངོམ་བཞིན་པས་ཁ་སང་དང་དེ་རིང་། རང་རེའི་བོད་ཀྱི་བསམ་བློ་བ་དང་སྙན་ངག་པ། དཔྱོད་ཤེས་པ་སོགས་མི་བུ་རེ་རེ་ཡི་ཁ་ནས་གླེང་མཚམས་མི་ཆད་པ་ནི“ཕོ་མོ་འདྲ་མཉམ”ཞེས་པས་ཡིག་འབྲུ་འདི་བཞི་བོ་ཡིན་མོད། འོན་ཀྱང་། ཡ་ང་ཞིང་ཡིད་ཕངས་པ་ཞིག་ལ་དེ་དག་གིས་གཞན་གྱི་ཟེར་སྦྲོས་དང་ལད་ཟློས་ཀྱི་རྗེས་སུ་དེད་ནས་ཁུངས་མེད་འཆལ་གཏམ་གྱི་སྐད་ཅོར་རྒྱག་པ་ལས། དོན་དངོས་ཐོག་གནད་དོན་དེ་ཧུར་ལེན་དང་བརྩི་མཐོང་བྱེད་ཀྱིན་མི་འདུག་སྙམ། ཡང་གཅིག་བཤད་ན། “ཕོ་མོ་འདྲ་མཉམ”ཞེས་པ་ནི་ང་ཚོས་མིད་ཐག་འགག་རག་དང་རྣ་བ་གཟན་རག་བར་དུ་ཨག་བཏབ་པ་ཙམ་ཞིག་གིས་མི་འོང་ལ་རྒྱུན་བབ་ཀྱི་སྤྱི་ཚོགས་སྟེང་ནས་སྐྱེས་པ་དང་བུད་མེད་གང་ཡིན་རུང་གདོད་མའི་སྲོལ་ངན་གྱི་བཤད་ཡམས་ངན་སྟེ“ཕོ་མཆོག་མོ་དམན”དང་“སྐྲ་རིང་བློ་ཐུང”སོགས་ཚུལ་མིན་གྱི་ལྟ་བ་དག་ལ་དགག་གཞག་དང་སུན་འབྱིན། གནས་ལུགས་སོགས་ཀྱིས་ངོ་རྒོལ་བསླངས་ནས་ཡིད་མུག་གི་སྤྱོད་ངན་འདིས་འགག་རྡོ་ཚལ་བར་གཏོང་ནས་ཕོ་མོའི་བར་གྱི་དབང་སྐལ་དང་ཐོབ་ཐང་། རང་དབང་སོགས་སུ་འདྲ་མཉམ་གྱི་འདུ་ཤེས་འཛིན་ཐུབ་པ་ཞིག་བྱེད་ནུས་ན་ཕོ་མོ་འདྲ་མཉམ་དང་དབང་མཉམ་ལ་དངོས་བབ་ཅིག་གི་རྒྱལ་ཁ་ཐོབ་སོང་བ་མིན་ནམ། གཞན་ཡང་བོད་རིགས་བུད་མེད་རྩོམ་པ་པོ་དཔལ་མོ་དང་བདེ་སྐྱིད་སྒྲོལ་མ།འཇམ་དབྱངས་སྐྱིད། ཚེ་རིང་སྐྱིད། ཁ་བ་ལྷ་མོ་སོགས་དཔྱོད་ཤེས་ཀྱི་བློ་མིག་མཁའ་ལས་ཡངས་པས་རིགས་ཞེན་གྱི་བུད་མེད་མང་པོ་ཞིག་གི་གནད་དོན་དེར་དོགས་སློང་དང་དཔྱོད་ཤེས་མང་པོ་མཛད་ཀྱིན་ཡོད་པས་ཁོ་བོའི་ཉོག་གཏམ་མང་པོ་ཞིག་འཆད་མི་དགོས་སྙམ། བུད་མེད་རྩོམ་པ་པོ་དཔལ་མོ་གཙོ་བྱས་ནས་པར་སྐྲུན་བྱེད་ཀྱིན་པས་བུད་མེད་ཀྱི་ཁེ་དབང་ཕྱོགས་ཀྱི་དཔེ་ཚོགས་སོགས་སུའང་བག་འཁུམས་དང་རྗེས་ལུས་ཀྱི་བུད་མེད་མང་པོ་ཞིག་ལ་སྐུལ་འདེབས་དང་སྤོབས་སེམས་གནང་གིན་ཡོད་མོད། འོན་ཀྱང་ཁ་ཅིག་གིས་དེ་ལ་གདེང་འཇོག་དང་ཡི་རངས་མི་བྱེད་པར། ད་དུང་འཆིང་ཞགས་ཀྱི་བཙན་རྫོང་ནས་རང་དབང་གི་མགོ་བོ་འདེགས་ཐུབ་ཀྱིན་མེད་པ་འདི་ཇི་འདྲའི་ཡིད་སྐྱོ་ཞིང་སེམས་སྨྲེང་བྱེད་ཀྱིས་དྲན་པ་རབ་རིབ་ཅིག་རེད་ཨང་།

མདོར་ན་ང་ཚོའི་ཁོར་ཡུག་ནང་དུ་འདི་ལས་ཀྱང“ཕོ་མོ་འདྲ་མཉམ”ཞེས་པས་བདེན་ཚིག་འདི་ཡིག་དྲུག་གི་ཟློས་བརྗོད་ལྟར་ཐམས་ཅད་ཀྱི་གླེང་བྱ་རུ་གྱུར་ཡོད་མོད། དོན་དམ་པའི་ཡིག་འབྲུ་འདིའི་གོ་དོན་ཡང་ཤེས་མེད་ཚོད་རེད། རྒྱུ་མཚན་ཡང་དྲང་བཞག་གི་སྐད་ཆ་ཞིག་དམར་རྗེན་དུ་བཤད་ན། འདི་ལྟར་ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་དེ་ཚོ་ནི་བུད་མེད་ལ་བཤུ་གཞོག་དང་མཐོང་ཆུང་། བརྙས་བཅོས། དམའ་འབེབས་སོགས་བྱེད་མཁན་གྱི་གཏེ་བོ་གཙོ་ཤས་སུ་སྣང་ཞིང་ནུས་ཚོད་ཀྱི་ལག་ལེན་དབེན་ཞིང་གཉའ་ཞ་ཡི་བག་གཡེང་སྤྲོ་བས་མི་བསྐྱུག་བྲོ་བ་དེ་དག་རང་རེད། དེའི་ཕྱིར་ན། འུ་ཅག་གིས་མངོན་སུམ་གྱི་འབྲས་བུ་མེད་པས་ལན་ཆགས་ཀྱི་སྐད་ཆ་རྫིགས་པོ་དེ་དག་རེ་ཞིག་དོར་ནས་རྒྱུན་བབ་ཀྱི་སྤྱི་ཚོགས་འཚོ་བས་སྟེང་ནས་ཕན་ཚུན་ལག་ཟུང་དམ་སྤྲེལ་དང་ཁུ་ཚུར་མཉམ་བཅངས། རྡོག་རྩ་གཅིག་སྒྲིལ། སྡུག་རུས་མཉམའཁུར་སོགས་ཀྱི་ཐ་སྙད་དོ་འདྲ་བ་འདི་དག་ལ་ལག་ལེན་དང་བེད་སྤྱོད་བཏང་ནས། སྲོལ་རྒྱུན་ངན་པ་དང་སྣང་ཚུལ་ངན་པ། ཕྱོགས་རུས་ངན་པ། ལྟ་སྤྱོད་ངན་པ་སོགས་བག་ཆགས་ཞེ་མུག་པའི་གོམས་གཤིས་འདི་དག་གི་ནང་དབུས་ནས་གནོན་ཤུགས་རི་འདྲ་བ་ཐེབས་ནས་སྒུལ་ཤུགས་སྤུ་འདྲ་པའང་གཡོ་ཐུབ་ཀྱིན་མེད་པས་གཉའ་ཞ་ལག་རྡུམ་གྱི་བུད་མེད་འདི་ངག་གི་གཉའ་ཤིང་གི་སྲོག་ཐུར་ལ་འུར་རྡོ་ཞིག་འཕེན་རན་འདུག་གོ།

Tips to Be Successful in Logo Designing
PORNO After time expires

Art Deco in 40s Fashion
Prom Dresses That's what surge protectors are for

Confused of selecting suitable rings for men
VIDEOS PORNO I always keep eTools open in a window on my work computer

How to Steam a Dress Shirt Vertically
Download Free Games smoked ahi tuna nicoise salad formula

The Grades of Replica Designer shoes
Kostenlose Pornos von style costume instruction

Urban Outfitters' CEO Discusses Q1 2012 Results
free xxx A successful fashion buyer must have strong communication skills

How To Make Dress With Flounces in Women Fashion
free porno 12 prompt puts forth involving electric source the fact that proves the historical past been recentl

Earning Six Figures As A fashion Illustrator
Filme Porno Financial aid is available for those who qualify
བསྟོད།7

抱歉,评论已关闭!