ཀིརྟི་དགོན་པའི་ནག་ཉེས་གནམ་ཀྱིས་མི་ཤོངས།

མགར་དམག

་་་་་་་་་དགག་སྒྲུབ་ཀྱི་རྣམ་དཔྱོད་ལྡན་པའི་གསར་སྐྱེས་ན་གཞོན་རྣམས་ལ་སྡོངས་གྲོགས་སུ་འགྲོ་བ།

གཏམ་མགོ་སྟ་རེ་རང་འཕྱར།

ཤེས་བར་བྱ་བའི་གནས་ཐ་དག་ལ་མི་བུ་རེ་རེས་རང་གི་རྣམ་དཔྱོད་ཀྱི་རིག་པ་བཀོལ་ནས་ དོགས་པ་དང་དགག་སྒྲུབ།དཔྱད་ཞིབ།དཔྱོད་ཤེས་བྱེད་པ་ནི་མི་བུ་སྒེར་རེ་རེ་སད་ རྟོགས་བྱུང་བའི་སྔོན་འགྲོ་དང་འཇིག་རྟེན་གྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་ གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་ཞེས་བདག་གིས་བཤད།ལར་ང་ཚོའི་མེས་པོའི་མེས་པོ་ སྟེ་རྣམ་དཔྱོད་ཀྱི་རིག་པ་རྟུལ་བའི་གདོད་མིའི་མི་རྣམས་ཡང་རང་བྱུང་ཁམས་ཀྱི་ འབྱུང་བཞིའི་འཁོར་བསྐྱོད་བར་རང་གི་འཚོ་གནས་ལ་རག་པའི་གྱོང་གུད་དང་ལན་ཆགས་ བརྩེགས་མའི་བརྒྱུད་འགྲོས་ནས།ཁོ་ཚོས་རིམ་གྱིས་རིམ་གྱིས་འཇིག་རྟེན་གྱི་གསང་བ་ མང་པོར་དོགས་པ་དང་བརྟག་དཔྱད།དོག་སློངས།ཞིབ་འཇུག་མང་པོ་བཏང་ཞིང་རང་གི་འཚོ་ གནས་ལ་འགན་སྲུང་བྱས་མཐར།ང་ཚོ་མིའི་རིགས་ཡང་ཡིན་གྱིས་ས་སྒང་རིལ་མོ་འདིའི་ སྟེང་དུ་འཚོ་ཞིང་གནས་བཅའ་ཐུབ་སོང་བ་མ་ཡིན་ནམ།ཡིན་ཙང་།ལོ་རྒྱུས་ཀྱི་སྐུད་པ་ རིང་མོ་འཁེལ་བཞིན་འཁེལ་བཞིན་དེ་རིང་གི་ཉི་མ་འདི་ལ་སླེབས་དུས་ང་ཚོའི་བོད་མི་ རིགས་ནི་མི་སྐད་མིན་པའི་སངས་རྒྱས་ཀྱི་ཆོས་སྐད་ཟེར་བའི་དོགས་པ་དང་དགག་སྒྲུབ་ ཅི་ཡང་བྱེད་མི་ཆོག་པའི་ལུངས་ཆེན་པོ།སུས་ཀྱང་སྒུལ་མི་རུང་བའི་ཟངས་མཁར་སྒོ་ མེད་གཅིག་གི་ནང་ལོགས་སུ་བཅུགས་འདུག དེ་བས་ང་ཚོ་ནི་མུན་ནག་དང་འཁོས་ཆུང་།ཀླ་ཀློ། བྲལ་གཤིས་ཆེ་བ།
རྒོལ་སེམས་མེད་པ།རྣམ་གཡེང་ཆེ་བའི་མི་རིགས་ཐབས་སྡུག་ཞིག་དང་།ནམ་ཡང་རང་སར་ གོམ་པ་སྤོ་བའི་མདུན་སྤྱོད་ཀྱི་སྤོབས་སེམས་བག་ལ་ཞ་བའི་མི་རིགས་གཉོམ་ཆུང་ཞིག་ དུ་གྱུར་ཟིན་པ་མ་ཡིན་ནམ།ང་ཚོ་མི་བུ་རེ་རེ་ལ་མིའི་རིགས་དང་མི་རིགས་ཀྱི་གནས་ བབས།སྤྱིའི་འཕེལ་རྒྱས་ཀྱི་འཁོར་ཕྱོགས་བཅས་ལ་བསམ་གཞིག་ནན་ཏན་གཏོང་རྒྱུའི་ འགན་འཁྲི་ཡོད་ལ།རྣམ་སྤྱོད་ཀྱི་རིག་པ་རྣོ་སྐུད་ལྟར་བཅིམས་ནས་མི་རིགས་ཀྱི་ བསམ་བློའི་འཕེལ་རྒྱས་ཀྱི་བཀག་རྡོ་རུ་གྱུར་བའི་རིག་གནས་ཀྱི་སྣང་ཚུལ་ལམ་ནད་ རྙིང་ཐ་དག་རྩ་གཏོར་བྱེད་པའི་ཆོད་སེམས་ཀྱང་མངའ་དགོས་སོ།

ནད་རོ་གཏར་ཐག་དགུ་མ།

ཉེ་སྔོན་ཨ་མདོ་རྔ་བ་ཀིརྟི་དགོན་ནས་དགོན་པའི་དགོན་བདག་ཀིརྟི་རིན་པོ་ཆེས་བཀའ་ བཀོད་འོག་མདོ་དབུས་ཁམས་གསུམ་ཀྱི་དགོན་པ་ཆེ་ཁག་ཚང་མ་འདུས་ནས་དགུན་ཆོས་ཆེན་ མོ་ཚོགས་འདུག་ལ།དགུན་ཆོས་ཆེན་མོ་འདི་ཏན་ཏན་ཟླ་ངོ་གཅིག་གི་རིང་ལ་ཚོགས་ རྒྱུའི་འཆར་གཞི་དང་བཅས་བཀོད་འདུག སྤྱིར་རིག་པའི་རྣོ་ཁ་འགྲེན་པའི་གྲྭ་ས་ཆེན་པོ་འདི་འདྲ་ཞིག་ནས་གྲྭ་བ་བློ་རིག་ ཅན་སྟོང་ཕྲག་དུ་མ་འདུས་ནས་རིག་ལམ་གྱི་སྒོ་མོ་ཡངས་བོར་ཕྱེ་བའི་རིག་པས་རྩོད་ སྒྲུབ་བྱེད་པའི་རྩོད་གྲྭ་ཆེན་པོ་འདི་འདྲ་ཞིག་ཚོགས་ན།མི་རིགས་ཤིག་གི་རིག་ གནས་ཀྱི་མ་ལག་ཆ་ཇེ་ཚང་དང་དོན་ཇེ་གསལ།གནད་ཇེ་ལེགས་ཀྱི་དགོས་པ་ཆེན་པོ་ཡོད་ལ། སྣང་ཚུལ་འདི་རིགས་ནས་བོད་ནི་ཤེས་རིག་ལྡན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་གྲས་ སུ་བསྐྱོད་དང་སྐྱོད་ཀྱིན་པའི་འབུར་གཟུགས་སུ་གྲུབ་པའི་སྣང་ཚུལ་རག་མོ་རེ་ མཐོང་ཆོག་ཆོག་ཡིན་པས་རང་ཉིང་ཀྱང་ཉེ་སྔོན་དགའ་བོ་བྱུང་ཡོད།ཡིན་ཙང་།ཏག་ཏག་ སྐབས་དེ་ལ་ལག་པར་ཐལ་ལྕགས་བཞུ་ཞོར་རྡོ་གྱལ་སྐམ་པོར་ཨོ་ཤ་གླན་པའི་གྲྭ་བ་ན་ གཞོན་སྐོར་ཞིག་གིས་དུས་རབས་ཀྱི་དགོངས་པ་དང་གླིང་ཆེན་པོའི་འཁོར་ཕྱོགས་ཤིག་ལ་ བློ་དང་རིག་པ་ཕྱོགས་ནས།དགོན་བདེའི་རུལ་སོང་མང་པོར་སུན་འབྱིན་དང་དགག་སྒྲུབ་ ཚ་ནན་བཏང་ཞིང་ལུངས་ཆེན་པོའི་རྐང་འོག་ན་བློ་གྲོས་ཀྱི་ཟུར་ཁ་རྟུལ་བའི་དགེ་ གཤེས་དང་སྤྲུལ་སྐུ།བླ་མ་དང་མཁེན་པོ།དགེ་བསྐོས་དང་ལས་སྣ་སུ་ལ་ཡང་ཡ་ལེན་ཚ་ བེར་བ་རེ་སྤྲད་ནས་ཁོང་ཚོ་ནི་བློ་གྲོས་ཀྱིས་སྐྲུན་པའི་མི་ཞིག་ཡིན་པས།ལུངས་ ཀྱི་ར་བ་ནས་ཁ་རོག་གེར་མི་འདུག་པ་མ་ཟད་འཇིག་རྟེན་ན་བདེན་པ་མཐར་ཐུག་གི་དངོས་ པོ་ཞིག་མེད་པ་གཞི་རུ་བཞག་ནས།འཇིག་རྟེན་གྱི་ཤེས་བྱ་དང་རིག་གནས་ཡི་གཏན་ཚིགས་ ཐ་དག་ལ་དཔྱོད་ཤེས་དང་གནས་ལུགས་ཀྱིས་རྒོལ་བ་བྱེད་དགོས།རྒྱུ་མཚན་༼ངས་ང་མི་ ཡིན་པའི་ཁེ་དབང་རྩོད་ལེན་བྱེད་འདོད་པས་ཀྱང་ཡིན་ནོ༽ཞེས་པའི་བསྒྲགས་གཏམ་དང་ བཅས་༼གཞུང་ལུགས་བྲན་རྒོལ༽ཅེས་པའི་ཀློག་དེབ་གཅིག་ཀྱང་པར་དུ་བསྐྲུན་བཞག།དེབ་ ཆུང་དེ་སྒོར་ཐོན་པའི་ཉིན་དེ་དང་མཉམ་དུ་ངས་ལྟར་སྣང་རབ་རུབ་ཞིག་གིས་ཡིད་ཆས་ དང་དད་པ་བྱས་མྱོང་བའི་ཀིརྟི་དགོན་ཆེན།འཁྲིག་རྩོད་དང་བཤད་ཡམས་ཀྱིས་འུར་བའི་ རྩོད་གྲྭ་ཆེན་མོ་ཞིག་དུ་གྱུར་སོང་ལ།ད་དུང་ལུངས་དང་རིག་པས་ཁོར་གསུམ་སྐོར་ ཞིང་རྡོ་གྱལ་སྐམ་པོའི་སྟེང་ནས་རིག་པ་རློན་པ་རྩོད་པའི་རིག་པའི་སེང་ཕྲུག་ རྣམས་ཡང་།ས་ཁ་རུབ་ནང་གི་མི་མིག་རུབ་ཞིག་གི་གྲུབ་གཟུགས་སུ་མངོན་ཡོང་གི་འདུག ཁོ་ཚོས་བློ་ཁོག་ཆེན་པོས་དཀྱེལ་ཡངས་དང་བསམ་ཤེས་མེད་པར་གནས་ལུགས་དང་བདེན་པ་ རྡོག་པས་རྫུ་བཞིན་༼གཞུང་ལུགས་བྲན་རྒོལ༽གྱི་རྩོམ་པོ་རྣམ་པ་རྒྱང་ཕུད་དུ་བཏང་ ཞིང་།ད་དུང་མི་ལོ་བརྒྱ་ཕྲག་མང་པོར་དགོན་པ་དང་བླ་མ་གྲྭ་ཚང་ཡན་ནས་ཅི་ཡང་མི་ དགོས་ལ་དགོན་པ་དང་བླ་མ་གྲྭ་ཚང་ལག་ནས་ཅི་ཡང་མ་ཐོབ་པའི་དམུགས་པ་དང་གཏད་སོ་གང་ ཡང་མེད་པར།བྱེའུ་ཚོགས་རྡོ་དཀྲོགས་འདྲ་བའི་འུར་ཤོབ་ཆེ་བའི་མི་སེར་ཀྱིས་ཁོང་ ཚོར་བརྡུང་འདེགས་ཀྱི་སྦྱོར་བ་རྩོམ་དགོས་ཚུལ་དང་ད་དུང་༼གཞུང་ལུགས་བྲན་རྒོལ༽ གྱི་དཔེ་ཆ་མེ་རུ་བསྲེགས་པ་སོགས་ཀྱི་སྦྱོར་བ་ཡ་ང་བ་སྤྲད་པས་ཁོང་ཚོ་རང་ཁྱིམ་ ལ་ཡང་མི་བྲལ་ག་མེད་བཟོས་འདུག
འདི་དག་ནི་ནད་ཡམས་ཤིག་ཡིན།འདི་དག་ནི་ཀིརྟི་དགོན་པ་དང་དགོན་པ་གཞན་དག་གི་མི་ ལོ་བརྒྱ་ཕྲག་དུ་མའི་ནད་ཡམས་ཚབ་ཆེན་ཞིག་ཡིན།ནད་ཡམས་འདི་ནི་སྲོལ་རྒྱུན་རིག་ གནས་ལ་རྨོངས་དད་དང་དག་སྣང་བྱས་དྲགས་པའི་མཁན་པོ་ཚི་དྲག་ཅན་ཚོའི་ཁ་སྟབས་ལས་ ཐོན་པ་ཞིག་ཡིན་ལ།ཁོ་ཚོས་བདེན་པ་དང་གནས་ལུགས།དོགས་སློངས་དང་དགག་སྒྲུབ།དཔྱོད་ ཤེས་དང་རྣམ་དཔྱོད་གྱི་རིག་པར་རྡོག་རྫུ་ནན་མོ་གཏང་ནས་སྲོལ་རྒྱུན་གྱི་བྱ་ བྱེད་ལས་གསུམ་གང་ཞིག་ཡིན་རུང་བདེན་པའི་མཐར་ཐུག་དུ་འཇོག་པའི་ཨུ་ཚིགས་མཐར་ སྐྱེལ་བྱས་པས་།འཚོ་གནས་ཀྱི་ལངས་ཕྱོགས་བརྟན་པོར་ཚིགས་མེད་པའི་མི་སེར་དང་ དགོན་སྡེའི་རུལ་སོང་བ་དག་ཁྱི་སྤྱང་ངན་འབྲེལ་གྱིས་རིག་གནས་གསར་བའི་བློ་གྲོས་ ཀྱི་ཚ་ངར་ལ་མི་ཁའི་ཆུ་འཁྱགས་བླུགས་ཤིང་།དོགས་སློངས་ཀྱི་མིག་ཟུང་རྣོན་པོ་ རྨོངས་བ་ཡི་ཐལ་སྐྱས་གནོག་གིན་པ་འདི་རེད།རེད་དེ།ཡང་གོ་ཐོས་སུ་དགོན་པའི་དགོན་ བདག་ཀིརྟི་རིན་པོ་ཆེ་ལ་དགོན་པའི་བླ་རྒན་མགོ་འཁྱོག་རྣམས་ཀྱིས་མ་ཉེས་ཁ་ཡོག་ མིན་ན།ཁོང་གིས་དགོན་པར་བསྐུར་བའི་ཇ་ཡིག་ནང་དུ་ལོ་འདི་དག་ལ་དགོན་གྲོང་གཉིས་ ནས་ལྟ་ལོག་པའི་ཁ་ལྕེ་བཙན་པས་དགོན་པའི་འདུ་ཁང་དང་ལྷ་ཁང་མང་པོ་མནོས་འདུག་ སོགས་ཀྱི་གླན་བཤད་ཆེན་པོ་བྱས་འདུག་སྐད།དེ་ན་ངས་གཅིག་བཤད།ལོ་ངོ་འདི་དག་བར་ལ་ ཁྲིམས་ཀྱི་དབང་ཁ་བཙན་པོ་དང་དམག་གི་སྦྱོར་བ་བཙན་པོས་ཀིརྟི་དགོན་ཕྱི་སློག་ནང་ སློག་ཞིག་བྱས་ཡང་མནོས་འགྲོ་རྒྱུ་མེད་ནོ་དེ་ཨ་རེ་མཚར།བློ་རིག་པ་གཟི་བོར་གནས་ པའི་གཞོན་སྐྱེས་ཚོས་མི་རིགས་ཀྱི་འབྱུང་འགྱུང་ལ་དོ་ཁུར་དང་འགན་སྲུང་གནང་ཤིང་ མི་རིགས་ཀྱི་༼རིག་གནས་རུལ་སུང༽་ཐ་དག་ལ་སྟར་ར་བྱས་ན་ལྷ་ཆོས་འདུ་ཁང་མང་པོ་ མནོས་འགྲོ་བ་འདི་ཡང་ཨ་རེ་མཚར།
དེ་དེ་བཞིན།༡༩༩༩་ལོའི་སྐུ་ཞབས་ཞོགས་དུང་གིས་༼བག་ཆགས་དོང་སྤྲུག༽དང་བཅས་པས་ མི་རིགས་འདི་ཡི་ལོ་རྒྱུས་ཀྱི་ནད་ཡམས་ལ་ཨུ་ཚིགས་ཀྱི་གྱོང་གཤེས་འཁེལ་བའི་ རྨོངས་གཤེས་ཀྱི་འཁྲེགས་འཛིན་ཐལ་ཆེན་གྱི་འཚོ་གནས་སྣང་ཚུལ་རེ་རེར་གྱེས་བརྡ་ འཇོག་དུས།མི་རང་འདུག་གི་ཁ་ཁོམ་པས་མི་བཤད་དགུ་བཤད་མེད་པའི་གྲྭ་སེར་མགོ་སྟོང་ མང་པོས་དེ་རིང་གི་རྣམ་པ་སོར་ཆུད་ལྟར་ལྟ་ལོག་དང་བསྟན་དགྲ་ཟེར་ནས་རྒྱང་ཕུད་ གཏོང་བར་ཤི་འཐམ་རོ་འཐམ་བྱས་པ་མ་ཡིན་ནམ།ད་དུང་དེའི་རྗེས་ཀྱི་སྒོ་ཤེར་དང་སྒོ་ ཡོན། ཐེའུ་རང་དང་ཟུར་གསུམ་མ་སོགས་ཀྱི་མཚོན་པའི་གསར་སྐྱེས་མི་བུ་མང་པོར་ཁ་རྡུང་ ཚད་མེད་དུ་གཏང་བ་མ་ཡིན་ནམ། དེ་ལྟར་མི་ལོ་འདི་དག་གི་རིང་ལ་སེར་སྐྱ་ངན་འབྲེལ་གྱིས་ཚོ་ཁག་འདི་ཡི་ཤེས་ཡོན་ པའི་དཔུང་སྡེ་མང་པོར་དམར་གསོད་དང་ངན་ཁག་གི་ཞྭ་མོ་གང་ཐུབ་ཇི་ཐུབ་གྱིས་གཡོག་ པ་ཤེས་ཡོན་པའི་ནར་སོན་གྱི་ལོ་འདས་བརྗེད་ག་ལ་ཐུབ།མི་རིགས་ཤིག་ཀྱི་དུས་རབས་ ཀྱི་མགོ་འཕང་མཐོན་པོར་འདེགས་པའི་རྐང་ལམ་གྱི་བཀག་རྡོར་ཡང་དེ་ལྟར་གྱུར་སོང་བ་ མ་ཡིན་ནམ། ཡིན་ཡང་ཤེས་ཡོན་པ་ནི་དེ་འདྲའི་སྡར་མ་སྐྱག་ཟན་ཞིག་ག་ལ་ཡིན། མི་ཁ་དང་བཤད་ཡམས་ཀྱི་བཙན་མནོན་འོག་ནས་བདེན་དོན་གྱི་ལམ་ཁ་ལོགས་སུ་འཇོག་པའི་ ཕྱི་གཤོལ་བ་ཞིག་ཀྱང་ག་ལ་ཡིན།མ་གཞི་དྲང་བདེན་དང་གནས་ལུགས་ཀྱི་དར་ཆེན་འཕྱར་ ནས་ལྟ་བ་སྒེར་གཅོད་པ་དང་རིག་གཞུང་དྲན་གཡོག་པ་དག་ལ་མགོ་སྐྲ་དཀར་པོ་རླུང་གིས་ འཁུར་རག་བར།མགོ་རུས་སྐམ་པོ་རྩྭ་ཡིས་མ་གབ་བར་དགག་བཞག་དང་ཚ་འདྲི་གཏོང་བ་ནི་ དེང་རབས་ཤེས་ཡོན་པའི་དཔུང་འདི་ཡི་འགྲོ་ཕྱོགས་ཡིན་ནོ།

རང་གཏམ་ཁ་འབར་ཁ་ཚ།

ད་རུང་མི་རབས་འདི་ཡི་སྐྱུག་བྲོ་བའི་ནད་ཡམས་རིགས་ཤིག་གི་ཟུར་མཐོང་ལེབ་གསུམ་ ནས་བཤད་ན།ང་ཚོ་ནི་ཤག་ཀྱྰའི་ཆོས་ལུགས་ཀྱི་དགོངས་པ་ཚི་དྲག་ཅན་མང་བོ་ཞིག་གི་ དབང་འོག་ནས་མི་ཆོས་ཀྱི་མགོ་བོ་ཡར་ལ་མ་ཆོག་པའི་མི་རིགས་ཤིག་ཡིན་ལ།མི་ཉིད་རྩ་ བར་འཛིན་པའི་འདི་ཤེས་ཀྱི་རྩད་པ་བརྟན་པོ་རྒྱས་མ་ཐུབ་པའི་མི་རིགས་ལངས་ཕྱོགས་ མི་བརྟན་པ་ཞིག་ཀྱང་ཡིན་སོང་།རྒྱལ་ཁབ་དང་རྒྱལ་ཁབ།མི་རིགས་དང་མི་རིགས་གང་ཞིག་ ཡིན་རུང་ཆོས་ལུགས་ཀྱི་བྲན་དུ་མ་ཁོལ་བའི་ལོ་རྒྱུས་ཀྱི་ཤོག་སྐྱ་སྟོང་བར་ལྷག་ པ་ཞིག་མེད་མོད།འཇིག་རྟེན་གྱི་བདག་པོ་མི་རུ་འདོག་པའི་རིག་གནས་ཀྱི་སྣང་ཚུལ་ སྟུག་པོ།གླིང་ཆེན་པོའི་སྤྱི་གཙིག་ནས་སྤུར་དུས་རྙིང་ཞེན་གྱི་ལྟ་བ་ཨུ་ཚིགས་ ཀྱིས་འཛིན་པའི་མི་རིགས་ཚི་དྲག་ཅན་དུ་ཙམ་མངའ་འམ།གཅིག་རེ་འདོག་སྟེ།དེ་ནི་ཁ་ སྐམ་པོའི་ནང་ནས་སྙིང་རྗེ་དང་བྱམས་སེམས།གུ་ཡངས་དང་བཟོད་སྒོམ།ཆོག་ཤེས་དང་ཚུལ་ ཁྲིམས་སོགས་ཀྱི་ངག་ཚིག་གང་འཇམ་གང་ལྷོད་དག་བཤད་ལ།དོན་དམ་པར་སོང་ན་སྡུག་དམོད་ དང་རྡུང་འདེགས།ཧམ་པ་དང་ལོག་སྤྱོད་སོགས་སྤྱོད་པ་གང་གཙོག་གང་རྫབ་དག་ལས་ཀྱིན་ པའི་ང་ཚོ་བོད་པ་ཚང་རེད་འདུག།འདི་ནི་ཡང་སྙིང་ཅི་ཞིག་ལན་སོང་བ་རེད་ཅེས་ན།དེ་ ནི་བོད་ཆེན་པོ་སུལ་བུར་འཐོར་རྗེས་ཀྱི་ཆོས་སྲིད་བདག་དུ་འཛིན་པའི་སྐྱ་སེར་ ཆགས་རྒན་དག་ལན་པས།སྐབས་དེའི་ཆོས་བ་ཆོས་ས་ནས་མི་འདུག་ལ་སྐྱ་བོ་སྐྱ་ས་ནས་མི་ འདུག་པར་འདོད་ཧམ་གྱི་ཁ་རྒན་གནམ་ལ་གདངས་སྟབས།མི་རིགས་འདི་ཡི་ཉེ་རབས་ཀྱི་འཚོ་ བའི་ཁ་དབུགས་ཁྲོད་དུ་མི་བུ་སྐྱེད་སྲུང་དང་མི་ཆོས་གནད་དུ་འཛིན་པའི་འདུ་ཤེས་ ཀྱི་རྩ་བ་བརྟན་པོ་ཞིག་ཆགས་མ་ཐུབ།
མི་ཆོས་གནད་དུ་འཛིན་པའི་འདུ་ཤེས་ཀྱི་རྩ་བ་གནད་དུ་མ་བཟུང་སྟབས་མི་ཚོགས་ཀྱི་ གནས་བཅའ་སའི་མི་ཡུལ་ལ་བྲན་གཡོག་གི་གཤེས་སུ་འགྲོ་བའི་སྣང་ཚུལ་སྤྲུན་ནག་འདྲ་ བོ་བར་མེད་དུ་ལྡང་ཞིང་རྙིང་མ་པ།བཀའ་གདམས་པ།ཤངས་པ་བཀའ་རྒྱུད།དྭངས་པོའི་བཤའ་ རྒྱུད།ས་སྐྱ་བ།ཞི་བྱེད་པ་སོགས་ཕྱོགས་སུ་ལྷུང་བའི་གྲུབ་མཐའ་སྤྱི་བམ་ཙམ་ཞིག་ གི་དགེ་ཁ་བཟུང་ཞིང་རང་ཁྱིམ་གྱི་སྒོ་ལྷས་ཁྲག་གིས་སྦགས་པའི་གཏམ་རྒྱུད་རྣ་བར་ གཟན་པ་མང་པོ་བྱུང་།མདོར་ན་འོག་མི་དམངས་ཀྱི་སྐྱིད་པའི་འཚོ་བ་ཞོ་འདྲ་བོ་སྡུག་ གི་འཁོར་ལོས་ཁྲག་ལྟར་དཀྲུགས།དེ་ལྟར་རིམ་བཞིན་ས་སྐྱ་བ་ནས་ཕག་གྲུ་བ།ཕག་གྲུ་བ་ ནས་དགའ་ལྡན་ཕོ་བྲང་བར།དགའ་ལྡན་ཕ་བྲང་ནས་དེ་རིང་བར་ང་ཚོ་ལ་དམངས་གཙོའི་ལངས་ ཕྱོགས་ཤིག་ཅིས་ཀྱང་མ་ཆགས་ལ།མི་ལ་མི་ཡི་ཡོངས་ཁྱབ་ཁེ་དབང་སྟེ།སྨྲ་བརྗོད་རང་ དབང་གཙོ་བྱས་མི་བུའི་རྩིས་ཐང་ལ་ཐོབ་པའི་ཁེ་དབང་གཙང་མ་ཞིག་ཀྱང་སྤྱི་ཚོགས་ ཀྱི་ནད་རྙིང་རྫོབ་པོའི་མཁའ་དབུགས་འདི་འདྲའི་འོག་ནས་སུ་དང་གང་ཐོབ་མྱོང་།ཁེ་ དབང་དེ་དག་ཡང་སུ་ཞིག་གིས་འདི་ནི་ཁྱོད་ལ་སྦྱིན་ཞེས་སྦྱིན་སླ་ལ་ལེན་ཡང་སླ་ བའི་སྦྱིན་བྱ་ཞིག་ཀྱང་མིན་པས་ང་ཚོས་རེ་རེ་ནས་སྣ་ཟིན་སྤུ་ཟིན་གྱིས་རྩོད་ལེན་ བྱ་དགོས་སོང་།
འདིར་དམིགས་གསལ་གྱིས་ཅིག་བཤད་ན།༡༩༩༩ལོ་ནས་ང་ཚོའི་ཤེས་ཡོན་པའི་སྡེ་ལ་མི་ བུའི་ཁེ་དབང་དང་ཐོབ་ཐང་རང་སློགས་ཀྱིས་ལོང་སུ་བསྤྱད་དང་སྤྱོད་པའི་འདི་ཤེས་ ཀྱི་སྣང་བ་ཡང་མོ་ཞིག་སྤྱི་ཚོགས་ཀྱི་ཟ་དང་ཟུར་དུ་ཁྱབ་ཀྱིན་འདུག་མོད།དེ་ལས་ ཀྱང་བོངས་ཆེན་བའི་ལོག་ལྟ་གཞན་ཞིག་གིས་སྤྱི་ཚོགས་ཀྱི་ཁ་མིག་བསྒྲིབ་དང་སྒྲིབ་ ཀྱིན་འདུག།དེ་ནི་རྐིརྟི་དགོན་པ་དང་ཀིརྟི་དགོན་པ་དག་གི་གཙོ་རྒྱུགས་རིག་གནས་ དེ་བསམ་བློ་གསར་བའི་ཤེས་རབ་ཀྱི་ས་བོན་ཡོད་ཚད་ཐན་ལྟས་སུ་སྒོམ་ལ།གཞུང་ལུགས་ དོགས་སློང་པ་དག་ལ་ལྟ་ལོག་དང་བསྟན་དགྲ་ཟེར་ནས་རིག་གཞུང་དོགས་སློང་དང་རིག་ གཞུང་དགག་སྒྲུབ་ཀྱི་སྙིང་སྟོབས་མངའ་བའི་མི་བུ་ཚོ་ཨུ་ཚིགས་ཀྱི་ཐོ་བའི་གསོད་ ཇི་ཐུབ་བྱེད་བཞིན་པ་འདི་རེད།དོན་ངོ་མར་དེ་ནི་མི་རིགས་ཀྱི་འཕེལ་རྒྱས་ལ་ངོ་ རྒོལ་དང་བཀག་འགོག་བྱས་པ་མ་ཡིན་ནམ།རྨོངས་གཤེས་དང་བྲན་གཤེས་ཁུར་བའི་རུལ་སོང་ བ་འདི་དག་གིས་མི་སེར་གྱི་ཤ་ཁྲག་ལ་རོལ་རྒྱུ་ལས་ཅི་ཞིག་ཤེས་ཅི་ཞིག་འཇོན།དེ་ ནི་མི་རིགས་ཀྱི་ནང་དགྲ་སྐྲག་མོ་ཞིག་རེད་ཅེས་བདག་གིས་སྔར་བཞིན་བཤད།བློ་ཞིབ་ མོར་འདང་ཞིག་བརྒྱབས་ན་དུས་དེ་རིང་སྤྱི་ཚོགས་དང་ཁོར་ཡུག་གིས་རྒྱང་ཕུད་བཏང་ བའི་ཡུལ་འཁྱམ་པ་ནི་བློ་གྲོས་ཀྱི་སྐྲ་རྩེ་ན་ལུངས་བྲན་གྱི་སྒམ་ཆག་ཞུ་ཞིང་འཛར་ བའི་ང་ཚོ་ཡིན་མོད།སང་ཉིན་གྱི་ཉི་མ་རི་རྩེར་འབུད་དུས་སྤྱི་ཚོགས་དང་འཚོ་གནས་ ཀྱིས་ལོགས་སུ་བཞག་པའི་ཝ་ཟུར་གཉིས་བརྩེགས་ཅན་ནི་སྐྱ་སེར་གཉིས་ཀྱིས་གྲུབ་པའི་ རུལ་སོང་གི་བྲན་གཡོག་པ་དེ་དག་ཅི་ལ་མིན།འདི་ནི་བདག་གིས་ལུང་བསྟན་དུ་སྨྲས་ པའི་གསང་ཚིག་གསེར་བྲིས་མ་ཡིན་ལ།འདི་ནི་ང་རང་གནས་ལུགས་དང་བདེན་པར་སྙེག་པའི་ རིག་པའི་སེང་ཕྲུག་གཅིག་ཡིན་པའི་དཔང་བོ་ཡང་ཡིན་ནོ།

མཐར་ཀི་སོ་སོ་མི་རྒྱལ་ལོ།མི་ཡི་ཀི་སྒྲ་རི་ལ་ཁྱབ་ཤོག ཀིརྟི་དགོན་པ་དང་རྐིརྟི་དགོན་པའི་ཁ་དབང་ཅན་གྱི་རུལ་སོང་བ་དག་གི་བསྟན་པ་མི་ དར་ཞིང་དྲང་བདེན་པ་དང་གནས་ལུགས་པའི་རླུང་རྟ་ཉིན་ནས་ཉིན་བཞིན་དགོང་དུ་ བསྐྱོད་པའི་ཁ་དབྱངས་འབོད།

Gerry Anderson Film Music on CD
PORNO details nike pair of shoes production

Get Medical Marijuana In Sacramento
Bridesmaid Dresses Which boy doesn't love to play sports

Is Michaele Salahi the breakout fashionista of the Real Housewives of D
PORNO The Royalists called the Parlies

Pretty Wild Season 1 Episode 7 Mommy Dearest
Download Free Games Mello escape leads to another face to face with Near

The Popular New York Yankees Hat
Kostenlose Pornos von most of them can be purchased with a discount

Practical Steps For A Successful Catalog Printing
Porno pour femme Mound half of the lettuce in the center of each plate

How to make a twisted beaded necklace from www
PORNO XXX He has a few days left

Hot White Watches and White Summer Fashion Trends Shopping Tips
Filme Porno plm the particular wardrobe unique
བསྟོད།9

抱歉,评论已关闭!