ལས་རྒྱུ་མང་བའི་སེར་མོ་བ།

གཤོག་ནག

-------བདག་གི་སྙིང་ཉེ་བའི་ཡུལ་མི་སྤུན་ཟླ་ཡོངས་ཀྱི་གཉའ་བར་སྐྱིད་ཉལ་བྱས་པའི་སེར་མོ་བ་མགོ་རིལ་ཚོ་ལ་གཏར་བའི་གཏམ་ཚེར་ཤན་མ།

ཆོས་ལུགས་མ་ཡིན་པའི་ཆོས་ལུགས་ཤིག་གི་བག་ཆགས་ཀྱིས་བཏུམས་ཤིང་།ཆབ་སྲིད་མ་ཡིན་ པའི་ཆབ་སྲིད་ཅིག་གིས་གཅུན་ཞིང་བསྡམས་ནས་ཡོད་པའི་རང་རེའི་སྤྱི་ཚོགས་ལ་དོན་ ངོ་མའི་ཁ་དོག་གང་ཞིག་ལྡན་ནམ།
གལ་ཏེ་མི་སུ་ཞིག་གིས་སེར་མོ་བ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ངོ་རྒོལ་དང་ དོགས་སློང་བྱས་ཚེ།བླ་མ་དང་སྤྲུལ་སྐུ་གཙོ་བྱས་པའི་སེར་མོ་བ་དང་དེའི་འཁོར་ ཚོགས་ཀྱིས་ཁོ་བོ་ཕྱི་རོལ་བ་དང་ལྟ་ལོག་པར་བརྩིས་དེ་སྤྱི་ཚོགས་ཀྱི་གདོན་དང་ མི་རིགས་ཀྱི་འདྲེ་རུ་བསྒྲེངས་ནས་ཐུར་ནས་ཐུར་དུ་འདེད་པ་ནི་ལོ་རྒྱུས་ཀྱིས་ མྱོང་བའི་གྲུབ་པ་ཞིག་རེད།ཡིན་ཡང་མི་ཡི་རྒྱུ་འབྲས་ཀྱི་རྟོགས་པ་དང་དཔྱོད་ཤེས་ ཀྱི་བློ་མིག་བག་ནས་སད་ཚར་དུས་གཡོ་ཇུས་སྣ་ཚོགས་ཀྱིས་སྦྱོར་བ་ཅི་ལྟར་བརྩམ་ནས་ ངན་སྨྲས་བྱས་ཀྱང་འཇིགས་ཤིང་ཞུམ་པར་མི་ནུས་པར་མ་ཟད་སྔར་ལས་ལྷག་པའི་སྒོ་ནས་ དེ་དག་གི་ཁ་གཏད་ནས་བདེན་པ་རྩོད་ངེས་སོ།།
ལོ་རྒྱུས་ཁྲོད་ཀྱི་བྱས་ཉེས་མཐའ་དག་ནི་ལོ་རྒྱུས་སུ་གྲུབ་ཟིན་པས་དེ་གླེང་བ་ལ་ དགོས་པ་ཆེར་མ་མཆིས་མོད།འོན་ཀྱང་དེ་རིང་གི་ལག་ལེན་དང་དེ་རིང་གི་ལམ་ལུགས་ འདིས་ལོ་རྒྱུས་གསར་བ་ཞིག་འབྲི་བཞིན་ཡོད་པས།དེ་རིང་དུས་དང་མཐུན་པའི་བདེན་པ་ ཞིག་དང་སྤྱི་ལ་འགྲིག་པའི་ལམ་ལུགས་ཤིག་གི་སྒྲོམ་གཞི་རང་རེའི་སྤྱི་ཚོགས་སུ་ བསུ་རྒྱུ་ནི་གལ་ཆེན་ནང་ནི་དོན་ཆེན་དང་དོན་ཆེན་ནང་གི་འགངས་ཆེན་དུ་སེམས་པས། ཞིང་འབྲོག་མང་ཚོགས་ལ་གཉའ་གནོན་དང་བཤུ་གཞོག་མགོ་སྐོར་བྱས་པ་ཚད་ལས་འདས་པའི་ སེར་མོ་བ་དང་ལྷག་པར་དུ་བླ་སྤྲུལ་མིང་ཆེན་དག་གི་མཛད་པ་ལ་ཡིད་ཁོང་ནས་ཆད་པ་ དང་།ཡུལ་མི་གླེན་རྨོངས་དག་གི་གཤིས་རྒྱུད་ལ་ཉེ་བར་བཅར་དུས།མིག་གིས་ཞར་རྫི་ དང་རྣ་བས་འོན་རྫི་བྱེད་མི་རུང་བའི་རྟགས་དང་མཚན་མ་ཀུན་ནས་རྙེད་བྱུང་།ཁོ་ཚོས་ དུས་རྒྱུན་ངག་ནས་སྐྱིད་པོ་བདེ་མོ་དང་སྙན་མོ་ཡག་མོ།སྟོབས་རབ་ཆེ་རབ་སོགས་མང་ ནས་མང་དུ་ལབ་ནའང་འཚོ་གནས་ཀྱི་འཇིགས་པ་ཧང་སེང་བ་ཞིག་གིས་མདུན་རྒྱབ་གང་རུང་ ནས་གཅུར་ནས་ཡོང་བཞིན་པ་ནི་སུ་ལའང་གསང་ཐབས་མི་འདུགདེ་འདྲའི་འཇིགས་ཤིང་ཡེར་ བའི་དུས་ཤིག་དང་།དེ་འདྲའི་འདྲོགས་ཤིང་འདར་བའི་སྐབས་ཤིག་ལ།རང་ཅག་གི་སེར་མོ་ བ་དང་བླ་སྤྲུལ་ཁྱིམ་སྐྱོང་བ་ཚོའི་རྔ་མར་ཨུ་ཚུགས་ཀྱིས་འཐམ་པའི་སྐྱ་བོ་ཆོས་ སྨྲ་བ་ཚོས་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི་དར་ཆེན་གནམ་ལ་ཕྱར་ནས་འཁོར་ བའི་ཕུན་ཚོགས་ནི་སྡུག་བསྔལ་གྱི་མེ་འོབས་དང་ཐར་བ་དང་ཐམས་བཅད་མཁྱེན་པའི་བཀག་ རྡོ་ཡིན་པས་དེ་ལ་སྙིང་བོ་དང་རྒྱུ་མཚན་མེད་རབ་ལབ་ཀྱིན་རང་ཚོ་འགྲོ་རླངས་འཁོར་ གང་བཟང་དང་།ཟ་ཟས་སྣ་གང་ཞིམ།འདུག་གདན་ཁྲི་གང་ལེགས་བྱས་ནས་འཁོར་བའི་ཕུན་ཚོགས་ ལ་སེ་གོར་གཅིག་ཙམ་ལའང་བྲལ་གྱིན་མེད་པ་འདི་བསམ་ན།ཁོ་ཚོ་ནི་རང་ཅག་གི་ཡུལ་མི་ གླེན་པ་དག་གི་སྤྱི་བོར་རྔམ་བརྗིད་ཀྱིས་འགྱིངས་ཤིང་ཁ་ནས་དུག་ཆོས་འཆད་མཁས་ ཀྱི་རང་ཅག་གི་བསྟན་དགྲ་དང་ལག་དམར་གཅིག་པུ་རང་རེད།ཁོ་ཚོ་ནི་རྒྱུ་འབྲས་དང་ རྒྱུ་མཚན་གཞི་ནས་བོར་བའི་སྒེར་གཅོད་པ་དང་ཁེ་ཕན་རིང་ལུགས་པ་གཤའ་མ་ཞིག་རེད། གང་ཞིག་ན་དཔལ་ཡོན་གྱི་མེ་ཏོག་མོད་ན་གནས་དེ་ན་སེར་མོ་བ་དག་གི་གདུལ་བྱ་ཡོད་ལ། གང་ཞིག་ན་དད་པ་དང་དག་སྣང་གི་མཁའ་དབུགས་སྟུག་ནས་རྒྱུ་འབྱོར་དང་ཤེས་རིག་གི་ སྔོ་རྩི་ཉུང་ན་གནས་དེ་ན་སེར་མོ་བ་དག་གི་ཐུགས་ཁུར་དང་བྱམས་བརྩེ་ཉུང་།རེ་ གཉིས་ཡོད་ཀྱང་མི་སྒེར་གྱི་ཁེ་ཕན་ཙམ་ལས་ལྷག་བསམ་གཙང་མས་སེམས་ཅན་ཐམས་ཅད་བསམ་ མཁན་ཞིག་ཤིན་ནས་ཤིན་ཏུ་ནས་ཀྱང་དཀོན་ནོ།།དེ་ལྟར་དེ་བཞིན་ཞིབ་ནས་ཞིབ་ཏུ་བསམ་ ན།ཕྱི་ན་དམར་བོའི་སྲིད་གཞུང་གིས་གཏམ་བཤད་དབང་དང་ལུས་འཕག་དབང་མེད་པར་དམ་ ནསདམ་དུ་བསྡམས་ནས་ཡོད་ལ།ནང་ན་སངས་རྒྱས་བརློན་པ་དང་འགྲོ་བའི་སྒྲོན་མེ་འདི་ དག་གིས་གང་འདོད་འདོད་དང་ཅི་བསམ་བསམ་བྱས་ནས་ཡོད་པའི་རང་རེའི་མི་རིགས་འདི་ འཆི་བའི་སྒོ་དྲུང་དུ་ཉེ་ནས་ཉེ་རུ་བསྐྱལ་གྱིན་པ་འདི་བསམ་ན་སྙིང་ན་བ་ཞིག་དང་ ལུས་འདར་བ་ཞིག་མ་རེད་དམ།
དྲང་མོར་བཤད་ན་འཁོར་བའི་ཕུན་ཚོགས་ཀྱི་དོན་དུ་ཤ་ཐང་ཐང་ངང་འབད་ཀྱིན་པའི་སྐྱ་ བོ་ཁྱིམ་སྐྱོང་བ་ཞིག་གིས་སེར་མོ་བའི་འགྲོ་འདུག་ལ་དག་ཐེར་བྱེད་པ་ནི་སྐལ་མེད་ སར་སྐེ་སྲིངས་པའི་ལས་ལྷག་མ་ཞིག་ཡིན་མོད།འོན་ཀྱང་ཁྱི་མི་ཟུག་ཀ་མེད་རྐུན་མས་ ནག་འབུར་དང་ཝ་མི་བརྒྱལ་ཀ་མེད་འདྲེ་མོས་འགྲམ་ལྕག་བྱས་པས།འཁོར་བ་ལ་དུང་ཞིང་ འཚོ་གནས་ཀྱི་བདེན་པ་ལ་དད་པའི་སྐྱ་བོ་ངས་སེར་མོ་བ་དག་ལ་ཁ་མི་གཏོང་ཐབས་མེད་ དུ་ཐུག་སོང་།མ་གསང་བར་བཤད་ན་ཁྱོད་ཚོས་ངའི་ཁོར་ཡུག་གི་སྤུན་ཟླ་མིང་སྲིང་ ཡོངས་ལ་དཀར་བོ་ཡིན་ན་དཀར་བོ་རྐྱང་རྐྱང་ཡིན་དགོས་པ་དང་ནག་པོ་ཡིན་ན་ནག་པོ་ རྐྱང་རྐྱང་ཡིན་དགོས་པ་ལས་དཀར་ནག་འདྲེས་པའི་ཁ་དོག་ཅིག་ཁྱོན་ནས་ཡོང་མི་ཆོག་ པའི་བག་ཆགས་ཀྱི་སྒྲིག་ཁྲིམས་གཟུགས་སུ་གྲུབ་ན་རི་རབ་ལས་དཔང་མཐོ་བ་ཞིག་དང་ རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་བཞག་ཡོད་པས།དུས་ཀྱི་ཉི་འོད་ངོགས་ནས་འཛམ་གླིང་ཡུལ་ གྲུ་སོ་སོ་ནས་མི་སྒེར་གྱི་རྟོག་པ་སད་ནས་འཕགས་མི་ཇེ་མང་ནས་ཇེ་མང་དུ་འགྲོ་ བཞིན་པའི་སྐབས་སུ།རང་ཅག་ཁ་བ་རི་བའི་ལུང་པ་ནས་མི་བུའི་རྩིས་ཐང་རྙེད་ནས་བསམ་ གཞིག་ཟུར་མང་ཅན་དང་ལྟ་ཚུལ་སྣ་མང་ཅན་གྱི་སྐྱེ་བོ་ཅི་ཙམ་བྱུང་ཡོད།ཉེས་སྐྱོན་ འདི་གཅིག་པུ་བསམ་ནའང་ཁྱེད་རྣམ་པའི་ཚད་ལས་འདས་པའི་ངན་དགུ་དག་བརྩི་གྲངས་ཅི་ ལྟར་ལོངས། སྤྱིར་ན་སེར་མོ་བ་དག་གིས་རང་གི་ཆེད་ལས་ཀྱི་ལམ་ཁ་ནས་ཐོས་བསམ་སྒོམ་གསུམ་བྱས་ ནས་བྱ་ཉུང་དོན་ཉུང་ངང་ཆོས་ཀྱི་ཞིང་ཁམས་འོད་ལམ་མེ་ཞིག་བསྒྲུབས་ནས་རྒྱལ་སྲས་ རྣལ་མའི་སྤྱོད་པ་ལ་འཇུག་ན་མང་མང་གི་གཙུག་ཏུ་བཀུར་བ་ལས་མ་རངས་བར་ངན་སྨྲོས་ བྱེད་མཁན་ནི་སྲིད་མཐའ་ཙམ་མོ།།ཡིན་ཡང་རྒད་པོས་སྐམ་བཤའ་ས་དང་རྒན་མོས་འབྲི་ བཞོ་སར་འཚང་ནས་ཡོང་ན་བཤད་མི་འདོད་པའི་སྐད་ཆ་འགའ་རེ་མི་བཤད་ཐབས་མེད་རེད།དེ་ དང་འདྲ་བར་ཁྱིམ་པ་བ་ཚོས་ཀྱང་རང་གི་ཁ་འཁོར་བའི་ལོངས་སྤྱོད་ཇེ་ལེགས་ཇེ་བཟང་ དུ་གཏོང་གིན་སྲིད་ཀྱི་ཁྱིམ་གཞི་དྲོད་ལམ་མེ་ཞིག་བསྐྲུན་ནས་བསྡད་ན་ཕན་ཚུན་སུ་ ལ་མཚོན་ནའང་བདེ་སྐྱིད་ཅིག་དང་རྫོགས་ལྡན་ཞིག་མ་རེད་དམ།
གནས་ལུགས་རྒྱུ་མཚན་དུ་བྱས་ནས་བཤད་ན་དེ་ལྟར་ལགས་མོད།འོན་ཀྱང་སེར་མོ་སྲིད་ སྐྱོང་གྲགས་ཆེན་མཁན་མིང་ཐོགས་པའི་ཚུལ་བློ་སོགས་ཀྱིས་གྲོང་བ་ཚོས་རི་ནས་ ཕྱུགས་འཚོ་ཚུལ་དང་ཁྱིམ་ནས་གཉེན་སྒྲིག་ལུགས་ནས་བཟུང་དམ་པའི་ཆོས་ལ་བསྟུན་ དགོས་ཤིང་།མི་སྒེར་གྱི་ཁེ་དབང་དང་ཐོབ་ཐང་ནི་དོར་བྱ་ཞིག་ལས་རྩོད་བྱ་ཞིག་མིན་ ཚུལ་སོགས་ཁ་ཚོད་ཡོད་ནང་ནས་ཚིག་ཚོད་མེད་མང་དུ་བཤད་ནས་ཡུལ་མི་ཡིག་རྨོངས་པ་དག་ གི་དྲན་རིག་གི་དབང་རྩ་རུ་དུག་ཆུ་བླུགས་མཁན་དཔྱིད་ཀྱི་ཤ་མོང་རྡོལ་བ་བཞིན་ཇེ་ མང་རེད།ད་དུང་ཡུལ་མི་དག་གི་གཉའ་བར་སྐྱིད་ཉལ་བྱས་ནས་ངག་ནས་ཤོབ་ཆོས་ལབ་མཁན་ དག་ནི་དེ་ལས་ཀྱང་ངོ་།དཔེར་ན།རྔ་ཡུལ་སྒོ་མང་དགོན་ནས་བོས་ན་མིང་ཆེ་ས་དང་བགོས་ ན་བསྐལ་ཆེ་ས།སྒོ་མང་དགོན་གྱི་ཡ་ཁོག་གི་སྙིང་དང་ཡ་ཐོད་ཀྱི་མིག་ལྟ་བུའི་རྒྱ་ བླ་ཆེན་མོ་ཧར་བ་འཇམ་དབྱངས་བློ་གྲོས་ལགས་ཀྱིས་ད་ལོ་ངེད་རྒྱ་སྟོད་སྡེ་བའི་ མགོ་དཔོན་མགོ་སྲ་དག་ལ་ཐུགས་བདེ་དུས་དང་ཁམས་ཡངས་དུས་ཤིག་ལ་གསུང་ཚིག་འདི་འདྲ་ ཞིག་ཐལ་སོང་། ཁྱེད་ཚོས་འབུལ་བ་འདི་འདྲ་ལྷ་ཁང་ཞིག་བཞེངས་ཕྱིར་ལ་དམངས་སྒོར་ཁྲི་བརྒྱ་ལྷག་ འབུལ་ཡོད་ད་དུང་དེ་ལས་ལྷག་པར་ལོ་རེ་རེར་སྡེ་བ་རེ་རེའི་དམངས་སྒོར་ཁྲི་ཉིས་ བརྒྱ་ལས་བརྒལ་བ་རེ་ཡིས་ཆོས་འཕྲུལ་སྨོན་ལམ་སྐོལ་གྱིན་ཡོད།་གནང་བས།ད་ལོ་ཁྱེད་ རྒྱ་སྟོད་སྡེ་བར་བྱ་བ་ལམ་འགྲོ་ཡོང་བ་དང་ལོ་ལེགས་ཤིན་ཏུ་རྒྱས་ངེས་ཡིན་ཞེས་ ཞལ་དྲོན་པོའི་ནང་ནས་ཚིག་ཁོལ་མོ་གསུངས་སོང་།ངེད་རྒྱ་སྟོད་སྡེ་བར་མཚོན་ན་ད་ ལོ་ལས་ལྷག་པའི་ཆག་འཇིགས་ཤིག་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ནས་བྱུང་མ་ མྱོང་།གང་རེད་ཟེར་ན་རི་སྡེ་བའི་ནང་ན་ཁ་ལས་ཡོད་སའི་ནང་སྤུན་ཟླའི་བར་ལ་ཁ་ཁོག་ མཐུན་པའི་གསར་བུ་ཉི་མ་འདྲ་ཞིག་ང་ཚོ་དང་རིང་ནས་རིང་དུ་བྲལ་སོང་།ཞོར་ལས་ ཕྱོགས་ནས་ཀྱང་སྡེ་བ་ཡོངས་ལ་བལྟས་ན་ལོ་སྔོན་མ་དག་དང་བསྡུར་ན་ད་ལོ་ཧ་ཅང་སྐྱོ་ བོ་རེད།རིན་པོ་ཆེ།འདི་ནི་བྱ་བ་ལམ་འགྲོ་ཡོང་བའི་རྟགས་དང་མཚན་མ་ཨེ་རེད།འདི་ ནི་སེན་མགོ་ཁྲག་དང་སེན་རྩ་རྣག་བྱས་ནས་བསགས་བསགས་པའི་ཤོག་སྒོར་བམ་པོ་བམ་པོ་ བྱས་ནས་ཁྱེད་ཚོར་འབུལ་བའི་དགེ་བའི་འབྲས་བུ་ཨེ་རེད།མིང་ཆེན་གྱི་སྤྲུལ་སྐུ། རྒྱུ་ཆེན་གྱི་བླ་མ།ཧར་བ་འཇམ་བློ།རང་དགོན་མར་ཁུའི་མཚོ་མོ་འདྲ་བོ་སླབ་གསུམ་ ཉམས་ལེན་བྱེད་སའི་དབེན་པའི་ཆོས་གྲོང་ཞིག་ནས།ཡུལ་སྐོར་སྣེ་ལེན་བྱེད་སའི་ཟང་ ཟིང་ཁྲོམ་ཆེན་ཞིག་ཏུ་བསྒྱུར་གྱིན་པའི་དམིགས་བྱ་གང་ཡིན་ལགས།ཁྱེད་ཀྱི་ཀླད་ པའི་ཁམས་དང་རྟོག་པའི་གཞུང་དུ་སྒོར་མོ་དང་གོ་གནས་ལས་གཞན་རང་ཅག་གི་བསྟོན་པས་ ཅི་གསུངས་བརྗེད་སོང་བ་ཡིན་ནམ།བདག་གིས་སྒོ་གསུམ་ནས་གུས་ཤིང་བཀུར་མྱོང་བའི་ རིན་པོ་ཆེ།རྒྱ་མོ་རྒྱུ་ཆེན་རེ་དང་རྒྱ་རྒན་ཆང་འཐུང་རེས་ཤོག་སྒོར་བམ་པོ་འགའ་ རེས་ཟུར་ཁ་བསྟན་ན་ཁྱོད་ལ་གཙང་བཙོག་དང་རྣམ་རྟོག་གང་ཡང་མེད་པར་ཟས་སྡེར་ནང་ གཅིག་ནས་མཉམ་ཟ་བྱས་ཆོག་ན།ཁ་འཁོར་བའི་ཕྱེད་ཀ་ཁྱེད་ཚོར་འབུལ་གྱིན་པའི་བོད་མི་ དབུལ་བོ་ང་ཁྱེད་ཀྱི་སྐུ་མདུན་ཙམ་དུ་གཅར་བ་ལའང་དཀའ་ཁག་རབ་དང་རིམ་པ་ཞིག་ཡོད་ དོན་ག་རེ་རེད་ལགས།ད་དུང་གོ་ཐོས་ལྟར་ན་སྒོ་མང་དགོན་པའི་ཉེ་འཁོར་གྱི་དགོན་པ་ ལ་ལས་མང་ཚོགས་ཚོའི་ལག་ནས་བཙན་དང་ཁྲིམས་ཀྱིས་ངང་ནས་ཤོག་སྒོར་དང་སྒོ་ཕྱུགས་ བླངས་ནས་རང་རང་གི་ལྷ་ཁང་འདུ་ཁང་ལ་གསེར་ཏོག་གསེར་འགེལ་སྤྲས་རབ་མང་དུ་ཡོད་ དོ།།རང་གི་ཁེ་ཕན་དང་འདོད་པ་མ་གཏོགས་གཞན་གང་ཡང་བསམ་རྒྱུ་མེད་པའི་སེར་མོ་བ་ མགོ་རིལ་ཚོ།ཁྱོད་ཚོས་བཤུ་གཞོག་དང་དབང་ཤེད་བཀོལ་ནས་ཁྲེལ་མེད་ལུགས་མེད་བྱས་པ་ དག་རེ་རེ་བཞིན་འདི་ལྟར་གཅིག་གཅིག་གཉིས་གཉིས་བྱས་ནས་བརྩིས་ཡོང་ན་ཁྱེད་སེར་ མོ་བ་དག་གིས་ཀྱང་ཞིབ་དུ་ཐུགས་བསམ་རེ་གཏོང་རོགས་ཞུ།ཁྱོད་རང་མི་ཞིག་ཡིན་པའི་ ཆ་ནས། ལྷག་པར་དུ་བོད་མི་ཞིག་ཡིན་པའི་ཆ་ནས།ནང་དགོས་སུ་མང་མང་གི་གོང་ན་བཞུགས་པའི་ སེར་མོ་བ་ཞིག་ཡིན་པའི་ཆ་ནས།རང་གི་སྤྱོད་སྟངས་ལ་འདང་ཞིག་དངོས་གནས་རྒྱག་རན་ འདུག
ཡ་མཚན་ཞིང་ཧང་སང་བ་ཞིག་ལ་ཕ་ཡུལ་གཅིག་པའི་གྲྭ་གཞོན་རྣམ་དཔྱོད་ཅན་འགས་མི་ སྒེར་གྱི་བསམ་འདུན་གསོང་བོར་བརྗོད་པའི་དེབ་ཆུང་༼གཞུང་ལུགས་བྲན་རྒོལ༽་ཞེས་པ་ དེ་བཀྲམ་རྗེས།མི་ཚེ་ཆོས་ལ་བཏང་བའི་དགེ་བཤེས་ཆེན་མོ་དང་དགེ་རྒན་ཆེན་མོའི་ཆོ་ ལོ་ཡོད་པའི་བླ་རྒན་རེ་འགས་ཧ་ཅིང་ཡིད་ཆད་པ་དང་མཆི་མ་སྙིལ་བ་ཞིག་ལ་ལག་ཏུ་གྲི་ བཟུང་ནས་གྲྭ་གཞོན་དེ་དག་གང་བྱུང་དུ་བདས་རབས་ཡོད་ལ།མཚན་མོ་སླེབས་ཐེངས་རེར་ གྲྭ་རྒོད་གཏུམ་པོ་འགའ་རེས་ཁ་ངོ་གཟན་གྱིས་བཏུམས་ནས་གྲྭ་ཤག་ཏུའང་བཙལ་ནས་ཡོང་ བས་གཡས་བཟུར་གཡོན་བཟུར་མ་བྱས་ན་ཚེ་སྲོག་ལའང་ཉེན་ཁ་ཡོད་རབ་འདུགཉིན་མོ་ཁ་ངོ་ ཐུག་དུས་ཁ་ཡ་བྱེད་མི་མེད་ལ་འགའ་རེ་ཡོད་ཀྱང་ཚིག་རྩུབ་དང་དམོད་མོ་བྱེད་མཁན་ཤ་ སྟག་རེད་ཟེར།དཔེ་དེབ་དེའི་རྩོམ་པ་པོ་དག་གིས་དངོས་སུ་བཤད་པ་ཡིན།རྒྱུ་རྐྱེན་ དེ་དག་གི་དབང་གིས་གྲྭ་གཞོན་དེ་དག་གནས་སྐབས་སུ་དགོན་པ་ལས་ཕྱིར་མི་འབུད་ཐབས་ མེད་བྱུང་།རང་དབང་དང་དམངས་གཙོ་འདྲ་མཉམ་དང་ཞི་བདེས་གནམ་ས་གཡོགས་ནས་ཡོང་དུས། རང་རེའི་མི་རིགས་ཀྱང་གཉིད་ལས་ཅུང་ཙམ་སད་ནས་དེ་དག་རྩོད་ནའང་རིག་པའི་འོ་ཞོ་ འཁྱིལ་བའི་དགོན་གླིང་དག་ན་ལྟ་ཚུལ་དྲང་མོར་ལབ་སའི་ཁོར་ཡུག་ཆུང་ཆུང་ཞིག་ཀྱང་ མེད་ན།ནང་བསྟན་ཆོས་ཀྱི་རིག་གཞུང་ལྟ་བ་སྣ་ཚོགས་ཀྱི་འོག་ནས་བསྲེག་བཅད་བརྡར་ གསུམ་བྱས་ནས་བྱུང་བ་རྫུན་དུ་མི་འགྲོ་འམ།དགེ་བཤེས་ཆེན་མོ་དང་མཁན་པོ་ཆེན་མོ་ དག་གི་ཆེན་མོའི་ཆོ་ལོ་གང་ནས་རེག་པ་ཡིན་ནམ།སྒེར་སྡོམ་བྱེད་པ་ལ་མཁས་ཤིང་སྣོག་ ལས་བྱེད་པ་ལ་དབང་འབྱོར་བས་ཆེན་མོའི་ལག་རྟགས་རེག་པ་ཡིན་ནམ།

མཇུག་ཏུ་ཞོར་ནས་བཤད་པ།

ཐོན་རྫས་བཟང་ངན་གང་ཞིག་ལ་མཚོན་ནའང་ཚོང་རའི་དགོས་མཁོར་དམིགས་ནས་འབྱུང་བ་ཡིན་ སྟབས།ཚོང་ར་མེད་ན་ཐོན་རྫས་མི་བྱུང་བ་ནི་གནས་ལུགས་ཀྱི་གཤིས་སུ་གྲུབ་ནས་ཡོད་ པ་ཀུན་ལ་ནམ་ལང་ཉི་ཤར་ཡིན་པས།རང་རེའི་སྤྱི་ཚོགས་སུ་སེར་མོ་བ་ཚོས་སྨྱོ་གར་སྣ་ ཚོགས་ཁྲབ་མིན་རང་ཅག་ཁྱིམ་པ་བའམ་འཁོར་བ་བ་དག་གི་དད་པའི་ངོ་བོ་གཙང་མིན་ལ་ཤིན་ ཏུ་ནས་འབྲེལ་བ་ཡོད།ཅི་ལྟར་དད་པའི་ངོ་བོ་མག་མོག་ཡིན་ཚེ་དེ་ལྟར་དེ་བཞིན་དུ་ ཆོས་ལུགས་པ་ཚོས་སྨྲ་ལྕེ་སྣ་ཚོགས་སུ་སྤྲུལ་ནས་རང་ཁེ་གཞན་ཕམ་གྱི་སྦྱོར་བ་ དངོས་རྒྱུད་གང་རུང་ནས་བརྩོན་པར་གདོན་མི་ཟ།ལྷག་ཏུ་དག་སྣང་དང་དག་སྣང་སྒོམ་ནས་ རང་སེམས་རང་གིས་རྨོངས་བར་བྱས་ན་སྔར་ལས་ལྷག་པའི་ཡ་མ་ཟུང་གི་སྨྱོ་རྟགས་ཇེ་མང་ ཡིན་པ་ནི་མྱོང་བས་གྲུབ་པ་ཞིག་ཡིན་ནོ།།ཅི་ལྟར་དད་པའི་ངོ་བོ་དག་གཙང་དང་དོགས་ སློང་མངའ་ན་དེ་ལྟར་དེ་བཞིན་དུ་ཆོས་ལུགས་པ་དག་གི་ལྟ་སྒོམ་སྤྱོད་གསུམ་ཇེ་ ལེགས་ཇེ་མཛེས་སུ་འགྲོ་ངེས།རྒྱུ་མཚན་གདུལ་བྱ་མེད་ན་གདུལ་བྱེད་ཀྱི་བསྟན་པ་དང་ མཛད་པ་གང་ནས་རྒྱས།དེའི་ཕྱིར་ཕྱོགས་གཞན་ཞིག་ནས་བསམ་ན་སེར་མོ་བ་ཚོ་གཅེས་ལངས་ དུ་གཏོང་མིན་ནི་ང་ཚོ་ལ་རག་ལས་ཡོད།མདོར་ན་བླ་སྤྲུལ་མིང་ཆེན་རྣམ་པ་གཙོ་བྱས་ ནས་སེར་མོ་བ་དག་ལ་ཞུ་འདོད་པ་ནི་བོད་བསྟན་སྲིད་གཉིས་ཀྱི་སྲོག་ཉེན་གྱི་སྐུད་ པ་ས་སྒང་གི་ཟེ་བ་ནས་ཆད་ལ་ཉེ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་འདི་ནས་ཁྱེད་རྣམ་ པས་མི་རིགས་འདི་ལ་དོན་ངོ་མ་གང་ཞིག་འཆད་རྩིས་ཡིན་ཞེས་པ་དེ་ནས་རྩོམ་ཐུང་འདི་ མཇུག་རྫོགས་པར་བྱས་སོ།།།།

༢༠༡༢ ༡༢ ༤ཉིན་ལན་གྲུ་ནས་གཤོག་ནག་གིས་བྲིས།

Find The Way To Present Your Fashion Design Items To The Public
PORNO favored as well as uncool and trendy newspaper

3 'Genius' Artists Who Created Their Best Works
Gowns Online Shop 354 million versus

Commonly Misdiagnosed Circular Rashes in Children
VIDEOS PORNO and 7 recommend selling

How to Dress Like Gwen Stefani
Free Games You can also see him playing golf

Assorted LOGO EAGLE MICROFIBER WINDSHIRT
pornos Chose a natural or clear polish

Be Wise When Shopping For Designer Costumes Online
free xxx YOY from

Homewood Suites by Hilton Phoenix Chandler Fashion Center
free porno Something appropriate for sports bar

Christmas in the Country Craft Fair
Darmowe Porno acquiring a taste business internship
བསྟོད།6

抱歉,评论已关闭!