གནམ་འོག་ཏུ་མི་ཤོང་བའི་ནག་ཉེས་ཆེན་པོ།

གཤེད་མདའ།

ཁོ་བོས་ཉིན་འགའི་སྔོན་ལ་རྔ་བ་ནས་གནམ་ས་རྡིབ་པ་ལྟ་བུའི་འཇིགས་གཡེར་བའི་དོན་ དག་ཅིག་ངང་ངམ་ཤུགས་ཀྱིས་ཐོས་བྱུང་།དེ་མིན་སྤོ་པའི་སྙིང་སྟོབས་རྦབ་ཆུ་བཞིན་ དྲག་དུ་འབབ་པའི་གཞོན་གསར་རམ་ནང་བའི་གཞོན་རབས་པས་༼གཞུང་ལུགས་བྲན་རྒོལ༽ཅེས་ པའི་རྩོམ་ཡིག་བཅུ་བཞི་དང་བསྒྲགས་གཏམ་བཅས་གྲུབ་པའི་བདག་ཉིད་ཅན་ཏེ་བདག་གི་ མཐོང་ལམ་དུ་མངོན་བྱུང་།ཁོ་བོས་བརྩམས་ཆོས་རེ་རེ་དང་འབྲེལ་ནས་སྤྱི་ཚོགས་ཀྱིས་ ཁོ་ཚོའི་རྒྱབ་ཕྱོགས་ལ་ནག་ནོག་གི་ལས་མི་བཟང་རེ་དང་སྡུག་དམོད་གཏོང་གི་ཡོད་པ་ གཞི་ནས་ཤེས་རྟོགས་བྱུང་།དེ་ནི་དམངས་ཚོགས་དང་དགོན་པའི་གྲྭ་བ་ལས་སྣ་བ་ཡིན་པ་ ཐག་གི་ཆོད་སོང་།དེ་མ་ཐག་རྩོམ་པ་པོ་དག་གི་ལོ་རྒྱུས་སམ་༼གཞུང་ལུགས་བྲན་རྒོལ་༽ ཞེས་པ་དེ་སྤྱི་ཚོགས་ལ་འགྲེམ་སྤེལ་བྱེད་པའི་སྐབས་སུ་སྤྱི་ཚོགས་དམངས་ཚོགས་ ཀྱི་ལྟ་སྟངས་དང་།དགོན་སྡེའི་སློབ་གསོ་དང་།གྲྭ་བ་ཚོ་གཞུང་ལུགས་ཀྱི་བྲན་གཡོག་ ཏུ་ཚུད་ཡོད་པ་སོགས་ལ་རྒོལ་བ་འཐད་ཀི་མེད་པ་ཁོ་ཐག་ཡིན་ནི་རེད།རྒྱུ་མཚན་ནི་ ཁྱེད་ཚོ་མ་གཞི་ནས་རྙིང་ཞེན་གྱི་ནན་རྙིང་ཞིག་ཡོད་པས་གཞན་གྱི་ལྟ་ཚུལ་དང་ལེན་ བྱེད་མི་ཐུབ་པ་དང་བཟོད་སྒོམ་ཡང་བྱེད་ཐུབ་ཀྱི་མེད།དེ་ལས་ལྷགས་པ་ཞིག་ལ་མི་བུ་ གང་རུང་ཞིག་གིས་བཤད་པའི་སྐད་ཆ་ཙམ་ལ་ཡང་བདེན་རྫུན་དབྱེ་བ་ཙམ་གྱི་དཔྱོད་ཤེས་ དང་བྲལ་བ་ནི་དངོས་གནས་ཡིད་སྐྱོ་བོ་ཞིག་རེད་ལ་དེ་ནི་དཔེ་ཆ་དང་རིག་གཞུང་གང་ རུང་གི་བྲན་གཡོག་དུ་ཤོར་སོང་བས།ཁོ་བོས་ཀྱང་ལག་པ་ཡར་སྒྲེང་ནས་ཁབ་གཙིག་འབུག་ གཙིག་ཞིག་བྱེད་འདོད་པའི་རྩོམ་འདི་བྲིས་བ་ལགས།

སད་རྟོགས་མ་བྱུང་པའི་ཡར་གོ་དག་གི་གདོང་འབག
འདི་ནས་ཁོ་བོས་བཤད་འདོད་པ་ནི་སྤྱི་ཚོགས་ཀྱི་སྒྲིག་འཛིག་དང་མི་ཆོས་ཕྱོགས་ལ་ ལག་པ་སྲོང་མཁན་གྱི་མི་ཤེས་ཤེས་ཁུལ་བྱེད་པའི་དགོན་སྡེ་ཁག་གི་ལས་སྣེ་བ་དག་གི་ གདོང་འབག་གྱོན་ནས་དམངས་ཚོགས་སྡུག་ལ་གཏོད་ཀྱིན་ཁ་ནས་མ་འགྲོ་བ་སེམས་ཅན་ཐམས་ ཅད་ཀྱི་དོན་ཟེར་ནས་འཇིགས་འཇིགས་སྒྲ་སྒྲ་བྱ་བ་ངོ་གནོང་བ་རེད་བསྒྲུབས་ཀྱིན་ དམངས་ཚོགས་དང་དགོན་པ་ནི་ཁོ་ཚོའི་ལག་ཆ་ཡིན་འདོད་པའི་འདོད་ཚུལ་དེ་འདྲ་བ་དག་ལ་ གཏན་དུ་རྒོལ་བ་གཏོང་བཞིན་ཡོད་ལ་མུ་ནས་མུ་རུ་བཏང་ཡང་སྲིད་པ་རེད།
ནམ་རྒྱུན་ཁྱོད་ཚོས་དམངས་ཚོགས་དང་དགོན་སྡེའི་གྲྭ་བ་ལས་དང་བོ་བ་ཚོ་ལ་སློབ་ གསོ་དང་ཆོས་བཤད་བྱེད་དུས་འཇིགས་སྐུལ་གྱི་ལམ་ནས་བཤད་པས་དམངས་ཚོགས་སམ་ཉན་པ་ པོའི་སྙིང་སྟོབས་གཞོམ་པར་བྱས་ནས།དུས་རབས་གསར་བའི་བར་སྐབས་འདིར་ང་ཚོའི་མི་ རིགས་ཀྱི་ཅི་ཡང་ནུས་ཀྱི་མེད་པ་དེ་ཡང་སློབ་གསོ་བ་ཡིན་ཟེར་པའི་ཁྱེད་ཚོའི་ནག་ ཉེས་མ་ཡིན་ནི་ཨེ་རེད།དུས་རབས་ཉེར་གཅིག་གི་དུས་འདི་ལ་དབྱུག་པ་བཟུང་ནས་འཇིགས་ སྐུལ་མཁན་ནི་དགོན་སྡེ་དེ་དག་ལས་མེད་པ་ཐག་གིས་ཆོད་ལ།འདི་ལས་ཡང་གནད་དོན་ཞིག་ བཤད་ཡོད་པ་རེད།དེ་ནི་རིག་རྟོགས་མ་སད་པའི་མི་འགའི་འུ་ཐུག་ཐབས་ཟད་ནས་ད་དུང་ གཅར་རྡུང་ལ་དུངས་ཞིང་དགའ་བར་མཚར།དུས་ཀྱི་ཚ་རླབས་རྒོད་པའི་འདི་ནས་མི་འགོར་ བར་ཁྱོད་ཚོ་འཁྱུལ་མུད་གཏོང་སྲིད་ལ་སྐབས་དེར་ཐོན་དུས་ཁྱོད་ཚོ་ནི་གད་སྙིགས་ ཀྱི་ཁྲོད་དུ་མཛེས་པ་ལས་ཅི་ཡང་མིན།རྒྱུ་མཚན་ནི་ཧ་ཅང་སླ་མོ་རེད་ལ་ཁྱེད་ཚོ་དང་ ཁྱེད་ཚོ་འདྲ་པའི་དྲང་བདེན་དང་གནས་ལུགས་ལ་རྡོག་བརྫིས་བཏང་ནས་མནར་གཅོད་དང་ དམོད་དམོད་བྱས་ནས་རྩོམ་པ་པོ་རེ་རེ་བཞིན་དགོན་པ་ནས་རྒྱང་ཕུད་གཏོང་བ་གནད་དོན་ གང་ཞིག་ལ་ཐུག་སོང་ནི་རེད།ཡང་གཅིག་བཤད་ན་བྱ་བ་སྒྲུབ་མཁན་ལ་མནར་གཅོད་གཏོང་མ་ ཟད་ཁྱིམ་མི་ཚོ་ཡང་སྡུག་ལ་གཏད་དོན་ཁྱིམ་མི་དེ་དག་ལན་སོང་བ་མ་རེད།གོ་ཐོས་སུ་༼ གཞུང་ལུགས་བྲན་རྒོལ་༽གྱི་རྩོམ་པ་པོ་ཞིག་གི་ཁྱིམ་ཚང་གིས་གཉེར་པའི་ཚོང་ཁང་ ཆུང་ཆུང་དེ་ནས་བཅའ་ལག་གཅིག་ཡང་ཉོ་མི་ཆོག་ལ་སོགས་པའི་སྐྱུག་བྲོ་བའི་བྱ་བ་ གཉེར་ན་དེ་ནི་རེ་ཐག་ཆད་པའི་ཡིད་སྐྱ་མོ་སྡུག་ལ་བསྐྱར་ཡོང་།དེ་ལས་བསྐྱར་བཤད་ ཅིག་བྱས་ན་དགོན་པ་ནས་རྒྱང་ཕུད་བཏང་ཆོག་པའི་ཁེ་དབང་དེ་ཁྱེད་ཚོ་ལ་ཡོད་ནི་ཨེ་ རེད།ཡོད་ན་སུ་ཞིག་གི་གཏེར་བ་ཡིན།ཁོ་བོས་བསམ་ན་ཁེ་དབང་གཏེར་མཁན་ཞིག་ཡོད་ སྲིད་ན་དེ་ནི་དམངས་གཙོ་ཞེས་པའི་ཐ་སྙད་ཀྱི་རིག་གནས་ཁྱབ་ཁོང་ནས་བཤད་ན་འགྲིག་ སྙམ།འོ་ན་ཁོ་བོས་བསམ་གཞིགས་རྣལ་མ་ཞིག་ཁྱེར་ནས་གཤིབ་བསྡུར་ཞིག་བྱ།དེ་ནི་ རྩོམ་པ་པོ་བཤད་པའི་སྐད་ཆ་དེ་བདེན་རྫུན་ལ་བརྟག་ནས་དགོན་པའི་མི་སྣ་དང་ལས་སྣེ་ བ་ཡོད་ཚད་བོས་ཡོང་ནས་བགྲོད་གླེང་ངམ་སུ་ཞིག་ལ་ནག་ཉེས་ཡོད་ན་དགོམ་པ་ནས་ཕུད་ འདོད་པའི་མི་སྣའི་ཁ་གྲངས་མང་ཉུང་ལྟ་དགོས་ཚོད་རེད་འདོད།རྒྱུ་མཚན་ནི་དགོན་པ་ དེ་ཁྱོད་ཚོ་གཅིག་བུ་ལས་གྲུབ་པ་མ་ཡིན་ལ།ཚོགས་སྤྱི་ཞིག་ཡིན་པས་ཀུན་གྱི་བསམ་ ཚུལ་བསྡུ་བ་གལ་ཆེ།ཁྱེད་ཚོའི་དེ་ཙམ་ཡང་མ་སྒྲུབ་པར་སྒེར་གཅོད་ཁོ་ནས་དབང་གིས་ དེ་ཚོ་མདུན་ལམ།བསམ་གཟེས་ནས་ཚེར་མའི་ལམ་ཁ་ཡིན་པ་ཤེས་བཞིན་དུ་རྐང་རྗེན་ལ་བཙན་ གྱི་མངག་པ་ཡིན་པས།སྒེར་གཅོད་པས་གཞན་པའི་ཁེ་དབང་བདག་དུ་བཟུང་ནས་ཚེ་སྲོགགི་ རྩེད་མོ་རྩེ་བཞིན་གདའ།མི་བུ་ཞིག་གི་ཕུགས་བསམ་དང་ཤེས་རབས་བལྟས་བལྟས་རིག་རིག་ ལ་དམར་གསོད་བཏང་སོང་།ད་དུང་གསེར་དང་འདྲ་བའི་རྣམ་དཔྱོད་ལ་རྡོག་བརྫིས་བཏང་བས། ཁྱེད་ཚོ་ནི་ནག་ཉེས་ཅན་ཞེས་ བཤདཔ་ཡིན།སྐད་ཆ་དེ་ལྟར་བཤད་ན་མི་དགའ་བ་ནི་ཁོ་ཐག་ཡིན་མོད།འོན་ཀྱང་དེ་ལྟར་མ་ བཤད་ན་འགྲིག་ཡོད་པ་མ་རེད་ལ་དོན་དངོས་སུ་འགྲིག་མིན་ལ་ཁ་ཡ་བྱེད་ཁོམ་ཡང་མི་ འདུག

རལ་གྲི་ཐོག་པའིསྤྱང་ཀི་དམར་ལྡང་མ།
གལ་སྲིད་ཁྱེད་ཀྱིས་རྩོམ་ཡིག་འདི་རིག་སོང་ན་མི་གཞི་དམའ་འབེབ་བྱས་སོང་སྙམ་ན་ སྲིད་མོད།བལྟས་ཚོད་ལ་ཡོད་པ་ཡང་སྲིད།ཡིན་ན་ཡང་ཁོ་བོས་གཏམ་རྒྱུ་དེ་གོ་མ་ཐག་ བྱམས་བརྩེ་དང་སྙིང་རྗེ་མེད་པའི་གཅན་གཟན་དེ་གཟུགས་དབྱིབས་དང་བཅས་པ་ཝ་ལེར་ ཡིད་ལ་འཆར་བྱུང་བས།ཁོ་བོས་བསམ་ཚུལ་དུ་ཁྱེད་ལ་མིང་འདི་ལས་འཚམས་པ་ཞིག་རྙེད་མ་ བྱུང་།
གཏམ་རྒྱུད་འདི་བསྡུས་ནས་བཤད་ན་འདི་ལྟར་དེ་དགེ་རྒན་གྱི་༼རལ་གྲི་བཟུང་ནས་ སློབ་མ་གསོད་རྩིས་བྱ་པའི་བརྒྱུད་རིམ་རེད།༽མ་གཞི་བོད་ཀྱི་སྤྱི་ཚོགས་ན་སློབ་ མའི་རྣམ་གཔྱོད་དང་ཤེས་རབས་ལ་དགེ་རྒན་གྱི་ཁ་ལོ་བྱེད་མ་ཐུབ་པའི་སྐབས་སུ་ཕྲག་ དོག་དང་ཁོང་ཁྲོའི་མེ་ལྕེ་དྲག་ཏུ་འབར་ནས་སློབ་མིའི་མི་གཞི་དང་རྩིས་ཐང་གང་ རུང་ལ་ཁ་ཡ་མི་བྱེད་པར་དམོད་དམོད་དང་རྡོག་བརྫིས་བཏང་།དེ་དག་གི་ལས་ལ་ཞུགས་ པའི་དགེ་རྒན་ནི་སློབ་ཆེན་ཟེར་ནས་ཡ་མཚན་དུ་འདོད་པའི་སློབ་གླིང་དེ་ན་ཡང་འདུག དེ་བས་རིག་གནས་ཞིག་གི་སྐྱེད་འབྲུས་ཡིན་པ་ཐག་གི་ཆོད།འུ་ཚོས་རིག་གནས་སྤྱང་ སྤྱང་དཔེ་ཆ་བལྟས་བལྟས་པའི་མཐའ་མར་ཤེས་ཡོན་ཅན་ཞེས་པའི་ཡིག་འབྲི་དེ་དང་རྒྱང་ ཐག་ཇེ་རིང་ནས་ཇེ་རིང་ཡིན་པའི་སྣང་ཚུལ་ཞིག་ཡོད།ལྷག་པར་དགོན་སྡེ་ནས་ཡིན་པའི་ གྲྭ་བའམ་དགེ་བཤེས་ཟེར་པའི་དགེ་རྒན་དེ་དག་གི་རང་གི་སློབ་མ་གསོ་སྐྱོང་བྱ་དུས་ ཐེ་ཚོམ་དང་དོགས་སློང་ཙམ་ཡང་བྱེད་མི་ཉན་པའི་གཤེས་གཉེན་བརྟེན་ཚུལ་དང་།དད་པ་ དག་སྣང་ཟེར་ནས་མི་བུ་རེ་རེའི་ཤེས་རབས་དང་དཔྱོད་ཤེས་ཀྱི་གསར་སྐྱེས་མེ་ཏོག་ སེར་ཆེན་དེ་ཙག་རླུང་རྒོད་པོས་ཚར་གཅོད་བཏང་བའི་དོན་དངོས་སུ་མི་ཞིག་སྐྱེད་ སྲིང་བྱེད་ན་རྒྱུ་ཆ་དང་གང་ཞིག་ནས་མགོ་བརྩོམ་དགོས་པ་ཤེས་མེད་ཚོལ་མེད་རེད། དགེ་རྒན་ཞིག་ཡིན་ཕྱིན་སློབ་མ་གསོ་སྐྱོང་གི་བྱ་བ་ལ་ལག་པའི་འཇུས་བ་ནས་བཟུང་ སློབ་གསོ་མཐའ་འཁྱོངས་བ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེ།གལ་ཏེ་ཁྱེད་རང་སློབ་གསོ་མངའ་ བ་ཞིག་ཡིན་པའི་དབང་དུ་བཏང་ན་སློབ་མ་ཡང་རྣམ་དཔྱོད་དང་ཤེས་རབས་ཀྱི་གྲུབ་པའི་ དོགས་སློང་བ་ཞིག་ཡིན་པ་ལོ་རྒྱུས་ཀྱི་ར་སྤྲོད་བྱེད་ཐུབ།བོད་ལ་ཡོངས་ཁྱབ་རིག་ གནས་ཀྱི་ཚད་ཐུག་ནས་བལྟས་ན་སློབ་གསོ་བ་ཞེས་པའི་གངས་ཟག་ཅིག་མི་འདུག་ཅེས་ཁ་ ཚོད་གཅོད་ཐུབ།གལ་སྲིད་ཡོད་ཟེར་ན་སློབ་གསོ་བ་དེ་དག་སྤྱི་ཚོགས་ལ་གདོང་གཏད་མ་ ཐུབ་པར་ཁང་མིག་ཆུང་ཆུང་ནས་འག་ཙམ་ཡང་བཏབ་མ་ཐུབ་པས་ཚད་འདིར་སླེབས་སོང་།དེ་ བཞིན་བོད་ཁུལ་ན་ཤེས་ཡོན་པ་ཡིན་ཟེར་པའི་དགེ་བཤེས་དེ་དག་གི་རྒྱུན་ཤེས་ཙམ་ཡང་ མེད་པར་སློབ་མ་གསོད་རྩེས་བྱས་པའི་དགེ་སློབ་ཟེར་པའི་བརྩེ་བ་དང་དུངས་བ་སར་ འཕངས་ནས་བཅའ་ཁྲིམས་དང་སྡོམ་ཁྲིམས་ལ་འགལ་ནས་མི་ཞིག་གི་ཚེ་སྲོག་ལེན་རྩེས་བྱས། སྐབས་འདིར་ཐོན་དུས་མ་ཞིག་གྲྭ་བ་ཆེ་ཆེ་མཐོ་མཐོ་བྱེད་རྒྱུར་དགའ་པའི་མི་དེ་དག་ བཅའ་ཁྲིམས་དང་སྡོམ་ཁྲིམས་འགལ་ཆོག་པ་ཞིག་གི་སྣང་ཚུལ་ཞིག་ཐེངས་མང་ལ་ཡོད་ཀི། གལ་སྲིད་དེ་བཞིན་ཡིན་ན་བོད་ཀྱི་ཤེས་ཡོན་པའམ་དགེ་བཤེས་ཟེར་པའི་མང་མང་ཚད་མ་ འཛིན་པར་ལོམས་པའི་མི་དེ་དག་གིས་རལ་གྲི་བཟུང་ནས་ཕྱར་ཆོག་ན།ང་ཚོ་མི་དམངས་ ཀྱིས་བཟུང་ན་ལོས་ཆོག།དམངས་ཚོགས་ཀྱི་རལ་གྲི་བཟུང་ན་ཆད་པ་ནད་མོ་གཅོད་སྲིད་པ་ ང་ཚོས་མིག་མཐོང་ལག་ཟིན་ཡིན་མོད།དྲང་བདེན་དང་འདྲ་མཉན་སོགས་ཁེས་མི་ལེན་ན་ཆོས་ བ་ཞིག་ཡིན་པའི་དངོས་ཐད་ནས་ལས་རྒྱུ་འབྲས་དེ་ཁེས་ལེན་དགོས་པ་སྙམ།སྒྲིག་ལམ་དེ་ འདྲ་ཞིག་བཟོ་མཁན་ཡང་ཁྱེད་ཚོ་ཡིན་པའི་ཁྱེད་ཚོས་ཀྱང་དང་ལེན་མི་བྱེད་ན་རྗེས་ ཕྱོགས་ང་ཚོའི་མིག་ལམ་ནས་ཇི་ལྟར་འགྲོ་བརྩིས་ཡོད།དངོས་གནས་དགོད་ཁ་འཆོར་བ་ཞིག་ ལ་རལ་གྲི་ཕྱར་མཁན་དགོན་པ་ནས་ཕུད་མེད་པ་དང་།ཕྱར་ས་བོ་རྒྱང་ཕུད་བཏང་བྱུང་། དེར་བལྟས་ཡོང་ན་མ་གཞི་ལས་སྣེ་བ་དང་དགེ་རྒན་དེ་གཉིས་ཀྱི་བར་ལ་ལྐོག་གཡོ་བྲེལ་ བ་དམ་བོ་ཞིག་ཡོད་ཀ་བསམ་པའི་ཚོལ་སྣང་ཞིག་ཡོད་ཀི།སྙིང་ཉེ་བའི་ཀློག་པ་པོ་ལགས། རྒྱུ་འབྲས་དང་གནས་ལུགས་འདི་འདྲ་བ་ཞིག་ལ་ཟེར་བ་ཡིན་ནམ།འུ་ཚོའི་མིག་ཟུང་ཆེར་ བགྲད་ནས་ལྟོས་དང་ང་ཚོས་ཡ་མཚན་དུ་འདོད་པའི་དད་མོས་བྱེད་སའི་དགེ་བཤེས་དེ་ནི་ རལ་གྲི་བཤངས་ནས་སྐོར་རྒྱུག་བྱེད་མཁན་ཞིག་རེད།དེ་བས་ཁྱེད་དགེ་བཤེས་ཟེར་པའི་ མི་ཆོས་ཀུན་སྤྱོད་ཙམ་ལ་འགོ་རྨོངས་ནས་འདུགཔས།འདི་ལྟ་བུ་ཞིག་ལ་ཤེས་ཡོན་པ་དང་ དགེ་བཤེས་ཟེར་རམ།དེ་ལྟར་དུ་གོ་བ་ལེན་ན་བོད་ལ་ཤེས་ཡོན་པའམ་དགེ་བཤེས་མང་དྲགས་ འདུག

ཚེར་མའི་ལམ་གྱི་རྐང་རྗེན་པ།
ཁོ་བོས་ཁྱེད་ཚོར་རྟེན་འབྲེལ་ཞུ། ཡི་གེ་འཁྱ་མ་འཁྱོར་ཞིག་བྲས་ནས་༼ནང་པའི་གཞིན་རབས་པ་༽དག་ལ་དཀར་འདོན་ནམ་ཁྱེད་ ཚོའི་མདུན་ཕྱོགས་ནས་ལག་པ་ཡར་སྒྲེང་ནས་བསམ་ཚུལ་ཙམ་ཡང་མེད་པའི་བེམ་པོ་དེ་དག་ དང་གཏད་ནས་མི་འདྲ་ཟེར་མཁན་ཡིན།མི་བུ་ཞིག་འདི་ལྟར་ཚེར་མའི་ལམ་ཁ་ཞིག་ལ་བུད་པ་ ནི་མི་བུ་རང་ཉིད་ངོ་ཟིན་པའི་སད་རྟོགས་བྱུང་བའི་བརྡ་རྟགས་ཞིག་ཡིན་པ་སྨོས་མ་ དགོས།འཇིགས་རུང་གི་གཡང་གཟར་ནས་དྲག་ཏུ་འབབ་པའི་རྦབ་ཆུ་བཞིན་སྙིང་སྟོབས་དང་ དཔྱོད་ཤེས་ཁྱེར་ཏེ་མག་མོག་གི་སྤྱི་ཚོགས་ནས་ང་ཚོ་ནི་ནམ་ཡང་ལག་པ་ཡར་སྒྲེང་ནས་ རང་ཉིད་ལ་དབང་པའི་བསམ་ཚུལ་བཤད་མཁན་ཡིན་ལ། མི་ཆེན་དང་དཔོན་ཆེན་ཚོ་ལ་ནམ་ཡང་ངོ་སོ་མི་སྟེར་ལ་དབང་ཆ་སྒེར་སྡོམ་བྱེད་པའི་ སྒེར་གཅོད་པ་དག་ལ་གཏན་དུ་ངོ་ལོག་བྱེད།ང་ཚོའི་སེམས་ཤུགས་ལ་ནམ་ཡང་ཞི་བ་མེད། སྒེར་གཅོད་པ་དག་ང་ཚོའི་སེམས་ངོག་ནམ་ཡང་གོ་ས་མེད། ང་ཚོ་ལ་ཕ་མས་གནང་བའི་མགོ་བོ་མཐོན་པོ་དེ་དེ་རིང་ནས་བཟུང་གཞན་སུ་ཞིག་གི་རྐང་ འོག་གནོན་མི་ཆོག རྙིང་ཞེན་གྱིས་མགོ་བོ་འཐོམ་ནས་མང་མང་ཚད་མར་འཛིན་པའི་མི་ཆེན་ཚོས་ཁྱེད་ཚོ་རང་ ཉིད་ལ་དབང་པའི་དགོན་པ་དང་ཕ་ཡུལ་ལའགྲོ་པའི་དབང་ཆ་མཐའ་དག་སྒེར་བཟུང་བྱས་པ་སོགས། གནས་སྐབས་སུ་འདི་ལྟར་མནར་གཅོད་མྱོང་བ་ནི་བརྒྱུར་རིམ་ཞིག་ཡིན་པས།མཐར་ཐུག་གི་ བདེན་པ་ཟེར་ནས་མཐའ་ཞིག་ཡོད་སྲིད་པ་ནི་ཐག་གི་ཆོད། དེ་རིང་གི་དུས་འདིར་ཁྱེད་ཚོ་འདྲ་པའི་མི་རབས་གསར་བ་ཡོད་ཚད་ཚད་མར་མི་འཛིན་པའི་རྣམ་དཔྱོད་པ་དང་དོགས་སློང་བ་མང་བོ་ཞིག་གི་རང་མི་རིགས་ཀྱི་འདས་མ་ད་གསུམ་ ལ་སེམས་ཁུལ་བྱས་ནས་རང་ཉིད་ཀྱི་གཞིས་ཁྱིམ་གསར་བ་བསྙེག་པའི་གྲ་སྒྲིག་ཡིན། རྗེས་ལུས་མུན་ནག་གི་ཁང་མིག་ནས་མཁའ་དབུགས་གསར་བ་ཞིག་འཇུབ་ཨེ་ཐུབ་ཀྱི་སྟོབས་ ཤུགས་མངོན་བཞིན་ཡོད་པ་མི་རབས་འདིའི་ལས་ཀ་རེད། མི་རབས་གསར་བ་ནི་སང་ཉིན་གྱི་ཉི་ཟེར་འཛིན་མཁན་དག་དག་ཡིན་ལ། ང་ཚོ་ཚང་མའི་འགྲོ་ལམ་རང་ཉིན་ལ་དབང་པའི་ང་ཚོ་ནི་ཁྱོད་ལ་སྙིང་ནད་བསླང་བྱེད་ ཀྱི་མི་རབས་གསར་བ་ཡིན། ང་ཚོ་ནི་ཁྱོད་ལ་ངོ་ལོག་བྱེད་མཁན་གྱི་མི་རབས་གསར་བ་ཡིན།གང་ལྟར་མི་རབས་གསར་བ་ནི་མི་ནི་ལྷ་དང་ལྷ་ནི་མིར་མདོད་མཁན།རྙིང་བ་བདུད་དང་གསར་བ་གསལ་བར་འདོད་པའི་ མི་བུ་སྒེར་ཚིགས་ཅན་དང་མི་གཞི་མདའ་ལྟར་དྲངས་བ།གནས་ལུགས་དང་དྲང་བདེན་སྐྱོང་ མཁན་དག་དག་ཡིན་ནོ།

5 Ways to Have the Power in a Relationship
VIDEO PORNO XXX just so it's not all bunched on the top

Significance of professional courses in India
Wedding Dresses our Crystal City

Get That Second Glance With Gucci Handbags
PORNO Unintentional Penis Ad Safe for Work

What Kind of Shoes Did People Wear in the 1960s
Free Games while may just be four prevailing method weeks

The Benefits of Owning a Leather Jacket
pornos retro luxury continues to be burning

H Collaborates with Jimmy Choo
PORNO FRANCAIS You'll look taller and more confident

Get fabulous styles starting at
Tube XXX Nadja takes a couple of viewings to formulate a reaction

Long Sleeve Dress Part 1
Free Porno Wife The damage is irreversible in most instances
བསྟོད།5

抱歉,评论已关闭!