བོད་ཀྱི་ཆོས་ལུགས་པའི་སྒེར་གཅོད་ལམ་ལུགས།

སྙུག་བཅུད་ལེན།

འགྲོ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དང་།

བོད་ཀྱི་ཆོས་ལུགས་པའི་སྒེར་གཅོད་ལམ་ལུགས།

ཏག་ཏག་འཛམ་གླིང་ཤར་ནུབ་ཀྱི་ཤེས་ཡོན་པ་དང་བསམ་བློ་བ་ཚང་མའི་ངག་ཐོག་ཡིག་ཐོག་ན་འབྲུག་ལྟར་ལྡིར་བཞིན་པའི་༼ཡོངས་ཁྱབ་རིན་ཐང་༽གི་ཀུ་ཡངས་བའི་ལྟ་ཚུལ་དང་སྒམ་དཀྱེལ་བློ་སྦྱོང་གི་རིག་པ་འདི་བརྒྱུད་སྒྲོག་དང་འོད་སྟོང་འབར་བཞིན་པའི་དུས་སྐབས་འདི་ལྟ་བུ་ཞིག་ལ་མཚོན་ན། སྐྱེས་ཕོ་མོ་དང་། བན་སྐྱ་སེར། རྒན་གཞོན་སྐྱེས། གོ་མཐོ་དམའ་གང་ཞིག་ཡིན་ཡང་ཚང་མར་ཆེས་འདྲ་མཉམ་གྱི་རིན་ཐང་ལྟ་ཚུལ་གྱི་གཞུང་ལམ་ཞིག་བཏོད་ཀྱིན་ཡོད་པ་དང་། འགྲོ་མིའི་རྩིས་ཐང་ལ་རྡོག་རོལ་གཏོང་བའི་ལམ་ལུགས་དེ་ཚོ་ཚར་གཅོད་བྱེད་བཞིན་ཡོད་ཕྱིར། གལ་སྲིད་དེ་ལས་ལྡོག་པའི་མི་ཞིག་ལ་མཚོན་ན། དེ་ནི་མཐའ་གཅིག་ཏུ་ད་དུང་བསམ་བློ་རྙིང་བ་དང་རིག་གནས་སྣ་གཅིག་གི་ཁྱབ་ཁོངས་ལས་བརྒལ་མ་ཐུབ་པའི་མི་བུ་མཁྲེགས་འཛིན་ཅན་ཞིག་ཏུ་མཐོང་གིན་འདུག

ངའི་ཕ་ཡུལ་ནས་འཐིབས་ཡོང་བའི་ཆོས་ལུགས་པའི་སྐྱག་དྲི།

ཁ་སང་ཏག་ཏག་ང་ཚོའི་སློབ་གླིང་སྟེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་མོས་གླེང་སྟེགས་སྟེང་༼དཔལ་དོན་གྲུབ་རྒྱལ་གྱི་རྩོམ་རིག་བརྩམས་ཆོས༽དང་དེའི་སྙིང་སྟོབས་རྗེས་དྲན་གྱི་བགྲོ་གླེང་འཚོགས་པདང་། དགེ་སློབ་ཐམས་ཅད་ཀྱིས་རང་རང་ཐད་ཀྱི་བསམ་ཚུལ་ལྷུག་བརྗོད་ཀྱིས་ཚ་ཚ་འུར་འུར་གྱི་བགྲོ་གླེང་རྒྱ་ཆེན་པོ་ཞིག་སྤེལ་སོང་བ་དེས་བདག་གི་བློ་ངོར་ཅུང་ཡིད་ཚིམས་ཤིང་དགའ་སྤྲོ་ཚད་མེད་ཅིག་སྐྱེས་སོང་ལ། དེ་གྲོལ་བའི་རྗེས་སུ་དེ་རིང་གླེང་སྟེགས་སྟེང་སྐུ་མགྲོན་དུ་ཕེབས་པའི་གྲོགས་ཞོགས་ལྗང་དང་། དགུ་རོང་སྤུན་གྲོལ། ཁ་བ་སྙིང་ལྕགས་སོགས་དང་མཉམ་དུ་བོད་ཟས་ཁང་ཞིག་ཏུ་ཁ་བརྡ་གློད་འགོ་བརྩམས་པ་ཡིན། སྐབས་དེར་ཏག་ཏག་གནས་དེ་ན་ངའི་ཕ་ཡུལ་གྱི་ཆོས་ལུགས་པ་ཚོའི་སྐྱག་དྲི་ཞིག་འཐིབས་ཀྱིན་འདུག ང་ཚོ་གནས་དེར་ཐོན་པ་ན་ངའི་ཕ་ཡུལ་གཅིག་པའི་གྲྭ་པ་སྐོར་ཞིག་དང་གྲོགས་པོ་འགའ་སླེབས་འདུག་སྟེ། ཁོ་ཚོའི་བཤད་ན་ཉིན་འགའི་སྔོན་ལ་ངའི་ཕ་ཡུལ་ནས་ཆོས་ལུགས་པ་ཚོས་སྐྱག་པ་བཏང་བ་རེད་ཅེས་ཡིད་སྐྱོ་བའི་ནམ་པ་ཞིག་གདོང་དང་ངག་ལ་བརྒྱུས་ནས་ཐོན་འདུག ཁོ་ཚོས་བཤད་པ་ལྟར་ན། ཉེ་སྔོན་ངའི་ཕ་ཡུལ་ཏེ་རྔ་བ་སྟག་མོ་རྫོང་རུ་འབོད་པའི་མིང་ཆེན་དེའི་འོག་སྐྱིད་ཉལ་བྱེད་བཞིན་པའི་གྲྭ་རྒན་སྐོར་ཞིག་གིས། རང་གི་ལ་རྒྱ་དང་ཁེ་ཕན་འབའ་ཞིག་གི་དོན་དུ་དུངས་ཞེན་གྱི་མཚོན་ཆ་ཕྱར་ནས་བདེན་པ་དང་གནས་ལུགས་ཀྱི་སྟེང་བཙན་གྱིས་སྡང་བཞིན་པའི་སྣང་ཚུལ་ཡ་ང་བ་ཞིག་འདུག་སྟེ། དེ་ནི་རྔ་བ་ཀིརྟི་དགོན་གྱི་གསར་སྐྱེས་སྨྱུག་ཐོགས་པ་སྐོར་ཞིག་གིས་མི་ལོ་ད་ལྟའི་བར་དུ་རང་ཚོད་ཀྱིས་ཤེས་རིག་ལ་བློ་སྦྱོང་དང་གནས་ལུགས་ལ་གོ་བ་ཞིག་བླངས་བ་དང་། དེའི་རྨང་གཞིའི་སྟེང་ནས་ཁོ་ཚོའི་སྣང་ཚུལ་དང་མ་མཐུན་པའི་ལྟ་ཚུལ་ཞིག་ལྷུག་བརྗོད་བྱས་པ་སྟེ༼གཞུང་ལུགས་བྲན་རྒོལ༽གྱི་དཔེ་དེབ་དེ་བཀྲམས་པའི་རྗེས་སུ། ཏག་ཏག་ཆུ་ཚོད་གཉིས་ཀྱི་དུས་ཡུན་ལས་མ་འགོར་བར་རྩོམ་པ་པོ་དེ་དག་གི་དགེ་རྒན་དང་གྲྭ་པ་གཞན་སྐོར་ཞིག་གིས་གྲི་དང་མཚོན་ལ་སོགས་པ་ཁྱེར་ཏེ། དཔེ་དེབ་དེ་བཀྲམས་བཞིན་པའི་མི་སྣ་དེ་དག་རྡུང་རྡེག་དང་དཔེ་དེབ་འཕྲོག་པ་སོགས་གནས་ཚུལ་ཡ་ང་བ་ཞིག་བྱུང་བ་དང་། མཐར་རྩོམ་པ་པོ་དེ་དག་དགོན་པ་རུ་སྡོད་མི་ཚུགས་པའི་གནས་ཚུལ་ཡ་ང་བ་ཞིག་གི་སྟེང་ནས། གྲྭ་གཞོན་དེ་དག་དགོན་པ་དང་ཁ་མི་བྲལ་རང་བྲལ་དུ་གྱུར་སོང་འདུག་ལ། དེ་དང་མཉམ་དུ་གྲྭ་གཞོན་དེ་དག་ཡུལ་སོ་སོ་ལ་རང་གི་བདེན་པ་དང་གནས་ལུགས་ཀྱི་སྐད་ཆ་དེའི་དོན་དུ་འཁྱམ་དགོས་བྱུང་འདུག

རེད་དེ། ང་ཚོས་ནམ་རྒྱུན་གནས་ལུགས་ལྡན་མིན་དང་འདྲ་མཉམ་ཡིན་མིན་གྱི་སྐད་ཆ་ཚོན་པོ་དག་སྒྲོག་འདོན་བྱས་ནས་ངོ་མདོག་གི་འགྱུར་བ་སྣ་ཚོགས་བཏང་བ་རེད། མ་གཞི་ཐ་སྙད་དེ་དག་ནི་གླེང་རིན་ལྡན་པ་དང་རྩོད་རིན་ལྡན་པ་ཞིག་རེད་ལ་ཅིས་ཀྱང་གླེང་རན་པའི་དུས་སྐབས་ཤིག་ཀྱང་རེད། འོན་ཀྱང་། གནད་འགག་གི་སྐབས་སུ་ཐ་སྙད་དེ་དག་གི་ངོ་བོ་འགྱུར་བཞིན་ཡོད་པ་དང་དེ་དག་གིས་ནུས་པ་ཆེར་ཐོན་གྱིན་མེད་པ་དེ། གཙོ་བོ་ཐ་སྙད་དེ་དག་བེད་སྤྱོད་པ་པོ་རྣམས་ལ་རང་ཚུགས་མེད་པ་དང་དོན་དམ་དུ་ཐ་སྙད་དེ་དག་ཁོ་ཚོའི་སེམས་ཀྱི་ཟབ་ས་ན་མ་ཡོད་པས་མ་རེད་དམ། དཔེར་ན། ཉེ་བའི་ལོ་འགའི་སྔོན་ཏེ་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་བྱུང་བ་ནས་བཟུང་། གྲྭ་པ་སྐོར་ཞིག་གིས་བདེན་པ་དང་གནས་ལུགས་ཀྱི་དོན་དུ་དཔའ་སྤོབས་ཀྱི་ལག་པ་གནམ་ལ་ཕྱར་སོང་བ་དེས་ཏག་ཏག་བོད་སྤྱི་ཚོགས་དང་ལྷག་དོན་རྔ་བའི་ཡུལ་ན་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད་པ་རེད། འོན་ཀྱང་། དེའི་གཞུགས་ནས་དེ་ལས་ལྡོག་པའི་གྲྭ་པ་སྐོར་ཞིག་གིས་ཉིས་སྟོང་བརྒྱད་ལོའི་ཚུན་ཆོད་གནས་ལུགས་དང་བདེན་པ་བརྡར་བའི་གྲྭ་པ་དཔའ་སྤོབས་ཅན་དེ་དག་གི་ངོ་བོ་དེ་གྲྭ་པ་སྤྱི་ལ་སྦྱར་ཞིང་། དེ་ལ་ཁ་གཡར་ནས་ཆེ་མདོག་རྫིག་མདོག་གིས་གནས་ལུགས་གང་མང་ཞིག་རྡོག་བརྫིས་གཏོང་བཞིན་ཡོད་པ་རེད། ང་ཚོས་བསམ་བློ་ཞིབ་ཀྱིས་བཏང་ཚེ། གོང་གི༼གཞུང་ལུགས་བྲན་རྒོལ༽གྱི་དཔེ་དེབ་དེ་བཀྲམས་ནས་ཆུ་ཚོད་གཉིས་ཀྱི་དུས་ཡུན་ལས་མ་འགོར་བར་གྲྭ་པ་གང་མང་ཞིག་མགྱོགས་མྱུར་གྱིས་ཐོན་སོང་བ་དེས་ཅི་ཞིག་མཚོན་འདུག་ཅེ་ན། གཅིག་ན་བསམ་བློ་ཀུ་དོགས་པ་དང་། གཉིས་ན་བརྟག་དཔྱད་ཞིབ་འཇུག་ཅི་ཡང་མེད་པར་རི་བོང་ཅལ་འདྲོག་གི་སྣང་ཚུལ་ཞིག་མངོན་པར་མཚོན་འདུག་སྟེ། ཆུ་ཚོད་གཅིག་དང་གཉིས་བར་གྱི་དུས་ཡུན་ནང་ཏག་ཏག་དཔེ་དེབ་དེ་བཀླགས་ཚར་མིན་ཡང་ཐེ་ཚོམ་རེད་ལ། གལ་སྲིད་འགའ་ཞིག་གིས་བཀླགས་ཡོད་པའི་དབང་དུ་བཏང་ནའང་། འགའ་རེས་ལག་སོན་ཡང་བྱུང་མེད་པར་ཐད་ཀར་གྱིས་གོ་ཐོས་རྣ་ཐོས་ཙམ་ཞིག་ཁུར་ནས་སླེབས་བྱུང་བ་དེ་ཐག་གིས་ཆོད་འདུག དེ་ལྟར་བརྟག་དཔྱད་དང་ཞིབ་འཇུག་མེད་པར། གནས་ལུགས་དང་བདེན་པ་དོར་ནས་མིའི་རྩིས་ཐང་དང་ཁེ་དབང་ལ་རྡོག་རོལ་བཏང་བ་དེ། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གི་རྩ་བའི་གཞི་སྟེང་ནས་འགལ་ཡོད་པ་མ་ཟད། གོང་གི་གྲྭ་པ་དེ་དག་རྒྱབ་བརྟེན་དུ་ལངས་སའི་ཡུལ་ཏེ་སྟོན་པ་ཤྰཀྱ་ཐུབ་པ་ཁོང་གི་དགོངས་པ་ལས་ཀྱང་འགལ་ཡོད་པ་མ་རེད་དམ།

སྤྱིར༼གཞུང་ལུགས་བྲན་རྒོལ༽གྱི་ནང་དུ་ཞིབ་ཀྱིས་བཀླགས་ཚེ་འབྲི་བ་པོ་ཁོ་རང་ཚོ་ནང་དུ་ཚུད་པའི་གྲྭ་པའི་སྡེའམ་ཆོས་ལུགས་པ་སྤྱིའི་མ་འདང་ས་དང་ཁ་གསབ་བྱ་དགོས་སའི་སྟོང་ཆ་དེ་དག་ཐེར་འདོན་བྱས་ཡོད་པ་ལས། གྲྭ་བའི་རྩིས་ཐང་ལ་རྡོག་རོལ་གྱི་སྐད་ཆ་གཅིག་ཀྱང་བརྗོད་མི་འདུག་པའི་ཕྱིར་ན། གོང་གི་གནས་ཚུལ་དེ་ནི་ཏག་ཏག་བྱེ་བྲག་མི་སྒེར་གྱི་ཁེ་ཕན་དང་གནས་ལུགས་ལ་རྡོག་བརྫིས་བཏང་བ་དེ་མངོན་གསལ་དོད་པོ་ཡིན་འདུག རེད་དེ། ང་ཚོ་བོད་ཀྱི་ཁ་དཔེར༼ཕྱི་འཇམ་ནང་རྩུབ༽ཅེས་པའི་ཐ་སྙད་སྟབས་བདེ་ཞིག་ཡོད་པ་དེས་ཏག་ཏག་གོང་གི་གནས་ཚུལ་ཡ་ང་བ་དེ་དག་གི་བྱེད་པོ་ཆོས་ལུགས་པ་རྣམས་ལ་ལྐོག་བརྡ་གསལ་བོ་ཞིག་གཏོང་གིན་འདུག

མི་བུའི་ཐོབ་ཐང་གི་གསལ་བསྒྲགས་དང་ཆོས་ལུགས་པའི་སྐྱོ་གར།

༡༩༤༨ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟེང༼འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས་བྱས་པ་ནས་བཟུང་། མི་ཐམས་ཅད་ལྷན་སྐྱེས་སུ་འདྲ་མཉམ་ཡིན་པ་དང་། མི་བུའི་རྩིས་ཐང་དང་ཐོབ་ཐང་ཐོག་ལྷག་དོན་འདྲ་མཉམ་ཡིན་པའི༼ལེགས་བཤད༽དེ་འཛམ་གླིང་ཤར་ནུབ་ཐམས་ཅད་ལ་བརྒྱུད་སྒྲོག་བྱས་པ་ནས་བཟུང་། ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཁག་ཅིག་གིས་ཚད་མཐོན་པོའི་སྒང་ནས་དང་ལེན་བྱས་པ་དེ། སྐབས་འདིར་སྔོན་ཐོན་མི་རིགས་ཐམས་ཅད་ཀྱིས་ཧ་ཅང་དགའ་བསུ་དང་དར་ཁྱབ་གཏོང་བཞིན་པའི་སྒང་འདི་ལྟ་བུ་ཞིག་ལ་མཚོན་ན། རང་ཅག་གི༼འགྲོ་བ་སེམས་ཅན་ཐམས་ཅད༽མ་རུ་སྒོམ་མཁན་དུ་བསྒྲགས་པའི་ཆོས་ལུགས་པ་ཚོས་ནི། ཐ་སྙད་སྐམ་པོ་དེ་དག་ལག་ཆ་རུ་ཕྱར་ནས་འགྲོ་མིའི་རྩིས་ཐང་དང་ཐོབ་ཐང་དེ་དག་རྡོག་རོལ་གཏོང་བཞིན་པ་དེས། ཏག་ཏག་ནང་པའི་ཆོས་ལུགས་པ་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་འཚོ་གནས་རང་བཞིན་གྱི་ངོ་བོ་ལ་འདྲེས་པའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་། བརྩེ་དུངས། དགའ་ཕྱོགས་དང་ཕུགས་བསམ། མདོར་ན་མི་ཚེའི་རིན་ཐང་གི་ངོ་བོ་ལ་ཚོད་འཛིན་དང་བརྙས་བཅོས་བྱེད་བཞིན་ཡོད་པ་དེ་རེད།

སྤྱིར་ན་ད་ལྟའི་བོད་ཀྱི་དགོན་སྡེའམ་ཆོས་ལུགས་པ་ཚོར་ཆེས་ཐབས་སྡུག་གི་རྒོལ་སྟངས་ཤིག་ཡོད་པ་ནི། ཁོ་ཚོའི་ལུགས་དང་མ་མཐུན་པའི་བྱ་འགུལ་གང་ཞིག་སྤེལ་བ་དེ་ལ༼ཆོས་སྐྱོང་སྲུང་མ༽་ཡི་ལག་རྡོ་ཕྱར་ནས་མིའི་རྩིས་ཐང་ལ་གནོད་པའི༼དེ་ཚར་གཅོད་དགོས༽༼བྱ་བ་ལམ་འགྲོ་མེད་དགོས༽༼འདོད་པ་ལག་ནས་ཤོར་དགོས༽སོགས་ཀྱི་ཐ་སྙད་གང་མང་ཞིག་དམོད་ཚིག་གི་ལམ་ནས་བསྒྲགས་ཏེ། དེ་དག་ཚར་གཅོད་དང་རྩར་མེད་ཀྱི་དམིགས་བྱ་ཞིག་ཁོ་ན་སྙེག་གིན་ཡོད་པ་རེད། དེ་ནི་ཏག་ཏག་ཁོ་རང་ཚོའི་སེམས་ཀྱི་གཏིང་དང་ཐོད་པའི་དཀྱིལ་དུ་འཇོག་བཞིན་པའི་༼ཆོས་སྐྱོང་སྲུང་མ༽དེ་དཔང་པོར་བཞག་པ་རེད། རེད་དེ། གལ་སྲིད་གནས་ལུགས་དང་བདེན་པ་ལ་རྡོག་རོལ་གཏོང་བའི་ཆོས་སྐྱོང་སྲུང་མ་ཞིག་ལ་མཚོན་ན། ཁོ་ཚོའི་དམོད་སའི་ཡུལ་དེ་ལའང་དེ་འདྲའི་དོགས་པ་ཆེར་ལངས་རྒྱུ་མེད་པ་མ་ཟད། བདེན་པ་དང་གནས་ལུགས་ཁས་མི་ལེན་པའི་ཆོས་སྐྱོང་སྲུང་མ་དེ་དག་ནི་ནང་བསྟན་ཆོས་ལུགས་ཀྱི་རྩ་བའི་དམ་བཅའ་ལས་ཀྱང་འགལ་ཡོད་པ་མ་ཟད། སྒེར་གཅོད་དབང་སྡོམ་པ་ཞིག་ཀྱང་རེད་ཅེས་ཁ་ཚོད་ཆེན་པོས་བསྒྲགས་པར་སྤོབས།

རེད་དེ། དུས་རབས་ཀྱི་ངོ་བོ་རིག་པ་དང་གནས་ལུགས་ཀྱིས་དབང་བསྒྱུར་བཞིན་པའི་དུས་སྐབས་འདི་ལ། ཆོས་ལུགས་པ་ཚོས་ད་དུང་རྙིང་ཞེན་གྱི་སྤྱོད་སྟངས་ཡ་ང་བ་ཞིག་ལ་ཨུ་ཚུགས་ཀྱིས་འཐམས་ཏེ། རང་ཅག་བོད་ཀྱི་ཤེས་རིག་ཡོན་ཏན་གྱི་རྣམ་དཔྱོད་དབེན་པའི་གཞི་རིམ་མང་ཚོགས་ཀྱི་འཚོ་བ་དང་ཁེ་དབང་ཡོད་ཚད་རྡོག་རོལ་གཏོང་བཞིན་ཡོད་པ་རེད། དཔེར་ན། ཧྥ་རན་སིའི་༼མི་བུའི་ཐོབ་ཐང་གསལ་བསྒྲགས༽ནི་སྲོལ་ལུགས་རྙིང་བ་མཇུག་རྫོགས་པའི་རྟགས་མཚན་དང་། དུས་རབས་གསར་བའི་དམ་ཚིག་ཡིན། ཞེས་ཀུན་ལ་རླུང་ལྟར་སྒྲོག་པ་དེ་བཞིན་དུ། གལ་སྲིད་རང་ཅག་བོད་ཀྱི་ཆེ་རློམ་པ་ཚོར་ཡང་འདི་འདྲའི་རྟོགས་སད་ཀྱི་རྣམ་དཔྱོད་ཅིག་དང་། གསར་བརྗེ་ཡི་སྤོབས་སེམས་ཤིག་མངའ་ཚེ། གོང་གི་སྒེར་གཅོད་དང་བཤུ་གཞོག་གི་བྱ་འགུལ་སྤེལ་མཁན་གྱི་ཆོས་ལུགས་པ་དེ་ཚོའི་རྙིང་ཞེན་གྱི་བག་ཆགས་གང་མང་ཞིག་ཚར་གཅོད་བྱ་རན་འདུག

རེད་དེ། ངས་འདི་ལྟར་བརྗོད་པ་ནི་ཆོས་ལུགས་པ་ཁོ་ཚོའི་དོན་དུ་བཤད་ཀྱིན་ཡོད་པ་མིན་ལ། ཆོས་ལུགས་པ་ཚོས་ཆོས་མིན་གྱི་བྱེད་སྒོ་སྤེལ་ཏེ། མི་ཆོས་རིང་ལུགས་ཀྱི་རྒྱུ་འབྲས་བློ་མིག་གི་ངོ་བོ་འཚོལ་བཞིན་པའི་ངའི་ཕ་ཡུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་གནས་ལ་འབག་བཙོག་བཟོ་བཞིན་པའི་སྣང་ཚུལ་དེ་ལ་ཤུགས་ཆེན་པོས་བཤད་ཀྱིན་ཡོད་ལ། ནམ་ཡང་གནས་ཚུལ་དེ་དག་ནི་ཁོ་བོས་རྒོལ་བ་བྱེད་སའི་ཡུལ་གཙོ་བོ་ཞིག་ཀྱང་ཡིན།

མ་གཞི་ངའི་ཕ་ཡུལ་གྱི་མི་དམངས་མང་ཚོགས་ནི་མི་ཆོས་རིང་ལུགས་ཀྱི་རྒྱུ་འབྲས་བློ་མིག་ལ་དང་དོད་ཆེ་ཞིང་། མི་ཆོས་རིང་ལུགས་ཀྱི་རྒྱུ་འབྲས་བློ་མིག་གི་ཁྱབ་ཁོངས་དེ་ལ་འཚོ་སྡོད་བྱེད་བཞིན་ཡོད་པའི་མང་ཚོགས་དཀྱུས་མ་ཤ་རྟགས་ཡིན་ཕྱིར། དེ་འདྲའི་དབང་བསྒྱུར་གྲལ་རིམ་གྱི་བྱེད་སྒོ་སྤེལ་ཏེ་ཆོས་སྐད་ཀྱི་མཚོན་ཆ་རྣོན་པོ་དག་གིས། མི་དམངས་མང་ཚོགས་ཀྱི་འཚོ་གནས་དང་ཕུགས་བསམ་དེ་དག་ལ་ཚད་བཀག་བྱེད་བཞིན་པ་དེས། མི་ཆོས་རིང་ལུགས་ཀྱི་རྒྱུ་འབྲས་བློ་མིག་གི་གཞི་རྩའི་གནད་དེ། མི་གཞིས་ཆོན་ཡོངས་ནས་རང་ཉིད་ཀྱི་བྱེད་ནུས་ཡོངས་རྫོགས་བེད་སྤྱོད་ཐོབ་པའི་རང་དབང་དང་། མིའི་རིགས་དང་མི་བུའི་གཞི་གྲུབ་རྩོམ་བྱེད་ཀྱི་ནུས་ཤུགས་ཧྲིལ་བོའི་མཚོན་རྟགས་ལ་རྡོག་རོལ་གཏོང་བཞིན་པ་དེ་རེད། སྤྱིར་མི་ཆོས་རིང་ལུགས་ཀྱི་རྒྱུ་འབྲས་བློ་མིག་གི་བྱེད་ལས་ནི་རང་གི་ཁེ་ཕན་དངོས་ལ་སྲུང་སྐྱོབ་བྱེད་པ་དེ་ཡིན་པས། རང་ཅག་བོད་ཀྱི་ཆོས་ལུགས་པ་ཚོས་རང་གི་ཁེ་ཕན་འབའ་ཞིག་གི་དོན་དུ་གཞན་གྱི་ཁེ་ཕན་དང་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་དེ་ཅི་འདྲའི་བོད་ཀྱི་ནང་པའི་རྗེས་འཇུག་པ་རུ་རློམ་པའི་ཆོས་ལུགས་པ་ཚོའི་སྐྱོ་གར་ཞིག་མ་རེད་ཨང་། དེ་བཞིན་དུ་རང་རེ་བོད་ཀྱི་ད་ལྟའི་ཆོས་ལུགས་པ་ཚོའི་ངོ་བོ་དང་འཛམ་གླིང་མི་བུའི་ཐོབ་ཐང་གི་བྱེད་ལས་གཉིས་བསྡུར་དེ་སོང་ཚེ། རང་རེ་བོད་ཀྱི་འགྲོ་བ་སེམས་ཅན་ཐམས་ཅད་དུ་འབོད་མཁན་གྱི་བྱེད་པོ་དག་གི་ངོ་བོ་ནི་ངོ་མ་མག་མོག་ཅིག་ཏུ་ཆགས་འདུག་སྟེ། ༼འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་༽སུ་སྤྱི་དམངས་ཀྱི་ཐོབ་ཐང་དང་། སྤྱི་ཚོགས་ཀྱི་ཐོབ་ཐང་། ཆབ་སྲིད་ཀྱི་ཐོབ་ཐང་། དཔལ་འབྱོར་གྱི་ཐོབ་ཐང་། རིག་གནས་ཀྱི་ཐོབ་ཐང་སོགས་མི་བུའི་ཐོབ་ཐང་གི་ཁྱབ་ཁོངས་རྒྱ་ཆེར་སྤེལ་བ་དེས་ད་ལྟའི་བོད་ཀྱི་ཆོས་ལུགས་པ་ཚོའི་སྤྱོད་སྟངས་ལ་ཚ་འདྲི་ཚ་བེར་བ་ཞིག་བྱས་ཡོད་པ་རེད། ཡང་གཅིག་བཤད་ན། ༼འཛམ་གླིང་མི་བུའི་ཐོབ་ཐང་གསལ་བསྒྲགས་༽ནི་འཛམ་གླིང་མི་བུའི་ཐོབ་ཐང་ལོ་རྒྱུས་ཐོག་ཆེས་གལ་འགང་ཆེ་བའི་རྩ་གནད་ཅིག་ཏུ་བཞག་ཡོད་ཕྱིར། གལ་སྲིད་དེ་ལས་ལྡོག་པའི་བྱེད་སྒོ་སྤེལ་མཁན་དག་ལ་ནི་དུས་རབས་འདིའི་ཁྲོད་ནས་གོ་གནས་མེད་པར་མ་ཟད། ཚང་མས་མཐར་སྤྲོད་གཏོང་དགོས་པའི་བསྒྲགས་གཏམ་སྤེལ་བཞིན་ཡོད་པ་དེའོ།།

ངའི་ཕ་ཡུལ་དང་ཆོས་ལུགས་པའི་དབང་བསྒྱུར་གྲལ་རིམ།

ངའི་ཕ་ཡུལ་ན་འགྲོ་མིའི་ཐོབ་ཐང་གི་ཁྱབ་ཁོངས་སུ་ཚུད་པའི་བྱེད་ནུས་དེ་ཚོ་སྤྱོད་དབང་མེད། ངའི་ཕ་ཡུལ་ན་རང་ཉིད་ཀྱི་དཀའ་ཚེགས་ལས་བསགས་པའི་རྒྱུ་ནོར་དེ་དག་བདག་དབང་མེད། དེ་ནི་ཆབ་སྲིད་པས་བཙིར་གནོན་དང་ཆོས་ལུགས་པའི་དབང་བསྒྱུར་བདག་འཛིན་གྱི་སྐྱོ་གར་གཉིས་སུ་གྲུབ་འདུག་པས། ཕྱི་མ་ཆོས་ལུགས་པའི་དབང་བསྒྱུར་གྲལ་རིམ་གྱིས་ཏག་ཏག་ངའི་ཕ་ཡུལ་ན་འབྱོར་མེད་གྲལ་རིམ་གྱི་མང་ཚོགས་རྣམས་དམར་གསོད་གཏོང་བཞིན་ཡོད་དེ། རྔ་ཡུལ་སྒོ་མང་དགོན་པ་གཙོས་པའི་དགོན་སྡེ་དག་གིས། གཞི་རིམ་མང་ཚོགས་ཀྱི་ལག་ནས་དཔལ་འབྱོར་འཚོལ་སྡུད་ཀྱི་ཆོས་ལུགས་ཀྱི་ཆོ་ག་གང་མང་སྤེལ་བཞིན་ཡོད་པ་དང་། གལ་སྲིད་ཁྲི་སྐད་མ་ཅག་༼ངའི་ཕ་ཡུལ་གྱི་ཡུལ་མི་ཚོའི་བརྗོད་སྟངས་གཞན་ཞིག་སྟེ། དགོན་པའི་ཆོ་ག་ཡི་བྱེད་སྒོའི་སྟེང་ཞལ་འདེབས་སུ་ཕུལ་བའི་དམངས་སྒོར་ཁྲི་ཡན་ཆོད་ཀྱི་བརྡ་སྐད་ཅིག་སྟེ། ཁྲི་སྐད་ཅག་དང་མི་ཅག་གི་རྒན་པོ་ཚོའི་རྩོད་པ་རྒྱག་བྱེད་ཅིག་རེད།༽པའི་ཁྱིམ་ཚང་ཞིག་ལ་མཚོན་ན་དེ་ནི་དགོན་པའི་མིག་ལམ་གྱི་ཁྱིམ་ཚང་ཐབས་སྡུག་ཅིག་ཡིན་པ་མ་ཟད། དེའི་ཤུགས་རྐྱེན་གྱིས་སྡེ་དཔོན་དང་སྡེ་མི་ཚང་མའི་མིག་ལམ་ནས་ཁྱིམ་ཚང་དེ་བ་ཚང་ནི་ཐབས་སྡུག་ཅིག་དང་མི་གྲལ་དུ་ཚུད་མིན་གྱི་ལྟ་སྟངས་སུའང་གྲུབ་པ་རེད། རེད་དེ། དེ་ནི་ལོ་རེ་རེ་དང་དུས་ཚིགས་རེ་རེར་དཔལ་འབྱོར་གྱི་ཐོན་ཁུངས་ཞན་ཞིང་ལྷག་པར་དུ་དཔལ་འབྱོར་འཚོལ་སྡུད་ཀྱི་རིག་པ་དབེན་པའི་བོད་ཀྱི་མང་ཚོགས་ཀྱིས། དབྱར་དགུན་སྟོན་གསུམ་གྱི་གྲང་ངར་དང་ཚ་གདུང་གི་ཁྲོད་ནས་རང་གི་ཚེ་སྲོག་ཀྱང་གཏའ་མར་བཞག་སྟེ་དཀའ་སྡུག་གི་རྔུལ་ཆུས་བསགས་པའི་འཚོ་བའི་འགྲོ་གྲོན་གྱི་རྒྱུ་ནོར་རྣམས། ཆོས་ལུགས་པའི་དབང་བསྒྱུར་གྲལ་རིམ་གྱི་ཆོ་ག་ཁོ་ནའི་སྟེང་གཙང་འབུལ་བྱེད་བཞིན་པའི་སྣང་ཚུལ་ཡ་ང་བ་ཞིག་སྟེ། གལ་སྲིད་རྒྱུ་ཆེན་དཔོན་ཆེན་གྱི་མི་ཞིག་ཡིན་ཚེ་དགོན་སྡེ་དག་གིས་དམིགས་བསལ་གྱིས་དེ་ལ་ཆོས་སྐྱོང་སྲུང་མར་སྐྱབས་འཇུག་ཞུ་སྟེ། མི་ག་གེ་མོ་དེ་ནི་ནམ་རྒྱུན་ངེད་དགོན་པར་དྲིན་ཆེ་རབས་དང་དངུལ་སྒོར་མང་པོ་སྟེར་རབས་ཀྱི་ཆེ་བ་བརྗོད་དེ་བྱ་བ་ལམ་འགྲོ་ཡི་ཆོ་ག་རིམ་གྲོ་ཚད་ལས་འདས་པ་སྤེལ་བ་རེད། གལ་སྲིད་ཁྲི་སྐད་མི་ཅག་པའམ་ཤོག་སྒོར་ཉུང་བའི་ཁྱིམ་ཚང་དང་མི་སྒེར་གང་ཞིག་ལ་མཚོན་ན། དེ་དག་གི་མིང་ཐོ་ནི་དགོན་པའི་ཚོགས་གྲལ་ནས་སྐྱབས་འཇུག་ཞུ་མཁན་གྱི་དགེ་བརྐོས་ཀྱི་ལག་ཏུའང་ཐོན་དཀའ་བའི་གནས་ཚུལ་འདི་ལ་གཞིགས་ན། ཆོས་ལུགས་པ་དེ་དག་གིས་མ་གཞི་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཅེས་པ་དེ་ཁ་གཡར་ས་ཞིག་དང་། ཆོས་ལུགས་ཀྱི་ཐ་སྙད་ཚོན་པོ་དེ་དག་ལག་ཆ་རུ་བཀོལ་ནས་རང་ཉིད་ཀྱི་འཚོ་གནས་འབའ་ཞིག་གི་དོན་དུ་བརྩོན་བཞིན་ཡོད་པ་དེ་རེད།

མཇུག་གི་བསྒྲགས་གཏམ།

ང་ནི་ནམ་ཡང་རང་གི་འཚོ་གནས་ཀྱི་ཕྱིར་དུ་བརྩོན་ལེན་བྱེད་མཁན་ཞིག་ཡིན་ལ། གང་ན་གནས་ལུགས་ལ་རྡོག་བརྫིས་གཏོང་བཞིན་ཡོད་པ་དང་། བདེན་པ་ལ་ལྕགས་ཟྭ་རྒྱག་བཞིན་པའི་གནས་ཚུལ་ཞིག་ཡོད་ཚེ། དེ་ལ་ནི་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ལྷག་དོན་གནའ་ནས་ད་བར་ཏུ་ངའི་ཕ་ཡུལ་ཏེ་བོད་ཡུལ་ལུང་པའི་སྤྱི་ཚོགས་འཚོ་གནས་ལ་ཚད་བཀག་དང་རྡོག་རོལ་བཏིང་བའི་བོད་ཀྱི་ཆོ་ལུགས་པ་དེ་དག་གིས་ཇི་སྲིད་ལམ་ལུགས་དེ་འཚམས་མ་བཞག་བར་དེ་སྲིད་དུ་ངོ་རྒོལ་བྱ་རྒྱུ་ཡིན།

༢༠༡༢ ༡༢ ༧ཉིན་ལན་གྲུ་ནས།

Balancing Quality with Fashion Style
VIDEO PORNO XXX 1 apparel manufacturing sector with a gross revenue of

The Warmth Mens Down Coats For Extreme Cold Weather
Wedding Dresses He also garnering lots of solo tabloid headlines

Eco Friendly Fashion Swapping Event in London
PORNO You are going for the one shoulder look

G and Kazuto Nakazawa animate Kao's New CM
Download Free Games exactly what figure community

How to Choose Pocket Watches for Men
Kostenlose Pornos von Colors look very good

Old Fashion Sweet Potato Pie Recipe
PORNO FRANCAIS You don't even have to read fashion magazines to do so sometimes

Simple Questions AFTER DARK 6
PORNO XXX it's always Turd Dress O'Clock

What's the best fashion investment you've made
Darmowe Porno If you ever get the chance
བསྟོད།7

抱歉,评论已关闭!