རྔ་བ་ཀིརྟི་དགོན་པའི་རྣ་དང་། མིག ད་དུང་བོད་སྤྱི་ཚོགས།

ལྗགས་མདའ།

ཉིན་ཤས་ཀྱི་སྔོན་ལ། གྲོགས་པོ་ཞིག་གི་ཟིན་ཕྲན་ནམ་པོད་ཕྲན་དུ<<གཞུང་ལུགས་བྲན་རྒོལ>>ཞེས་པའི་དེབ་ཅིག་སྤྱི་ཚོགས་སྟེང་དངོས་སུ་འགྲེམས་སྤེལ་བྱས་པའི་བརྡ་ཐོན། དེ་རུ་ དཀར་ཆག་ཀྱང་ཤིན་ཏུ་གསལ།དཀར་ཆག་གཅིག་བུས་ཀྱང་བལྟ་འདོད་ཚ་བོ་བྱུང་།ཡང་གཅིག་བཤད་ན། ཀློག་ཏུ་རི་བའི་བོད་ཡིག་གི་དཔེ་དེབ་ཤིན་ཏུ་དཀོན་པས་ཀྱང་ལོས་ཡིན། དེ་ལྟར་ཉིན་ཤས་བརྒྱབ་རྗེས།གྲོགས་པོ་དང་གྲོགས་པོ་བརྒྱུད་དེབ་འགའ་གཞི་ནས་ལག་སོན་བྱུང་།མགོ་ནས་མཇུག་ཏུ་ཞིབ་ཀློག་ཐེངས་གཅིག་བྱས་མཐར།ལྟ་ཚུལ་རེ་འགའ་ལ་ཅིས་ཀྱང་འཐད་པ་མེད་ན་ཡང་།ཁོང་ཚོའི་སྙིང་སྟོབས་དེར་དགའ་མགུ་དང་ཡི་རངས་ཚད་མེད་ཤོར་སོང་།ལྷག་ཏུ།དགོན་སྡེ་ཁག་ཏུ་ཡང་འདི་ལྟ་བུའི་སྙིང་གསོན་ཞིག་འདུག་སྙམ་ན་སེམས་པ་འདི་སྔར་བས་དྲོད་ལམ་ལམ་དུ་གྱུར་བྱུང་།ད་རེབ་ཡིན་ན།དེབ་འདིའི་བྱེད་པོ་གང་གི་དྲན་ཚུལ་ལམ་ལྟ་ཚུལ་གང་དེར་ཅི་ལ་མི་མཐུན་པ་དང་གང་ནས་འཕྲོད་པའི་སྐོར་ནས་གླེང་བར་མི་བྱ་སྟེ། དེབ་ཆུང་འདིའི་བྱེད་པོ་མི་བདུན༼ཁྲག་ཐིགས། དགོན་ཚེ། གློག་དམར། གདུ་འཕྱུར། གནམ་ལྷུན།རྭ་བློ་བཟང་དམ་ཆོས།ཨ་ཀླུ་སྒྲུབ༽སྤྱི་ཚོགས་ཀྱི་བས་མཐར་འདེད་ཅིང་གྲྭ་ཤག་གི་གནས་ནས་སྤྲད་པའི་སྐོར་རགས་ཙམ་རགས་ཙམ་གླེང་བར་བྱ།

དེ་ཡང་གྲོགས་གང་ཉིད་ལས་རྒྱུས་ལོན་བྱུང་བ་ལྟར་ན། དེབ་འདིའི་བྱེད་པོ་ཁོ་རང་ཚོ་ནི་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་སྐོར་ཞིག་རེད་ལ།ལོ་ན་གཞོན་ཞིང་རྩོམ་འབྲིའི་དུས་ཚོད་ཀྱང་མང་བོ་མང་བོ་ཞིག་ལོན་ཡོད་ས་མ་རེད།འོན་ཙང་།ཁོ་བ་ཚོས་ཐོས་བརྩོན་གྱི་སྦྱངས་པ་ལས་བྱུང་བའི་མིག་ཟུང་གི་འོད་མདངས་དང་དཔེ་གཟིགས་ཀྱི་ལྟེབ་གཉེར་ལས་འཁྲུངས་པའི་བསམ་གཞིག་གི་ཐུར་སྣེ་ནང་ལ་བསྐོར་ཏེ། རང་རང་གི་ལྟ་ཚུལ་དང་དྲན་ཚུལ་ལྷུགས་བརྗོད་བྱས་ཙ་ན། མ་དགོན་ཀིརྟི་དགོན་པའི་གྲྭ་རྒོད་རྣམས་གཙོས་སེར་མོ་བ་སྔོན་ལ་རྒྱུག་ཅིང་མང་ཚོགས་རྣམས་གཞུག་ལ་ཞོགས་པའི་གཏམ་རྒྱུད་ཡ་མཚར་བ་རེ་བྱུང་བཞིན་པ་དངོས་སུ་ཐོས། དེ་ཡང་ཅི་ཁག་སྟེ། ཡམ་ཡང་ཅི་ལ་མཚར། དང་སྔ་གཉིས་སུ། ང་ཚོ་ལ་དེ་ལྟ་བུའི་གཏམ་རྒྱུད་ ཀྱི་ས་བོན་གཤིན་པོ་ཞིག་ཡོད་ས་རེད།སྔོན་གྱི་ཚེ་ན།ཡུལ་མདོ་སྨད་ཕྱོགས་སུ་སྐུ་འཁྲུངས་པའི་རིག་པའི་དེད་དཔོན་ཆེན་མོ་ཞིག་བྱང་བླ་བྲང་བཀྲ་ཤིས་འཁྱིལ་ནས་ས་མཐར་སྤྱུགས་པའི་གཏམ་རྒྱུད་ཅིག་གླིང་ལ་ཁྱབ་འདུག དེ་ནི་ད་ལྟ་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཤིང་། འབྲུག་བཞིན་ལྡིར་བའི་དགེ་ཆོས་ལགས་མ་ཡིན་ནམ།ཡང་སྔོན་གྱི་ཚེ།དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།།རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།།ཞེས་གསུངས་པ་ལྟར་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་ལགས་ཀྱང་རང་མི་རང་གིས་ཧོམ་དུ་བསྡུས་པ་མ་ཡིན་ནམ། དེ་བཞིན་དུ་རྩོམ་རིག་གསར་བའི་དེད་དཔོན་དུ་འབོད་པའི་རང་གྲོལ།སྐུ་ཞབས་ཞོགས་དུང་།ཚ་བ་མདའ་སྨྱུག སྒོ་ཤེར། འདི་དང་འདི་ལ་སོགས་པ་མ་ཡིན་པའི་མྱི་དཀར་ཞྭ་ནག་གྱོན་ པའི་ན་གཞོན་ཡང་མང་དུ་གདའ་།དེ་དག་རེ་རེ་བཞིན་མི་དང་།མིང་དང་།ཡུལ་དང་བཅས་ཏེ་ངལ་བའི་རྒྱུ་མ་བྱས་མོད།འོན་ཀྱང་།འདི་ལྟར་བལྟས་ཡོང་ན།བོད་ལ་འདི་དང་འདི་ལྟ་བུའི་སྲོལ་རྒྱུན་ཞིག་གི་ཁ་དར་མྱོང་བར་མ་ཟད།དུས་ད་ལྟ་ད་དུང་ཡང་།ཤིན་ཏུ་ཁ་དར་གྱིན་ཡོད་ཚོད་རེད།

ཉེ་བའི་ལོ་འདི་དག་གི་རིང་ལ། བོད་ཀྱི་ཤེས་ལྡན་པ་སྐོར་ཞིག་གིས། དུས་རྟག་ཏུ། གཏམ་ཚ་ཚ་དང་།ཐུགས་ངར་ངར་གྱིས།ཕྱི་ནང་གཉིས་སུ། སྨྲ་བརྗོད་རང་དབང་དང་དྲང་བདེན་འདྲ་མཉམ།མི་བུའི་ཐོབ་ཐང་སོགས་ཀྱི་ཡིག་འབྲུ་ཆེན་པོ་བྲིས་ཤིང་།ཁ་གཡང་མཐོན་པོར་བསྒྲགས་དང་སྒྲོག་གིན་འདུག་མོད། རང་རེའི་ཚོས་ནི། དེ་ནི་གཏམ་རྔམ་པོ་ར་ཐོན་ལུག་ཐོན་དུ་སྣང་བས། དུས་ད་ནི། ནང་གཏམ་ནང་མིར་ཞུ་དབང་ཙམ་ཡང་འདི་རེད། འདི་ནི་བདག་གིས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་དོན་མེད་ཁུར་དུ་བཞེས་པ་ཞིག་ག་ལ་ཡིན་ཏེ། རྦད་དེ་མ་ཡིན་ནོ།། བརྒྱ་ལ་ནམ་ཞིག་གི་ཚེ། གཞན་གྱིས་ཀྱང་ང་ཚོ་ལ། རང་དབང་འདྲ་མཉམ་དང་།ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་ཅིག་དགོས་པར་ངེས་སྐད་ཀྱི་ཞུ་གཏམ་དགུང་ལ་འཕྱོ་ཚེ།ང་ཚོས་ཁོ་ཚོའི་གདོང་ལ་ཇི་ལྟར་བལྟ།ཁོ་ཚོ་ལ་ཞུ་ལན་ཇི་ལྟར་སྤྲོད།རང་བདེན་དང་།འདྲ་མཉམ།རང་དབང་སོགས་རྩོད་པའི་མི་རིགས་ཤིག་ལ་མཚོན་ནས་བསྙད་ན། ནང་གི་རྟོགས་པ་སད་རྒྱུ་ནི་ཇི་འདྲའི་སྣངས་ཆེ་བ་ཨང་། དེ་ལྟར་མིན་ཚེ། ནམ་ཞིག་འཇིགས་སྐུལ་བ་ཆེན་མོ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་དེ། སྐབས་དེར། གཞན་གྱིས་ཧབ་ཆ་དིར་རི་བྲག་ཆ་འཁོར་བ་ཞིག་བརྒྱབ་ཀྱང་། ཐབས་ཤེས་ག་འདྲ་འདུག

ཡང་རྩོམ་པོ་དག་གི་སྐད་འཕྲིན་ལས་དངོས་སུ་རྒྱུས་ལོན་པ་ལྟར་ན།ཁོ་རང་ཚོའི་དཔེ་དེབ་དེ་རྔ་བ་ཀིརྟི་དགོན་པའི་ཚད་མའི་དགུན་ཆོས་ཀྱི་དུས་དང་འཁེལ་བར་བྱས་ཏེ་འགྲེམས་སྤེལ་ཐོག་མ་བྱས་ཤིང་།དེ་ལྟར་བྱས་པའི་རྒྱུ་མཚན་ནི།ཚད་མའི་དགུན་ཆོས་ཀྱི་དུས་སུ་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་མང་འདུས་ཤིང་མི་ཚོགས་མོད།དེ་ལ་བརྟེན་ནས་རེ་ཞིག་ཁོ་ཚོས་གཅར་རྡུང་མི་རེག་པའི་དུས་གཡོལ་ཙམ་བྱེད་ཐུབ་ངེས་རེད། གལ་ཏེ་དེ་ལྟར་མ་བགྱིས་ཚེ། སྔོན་གྱི་ཚེ་ལ་ཡང་།ཚགས་དེབ་རེ་གཉིས་ལ་ཁ་གཡར་ཏེ།ཁ་ལྕག་སྣ་ལྕག་བྱས་པའི་དོན་རྐྱེན་ཡོད་པར་གྲགས།<<གཞུང་ལུགས་བྲན་རྒོལ>>གྱི་དཔེ་དེབ་དེ་འགྲེམས་སྤེལ་བྱས་པའི་ཉིན་དང་བོར། ས་དེ་གར་གྲག་འགུལ་ཆེན་པོར་མེད་སོང་རུང་། ཉིན་གཉིས་པ་ནས་བཟུང་། མི་ཁའི་རླུང་འཚབ་སྐྱ་བོ་ཞིག་དང་མཉམ་དུ་དགོན་པའི་གླིང་དུ་ཁྱབ་སོང་བའི་གཏམ་རྒྱུད་ཡོད་འདུག

ས་རུབ་ལ་ཉེ་སྐབས་སམ་དུས་ཚོད་གང་ཞིག་ཏུ།དགོན་དེ་གའི་གྲྭ་རྒོད་ཁག་ཅིག་སྐོར་དང་སྐོར་བྱས་ཏེ།ཁྱུ་དང་ཁྱུ་དང་བསྡེབས་ཏེ།རྩོམ་པོ་ཁོང་ཚོའི་གྲྭ་ཤག་ཏུ་གཅར་རྡུང་བྱེད་པར་ཡོང་བ་གྲོགས་པོའི་ངག་ལས་ཐོས་ཏེ།དེ་འཕྲལ་གནས་གཞན་ཏུ་གཞའ་གཡོལ་བགྱིས་པ་ཐེངས་གཅིག་མིན་པར་བཤད།དེ་ལྟར་གཅར་རྡུང་གི་སྐྲག་སྣང་དེ་ལས་རེ་ཞིག་ཐར་སོང་ཡང་། དཔེ་ཆ་འཚོང་རོགས་ཀྱི་དགེ་གྲོགས་རེ་གཉིས་ཀྱི་འགྲམ་པའི་སྟེང་ལ་ཕྱག་གི་མཛུབ་རྗེས་རེ་གཉིས་དཔར་ཡོད་ས་རེད། དེ་མིན་ད་དུང་དངོས་གནས་སེམས་ཀྱིས་བཟོད་པར་དཀའ་བ་ནི། དཔེ་ཆ་དེ་འཚོང་སའི་དཔེ་ཁང་ཆེ་གེ་མོའི་སྒོའི་ཕྱི་ལ་ཡི་གེ་སྦྱར་ཏེ། དཔེ་ཆ་དེ་བཙོངས་པ་མཐོང་ཚེ།དཔེ་ཁང་མེར་བསྲེགས་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྐུལ་གནམ་ལ་མི་ཤོངས་པ་རེ་བགྱིས་ཤིང་།དཔེ་ཆ་རྩོམ་པོ་དག་བཙོག་ཏུ་བལྟ་དགོས་ལ། གཅར་རྡུང་བགྱིད་དགོས་པའི་གནས་ཚུལ་ཡ་ང་རེ་ཐོས་འཛིན་གྱི་བཅུད་དུ་ལྷུང་ཡོང་བས། རྔ་བ་ཀིརྟི་དགོན་པའི་རྣ་བ་ནི་ཇི་འདྲའི་ཆུང་ཞིང་།མིག་ཟུང་ནི་ཇི་འདྲའི་རུབ་པ་ལ་ཨང་ཞེས་ཆིག་ལབ་རིང་མོ་ཞིག་འཐེན་ཞོར།ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་ཐོས་འགྲོ་བསམས་ན།ཚོད་ཚོད་དུ་དངངས་འདར་དུ་མ་བརྒྱབ་འགྲོ།ཁོང་གིས་ལོ་ངོ་དུ་མའི་རིང་ལ། ཤི་གསོན་བདེ་སྡུག་གི་བསམ་པ་གཅིག་ཏུ་བསྒོམས་ཏེ། དཀའ་ལས་གང་མང་བརྒྱབ་ཀྱང་། ཕ་ཡུལ་གྱི་གནས་ཚུལ་ནི་ད་དུང་འདི་འདྲ་ཞིག་ཡིན་ནམ་སྙམ་འགྲོ་བསམས་ན།དངོས་གནས་སེམས་ལ་སྐྲག་སྣང་གིས་དེད་མི་ཡོང་ངམ། ཀིརྟི་དགོན་པའི་གྲྭ་རྒོད་ཚོ།

གནའ་མིའི་ཁ་དཔེར། མི་སུམ་ཅུར་བསམ་པ་སུམ་ཅུ་དང་།མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ་ཞེས་པ་ནང་བཞིན།མི་རེ་རེ་ལ་རང་གི་བསམ་པའི་ལངས་ཕྱོགས་དང་དྲན་པའི་ལྟ་ཚུལ་ཡོད་པ་ནི་ངོ་མ་དགའ་འོས་པའི་དོན་ཞིག་རེད།ང་ཚོར་གནའ་ནས་ད་བར་བླ་མས་ཅི་གསུངས་ཆོས་དང་།མཛུབ་གུ་གར་སྟོན་ཤར་བཞིན་ཡོང་བ་ཤ་སྟག་རེད་ལ།ད་ནི་དེ་དག་ལ་རེ་རེ་བཞིན་ཡ་ལན་ཅུང་ཙམ་མ་སྤྲད་ན།རྒུད་པ་ནས་རྒུད་པའི་མཐའ་རུ་ལྷུང་བ་ཁོ་ཐག་ཉིད།རྩོམ་པོ་ཁོ་ཚོས་ཀྱང་དེ་ལྟར་བསམ་པ་ལོས་ཡིན་ཏེ།དེ་བས།ཤེས་རིག་གི་གཉོམ་ལག་གསར་དུ་རྒྱས་བཞིན་པའི་གྲྭ་གཞོན་འདི་དག་གི་ནར་སོན་གོ་རིམ་ལ་ཅི་བས་ཀྱང་རྒྱབ་སྐྱོར་བྱས་ན་ཤིན་ཏུ་ཡག་པོ་རེད། མ་ཟད། དེ་ལས་ལྡོག་སྟེ། ཁོ་རང་ཚོའི་བསམ་བློ་འབུར་འཇོམས་དང་། གཞོག་གཏུབ། ངན་ཁག་བཀལ་ཏེ་བརྒྱ་ཁ་གཅིག་གཅོད་བྱེད་པ་ནི་བག་ཚ་མེད་པའི་སྒེར་གཅོད་རིགས་ཤིག་ཅི་ལ་མིན་ཨང་། དེ་ཙམ་གྱིས་རང་མཚང་རྫོབ་པོ་ཕྱི་ལ་སློག་པ་ལས་ཆེན་པོ་འཇོན་གི་མ་རེད། དུངས་ཞེན་རྐྱང་མའི་ཡ་ཁའི་ཤ་ཆེན་ལྷེབ་ལྷེབ་ཏུ་གདངས་པ་ལས།གནས་ལུགས་གཙང་མའི་དམར་ཆུང་ལྕེ་རྩལ་ལྷེམ་ལྷེམ་དུ་འགུལ་ནས། རེ་རེ་བཞིན་དགག་ལན་ཕྲིས་དང་ཅི་ལ་སྐྱོན། ཕྱི་ལ་བསྐོར་ན་ཁ་ཉ་ཉ་དང་།སྒྱིད་པ་ཞ་ཞ།ནང་ལ་བསྐོར་ན་སྣ་གཉེར་གཉེར་དང་།ངོ་རྫིག་རྫིག་བགྱིད་པའི་ཨ་རྒོད་ཚོགས།༼སྤྲུལ་སྐུ་ཚོ་ལ་གོ༽

ཡང་ཁ་ཕྱིར་འཁོར་ཏེ་བལྟས་ན། འདི་ནི་མི་བུའི་ཐོབ་ཐང་གི་རང་དབང་ཞིག་སྟེ། ཆེས་བླ་ན་མཐོ་བའི་ཡོངས་ཁྱབ་རིན་ཐང་གི་ལྟ་ཚུལ་ཞིག་ཡིན་པས།ང་ཚོས་དེ་ལ་ཆོས་ལུགས་དང་ཚོགས་པ་གང་རུང་ལ་ཁ་གཡར་ཏེ་ཁྱད་གསོད་དང་།བརྙས་བཅོས།རྡོག་རོལ་དུ་གཏང་མི་རིགས་པ་ནི་ཐུགས་རེ་མཛད་དགོས།ངེད་ཅག་ལ་འདི་ལྟ་བུའི་རིག་གནས་དཀྱེལ་ཡངས་ཀྱི་ཁོར་ཡིག་ཞིག་ཀྱང་མེད་སོང་ན།ང་ཚོ་རྒན་དར་གཞོན་གྱིས་ནམ་ཞར་ཁ་ལ་ཕྱར་བའི་རང་དབང་ཞེས་པའི་ཡིག་འབྲུ་སྙིང་ལ་རྗེ་བོ་དེ་གཉིས་ཀྱང་ག་འདྲ་ཞིག་ཏུ་འགྱུར་འགྲོ།མུ་མཐུད་དུ་འདི་ལྟར་སོང་ཚེ།འདི་དག་གི་ངོ་བོ་གཞན་དུ་མི་འགྱུར་བའི་ངེས་པ་ཡང་ལེང་ནས་མེད་ཅེས་ཁྱེད་ཅག་ལ་དྲན་ཞིག་གསོས་པ་ཡིན།

སྤྱིར་གཏམ་བརྗོད་ཀྱི་རང་དབང་དེ་མི་སྒེར་གྱི་འཚོ་བའི་གྲུབ་སྟངས་ཤིག་ཏུ་ཆགས་ནས།མི་བུ་རང་གི་ལྟ་ཚུལ་དང་།དྲན་ཚུལ།བསམ་ཚུལ་ཅི་རིགས་སྤྱི་བའི་ཁ་གཏད་དམ་གཞན་གྱི་གམ་དུ་འབྱོ་ངེས་ན།རྒྱལ་ཁབ་དང་མི་རིགས།མི་སྒེར་ལ་སོགས་པ་གང་དང་ཅི་ལ་མཚོན་ན། དེ་དག་ལྐོག་གཡོ་རུལ་སུངས་སུ་མི་འགྱུར་བར་ཕན་ཐོགས་རྒྱ་ཆེན་ཡོད་པ་དེང་རབས་མཁས་པས་བཞེད།དེ་ལྟ་བུ་ཡིན་ཙ་ན།ང་ཚོས་ཀྱང་བོད་རང་གི་ལུང་བ་འདི་ནས་གཏམ་བརྗོད་རང་དབང་དང་། རིག་གནས་དཀྱེལ་ཡངས་ཀྱི་ཁོར་ཡུག་གསར་བ་ཞིག་གཟུག་གྲུབ་བྱུང་ན། གཟོད་ནས་རྒྱལ་ཁའི་མེ་སྟག་གསར་བ་ཞིག་བསམ་བློའི་གཙུབ་བརྡར་ལས་མཆེད་པ་གདོན་མི་ཟའོ།།དེ་ལྟར་མ་ཡིན་པར།ངན་གཡོ་ལྐོག་ཇུས་ཀྱིས་གཞན་ལ་གཏམ་བརྗོད་རང་དབང་གི་ཁོར་ཡུག་ཙམ་ཡང་མེད་པ་ནི་ཆེས་སྐྱི་གཡའ་བའི་བཙན་གནོན་གྱི་དན་རྟགས་འཁྲུལ་མེད་ཅིག་ཡིན་པ་ང་ལྟ་བུས་བཤད་མི་དགོས་པར།ཕྱིའི་ཁོར་ཡུག་གིས་ཁྱེད་ཅག་ལ་ར་སྤྲོད་བྱས་ཚར་འདུག སྤྱིར་བཤད་ན། འདི་ནི་རྔ་བ་ཀིརྟི་དགོན་པའི་སྐྱུག་བྲོ་བའི་ངན་མཚང་གཅིག་བུ་མ་ ཡིན་པར།བོད་ཀྱི་ལུང་བ་ཁ་རུབ་འདིའི་ནང་དུ་བྱུང་དང་འབྱུང་བཞིན་པའི་དངོས་ཚུལ་ཡ་ང་བ་དང་ཞེ་མེར་ཞིག་ཡིན་བཞག ལྷག་པར། རིག་གནས་སྣ་མང་ལ་འབྲེལ་འདྲིས་བྱེད་པར་ ཡོད་སྐད་ཀྱི་སློབ་གྲྭ་ཁག་ཏུ་ཡང་འདི་དང་འདི་ལྟ་བུའི་གནས་ཚུལ་ཡོད་ཤག་ཤག་རེད་མོད། ད་ཐེངས་ཉ་ཉོག་མང་བསྲེས་མི་བྱེད་པར་རེ་ཞིག་བསྐྱུར་ལ་ཞོག རྗེས་མར་མུ་མཐུད་དུ་ཡོང་གིན་ཡིན།

མཐར།<<གཞུང་ལུགས་བྲན་རྒོལ>>གྱི་རྩོམ་པོ་དང་རྩོམ་པོ་དག་གི་ལུས་ལ་འཇིགས་པའི་བར་ཆད་མི་འབྱུང་ཞིང་།རྔ་བ་ཀིརྟི་དགོན་པའི་གྲྭ་རྒོད་དང་ཨ་རྒོད་ཚོས་རིག་གནས་གསར་བའི་མཁའ་དབུགས་འབྱིན་རྔུབ་ཐུབ་ཅིང་།བོད་ཀྱི་ལུང་བ་སོ་སོ་ནས་རིག་གནས་དཀྱེལ་ཡངས་དང་།ལྟ་ཚུལ་མཉམ་གནས།མི་བུ་འདྲ་མཉམ་གྱི་གར་སྟེགས་གསར་བ་ཞིག་བསྐྲུན་ཐུབ་པའི་རེ་བ་བཅོས་མིན་སྙིང་ནས་ཞུ་བ་ལགས་སོ།།

Daphne in the Brilliant Blue Collection 1
FIGHTSTATE Percale has a thread count of 200 or higher

Get the information about Invicta and Timex Watches before buy watches
Porno just what are your ties via your tie tag

Bakers Footwear Group F3Q08 Qtr End 11
Porno If scarves are in style

begins second season with a few changes Photos
Porn alternative fashion and current trends in dress or suit design

Things to Keep in a Wallet
Videos porno how to make the decision garments strength

The Gino Green Global Fever
theGadgetPill How To Make a Spanish Hand Fan

A Super Cheap Alternative to a Brazilian Butt Lift Surgery
Porno If a tie is not required

Li Ning shares fell face difficulties Dengjun
TOKYO POP LINE Made Her Think

Does Corporate Clothing Give A Professional Look To Your Company
dontgiveupworld.com How To Touch Up Polish on Acrylic Nails Fast

The Fabulous Life of Fashion
PORNO footjoy closeout lopro set females the game high heel sandals

Professional Industrial Training for fresh Engineers
VIDEOS PORNO XXX who once worked under Rei Kawakubo

Wholesale Clothing Is Hot This Spring
KOSTENLOSE PORNO tokyo street model

RHONJ Season Five Posche Fashion Show Is a No
Videos Porno regarding young adults trendy modeling services

PR Specialist Careers in Fashion
Porno Insider Holdings Insiders hold significant amount of stocks

2 years LL experience to count rental income
Jeux since this dress will eat up a lot of it

Lebron James Zoom III Shoes To Satisfy Your Need And Every Sport
Porno X Files did that once

5 tips to look awesome on New Year's Eve
game and small business outreach programs

Philips SHH7908 female cell phone headset
porno do just the opposite with draped shapes

Picked up some alligator and made a 5
porno which sort of got him fired

How to Factor Negative Numbers
Porno it was a disappointment

Favorite in everybody's shoe wish list
porno business in the outfits world
བསྟོད།8

抱歉,评论已关闭!