དད་པ་དང་དོགས་པའི་བར་ཐག

གཡུ་འོད་རང་ཤར།

དེའང་འགྲོ་བ་མིའི་རིགས་འདི་དང་ཐོག་མར་ཅི་ཡང་མི་ཤེས་གང་ཡང་མི་འཇོན་པའི་ཀླ་ཀློ་ཞིག་སྟེ། དུད་འགྲོ་དང་གཅན་གཟན་གྱི་རིགས་ལྟར་བཟའ་བཏུང་ཉལ་འཆག་གི་དགོས་མཁོ་འབའ་ཞིག་ལས་རེ་སྙེག་བྱེད་མི་ཤེས་ལ་དེ་དག་ཡོད་དོ་ཅོག་ཕྱི་རང་བྱུང་ཁམས་ཀྱི་ཆོས་ཉིད་འབའ་ཞིག་གི་གཞན་དབང་དུ་སོང་ཞིང་། དེའི་བཀོད་འདོམས་དང་དབང་སྒྱུར་གྱི་འོག་ཏུ་ཇི་མི་སྙམ་པར་མགོ་བོ་དུད་ནས་ལོ་ཡི་འཁོར་མོ་གང་མང་ཞིག་འདས་སོང་བའི་མཐའ་མ་རུ། སྟོབས་ཤུགས་དང་ནུས་མཐུ་ཅི་ཞིག་ལ་བརྟེན་ནས་རྐང་འོག་གི་ས་གཞི་རིལ་མོར་རྟོགས་ཤིང་མགོ་ཐོག་གི་ནམ་མཁའ་ཡང་སྟོང་པར་ངེས་ཤེས་རྙེད་སོང་བ་རེད་ཟེར་ན། སྟོབས་ཤུགས་དེ་ནི་གཞན་ཅི་དང་གང་ཡང་མ་ཡིན་པར་ཤེས་བྱ་ཡུལ་གྱི་རྣམ་གཞག་གང་ལའང་དོགས་སློང་དང་མཚར་འཛིན་གྱི་བསམ་པ་ཞིག་བྲལ་མེད་དུ་ཁྱེར་ཡོད་པས་རེད། དེ་འདྲ་ཞིག་ཡོད་པའི་དབང་གིས་ཀུ་ཤུ་ས་རུ་བྲུལ་བའི་སྣང་ཚུལ་ཆེས་རྒྱུན་གཏན་པ་ཞིག་ལས་ཀྱང་ས་ལྒང་གི་སྙིང་དུ་འཐེན་ཤུགས་ཀྱི་ནུས་ཁྱིམ་སྦྲུམ་ཡོད་པའི་གསང་བ་བརྟོལ་ཞིང་། ནམ་མཁའི་བྱ་རིགས་འཕུར་བའི་ཤུལ་ལམ་ལ་ཡིད་སྨོན་དང་མཚར་སྣང་གི་མིག་ཟུང་བགྲད་བགྲད་པའི་མཐའ་མ་རུ་རྐང་གཉིས་པ་མི་ཡི་རིགས་ཀྱང་ས་ལྒང་གི་འཐེན་ཤུགས་ལས་སྒྲོལ་ཏེ་གོ་ལ་གཞན་དུ་ལྟད་མོར་འགྲོ་ཐུབ་པ་བྱུང་བ་རེད། མ་ཟད་རང་ཅག་གིས་རྩེ་མོའི་ཡང་རྩེ་དང་བདེན་པའི་ཡང་བདེན་དུ་འདོད་ཀྱིན་པའི་ནང་པ་སངས་རྒྱས་པའི་རིག་པའི་གཞུང་ལུགས་འདིའང་། སྟོན་པ་བཅོམ་ལྡན་འདས་དགུང་ལོ་ཉེར་ལྔར་རབ་ཏུ་བྱུང་ཞིང་མི་ལོ་དྲུག་གི་རིང་ལ་བྲམ་ཟེ་རིག་ལྡན་དང་པད་མའི་གནས་སོགས་སྐབས་དེའི་ཕྱི་རོལ་པའི་མཁས་པ་རི་འདྲ་འདྲ་དག་བསྟེན་ཅིང་། དེ་དག་གིས་མཚོན་པའི་རིག་གནས་གཞན་ཀུན་ཀྱང་ཁོང་དུ་ཆུད་པར་བྱས་པ་དང་། དེ་དག་གིས་འདོད་པ་ལྟར་དཀའ་སྤྱད་སྡུག་རུས་ཀྱི་ལས་ལ་གཞོལ་བར་མཛད་མོད་འཁོར་བའི་སྡུག་བསྔལ་ཉི་ཚེ་བ་ཙམ་སེལ་བ་ལས་མཐར་ཐུག་གི་བདེ་བ་ཞིག་སྟེར་ནུས་མིན་ལ་ཆེས་ཐོག་མར་དོགས་པ་བསླངས་ཤིང་། རིམ་བཞིན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོ་སོའི་འཚོ་སྟངས་དང་གནས་སྟངས། དེ་བཞིན་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་མྱོང་བ་དང་དེའི་འབྱུང་རྐྱེན་སོགས་ལ་བསམ་བསམས་པའི་མཐའ་མ་ལ་སྡུག་བསྔལ་གྱི་ཚོར་བ་ཡོད་དོ་ཅོག་ལས་ཉོན་ལས་བྱུང་ཞིང་། དེའང་མཐར་གཏུག་ན་དུག་གསུམ་དང་ཡང་ན་བདག་འཛིན་མ་རིག་པ་འབའ་ཞིག་ལས་བྱུང་བར་ངེས་ཤེས་འདྲོངས་པ་ན་འཛམ་གླིང་ཆོས་ལུགས་གཞན་གང་ལའང་འགྲན་བཟོད་པའི་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་བྱུང་བ་རེད། ང་ཚོས་འདི་ལས་མཐོང་ཐུབ་པ་ནི་རླབས་ཆེ་བའི་རྒྱལ་ཁ་དང་ལེགས་གྲུབ་ཅི་དང་གང་ཞིག་ཡིན་ཡང་དོགས་པ་དང་བསམ་གཞིག་གི་བགྱི་བ་སྔོན་དུ་བཏང་ནས་ཐོབ་དགོས་པ་དེ་རེད།

༼ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོ༽ཞེས་པའི་དེབ་ལས། དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་དུ་ཆེད་མངགས་ནོར་འཛོལ་འབྱུང་དུ་བཅུག་རྗེས། སླར་ཡང་དྲི་བ་དྲིས་ལན་གྱི་ལམ་ནས་སློབ་མའི་རིག་སྟོབས་གསོ་སྐྱོང་བྱེད་དགོས་པར་བཤད་འདུག དེ་བས་དགེ་རྒན་གྱིས་དོགས་པ་དང་དྲི་གཞི་གང་མང་ཞིག་སློབ་མ་རང་ངོས་ལ་བཞག་ནས་བསམ་གཞིགས་ཀྱི་ནུས་པ་གསོ་སྐྱོང་བྱེད་པ་དང་། སློབ་གཉེར་བ་དག་བླ་མས་ཅི་གསུང་བཀའ་དང་། མཛུབ་མོས་གར་བསྟན་ཤར་དུ་འཛིན་པའི་དཔྱོད་མེད་ཀླད་སྟོང་གི་བག་ཆགས་ལས་གྲོལ་ཕྱིར་སློབ་ཁྲིད་ཀྱི་བརྒྱུད་རིམ་དུ་སྐབས་འགར་ཆེད་མངགས་ནོར་བ་དང་འཁྲུལ་བའི་ཚུལ་བཟུང་ནས། སློབ་མར་དྲི་བ་དང་བགྲོ་གླེང་གི་རྣམ་པས་ཤེས་སུ་འཇུག་གི་ཡོད་པ་རེད། དེའང་དགེ་རྒན་དག་ཀྱང་དགེ་སྐྱོན་ལྷན་འདུས་ཀྱི་མི་ཞིག་ཡིན་པའི་ངོས་ནས་དེས་མི་ཤེས་པ་དང་མི་མཐོང་བའི་ཆ་ཡང་གང་མང་མང་ཞིག་ཡོད་པ་དང་། མི་སོ་སོའི་ལུས་སེམས་ཀྱི་ཁྱད་ཆོས་ཀྱང་མི་འདྲ་བས་དགེ་རྒན་གྱིས་མ་མཐོང་བ་དེ་སློབ་མས་མཐོང་སྲིད་པའམ་དགེ་རྒན་གྱིས་མ་རྟོགས་པ་དེ་སློབ་མས་ཀྱང་མི་ཤེས་པའི་ངེས་པ་ཅི་ཡང་མི་མངའ་བའི་གནད་དེ་སློབ་མར་ངེས་པ་རྙེད་དུ་བཅུག་པ་རེད། དེའང་དགེ་རྒན་གྱིས་སློབ་མའི་མདུན་དུ་ཐམས་ཅད་མཁྱེན་པའི་གཟུགས་བརྙན་མི་འཛིན་པར་སློབ་མ་ལའང་དོགས་པ་དང་ཐེ་ཚོམ་གྱི་སེམས་བྱུང་གང་ཡང་འབྱུང་དུ་འཇུག་པ་ནི་ད་གཟོད་དགེ་རྒན་ལས་སློབ་མ་མཁས་པ། སློབ་མ་ལས་ཡང་སློབ་མཁས་པར་འགྱུར་བའི་ཉེར་བསྡོགས་ཡིན་གྱི། གཞལ་བྱ་ཤེས་བྱའི་རྣམ་གཞག་ཡོད་ཚད་དགེ་རྒན་མི་གཅིག་གིས་གཏན་ལ་ཕབ་ཚར་རྗེས་སློབ་མ་དག་གི་ལས་འགན་ནི་དེ་དག་བློ་ལ་གཟུང་རྒྱུ་དང་ཡིད་ལ་གོམས་པར་བྱ་རྒྱུ་འབའ་ཞིག་ཏུ་འདོད་ན་ནི་རྒུད་པ་དང་ཉམས་པའི་རྒྱུ་ཡིན།

རང་ཅག་གི་སློབ་གསོས་ནི་དད་པ་སྔོན་འགྲོ་མ་ལྟར་བསྐྱེད་ཅེས་དད་པ་དང་ཡིད་ཆེས་དེ་རྩ་བའི་རྩེ་ལ་འཛིན་གྱི་ཡོད་ཅིང་སློབ་གཉེར་བ་གང་ཞིག་དགེ་རྒན་གྱི་སློབ་གསོ་མ་མྱངས་གོང་། ཐོག་མར་སྦྱང་བྱའི་རིག་གནས་གང་དེར་བློ་རྩེ་གཅིག་གིས་བདེན་པར་འཛིན་དགོས་ཤིང་། དེ་ནས་སློབ་པ་བོ་དགེ་རྒན་གང་དེའང་ཤེས་བྱ་ཐམས་ཅད་ཁོག་ཏུ་ཆུད་པའི་ཀུན་མཁྱེན་འབའ་ཞིག་ཏུ་བཟུང་ནས་དད་པ་རྩེ་གཅིག་ཏུ་བསྟེན་དགོས་པ་ཡིན། དེའང་ལོས་ཡིན་ཏེ། རང་ཅག་གི་སློབ་གསོའི་ནང་དོན་གཙོ་བོ་ནི་ནང་རིག་པའི་གཞུང་ཆེན་དག་ཡིན་ཞིང་། གཞན་དག་གི་སྒྲ་སྙན་སྨན་རྩིས་བརྡ་དག་རྩོམ་རིག་སོགས་ཐ་སྙད་རིག་གནས་ཀྱི་ཁོངས་སུ་འདུ་བ་དག་ནི་ཕལ་པའི་ཡང་ཕལ་བར་བསྐྱུར་ནས་འཇོག་སྲོལ་ཡོད། དེའང་གུང་ཐང་རིན་པོ་ཆེས༼གུང་ཐང་སློབ་གཉེར་བསླབ་བྱ།༽ལས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་བ། ། གཞུང་ལུགས་ཐོས་བསམ་རྣལ་མའི་གེགས་ཡིན་པས། །ཞེས་གསུང་པ་ལྟ་བུ་རེད། དེ་བས་ནང་པའི་གཞུང་ལུགས་ཆེན་མོ་འདི་དག་སྦྱོང་བ་ལ་དད་པ་འབའ་ཞིག་གིས་ཆོག་པ་ལས། འདི་ལ་དོགས་སློང་དང་ཐེ་ཚོམ་གྱི་སེམས་བྱུང་སྐྱེ་བ་ནི་སྦྲུལ་ལ་རྐང་ལག་བྲིས་པའི་དཔེ་བཞིན་དགོས་མེད་འཕར་མ་ཞིག་ཏུ་གྱུར་ཡོད་པ་རེད། ལ་ལས་སྟོན་པ་ཉིད་ཀྱིས་ཀྱང་། དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་དོགས་པ་དང་ཐེ་ཚོམ་ཟ་བའི་བར་སྟོང་ཡང་བཞག་ཡོད་པ་ལས་བརྒྱ་ཁ་གཅིག་ཆོད་བྱས་མེད་ཅེས་སྒྲུབ་ཀྱིན་འདུག་མོད། ལེགས་པར་བསམས་ན། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་རྫོགས་ཀྱི་ཐམས་ཅད་མཁྱེན་པ་ཞིག་ཡིན་པ་ལ་ཀུན་ཀྱང་ཞལ་མཐུན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཡོད་དོ་ཅོག་སྟོན་པ་སངས་རྒྱས་རང་གཅིག་པུས་གསུངས་པར་གཏན་འཁེལ་ན། ཐུབ་པའི་བསྟན་པ་རིན་པོ་ཆེ་འདིར་ནོར་བ་དང་འཛོལ་པའི་ཆ་ཞིག་ཀྱང་གཏན་ནས་མི་སྲིད་པས། གང་དེའི་རྗེས་འཇུག་པ་ཚོས་བདེན་པ་དང་ཡང་དག་པ་འབའ་ཞིག་ཏུ་འཛིན་རྐྱང་བྱེད་པ་ལས་ད་དུང་དེ་ལ་དོགས་པ་དང་ཐེ་ཚོམ་ཟ་བའི་དགོས་པ་ཅི་ཞིག་ཡོད་དམ། དེ་བས་གོང་གི་ཚིག་བཅད་དེའང་དགོས་མེད་ཀྱི་ལྷན་པ་མཛེས་པོའམ་ཁ་སྟོང་པའི་དཀྱེལ་ཡངས་ཤིག་ཏུ་མ་གྱུར་རམ། གོང་གི་ཚིགས་བཅད་ཤོ་ལོ་ཀ་དེར་འགྲེལ་པ་གོང་ལྟར་མི་རྒྱག་པར་ནང་པའི་རྗེས་འཇུག་པ་དག་གིས་ཐུབ་བསྟན་ལ་ཉམས་ལེན་བྱེད་སྐབས་གང་དེའི་དགོངས་པ་ལ་གོ་བ་གཏིང་ཟབ་ལེན་པ་ལས་སྤྱི་བམ་ཙམ་དུ་འཇོག་མི་རུང་བར་གདམས་པ་ཡིན་ཞེས་བཤད་ན་མི་མཛེས་སམ།

དད་པས་ནི་ཁྱོད་རང་ཅི་ཞིག་ལ་ཡིད་ཆེས་དུ་འཇུག་པ་དང་། དོགས་པས་ནི་ཁྱོད་རང་ཅི་ཞིག་ལ་ཡིད་མི་ཆེས་པར་བཟོ་བ་ཡིན། དད་པའི་དབང་དུ་སོང་ན་ནི་ཅི་ཞིག་རྒྱུན་འཛིན་བྱ་རྒྱུ་གཙོ་བོ་བྱེད་པ་དང་། དོགས་པའི་དབང་དུ་སོང་ན་ཅི་ཞིག་གསར་གཏོད་དང་འཚོལ་རྟོགས་བྱ་རྒྱུ་དེ་གཙོ་བོ་བྱེད་པ་རེད།

སྐད་ཆ་འདི་འདྲ་ཞིག་འདུག་སྟེ། ནུབ་ཕྱོགས་པའི་ཕ་མ་དག་གིས་ཕྲུ་གུ་སློབ་ཚན་གྲོལ་ནས་ཁྱིམ་དུ་སླེབས་མ་ཐག་ལམ་སེང་དེ་རིང་དགེ་རྒན་ལ་སྐད་ཆ་ཇི་ཙམ་དྲིས་པ་ཡིན་ཞེས་འདྲི་བ་དང་། ཤར་ཕྱོགས་པའི་ཕ་མ་དག་གིས་ཕྲུ་གུར་དེ་རིང་དགེ་རྒན་གྱི་ཁ་ཉན་པ་ཡིན་ནམ་ཞེས་འདྲི་བ་རེད། སྤྱིར་འདི་ནི་སྐད་ཆའི་བཤད་ཕྱོགས་ཙམ་ལས་དོན་དམ་པར་གཉིས་ཀས་ཐུགས་འཁུར་བྱེད་ཀྱིན་པ་ནི་རང་གི་ཕྲུ་གུར་ཡང་སྙིང་རིག་གནས་ཇི་ཙམ་ཞིག་ཤེས་ཡོད་མེད་ཀྱི་གནད་དོན་དེ་རེད། འོན་ཏེ་བསམ་འདུན་གཅིག་པར་མཚོན་སྟངས་མི་འདྲ་གཉིས་ཅིའི་ཕྱིར་བྱུང་བ་ཡིན་ཞེ་ན། དེའང་ཁོ་ཚོའི་རིག་གནས་བག་ཆགས་དང་བསམ་བློའི་འདུ་ཤེས་ཐ་དད་ཡིན་པའི་རྐྱེན་གྱིས་རེད། ཁ་གསལ་བར་བཤད་ན་ནུབ་ཕྱོགས་པས་ཕྲུ་གུས་དགེ་རྒན་ལ་སྐད་ཆ་ཇི་ཙམ་དྲིས་མིན་ལ་དོ་སྣང་བྱེད་ཅིང་། དེའང་དགེ་རྒན་ནི་སློབ་མའི་རིག་གནས་ཤེས་འདོད་ཀྱི་འདོད་པ་སྐོང་མཁན་ཞིག་ཡིན་པ་ལས། སློབ་མའི་བསམ་བློའི་འདུ་ཤེས་ཁྲོད་ཅི་ཞིག་ཨུ་ཚུགས་ཀྱིས་འཇོག་མཁན་དེ་མ་ཡིན་པ་རེད། སློབ་གསོའི་བརྒྱུད་རིམ་དེའང་དགེ་རྒན་གྱིས་རང་གི་འདོད་ཚུལ་ཉི་ཚེ་བ་ཞིག་ཨུ་ཚུགས་ཀྱི་སློབ་མའི་རྒྱུད་ལ་འཕོ་རྒྱུ་དེ་མ་ཡིན་པར། སློབ་མ་རང་ངོས་ནས་ཅི་ཞིག་ཤེས་འདོད་པ་དང་གང་ཞིག་སྦྱོང་འདོད་པ་དེ་དགེ་རྒན་ལ་དྲིས་ནས་དགེ་རྒན་གྱིས་སློབ་མ་དང་གྲོས་བསྡུར་བཞིན་དུ་ལན་འདེབས་རྒྱུ་དེ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁོ་ཚོའི་འདུ་ཤེས་ཀྱི་ཁྲོད་དུ་ཐམས་ཅད་མཁྱེན་པའམ་ཀུན་མཁྱེན་གྱི་གང་ཟག་ཅིག་གཞི་མ་གྲུབ་པས་གནས་ལུགས་དང་རྒྱུ་མཚན་ཡོད་ན་སུས་སུ་དགག་པ་བརྒྱབ་ཀྱང་ཆོག གང་གིས་ཅི་ལ་དོགས་པ་བསླངས་ཀྱང་རུང་། མཚན་རིག་མཁས་ཅན་གྱིས་མ་ཤེས་པ་བྱིས་པ་ལོ་བརྒྱད་ཀྱིས་ཤེས་ཆོག་ལ་ཁྲོམ་གཞུང་གི་སློང་མོ་བས་མི་འཆུགས་པའི་གནད་དོན་རྒྱལ་ཁབ་ཀྱི་སྲིད་འཛིན་པས་ནོར་འཛོལ་འགྲོ་ཡང་ཆོག་པ་རེད།

མ་ཟད་ཡ་ཧུ་དྰ་པའི་ཁྱིམ་ཚང་གང་འདྲ་ཞིག་ཡིན་ནའང་། བྱིས་པས་དྲི་བ་མཚར་པོ་གང་མང་འདྲི་བར་སྐུལ་སློང་བྱེད་ཀྱི་ཡོད་པ་དང་། དྲི་བ་དང་དོགས་པ་གང་ལའང་རིན་ཐང་ཡོད་མེད་ལ་མ་བལྟོས་པར་ཕ་མ་དང་དགེ་རྒན་གྱིས་དྲིས་ལན་འདེབས་གང་ཐུབ་དང་གསལ་བཤད་བྱེད་ཅི་ཐུབ་བྱེད་པ་རེད། དེའང་ཡི་སི་རལ་གྱི་སྲིད་འཛིན་ལ་པིན་ལ་རང་གི་ཚ་བོས་རྒྱུན་དུ་དྲི་བ་རྫོགས་རྒྱུ་མེད་པ་ཞིག་འདྲི་བ་དང་། ལ་པིན་གྱིས་ཀྱང་ཁོས་དྲིས་པའི་དྲི་གཞི་ཡོད་ཚད་ལ་ངང་རྒྱུད་རིང་པོས་ལན་འདེབས་ཀྱི་ཡོད་པ་རེད། ཐེངས་ཤིག་ལ་པིན་གྱིས་ཚ་བོའི་དྲི་བར་ལན་འདེབས་རྒྱུ་བརྗེད་སོང་བས་ཨེ་ཅིབ་བློན་ཆེན་དང་ལྷན་དུ་སྤྲོ་ཚོགས་ལ་ཞུགས་རྒྱུ་འཐུས་ཤོར་འགྲོ་བར་ཇི་མི་སྙམ་པར་ཕྱིར་ཚ་བོའི་ཁྱིམ་དུ་དྲིས་ལན་སྐྱེལ་བར་ཡོང་ཡོད་པ་རེད། ཡ་ཧུ་དཱ་པས་འདི་ལྟར་བུ་ཕྲུག་གི་དྲི་བ་དང་དོགས་པ་མཚར་པོ་དག་ལ་མཐོང་ཆེན་དང་སྣང་འཇོག་བྱེད་ཀྱིན་ཡོད་དེ། རྒྱུ་མཚན་ནི་ཁོང་ཚོས་བུ་ཕྲུག་དག་དགེ་རྒན་དང་ཕ་མའི་རྒྱུན་འཛིན་ཙམ་དུ་གསོ་སྐྱོང་བྱེད་འདོད་མེད་པར་ཕ་མ་དང་དགེ་རྒན་གྱི་བསམ་བློ་དང་ལྟ་བ་དག་ལ་དོགས་པ་དང་དྲི་གཞི་བཏོན་ཏེ། སླད་དེ་ལས་ལྷག་པ་དང་དེ་ལས་བརྒལ་བའི་གནད་དོན་གཞན་ཞིག་གམ་གནས་ཚད་གཞན་ཞིག་ལ་ཐོད་བརྒལ་བྱེད་ཐུབ་རྒྱུའི་རེ་བ་འཆང་གིན་ཡོད་པས་རེད། དེའི་རྐྱེན་གྱིས་ཁོ་ཚོས་བྱིས་པ་སློབ་ཚན་གྲོལ་ནས་ཕྱིར་ལོག་སྐབས་དགེ་རྒན་གྱི་ཁ་ལ་ཉན་མིན་མ་དྲིས་པར་དགེ་རྒན་ལ་སྐད་ཆ་ཇི་ཙམ་དྲིས་མིན་ཁོ་ནར་དོ་སྣང་བྱེད་པ་རེད། རྒྱུ་མཚན་ནི་དགེ་རྒན་གྱི་ཁ་ལ་ཉན་ནས་ཁུ་སིམ་མེར་དགེ་རྒན་གྱི་ཅི་གསུང་སྒྲུབ་ཀྱིན་བསྡད་ན་དགེ་རྒན་གྱིས་ཅི་ཤེས་པ་དེ་ལེགས་པར་ཤེས་སྲིད་ཀྱང་ཆོག་མོད། དེ་ལས་བརྒལ་བ་དང་དེ་ལས་ལྷག་པ་ཞིག་ཤེས་པ་ནི་ཧ་ལམ་མི་སྲིད་པ་ཙམ་རེད། དེ་ལས་ལྡོག་སྟེ། དགེ་རྒན་གྱི་སློབ་ཁྲིད་ཉན་པའི་བརྒྱུད་རིམ་དུ་དོགས་འདྲི་ཇི་ཙམ་མང་བ་བྱས་ན་དེ་ཙམ་གྱིས་ཤེས་བྱ་གཏིང་ཟབ་པ་དང་། རྒྱ་ཆེ་བ་རྒྱུད་ལ་འབྱོར་བ་དང་། ཆེས་འགངས་ཆེ་བ་ནི་དོགས་པ་དང་དྲི་བའི་དཀྱིལ་ནས་དགེ་རྒན་གྱིས་མ་ཤེས་དང་དང་སྣང་ཆུང་ཤོར་སོང་བའི་གནད་གང་མང་ཞིག་ཀྱང་རྟོགས་འོང་བས། སླད་དགེ་རྒན་གང་དེའི་རིག་ཚད་ལ་བརྒལ་བར་གྱུར་ཏེ་མི་རབས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཁས་པར་འགྱུར་བ་ཡིན།

འོན་ཀྱང་རང་ཅག་གི་བསམ་བློའི་འདུ་ཤེས་ཁྲོད་དུ། བྱིས་པས་ཆེན་པོ་མི་ཤེས་པ་དང་གཡག་གུས་ཆེན་པོ་མི་འཁུར་བའི་གཏན་ཚིགས་སྐྱོན་ཅན་ཞིག་ཁྱེར་ཡོད་པས་བྱིས་པ་དག་གིས་རང་གི་དགེ་རྒན་དང་ཕ་མའི་མདུན་དུ་ཁྱད་མཚར་བའི་དྲི་བ་བསྟན་བཤིག་ཚ་པོ་དེ་འདྲ་དྲིས་པའི་དབང་དུ་བཏང་ནས་ཉེས་ན་འགྲམ་ལྕག་མེ་བུས་པ་འདྲ་བ་ཞིག་ཟེད་ངེས་ཤིང་། དེ་མིན་ན་འདྲེ་ཕྲུག་ཕར་སོང་། ཁྱོད་ཀྱིས་ཅི་ཤེས། སོགས་ཟེར་ནས་དེ་མ་ཐག་ཏུ་བྱིས་པའི་མཚར་འཛིན་གྱི་བློ་འཇོམས་པར་བྱེད་པ་ཡིན། འུ་ཅག་བོད་ཀྱི་སློབ་གསོའི་ཐབས་ལམ་ནི་ཨུ་ཚུགས་དང་བཙན་ཤེད། ཁྱད་གསོད་དང་སྒེར་གཅོད་ཀྱི་ངོ་བོ་ཅན་ཞིག་ཡིན་པས་ཕ་མ་དང་དགེ་རྒན་སོགས་སློབ་གསོའི་རྐང་འཛིན་པ་དག་གིས་རང་གི་འདོད་འདུན་ཉི་ཚེ་བ་དང་གཏན་ཚིགས་ཙམ་པོ་བ་དེ་ཁྱེར་ནས་ནམ་ཡང་བུ་ཕྲུག་གི་འདོད་མོས་དང་དགའ་ཕྱོགས་ལ་ཁྱད་གསོད་གཏོང་ཞིང་སྒེར་གཅོད་བྱེད། དེ་བས་མི་རབས་རྗེས་མ་དག་ནི་མི་རབས་གོང་མའི་ཤུལ་འཛིན་པ་དང་ལོ་རྒྱུས་བསྐྱར་འཁྲབ་མཁན་འབའ་ཞིག་ཏུ་གསོ་སྐྱོང་བྱས་ཡོད་པས་སྔ་མ་སྔ་མས་འཇོན་པ་དང་ཤེས་པ་དག་ཕྱི་མ་ཕྱི་མས་བསྐྱར་ཟློས་རེ་བྱེད་ཅིང་། སྔ་མས་མ་ཐུབ་པ་དང་མ་ཤེས་པར་ལུས་བསྡད་པ་དག་ལ་ཕྱི་མ་ཚོས་ཀྱང་དོགས་གཞིགས་དང་མནོ་བསམ་མི་གཏོང་ལ། གཏོང་བའི་གོ་སྐབས་དང་ཁོར་ཡུག་ཀྱང་ཡོད་པ་མ་རེད། དེ་ལྟ་བས་ན་གསར་གཏོད་དང་ལེགས་བཅོས། ཐོད་བརྒལ། ཕྱིར་རྟོག་སོགས་བྱེད་པའི་བར་སྟོང་ཞིག་རྩ་བ་ནས་བཞག་མེད་པ་རེད། དེའི་དབང་ང་ཚོའི་ཕ་མ་ཚོས་བྱིས་པ་སློབ་གྲྭ་ནས་ལོག་ཡོང་མ་ཐག་དེ་རིང་དགེ་རྒན་གྱི་ཁ་ལ་ཡག་པོ་ཉན་པ་ཨེ་ཡིན་ཞེས་འདྲི་བར་བྱེད་པ་རེད། དོན་དངོས་ཐོག་བྱིས་པས་དྲི་བ་ཁྱད་མཚར་བ་དག་འདོན་པའི་སྐབས་ནི་ཏག་ཏག་ཕ་མ་དང་དགེ་རྒན་གྱི་བསམ་འཆར་ལ་རང་འགུལ་གྱིས་ཉན་འཇོག་བྱེད་པའི་སྐབས་སམ་ཤེས་འདོད་ཀྱི་བསམ་པ་རྒྱས་པའི་སྐབས་རེད། འུ་ཚོས་ནམ་རྒྱུན་བྱིས་པ་ཚོ་ཉན་འདོད་དང་སྦྱོང་འདོད་མེད་བཞིན་དུ་ཨུ་ཚུགས་ཀྱིས་ཅི་ཞིག་སློབ་པ་དང་གང་ཞིག་ཤོད་ཁུལ་བྱེད་པ་ལས། ཁོ་ཚོས་དྲི་བ་འདྲི་བའི་གོ་སྐབས་འདི་བཟུང་ནས་ཁོ་ཚོར་ཕན་པའི་སྐད་ཆ་ཚིག་འབྲུ་རེ་གཉིས་བཤད་ན་ནུས་པ་ལྡབ་ཀྱིས་ཆེ་བ་ཐོན་ངེས་རེད། ཡ་ཧུ་དཱ་པས་གནས་ལུགས་འདི་གསལ་བར་ཤེས་པ་བྱིས་པའི་དྲི་བ་རེ་རེ་ལའང་མཐོང་ཆེན་བྱས་ཤིང་གལ་ཆེན་དུ་བཟུང་ནས་དྲིས་ལན་འདེབས་ཅི་ཐུབ་བྱེད་པ་དང་། ཞོར་ནས་ཁོ་ཚོར་ཕན་པའི་མཛུབ་སྟོན་རེའང་ཤུགས་ནས་བྱེད་པ་རེད།

མདོར་ན་རང་ཅག་གིས་རིག་གནས་རྒྱུན་འཛིན་འབའ་ཞིག་གནད་དུ་བཟུང་བས་སྔ་མ་སྔ་མའི་གཞུང་ལུགས་དང་སྲོལ་རྒྱུན་དག་ལ་དད་པ་དག་སྣང་གི་སྔོན་འགྲོ་དགོས་པ་དང་། དེ་ནས་དགེ་རྒན་དང་ཕ་མའི་ཁ་ལ་ཡག་པོ་ཉན་ཏེ་ཁོང་ཚོའི་རྒྱུད་ཀྱི་ཤེས་སྤྱོད་དག་གྲ་མ་ཆག་གྲུ་མ་ཉམས་པར་རང་རྒྱུད་ལ་བླངས། མཐར་དེ་དག་སླར་ཡང་མི་རབས་རྗེས་མ་དག་གི་འདུ་ཤེས་ཁྲོད་དུ་པར་སློག་རྒྱག་དགོས་པ་རེད། དེའང་གོང་དུ་སོང་བ་ལྟར་ང་ཚོའི་རིག་གནས་འདུ་ཤེས་ཀྱིས་ཁྲོད་དུ་ཚད་མའི་སྐྱེས་བུ་དང་། ཐམས་ཅད་མཁྱེན་པ་ཞིག་གཞི་གྲུབ་ཡོད་པས་གང་དེའི་ཁ་ལ་ཡག་པོ་ཉན་ན་ནོར་འཛོལ་མི་འབྱུང་བ་གཏན་འཁེལ། ཡང་ནང་པའི་ལྟ་གྲུབ་འདི་ཉིད་སྟོན་པ་ཐམས་ཅད་མཁྱེན་པའི་དགོངས་པ་རྨ་མེད་པ་ཡིན་ངེས་པས་འདི་ཉིད་ཆད་ལྷག་མེད་པར་སྦྱངས་པ་ཁོ་ནས་འཐུས་པ་ཡིན་གྱི། སྔར་མེད་གསར་དུ་སྤྲོ་བའི་དགོས་པ་ཡང་མེད་པ་ཡིན་རྐྱེན་རྗེས་སུ་ལུས་པ་ཡིན། ཡང་ཡ་ཧུ་དཱ་པ་དག་གིས་ནི་རིག་གནས་རྒྱུན་འཛིན་དགོས་པ་བདེན་མོད་ཀྱི་དེ་ལས་ཀྱང་གལ་ཆེ་བ་ནི་གསར་གཏོད་ཡིན་པའི་ངེས་ཤེས་རྙེད་ཅིང་། གསར་གཏོད་ཀྱི་རྨང་གཞི་ཡང་དོགས་སློང་གི་བསམ་བློ་འདི་ཡིན་པ་རྟོགས་པས་ཐམས་ཅད་མཁྱེན་པ་དང་རྟག་བརྟན་གྱི་ཚད་མ་ཞིག་ཀྱང་ཁས་མི་ལེན་པས། གཏན་ནས་གཏན་དུ་དོགས་སློང་དང་གསར་གཏོད་ཀྱི་འཁོར་སྐྱོད་ཁྲོད་ནས་སྔོན་ཐོན་དུ་སྙེགས་སོང་བ་རེད།

Why can Angel Batista get away with wearing a fedora
VIDEO PORNO XXX since she killed him with her psychokinetic powers

Tuscany Falls At Pebble Creek Hotels
Bridesmaid Dresses Zipper closure at back

A Walkthrough to The Best B Schools
PORNO She blinks slowly at the wonder of effortless profiteering

Dior Perfumes the Ever Best Cologne for Men
Free Games take note of the allowance and do not go over it

Sterling silver and roman glass designs
Kostenlose Pornos von selena gomez develops into stomped

A Closer Look at Coach Handbags
Pornofilme Similar to keeping your nails clean and bare or with clear polish

How to get salt off your boots
PORNO XXX given Buffet's buyback propensity under 1

How to Prevent Rashes From Sequined Dresses
Filme Porno But this business of fashion design does not appear out of nowhere
བསྟོད།6

抱歉,评论已关闭!