ཀུན་སྤྱོད་དང་མི་གཞི།

ཧོར་རྗས་རྒོད།

དེང་སང་སྤྱི་ཚོགས་འདིའི་ཐོག་ཏུ་རྐུ་མ་དང་ཇག་པ། རྫུན་མ་དང་རུལ་སུངས་གྱིས་ཁེངས་འདུག དེའི་རྐྱེན་གྱིས་མི་རྣམས་བདེ་འཇགས་དང་བྲལ་ནས་བདེ་སྐྱིད་ཀྱི་ཚོན་མདངས་ཉམས། ཡིད་ཆེས་བྲལ་ནས་སྡུག་བསྔལ་གྱི་འཚོ་བ་རོལ་དགོས་བྱུང་། མང་ཚོགས་སྲིད་གཞུང་ལ་ཡིད་ཆེས་བྲལ། ལས་བྱེད་འགོ་འཛིན་ལ་ཡིད་ཆེས་བྲལ། སློབ་མ་དགེ་རྒན་ལ་ཡིད་ཆེས་བྲལ། ཁྱོ་ག་ཆུང་མ་ལ་ཡིད་ཆེས་བྲལ་ནས་སྤྱི་ཚོགས་འདི་རྙོག་འཛིང་ཅན་ཞིག་ཏུ་གྱུར་ཡོད། མི་རྣམས་ཀྱིས་ཀུན་སྤྱོད་དང་སློབ་གསོ་མ་འདང་པས་སེམས་ཁམས་ཀྱི་ཐོག་ནས་སྐྱོན་ མང་པོ་ཞིག་འབྱུང་གིན་ཡོད། སྔོན་ཆད་མི་རྣམས་ཀྱིས་སྒོར་མོ་ཡོད་ན་ད་གཟོད་བདེ་སྐྱིད་ངོ་མ་ཡོད་པའི་སྣང་བ་འཆར། དེ་ནས་མི་རྣམས་དཔལ་འབྱོར་ཡར་རྒྱས་སོང་ཡང་སྡུག་བསྔལ་ལས་མ་འདས། ཨ་རུ་བས་བདེ་སྐྱིད་ཀྱི་མཚོན་གྲངས་རྟག་དཔྱད་བྱས་པ་ནང་བཞིན། རྒྱ་ནག་ནས་རྟག་དཔྱད་བྱས། ༡༩༩༤ལོར་ཀྲུང་གོའི་འཛད་སྤྱོད་པའི་བདེ་སྐྱིད་ཀྱི་མཚོན་གྲངས་སྐར་མ་༦༩ཟིན་ ཡོད། ༡༩༩༧ལོར་བདེ་སྐྱིད་ཀྱི་མཚོན་གྲངས་སྐར་མ་༧༡ཟིན་ཡོད། ༢༠༠༤ལོ་བདེ་སྐྱིད་ཀྱི་མཚོན་གྲངས་སྐར་མ་༦༧ཟིན། དཔལ་འབྱོར་ཡར་རྒྱས་སོང་བ་དང་མཉམ་དུ་མི་རྣམས་རྙོག་འཛིང་ཆེ་བར་སོང་ནས་བདེ་སྐྱིད་ཀྱི་མཚོན་གྲངས་ཉམས་སོང་། དེའི་གྲངས་ཀས་དཔལ་འབྱོར་གྱིས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་མི་ནུས་པར་མཚོན། ད་དུང་ཀྲུང་གོ་ཁོ་ནར་ཆ་མཚོན་ནས་བཤད་ན། ཕལ་ཆེར་ལོ་རེའི་ནང་ནས་མི་གྲངས་ཁྲི་༢༨.༧ཙམ་གྱིས་རང་སྲོག་གཅོད་གིན་ཡོད། མི་གྲངས་ཁྲི་༢༠༠ཙམ་རང་སྲོག་གཅོད་པའི་དམིགས་ཡུལ་མ་གྲུབ་པར་ལུས། ཡང་དོགས་འཚེར་སེམས་ནད་ནི་འཛམ་གླིང་གི་ཆེས་ཆེ་བའི་སེམས་ནད་ཞིག་ཡིན། དེང་དུས་རྒྱ་ནག་གི་གྲོང་ཁྱེར་ནང་ནས་མི་དར་མ་བདུན་རེའི་ནང་དུ་དོགས་འཚེར་སེམས་ནད་པ་རེ་ཡོད་པར་བཤད། ད་སྔོན་རྒྱ་ནག་ནས་བརྒྱ་ཆ་༥ཙམ་ལ་སྨན་བཅོས་བྱུང་། དེ་ལས་ཕལ་ཆེ་བ་ནད་དེ་བཅོས་མ་ཐུབ་པར་ལུས། ནད་འདི་དག་ནི་གཙོ་བོ་མི་དང་མི་བར་བརྩེ་བ་དང་ཡིད་ཆེས་བྲལ་ནས་ཁེར་རྐྱང་གི་སྡུག་བསྔལ་མ་བཟོད་བའི་རྐྱེན་བྱས་ཏེ་ཡོང་བ་ཡིན། ལོ་འདི་དག་གི་རིང་ལ་རྒྱ་ནག་གི་ཕྱིའི་དངོས་པོའི་དཔལ་འབྱོར་ཡར་རྒྱས་རབ་དང་རིམ་པ་སོང་། ཡིན་ཡང་ཡིད་སྐྱོ་དགོས་ས་ཞིག་ནི། ཀུན་སྤྱོད་དང་མི་གཞི་ཇེ་ཞེན་ཇེ་སྡུག་དུ་སོང་ནས་མི་རྣམས་བདེ་སྐྱིད་ཀྱི་མཚོན་མདངས་ཇེ་ཉུང་སོང་བ་རེད། བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་པ་དང་བརྩེ་བ། ཡིད་ཆེས་དང་ཕན་སེམས་ཡིན།

འཕྲིན་སྦྱོར་དང་ཀུན་སྤྱོད།
ནུབ་ཕྱོགས་ཚན་རིག་པ་རྣམས་ཀྱིས་སྤྱི་ཚོགས་འདི་བདེ་འཇགས་ཡོང་དགོས་ན། ཁྲིམས་ལུགས། ཀུན་སྤྱོད། འཕྲིན་སྦྱོར། ཆོས་ལུགས། དེའི་དོན་ཚན་བཞི་ལ་དོ་དམ་ལེགས་པོ་ཞིག་བྱེད་ཐུབ་ན། ད་གཟོད་སྤྱི་ཚོགས་ལ་བདེ་འཇགས་ཡོང་ཞེས་བཤད། དེའི་ནང་ནས་འཕྲིན་སྦྱོར་དེ་མི་རྣམས་ཀྱི་ཀུན་སྤྱོད་དང་ཐད་ཀར་འབྲེལ་བ་དམ་པོ་ཡོད། དེང་དུས་རྒྱ་ནག་གི་འཕྲིན་སྦྱོར་སོགས་ནས་ཀུན་སྤྱོད་དང་མི་གཞི་ལ་དོ་སྣང་བྱེད་གིན་མེད། འཕྲིན་ལམ་ཁག་ནས་གཏོང་བའི་བརྙན་འཕྲིན་རྣམས་ཀྱི་ནང་དུ་འཇིག་རྟེན་མི་ཆོས་དང་མི་མཐུན་པའི་རིན་ཐང་ལྟ་ཚུལ་དང་ཀུན་སྤྱོད་ལྟ་ཚུལ་མང་པོ་ཞིག་འདུག ཉེ་ལམ་ཅིང་སུས་འཕྲིན་ལམ་ནས་གཏོང་བའི་《འཚོ་བ》ཞེས་པའི་མུ་འབྲེལ་བརྙན་འཕྲིན་ དེའི་ནང་། དེང་དུས་གྲོང་ཁྱེར་ནང་ནས་ཁང་བ་ཉོ་བ་དང་ཁང་བ་གཡར་བ་གཙོ་བྱས་ནས་འཁྲབ་པའི་བརྙན་འཕྲིན་ཞིག་རེད། བརྙན་འཕྲིན་འདིའི་ནང་དུ་ཀུན་སྤྱོད་དང་རིན་ཐང་ལྟ་ཚུལ་སོགས་ནས་མ་འདངས་བ་མང་པོ་འདུག དེའི་ནང་དུ་བཟའ་བར་འཚབ་པའི་མི་ཞིག་ཡོད། ཉིད་ཀྱིས་བརྙན་འཕྲིན་དེར་ལྟ་ཚར་རྗེས་དེ་ལ་སྙིང་རྗེ་སྐྱེ་བ་མ་གཏོགས་ཞེ་སྡང་མི་སྐྱེ། ད་དུང་མི་དེ་མཐར་ཕྱི་རྒྱལ་ལ་ཕྱིན་ནས་འཇུག་འབྲས་མཛེས་སྡུག་ལྡན་པ་ཞིག་ཡོད་པར་འཁྲབ་འདུག སྤྱིར་གཏང་བཟའ་བར་འཚབ་པ་ནི་མི་ཀུན་སྤྱོད་དང་མི་མཐུན་པ་ཞིག་རེད། ཡིན་ཡང་གཞོན་ནུ་མང་པོས་དེ་ལ་སྐྱོན་དུ་མི་ལྟ་བར་མ་ཟད། ད་དུང་དེ་ལ་དཔེ་ལྟ་གིན་འདུག དེ་འདྲའི་བརྙན་འཕྲིན་གྱིས་མི་རྣམས་ཀྱི་ཀུན་སྤྱོད་དང་རིན་ཐང་ལྟ་ཚུལ་སོགས་ལ་གནོད་པ་ཚབས་ཆེན་བཟོ་གིན་འདུག 《གོ་ཧོ་རྩེ་》ཞེས་པའི་གློག་བརྙན་དེ་༡༩༩༣ལོར་འཁྲབ། ཤང་ཀོང་ནས་ཆེས་སྙན་གྲགས་ཆེ་བའི་ནག་ཚོགས་ཀྱི་གློག་བརྙན་ཞིག་རེད། ནང་གི་བརྗོད་བྱ་གཙོ་བོ་ནི། ནག་ཚོགས་པ་ཤོག་ཁག་མང་པོ་བྱུང་ནས་ཕན་ཚུན་འཁྲུག་རྩོད་དང་རྒྱུ་ནོར་རྐུ་འཕྲོག་བྱེད་པའི་བྱ་ངན་སོགས་རེད། ང་རང་ཆུང་དུས་སློབ་གྲྭ་འགྲིམ་སྐབས། ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་མང་པོ་ཞིག་གློག་བརྙན་དེ་ལྟས་རྗེས། དེའི་ནང་གི་བྱ་སྤྱོད་ལ་ཡིད་སྨོན་འཆོར། འཛིན་གྲྭའི་ནང་ནས་ནམ་རྒྱུན་རྒྱག་རྡུང་བྱེད་པའི་སྐད་ཆ་བཤད་རྒྱུ་མ་གཏོགས་རིག་གནས་སྐོར་གྱི་ཁ་བརྡ་ཚིག་གཅིག་ལབ་རྒྱུ་མེད། དེ་ནས་རིམ་བཞིན་སློབ་འབྲིང་འགྲིམ་སྐབས་སློབ་མ་རྣམས་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པའི་ཚུགས་ཀ་དང་འགྲོ་བཤད་སོགས་ལ་དཔེ་ལྟ། དེ་ནས་མཐོ་འབྲིང་འགྲིམ་སྐབས་གློག་བརྙན་དེའི་ནང་འཁྲབ་སྟོན་པའི་བྱ་བ་རྣམས་ལག་ལེན་བསྟེར། དེས་རྐྱེན་གྱིས་ང་ཚོའི་འཛིན་གྲྭའི་སློབ་མ་ཁ་ཤས་བཙོན་ཁང་ནང་དུ་འཛུལ་དགོས་བྱུང་། འཕྲིན་ལམ་འགའ་རེ་ནས་ལྷོ་ཁོ་རེ་ཡའི་འཁྲབ་གཞུང་དང་གོ་ཧོ་རྩེའི་འཁྲབ་གཞུང་སོགས་གཏོང་མི་ཆོག་པར་བཟོས། ལྷོ་ཁོ་རེ་ཡའི་བརྩེ་དུང་གི་འཁྲབ་གཞུང་ལྟ་རྒྱུ་མང་དྲགས་སོང་ན། སློབ་མ་རྣམས་སྔ་མཛའ་འཚོལ་ནས་མདུན་ལམ་དང་སློབ་སྦྱོང་ལ་བར་ཆད་ཆེན་པོ་ཡོད། དེང་དུས་བོད་ཀྱི་སློབ་ཆུང་གི་སློབ་མའི་ནང་དུ་སྔ་མཛའ་ཡོད་པར་ཐོས། རྒྱ་ནག་གི་འཕྲིན་ལམ་ཁག་གིས་ལྟ་མི་མང་ཉུང་ལ་འགྲན་རྩོད་བྱས་པ་མ་གཏོགས་མིའི་ཀུན་སྤྱོད་དང་མི་ཚེའི་རིན་ཐང་ལྟ་བ་སོགས་སློབ་གསོ་གཏོང་རྒྱུ་བསམ་བློ་ཙམ་འཁོར་གིན་མེད། འཕྲིན་ལམ་དེ་ལྟ་མི་ག་ཚད་མང་ན་དེའི་འཕྲིན་ལམ་དེ་སྐར་མ་མཐོ། སྐར་མ་ག་ཚད་མཐོ་ན་དེའི་འཕྲིན་ལམ་ནང་གི་བརྡ་ཁྱབ་དེ་ཙམ་རྒྱ་ཆེ། དེའི་བརྡ་ཁྱབ་དེ་ག་ཚད་ཁྱབ་བརྡལ་སོང་ན་འཕྲིན་ལམ་དེ་ལ་དེ་ཙམ་ཡོང་བབས་ཡོད། ཁོ་ཚོས་ཡོང་བབས་ཁོ་ན་ལ་བསམ་བློ་འཁོར་བ་མ་གཏོགས། མི་རྣམས་ཀྱི་བསམ་བློའི་སློབ་གསོ་ཡར་རྒྱས་གཏོང་བ་དང་ཀུན་སྤྱོད་སོགས་ལ་དོ་སྣང་བྱེད་མ་མྱོང་། དེང་སང་འཕྲིན་ལམ་ཁག་ནས་《བརྩེ་དུང་རྒྱུན་འབྲེལ》ཞེས་པའི་དངོས་འགྲོས་གློག་བརྙན་ཞིག་སྟོན་གིན་འདུག དེ་སྟོན་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་ལྟ་མི་མང་ཉུང་གི་སྐར་མ་ལ་འབྲེལ་བ་དམ་པོ་ཡོད། གློག་བརྙན་དེས་མི་རྣམས་ཀྱི་ཆེས་རླབས་ཆེ་བའི་བརྩེ་དུང་ལ་དགག་པ་རྒྱབ་ཡོད། བརྩེ་དུང་ཞེས་པ་ནི་མཐོང་མ་ཐག་ནས་དགའ་བའི་རྣམ་པ་ཞིག་རྩ་བ་ནས་མིན། བརྩེ་དུང་ཞེས་པ་དུས་ཚོད་ངེས་ཅན་ཞིག་དགོས། ཁོ་ཚོས་སྐར་ཁ་ཤས་ཀྱི་ནང་དུ་ཕན་ཚུན་བར་ལ་ཆ་རྒྱུས་ཅི་ཡང་མེད་པའི་སྒོ་ནས་མི་ཚེ་གཅིག་མཉམ་དུ་འགྲོ་རྒྱུ་ངན་ཐག་བཅོད་གིན་འདུག དེ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། བརྙན་འཕྲིན་དེས་རྒྱ་ནག་གི་གྲོང་ཁྱེར་སོགས་ལ་དངོས་ཡོད་ཀྱི་བརྩེ་དུང་མེད་པར་ མཚོན་གིན་འདུག ཁོ་ཚོས་བརྩེ་དུང་ནི་རོལ་རྩེད་ལས་ཅི་ཡང་མེད། བརྙན་འཕྲིན་དེའི་གཙོ་འཁྲིད་པ་དང་མགོ་འཛིན་པ་རྣམས་ཀྱིས་ངོ་བསྟོད་ལ་དགའ་བའི་མི་དེ་དག་གི་འཚོ་བ་དང་གཉེན་སྒྲིག་སོགས་ལ་བསམ་བློ་ཙམ་གཏོང་གིན་མེད། ཁོ་ཚོས་རང་ཉིད་ཀྱི་བརྩེ་དུང་རོལ་རྩེད་ཞིག་གི་ཚབ་ལ་བཞག་སྟེ་ཚོང་རྫས་བྱེད་པ་འཚོར་གིན་མེད། ལོ་རབས་བརྒྱད་བཅུ་པའི་འཇུག་ནས་སློབ་མ་རྣམས་རིག་གནས་མ་སྦྱང་པའི་རིམ་འདས་མང་པོ་ཞིག་བྱུང་། ཁོ་ཚོས་རིག་གནས་སློབ་པའི་དུས་ཚོད་མང་པོ་ཞིག་དྲྭ་ཐོག་དང་ལྷོ་ཁོ་རེ་ཡའི་འཁྲབ་གཞུང་སོགས་ལ་ལྟས་ནས། དེའི་ནང་གི་དགའ་རོགས་སྒྲིག་པ་དང་རྐུ་འཕྲོག་བཅོམ་གསུམ་གྱི་བྱ་བ་དག་ལ་སློབ་གིན་ཡོད། གློག་བརྙན་དེ་དག་གི་རྐྱེན་གྱིས་ད་དུང་སློབ་མ་རྣམས་རང་བཞིན་གྱིས་ཁ་བདེ་མོ་ ཞིག་ཆགས་ནས་ཕ་མ་རྣམས་ཀྱིས་ཁ་ཡ་ཡོང་གིན་མེད། ཕ་མ་རྣམས་ཀྱིས་སློབ་སྦྱོང་ལ་བརྩོན་དགོས་རབ་སོགས་ཀྱི་སློབ་གསོ་འདྲ་གཏོང་ན། ཁོ་ཚོའི་སེམས་ལ་སྐྱོ་སྣང་གིས་ཁེངས་ནས“ཁྱིམ་བྲལ་ཕྱི་བསྐྱོད”བྱེད་གིན་ཡོད། ཁྱིམ་བྲལ་ཕྱི་བསྐྱོད་ནི་ཁོ་ཚོས་གཟི་བརྗིད་ཞིག་དང་སྙིང་སྟོབས་ཞིག་ཡིན་པར་རློམ་བཞིན་ཡོད། ཁྱིམ་ལ་མ་བརྟེན་པའི་འཚོ་བ་ནི་སྐྱིད་པོ་ཞིག་དང་ལས་སླ་མོ་ཞིག་ཡིན་སྣང་འཆར་གིན་ཡོད། ཡང་འདིས་ཐད་ནས་ཕ་མ་རྣམས་ཀྱིས་གཟབ་དགོས་པ་ཞིག་ཡོད་པ་ནི། བྱིས་པ་ཚོའི་རང་དབང་ལ་བཀག་འགོག་ཐལ་དྲགས་སོང་ན། སྐྱོ་སྣང་རིང་ལུགས་པ་ཞིག་དུ་གྱུར་ཉེན་ཆེ། ང་ཚོས་རྒྱང་འཛིན་ལག་ཏུ་བཟུང་ནས་འཕྲིན་ལམ་ཁག་ལ་གཟིགས་སྐབས། འཕྲིན་ལས་གཅིག་གི་ནང་ནས་ཀུན་སྤྱོད་སློབ་གསོ་ཡང་དག་སྤྲད་གིན་ཡོད་པ་མཐོང་མི་ཐུབ། དེ་ལས་ལྡོག་ཏེ་རྐུ་བྱེད་ལུགས། རྒྱག་རེས་བྱེད་ལུགས། མི་བར་ལ་འཁྲིལ་གཡུག་པའི་ལས། མདོར་ན། མིའི་ཀུན་སྤྱོད་དང་མི་མཐུན་པ་མང་པོ་ཞིག་སྟོན་གིན་འདུག དེས་རྐྱེན་གྱིས་སྤྱི་ཚོགས་འདིས་ནང་དུ་ལྐོག་ཟ་རུལ་སུངས་དང་ཕ་མ་གསོད་པ། མཐའ་ན་ཟ་མ་ཞིག་བཟའ་དགོས་ན་བདེ་འཇགས་མེད་པའི་ཚད་ལ་སླེབས་ཡོད། དེང་དུས་ང་ཚོས་མཐོང་ལམ་དུ་མངོན་བཞིན་པའི་གསར་ཤོག་དང་བརྙན་འཕྲིན་གྱི་ལས་འགན་ནི་དངོས་ཡོད་གནས་ཚུལ་སྤེལ་རྒྱུ་དེ་མ་ཡིན་པར། རྫུན་བཟོ་བྱེད་པའི་རུལ་སུངས་པའི་ལས་ཀ་ཤ་སྟག་ཡིན། འདི་ནི་འགྲོ་བ་མི་རྣམས་ཡིད་ཕམ་དགོས་པའི་གནས་ཚུལ་ཞིག་དུ་སྣང་། འཕྲིན་སྦྱོར་གྱིས་མི་རྣམས་ཀྱི་བསམ་བློ། ཀུན་སྤྱོད། འཚོ་བ་གང་སྤྱི་ཐད་ནས་ཤུགས་རྐྱེན་གང་མང་ཐེབ་གིན་ཡོད། སྔོན་ཆད་འཕྲིན་སྦྱོར་ལ་དབྱེ་ན། གློག་འཕྲིན། བརྙན་འཕྲིན། དུས་དེབ། ཚགས་པར་བཅས་ཡོད། དེང་དུས་གསར་དུ་ཁ་པར་དང་དྲྭ་བ་དར་ཡོད། འདི་ཐམས་ཅད་འཕྲིན་སྦྱོར་རེད། སྔོན་ཆེད་མཁས་པ་ཞིག་གིས་འཇིག་རྟེན་འདི་མེད་པར་བཟོ་བྱེད་གཉིས་ཡོད། གཅིག་རྒྱལ་གཙོ་དང་གཅིག་འཕྲིན་སྦྱོར། ཡིན་ཞེས་བཤད་མྱོང་། དེང་དུས་རྒྱལ་ཁབ་སོ་སོས་རྡུལ་ཕྲན་མཚོན་ཆ་མང་པོ་བཟོ་གིན་ཡོད། རྒྱལ་གཙོ་ནི་རྡུལ་ཕྲན་མཚོན་ཆ་དེ་དག་གི་རྒྱང་འཛིན་ཡིན། འཕྲིན་སྦྱོར་གྱིས་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་སོགས་ཡོད་ཚད་ནས་མེད་པར་བྱེད་སྲིད། མིའི་བསམ་བློ་དང་ཀུན་སྤྱོད་སོགས་མེད་པར་གྱུར་ན་འཇིག་རྟེན་འདི་ན་མཛེས་སྡུག་ཞིག་གང་ལ་ཡོད། འཕྲིན་སྦྱོར་གྱིས་ཤུགས་རྐྱེན་ཐེབས་ནི་མི་རེ་གཉིས་ཙམ་མ་ཡིན་པར་སྤྱི་ཚོགས་ཡོང་ལ་ཤུགས་རྐྱེན་ཐེབས་གིན་ཡོད། འཕྲིན་སྦྱོར་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཞི་བདེ་ལ་འགན་འཁུར་དགོས། ཀློག་པ་པོ་མང་ཉུང་དང་ལྟ་བ་པོ་མང་ཉུང་གི་རྒྱུ་མཚན་ཙམ་བྱས་ན་ག་ལ་འགྲིག རིག་གནས་གོ་ལྡོག་དུ་སོང་ན་འཕྲིན་སྦྱོར་གོ་ལྡོག་དུ་འགྲོ། འཕྲིན་སྦྱོར་གོ་ལྡོག་དུ་སོང་ན་ཀུན་སྤྱོད་གོ་ལྡོག་དུ་འགྲོ། དེའི་རྒྱུ་མཚན་གྱིས་འཕྲིན་སྦྱོར་ལ་འགན་འཁྲི་ལྗིད་མོ་ཞིག་ཡོད། རང་སྣང་གང་ཤར་གྱིས་འཕྲིན་སྦྱོར་བྱེད་ན་ག་ལ་འགྲིག འཕྲིན་སྦྱོར་ཞིག་ཡིན་ན། དགེ་གསོ་སྡིག་སྦྱང་བྱེད་དགོས་མ་གཏོགས་དེ་ལས་ལྡོག་ཏེ་དགེ་སྦྱང་སྡིག་གསོ་བྱེད་ན་གང་ལ་འགྲིག འཕྲིན་སྦྱོར་ཞིག་ཡིན་ན། དངོས་ཡོད་དང་བྱམས་བརྩེ། ཡ་རབ་སོགས་གསོ་སྐྱོང་བྱེད་རྒྱུ་གར་ཆེ།

རྒན་རིམ་པའི་འཚོ་བ།
ཉེ་ཆར་རྒྱ་ནག་གི་ཁེ་ལས་པ་ཞིག་གིས་མ་རྩ་གཏོང་ནས་ཚོགས་པ་རྩ་འཛུགས་བྱེད་སྟེ་རྒྱ་ནག་གི་རྒན་རིམ་པའི་འཚོ་བ་ལ་རྟགས་དཔྱད་བྱས། ཚོགས་པ་དེར་ཕལ་ཆེར་ཞིང་ཆེན་ཉི་ཤུ་ཡས་མས་ཤིག་ལ་སོང་། ཆེད་དུ་ཞིང་པའི་ཁྱིམ་ཚང་ཁྲི་གཅིག་ཙམ་རྟགས་དཔྱད་བྱས། མཐར་རྟགས་དཔྱད་བྱས་པའི་འབྲས་བུ་ཡིད་ཕམ་བློ་ཆད་ལས་གང་ཡང་མི་འདུག སྤྱིར་ཀྲུང་གོ་ནི་རྒན་རིམ་སྤྱི་ཚོགས་ནང་དུ་སྔ་མོ་ནས་ཕྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒན་རིམ་སྤྱི་ཚོགས་ཡིན་མིན་གྱི་འཆར་གཞི་ནི། སྤྱི་ཚོགས་དེའི་ལོ་དྲུག་བཅུ་ལས་བརྒལ་བའི་རྒན་པ་བརྒྱ་ཆ་༡༠ལས་ཟིན་ན་དེའི་སྤྱི་ཚོགས་དེ་རྒན་རིམ་སྤྱི་ཚོགས་ཞེས་འབོད་དགོས། རྒྱ་ནག་ནས་ལོ་དྲུག་བཅུ་བརྒལ་བའི་རྒན་པ་རྒྱ་ཆ་༡༤ཟིན་ཡོད། དེང་དུས་རྒྱ་ནག་ལ་སྡོམ་རྩིས་བྱས་ན་རྒན་པ་དུང་ཕྱིར་༢.༡ལས་ཟིན་ཡོད། དེ་ནང་ནས་ལོ་དྲུག་བཅུ་ལས་བརྒལ་བའི་རྒན་པ་༡༠༤༠༡ཙམ་ལ་རྟགས་དཔྱད་བྱས། ཉིན་གཅིག་ལ་ཟ་མ་ཐེངས་གསུམ་ཟ་རྒྱུ་མི་རྙེད་པའི་རྒན་པ་བརྒྱ་ཆ ༥ ཟིན། ལོ་གསར་གྱི་འཚོ་བ་དང་དུས་རྒྱུན་གྱི་འཚོ་བ་ལ་ཆད་མེད་པའི་རྒན་པ་བརྒྱ་ཆ ༡༦ ཟིན། ལོ་གཅིག་ནང་ནས་གོས་གསར་གྱོན་རྒྱུ་མི་རྙེད་པའི་རྒན་པ་བརྒྱ་ཆ ༩༣ ཟིན། ཚེ་གཅིག་ལ་གོས་གསར་གྱོན་རྒྱུ་མི་རྙེད་པའི་རྒན་པ་བརྒྱ་ཆ ༦༩ ཟིན། ནད་ཆུང་སྨན་ཟ་རྒྱུ་མི་རྙེད་པའི་རྒན་པ་བརྒྱ་ཆ་༦༧ཟིན། ནད་ཆེན་སྨན་ཁང་ནང་དུ་སྡོད་བཅོས་བྱེད་བྱེད་མི་རྙེད་པའི་རྒན་པ་བརྒྱ་ཆ༨༠ཟིན། དེ་ནས་ཕ་མ་ལ་བརྩི་བཀུར་ཡོད་མེད་གྱི་ཆ་ནས་བཤད་ན། རང་གི་ཕ་མ་ངོ་མི་ཤེས་པར་སྤྱིར་གཏང་ལམ་བར་གྱི་མགྲོན་པོ་ཞིག་དང་འཕྲད་པ་ནང་བཞིན་གྱི་རྒན་པ་བརྒྱ་ཆ་༣༠ཟིན། དེ་ནི་རྒྱ་ནག་གི་ཞིང་པ་ནས་རྟགས་དཔྱད་བྱས་པའི་འབྲས་བུ་རེད། ད་དུང་དེ་ལས་ཡིད་ཕམ་དགོས་ས་ནི་གྲོང་ཁྱེར་གྱི་རྒན་པ་རྣམས་རེད། གྲོང་ཁྱེར་གྱི་མཐའ་ཁ་ལ་ཡིད་ལ་མི་ཡོང་བའི་ཁང་རྙིང་མང་པོ་མཐོང་རྒྱུ་ཡོད། ཁང་པ་དེ་དག་ནི་རྒན་པ་རྣམས་འཚོ་བ་རོལ་ས་ཡིན། བུ་རྒྱུད་རྣམས་གཉེར་སྒྲིག་བྱས་ནས་ཁང་བ་གསར་བའི་ནང་དུ་བསྡད། རྒྱ་ནག་གི་གྲོང་ཁྱེར་ནང་ནས་ཕ་མ་བུ་རྒྱུད་མཉམ་དུ་བསྡད་པ་ཤིན་ཏུ་དཀོན། རྒྱ་ནག་གི་བུ་རྒྱུད་རབ་ཞིག་ཡིན་ན། བཟའ་ཉི་མའམ་ངལ་གསོ་སྐབས་ཕ་མ་ལྟ་རུ་ཡོང་གིན་ཡོད། འབྲིང་ཞིག་ཡིན་ན། ཟླ་བ་རེ་གཉིས་ནང་ནས་ཕ་མ་ལྟ་རུ་ཡོང་གིན་ཡོད་། མཐའ་མ་ཞིག་ཡིན་ན། ལོ་གཅིག་གཉིས་ནང་ནས་ཕ་མ་ལ་ལྟ་རུ་ཡོང་གི་ཡོད། འགའ་རེས་ཕ་མ་ཤི་ནས་ཟླ་བ་གཅིག་གཉིས་ཙམ་སོང་ན་ད་དུང་གོ་གིན་མེད། བུ་རྒྱུད་གཉིས་གསུམ་ཡོད་པའི་ཕ་མ་ཞིག་ཡིན་ན། བུ་རྒྱུད་རྣམས་ཀྱིས་ངས་ཕ་མ་གཉིས་ལོའམ་ཟླ་བ་དེ་དེ་ལ་གསོ་ཡོང་། དེ་ནས་ཁྱོད་ཀྱིས་གསོ་དགོས་རབ་ཀྱི་གན་རྒྱ་འཇོག་གིན་ཡོད། དེས་བར་ནས་འགའ་རེས་གསོ་མ་ནུས་པར་བསད་པའི་གཏམ་བརྒྱུད་མང་པོ་བཤད་རྒྱུ་ཡོད། བུ་རྒྱུད་གཉིས་ཡོད་པའི་ཕ་མ་ཞིག་ཡིན་ན། བུ་གཅིག་གིས་ཕ་ཁྲིད་ན། བུ་གཅིག་གིས་མ་ཁྲིད། བུ་རྒྱུད་དེའི་ཕ་མ་གཉིས་གསོན་པོའི་ཚེ་ནས་གསོན་བྲལ་བྱེད་དགོས་བྱུང་བའི་སྡུག་ བསྔལ་སུས་རྟོགས། དེང་དུས་རྒྱ་ནག་ནས་ཕ་མ་གསོ་བ་དེ་འགན་འཁྲིའམ་ཁྲིམས་ཞིག་ལ་རྩི་བ་མ་གཏོགས། ཕ་མའི་བརྩེ་དུང་ལ་འདངས་རྒྱག་མི་མེད། ཁོ་ཚོས་བུ་རྒྱུད་བཟང་ངན་གྱི་ཚད་ནི། བུ་རྒྱུད་དེས་ཕ་མ་ལ་ལྟ་སྲུང་གི་འགན་འཁྲི་ཡོད་མེད་ལྟ་བ་མ་གཏོགས། བུ་དེས་ཕ་མ་ལ་བརྩེ་དུང་ཡོད་མེད་བཤད་གིན་མེད། རྒྱ་ནག་གི་གྲོང་ཁྱེར་ནང་ལོག་ནས་བྱུང་བའི་གནས་ཚུལ་ཞིག་སྟེ། གནས་ཚུལ་འདི་བཤད་སྐབས་གཞོན་ནུ་རྣམས་ཧ་ལས་རྒྱུ་མེད་ན་ཐང་། ད་དུང་ཁོ་ཚོས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་དུ་འཛིན་སྲིད། ཡིན་ཡང་གནས་ཚུལ་དེ་ང་ཚོའི་ཕ་མ་རྣམས་ལ་འབྲེལ་བ་དམ་པོ་ཡོད། དེའི་རྒྱུ་མཚན་གྱིས་གནས་ཚུལ་འདི་བཤད་དགོས་བྱུང་། ལོ་གསར་གྱི་ཉིན་ཞིག ཁང་པ་ ཞིག་གི་ནང་ནས་དུ་བ་མང་པོ་ཡོང་བར་ཁྱིམ་འཚེས་རྣམས་ཀྱིས་མཐོང་། ཁྱིམ་འཚེས་རྣམས་ཀྱིས་དེ་མ་ཐག་སྒོ་རྡུང་ཡང་ཁང་སྒོ་ཕྱེ་མི་མ་བྱུང་། དེ་ནས་༡༡༠ལ་ཁ་པར་གཏོང་། ཉེན་རྟོག་པ་རྣམས་ཀྱིས་ཀྱང་སྒོ་རྡུང་ཡང་ཕྱེ་མཁན་མ་བྱུང་། མཐའ་སྒོ་གཏོར་ནས་ནང་དུ་འཛུལ་སྐབས་རྒན་པོ་ཞིག་གིས་ཤོག་བུ་མེ་ལ་སྲེག་བཞིན་ བསྡད་འདུག ཉེན་རྟོག་པས་རྒན་པོས་མེ་ལ་སྲེག་བཞིན་པའི་ཤོག་བུ་ལག་དུ་བླངས་ནས་ལྟས་སྐབས། ཤོག་བུ་དེ་ནི་སྒོར་མོ་མ་བླངས་བའི་དངུལ་འཛིན་ཡིག་ལྷེ་རེད་འདུག ཉེན་རྟོག་པ་ཧང་སངས་ནས་གནས་ཚུལ་ཞིབ་མོ་དྲིས། རྒན་པོ་དེའི་ཆུང་མ་སྔ་མོ་ནས་ཚེ་ལས་འདས། ཁོ་ལ་ད་བར་བུ་གཅིག་ལས་གང་ཡང་མེད། བུ་དེ་ཧྲིན་ཀྲིན་ལ་ལས་ཀ་སོང་ནས་ལོ་ལྔའི་རིང་ཕའི་དྲུང་དུ་མ་སོང་། དེང་སང་གྲོང་ཁྱེར་གྱི་ན་གཞོན་ཕོ་མོ་ཚོས་ཕ་མ་ལ་ཞུབས་ཞུ་སྒྲུབ་པའི་དབང་དུ་ གཏོང་ན། དེའི་བུ་དེ་མི་གཞི་མཐའ་མ་ཞིག་མིན། ཟླ་བ་རེའི་ནང་ནས་ཕ་ལ་སྒོར་༥༠༠རེ་སྐུར་གིན་ཡོད། ཡིན་ཡང་ཕ་རྒན་དེ་ངལ་གསོ་རྒན་པོ་ཞིག་ཡིན་པས། སྒོར་མོ་ཐབས་ཆག་གིན་མེད། ཁོ་ལ་དགོས་ངོ་མ་ནི་བུ་དེས་ཁོ་ལ་བཅངས་བའི་བརྩེ་བ་དེ་ཡིན་ལ། བུ་དེས་ཁོ་ལ་ལྟ་བསྐོར་ཞིག་བྱེད་ཡོང་ན་སྙམ་པའི་སེམས་མདངས་དྲགས་པོ་དེ་ཡིན། རྒན་པོས་སྒོར་མོ་འདི་དག་དངུལ་ཁང་ནང་དུ་བཞག་སྟེ་རྗེས་སུ་བུ་གཉེན་སྒྲིག་བྱེད་ སྐབས་ད་གཟོད་སྒོར་མོ་འདི་དག་སྟོན་རྒྱུ་ཡིན་སེམས། ཡིན་ཡང་རྒན་པོས་ལོ་གཅིག ལོ་གཉིས། ལོ་གསུམ། མཐར་ལོ་ལྔ་ཙམ་རེ་སྒུག་བྱེད་པའི་འབྲས་བུ་ལ་རེ་ཐག་ཆད་ནས་དངུལ་འཛིན་ཡིག་ལྷེ་ དེ་དག་མེ་ལ་སྲེག་དགོས་བྱུང་། རྒན་པོས་དངུལ་འཛིན་ཡིག་ལྷེ་མེ་ལ་སྲེག་པ་དེས། སྒོར་མོས་བརྩེ་དུང་གི་ཚབ་བྱེད་མི་ཐུབ་ལ། ཡོད་ཚད་སྒོར་མོས་དེ་བས་ཐག་མི་ཆོད་པར་མཚོན་གིན་ཡོད། དེ་དུང་གཞོན་ནུ་ཕོ་མོ་ཚོས་ཡོད་ཚད་སྒོར་མོས་ཐག་ཆོག་སྣང་འཆར་ནས་ཁོ་ཚོས་ཕ་མ་ལ་ སྒོར་མོ་གཏོག་ཙམ་སྤྲད་རྒྱུ་བྱུང་ན་དེས་དྲིན་ལན་འཇལ་ཐུབ་ཡོད་སེམས། དེང་དུས་རྒྱ་ནག་ལས་དེ་ནི་བུ་བཟང་ཞིག་མི་རྩི་དཀའ་མེད་དུ་གྱུར་ཡོད། འགའ་རེས་ཕ་མ་བསད་ནས་དེའི་རྒྱུ་ནོར་རྣམས་ཁྱེར་ནས་བུད་སོང་བ་ཡང་ཡོད། ཉེ་ལམ་གསར་འགྱུར་ཞིག་གི་ནང་དུ། ལོ་ཉི་ཤུ་རྩ་ལྔར་སླེབས་པའི་བུ་ཞིག་གིས་ཁོའི་ཕ་མ་གཉིས་ཀར་བསད་ནས་དུར་ཁུང་ ཞིག་གི་ནང་དུ་སྦས། ཟླ་གསུམ་འགོར་རྗེས་ད་གཟོད་ས་གནས་ཉེན་རྟོག་པས་གོ་ནས་འཛིན་བཟུང་བྱས་འདུག ཁོས་“ངའི་ཆུང་མ་དང་ཕ་མའི་བར་ནམ་རྒྱུན་བཤད་རྒྱུ་མང་པོ་བྱུང་གིན་འདུག ང་རང་སེམས་སྐྱིད་པོ་ཡེ་ནས་མི་འདུག ངའི་ཕ་མ་གཉིས་ལོ་མཐོ་པོར་སླེབས་འདུག ཁོ་གཉིས་གང་ལྟར་ངས་མ་བསད་ཀྱང་ཡུན་མི་རིང་བར་འཇིག་རྟེན་འདི་ནས་འགྲོ་རྒྱུ་རེད ”ཞེས་བཤད། སྐད་ཆ་དེ་གོ་མ་ཐག་ངའི་སེམས་འཇིགས་སྣང་གིས་ཁེངས་སོང་། ཁོས་རང་གི་ཕ་མ་བསད་པ་ལ་འགྱོད་བཤགས་མེད་པ་མ་ཟད་ད་དུང་དཔའ་གཏམ་ཞིག་བཤད་འདུག སྤྱིར་གཏང་རྒྱ་ནག་ལ་ཕ་མ་བསད་པའི་ལོ་རྒྱུས་མང་པོ་ཞིག་བཤད་རྒྱུ་འདུག ཡིན་ཡང་ཕ་མ་བསད་ཚར་རྗེས་དཔའ་གཏམ་བཤད་པ་མཐོང་བ་ཐེངས་དང་པོ་ཡིན། ཡང་བུ་རྒྱུད་འགས་ཕ་མ་དང་མཉམ་དུ་གསང་ལམ་ནས་རྒྱུ་སྐབས་རླངས་འཁོར་གློ་བུར་དུ་ རྒྱུགས་པའི་གོ་སྐབས་དེ་ལ་གཏད་སྟེ་ཕ་མ་དེའི་རླངས་འཁོར་གྱི་འགྲམ་དུ་བསྙིལ་བ་ རེད། དེ་ནས་ཕ་མ་ཤི་ཚར་རྗེས་མི་སྟོང་གི་སྒོར་མོ་དེ་བུ་རྒྱུད་དེས་ཟ་གིན་ཡོད། ང་ཚོའི་མི་རིགས་འདི་ནམ་རྒྱུན་དད་པས་སྟོང་བའི་མི་རིགས་ཞིག་དང་མཉམ་འགྲོ་མཉམ་ འདུག་བྱེད་གིན་ཡོད་པས། ནད་ཡམས་འདི་ང་ཚོ་ལ་མི་འགོས་པའི་ངེས་པ་མེད། འདི་ནས་ཡར་རྩིས་པའི་བགྲང་བྱ་གཉིས་ཀྱི་སྔོན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུང་གི་མགོ་བའི་བུ་བུ་མོ་གཉིས་རྒྱ་ནག་དམའ་ འབྲིང་སློབ་གྲྭ་ཞིག་གི་ནང་དུ་སྐྱེལ། ཁྱིམ་དགོང་སྐབས་བུ་བུ་མོ་གཉིས་ཁྱིམ་ལ་ལོག ཕ་མ་དང་སྤོ་བོ་རྨོ་མོ་རྣམས་བུ་བུ་མོ་ཁྱིམ་ལ་ལོག་པས་དགའ་བ་དཔག་མེད་བྱུང་། ཉིན་ཞིག་བུ་དེས་མ་བསམ་ས་ནས་ཕ་རྒན་ལ“སྤོ་བོ་དང་རྨོ་མོ་གཉིས་ཀྱིས་ང་ཚོ་ལ་འཚོ་ བའི་གྲོན་དངུལ་སྤྲད་མི་དགོས་པ་ཨེ་རེད། འདི་གཉིས་རང་གར་འདི་འདྲ་ཞིག་བསྡད་ན་ཆོག་གམ ”ཞེས་བཤད། ཕ་རྒན་གྱིས་བུའི་འཇིགས་སུ་རུང་བའི་སྐད་ཆ་དེ་གོ་མ་ཐག་ཧང་སངས། སྤྱིར་གཏང་བུ་དེའི་ཕ་རྒན་གོ་མྱོང་ཐོས་མྱོང་ཅན་ཞིག་ཡིན་རུང་། བོད་པ་ཞིག་གི་ཁ་ནས་དེ་འདྲའི་སྐད་ཆ་བཤད་པ་ཐེངས་དང་པོ་ཡིན་རྒྱུ་རེད། ད་དུང་ཆེས་སྐྲག་དགོས་ས་ཞིག་ནི་འཇིགས་རུང་གྱི་སྐད་ཆ་དེ་ཁོའི་བུས་བཤད་པ་དེ་ རེད། ཁོས་བསམ་དོན། བུ་བུ་མོ་གཉིས་སློབ་སྦྱོང་ཡག་པོ་བྱུང་རུང་འདི་འདྲའི་འཇིགས་རུང་གི་བསམ་བློ་ སྐྱེས་སོང་ན། དེ་བས་སློབ་སྦྱོང་མེད་ན་བཟང་སྙམ། དེ་རྗེས་རྒྱ་ནག་གི་སློབ་གྲྭ་ནས་ཕྱིར་འཐེན་བྱས་ཏེ་ད་ལྟ་བོད་ལྗོངས་སློབ་གྲྭ་ ཆེན་མོ་ལ་ཡོད་པར་ཐོས།
བོད་ཀྱི་ཕ་མ་རྣམས་ཀྱིས་བུ་རྒྱུད་རྣམས་རྒྱ་ནག་གི་སློབ་གྲྭ་ལ་སྐྱེལ་ཤེས་པ་ཙམ་ གྱིས་མི་ཆོག ངེས་པར་དུ་མི་གཞི་དང་ཀུན་སྤྱོད་སོགས་ལ་དོ་སྣང་བྱེད་འོས། འཇིག་རྟེན་འདིའི་ཐོག་ནས་བྱ་བ་གང་ཞིག་སྒྲུབ་དགོས་ན་ངེས་པར་དུ་མི་གཞི་བཟང་ རྒྱུ་གལ་ཆེ། མི་གཞི་བཟང་ན་ད་གཟོད་སྤྱི་ཚོགས་ལ་བདེ་འཇགས་བསྐྲུན་ཐུབ་ལ་ཁྱིམ་ཚང་ལ་བདེ་ སྐྱིད་ཡོད་སྲིད།

འཇིགས་རུང་གི་བྱ་སྤྱོད།
དེང་སང་གྲོང་ཁྱེར་དག་གི་ནང་དུ་ཁང་བརྩེགས་ཀྱི་འོག་དང་ཉལ་ཁང་། མི་དམངས་འདུ་སའི་གྱང་ངོས་དང་ཀ་བའི་གདོང་ལ་བཟི་སྨན་དང་མེ་མདའ་སོགས་བཙོང་ རྒྱུ་ཡོད་ཞེས་ཁ་པར་ཨང་གྲངས་བྲིས་འདུག བཟི་སྨན་བཙོང་བའི་མི་རྣམས་ཀྱིས་ཉལ་ཐ་དང་མི་གསོད་བྱེད་ཀྱི་དུག་སོགས་ཚོང་ རྒྱག་གིན་ཡོད། ང་ཚོས་རྩིག་ངོས་ཀྱི་ཡིག་འབྲི་དེ་དག་མཐོང་སྐབས་སེམས་ལ་རང་བཞིན་གྱིས་མི་བདེ་ བ་ཞིག་སླེབས་སྲིད། རྒྱ་ནག་གི་གྲོང་ཁྱེར་སོགས་ནས། དཔལ་འབྱོར་སྐྱོབ་གསོའི་བསྒྲིག་འཛུག་ཞེས་པའི་ལས་ཁུངས་མང་པོ་ཞིག་ཡོད། ཁོ་ཚོས་རྒྱུན་དུ་མི་ཚོང་རྒྱག་བཞིན་ཡོད། དབང་བོ་སྐྱོན་ཅན་རྣམས་བྲན་གཡོག་ཏུ་བཙོང་ནས་བཟོ་གྲྭ་དང་གཏེར་ཁུང་དུ་ཉིན་མཚན་ ཆོད་དཀའ་བའི་འཚོ་བ་སྐྱེལ་བཞིན་ཡོད།། ད་དུང་ས་ཆ་འགའ་རེའི་སྨན་ཁང་ནས་བུད་མེད་སྦྲུམ་མ་རྣམས་བཙན་ཤུགས་ཀྱིས་མངལ་ཤོར་ དུ་འཇུག་པ་དང། བྱིས་པ་དམར་འབྱར་ཁ་ཤས་བཙན་དབང་གིས་དྭ་ཕྲུག་ཁང་དུ་སྐྱེལ་བ་དང༌། ཕྲུག་གུ་དེ་དག་གི་ཕ་མ་ཚོས་དུས་ཚོད་ལྟར་སྒོར་མོ་བྱིན་ནས་བྱིས་པ་ཉོ་མ་ཐུབ་ཚེ། ཕྲུ་གུ་འདི་དག་ཕལ་ཆེར་ས་གནས་གཞན་དང་ཐ་ན་ཕྱི་རྒྱལ་དུ་བཙོང་ངེས་པ་རེད། སྤྱིར་སྨན་ཁང་ནི་མི་རྣམས་ཀྱི་ནད་མེད་པར་བྱེད་པའི་ས་ཆ་ཞིག་རེད། དེ་ལ་བདེ་འཇགས་དང་ཞི་བདེ་ཡོད་འོས། སྨན་པ་ནི་ནད་དེ་མེད་པར་བྱེད་པའི་མི་ཞིག་རེད། དེ་ལ་བྱམས་པ་དང་བརྩེ་བ་དགོས། ཡིན་ཡང་དེ་རིང་དེ་ལས་ལྡོག་སྟེ། སྨན་ཁང་ནི་ནག་ཚོགས་པའི་ཚོང་ར་ཞིག་དུ་གྱུར་ནས་ས་དེ་ལ་འཇིགས་སྣང་དང་ལྐོག་ཟ་ རུལ་སུངས་ཀྱིས་ཁེངས། སྨན་པ་རྣམས་འཇིགས་སྐུལ་བ་དང་ནག་ཚོགས་པར་གྱུར། ཁོ་ཚོ་ལ་སྙིང་རྗེ་དང་བྱམས་པ་གང་ལ་ཡོད། ཉེ་ལམ་གསར་ཤོག་གི་ནང་དུ། ལོ་ཉི་ཤུ་ལ་ཐོན་པའི་བུ་མོ་སྦྲུམ་མ་ཞིག་བུ་སྐྱེ་མ་ཐུབ་ནས་ཤི་འདུག་ཅེས་འཁོད། བུ་མོ་དེ་སེམས་ཆུང་མ་བྱས་པར་མངལ་ཆགས། དེ་ནས་བུ་སྐྱེས་པའི་ཉིན་ལ་སླེབས་སྐབས་སྨན་ཁང་དུ་སོང་། སྨན་ཁང་ནང་ནས་ནད་པ་མང་བའི་རྐྱེན་གྱིས་ནད་ཁྲི་མ་རྙེད། བུ་མོ་དེ་འུ་ཐུག་ཐབས་ཟད་ནས་སྨན་པའི་གཞུང་ལས་ཁང་དུ་སོང་ནས་ངུ་བཞིན་བསྡད། སྨན་པ་ཐུགས་ཁྲོ་ནས་བུ་མོ་དེ་བུ་སྐྱེས་ཁང་དུ་སྐྱེལ། དེ་ནས་ཡུན་རིང་མ་སོང་བར་ལས་འགྲོལ་གྱི་དུས་ལ་སླེབས། སྨན་པ་ཁྱིམ་ལ་ལོག་རྩིས་བྱས་སྐབས་བུ་མོ་དེས་སྨན་པའི་ལག་ནས་བཟུང་སྟེ། ཁྱེད་ཕེབས་མི་ཉིན། ང་སྲོག་སྐྱོབ་རོགས་ཞེས་འབོད་སྐུལ་བྱས། སྨན་པས་ཁྱོད་ཤི་སོང་ན་སྡུག་གྱོང་རེད། ང་ལ་ཁོམ་པ་མེད། འགྲོ་རྒྱུ་ཡིན་ཟེར་ནས་བུད་སོང་། ཕྱི་ཉིན་ཁང་པ་ཁྲག་གིས་ཁེངས་ནས་བུ་མོ་དེའི་ཁོག་ལ་ཡོད་པའི་བུའི་མགོ་ཕྱི་ལ་ཐོན་ནས་ལུས་ཁོག་ཏུ་ལུས་ནས་མ་བུ་གཉིས་ཆར་འཇིན་རྟེན་འདི་ནས་བྲལ་སོང་། ད་དུང་དེ་དང་དེ་འདྲ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད། ནད་པ་འགའ་རེ་སྨན་ཁང་དུ་སླེབས་ནས་སྨན་སྟོན་བྱེད་མ་རྙེད་པར་ཤི་བ་ནི་གྲངས་ཀྱིས་མི་ལོངས། ཡང་སྨན་ཁང་འགས་ནད་པ་ལ་ཚ་བ་ཞིག་ལས་རྒྱབ་མེད་ན། ནད་དེ་ལྗི་རབ་སོགས་མང་པོ་ཞིག་བཤད་ནས། སྨན་ལོག་སྤྲད་ནས་ནད་ལྗི་མོ་ཞིག་དུ་སྒྱུར། དེ་ནས་རིམ་བཞིན་སྨན་སྤྲད་ནས་ཁོ་ཚོའི་སྨན་ཁང་དུ་སྡོད་བཅོས་བྱེད་དུ་བཅུག དེ་ཡང་ཁོ་ཚོས་སྒོར་མོ་བསྡུ་པའི་ཐབས་ཞིག་རེད། སྨན་པ་འགའ་རེས་ནད་དེ་གསལ་བོ་ཞིག་མི་ཤེས། ཕལ་ཆེར་ནད་ཚབས་ཆེན་ཞིག་ཡིན་ས་རེད་ཅེས་བཤད་ནས། ལུས་པོ་ཡོངས་ལ་རྟགས་དཔྱད་བྱེད་དུ་བཅུག དེ་དང་དེ་འདྲ་བའི་ཐབས་སྣ་ཚོགས་ལ་བརྟེན་ནས་ནད་པའི་ལག་ནས་སྒོར་མོ་བླངས་གིན་ཡོད། སྤྱི་ཚོགས་འདིའི་ནང་དུ་ཡ་མཚན་གྱི་ལམ་ལུགས་ཤིག་ཡོད་པ་ནི། རྫུན་བཤད་མཁན་ལ་རྟག་ཏུ་རྒྱལ་ཁ་ཐོབ་ངེས་པ་དེ་རེད། ཁོ་ཚོས་རྫུན་གཏམ་རེ་རེའི་རྒྱབ་སྐྱོར་རྫུན་གཏམ་རྒྱབ་རེད་སྒྲིག་རྒྱུ་ཡོད། དེ་ལྟར་རྒྱུན་རིང་སོང་ཙང༌། མི་རྣམས་གྱིས་རྫུན་སྨྲ་བ་ནི་རྒྱུན་ལྡན་ཞིག་དུ་བརྩི་བཞིན་ཡོད། མི་རེ་རེ་བཞིན་རང་འགུལ་གྱིས་སྐྱག་རྫུན་བཤད། ཐ་ན་སྐྱག་རྫུན་བཤད་པ་ནི་སྤྱོད་བཟང་དུ་བརྩི་བའི་དུས་ལ་སླེབས་ཡོད། དེང་དུས་མི་རྣམས་རྒྱན་འཛིན་ཉོ་བ་ལ་ཤིན་ཏུ་དགའ། ཁོ་ཚོས་ད་སྔོན་རྒྱན་འཛིན་ཉོ་བ་ནི། ཚད་ཡོད་གཞུང་དྲང་གིས་སྒོ་ནས་རྒྱན་དངུལ་ཐོབ་པར་སེམས། དེའི་རྒྱུ་མཚན་གྱིས་རེ་བ་ཡོད་ཚད་ “མཚོན་ལྡན་གྲུ་གུ་གཉིས་”དེ་ལ་བཅོལ། ཡིན་ཡང་རྒྱན་འཛིན་ལྟེ་གནས་ཀྱིས་མང་ཚོགས་རྣམས་ལ་མགོ་སྐོར་ཚད་མེད་གཏོང་། ད་དུང་མང་པོ་ཞིག་གིས་མགོ་སྐོར་དེ་ཚོར་གིན་མེད། མཚོན་ལྡན་གྲུ་གུ་གཉིས་ཡུལ་དངོས་ཐད་གཏོང་རྒྱུད་ནས་བྱེད་སྒོའི་སྐབས་མགོ་མེད་ འཇུག་མེད་ཞིག་དུ་གྱུར་ཡོད། དོན་དངོས། ཁོ་ཚོས་རྒྱན་འབྱེད་དེ་སྔོ་མོ་ནས་བརྙན་འབེབས་ཟིན་པ་ཞིག་རེད་མ་གཏོགས་ཐད་གཏོང་ མ་རེད། མི་རྣམས་རྒྱན་འབྱེད་དེ་ཐད་གཏོང་ཡིན་པར་སྙམ་ནས་རེ་བ་ཡོད་ཚད་དེ་ལ་བཅོལ་བཞིན་ བསྡད་ཡོད། ཡིན་ཡང་ཡིད་ཆད་དགོས་ས་ཞིག་ནི་རྒྱན་འབྱེད་དེ་རྒྱན་འཛིན་ལྟེ་གནས་ཀྱིས་ཚོད་འཛིན་བྱས་ཡོད་པ་དེ་རེད། ཡང་སྐབས་འགར་མི་རྣམས་རྒྱན་འཛིན་ཉོ་བའི་ཆེད་དུ་བྱ་དགའ་ཐོབ་པ་ཡང་ཡོད། བྱ་དགའ་དེ་ནི་གཡོ་སྒྱུ་ཞིག་དང་བསླུ་བྲིད་ཡིན་པ་ཤེས་འོས། ལོ་ཁ་ཤས་ཀྱི་སྔོན་རྒྱ་ནག་གི་གྲོང་ཁྱེར་སོགས་ནས་བརྒྱུད་འཚོང་གི་བྱ་སྤྱོད་གང་མང་ཞིག་བྱུང་། བརྒྱུད་འཚོང་གི་ཚོགས་པའི་དམིགས་ཡུལ་གཙོ་བོ་གྲངས་ཉུང་མི་རིགས་མགོ་སྐོར་ གཏོང་རྒྱུ་དེ་ཡིན། ང་ཚོ་བོད་ནས་མི་གྲངས་ཁྲི་མང་པོ་བརྒྱུད་འཚོང་ཚོགས་པའི་མགོ་སྐོར་འོག་དུ་ཚུད་མྱོང་། སྤྱིར་སྔོན་ཆད་རྒྱ་ནག་ནས་བརྒྱུད་འཚོང་གི་གནད་དོན་རིམ་དང་རིམ་པ་བྱུང་མྱོང་། དེའི་རྒྱུ་མཚན་གྱིས་རྒྱ་ནག་བ་རྣམས་ཀྱིས་མགོ་སྐོར་དེ་ཤེས་གིན་ཡོད། དེང་དུས་རྒྱ་ནག་ནས་འདི་དང་འདི་འདྲ་བའི་བྱ་ངན་གང་མང་ཞིག་འབྱུང་གིན་ཡོད། བྱ་ངན་དེ་དག་གི་ཁྲོད་ལ་གཡོ་སྒྱུ་དང་བསླུ་བྲིད་ཡོད། གཡོ་སྒྱུ་དང་བསླུ་བྲིད་ཡོད་པའི་སྤྱི་ཚོགས་ནས་མི་རྣམས་ལ་བདེ་སྐྱིད་ཅིག་གང་ལ་ ཡོད། དེང་དུས་སྤྱི་ཚོགས་འདི་སྲིད་གཞུང་གིས་མང་ཚོགས་མགོ་བསྐོར་གཏོང་། འགོ་འཛིན་པས་ལས་བྱེད་མགོ་སྐོར་གཏོང་། དགེ་རྒན་གྱིས་སློབ་མ་མགོ་སྐོར་གཏོང་། ཁྱོ་གས་ཆུང་མ་མགོ་སྐོར་གཏོང་། གྲོང་བས་འབྲོག་པ་མགོ་སྐོར་གཏོང་། མདོར་ན་གཅིག་གིས་གཅིག་ལ་མགོ་སྐོར་དང་གཡོ་སྒྱུ་ཁོ་ན་ལ་བརྩོན་ནས་བསྡད་ཡོད། འདི་འདྲའི་སྤྱི་ཚོགས་ལ་བདེ་འཇགས་དང་བདེ་སྐྱིད་ཞིག་གང་ལ་ཡོད། བཟའ་བཅའི་ནང་ནས་མགྱོགས་ཐུག་ཁོ་ན་ལ་ཆ་མཚོན་ནས་བཤད་ན། མགྱོགས་ཐུག་ནི་སྣུམ་ཚ་བའི་ནང་བསྲེགས་པའི་གྲོ་རྗེན་ཞིག་རེད། སྤྱིར་སྣུམ་བསྲེགས་བྱས་པའི་གྲོ་རྗེན་སོགས་ཟ་རྒྱུ་མང་དྲགས་ན། ངན་འབྲས་ཀྱི་ནད་སྐྱེ་པ་ལ་ཐེ་ཚོམ་མེད། དེའི་རྒྱུ་མཚན་གྱིས་མགྱོགས་ཐུག་ཟ་བ་མང་སོང་ན་ངན་འབྲས་ཀྱི་ནད་སྐྱེ་སྲིད། ཡང་མགྱོགས་ཐུག་ཕོར་བ་གང་གི་ནང་དུ་རུལ་འགོག་རྫས་དང་སྙོམ་སྨན། དབྱང་འགྱུར་འགོག་རྫས། དབྱིངས་ཞུགས་དུག་སོགས་རྫས་འགྱུར་མང་པོ་ཞིག་བསྲེས་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་མི་རྣམས་ཀྱིས་ཟ་བའི་ཚེ་རོ་ཞིམ་པ་དང་བཟའ་བཅའ་དེ་ ཚེ་རིང་བའི་ཕྱིར་ཡིན། རྫས་འགྱུར་དེ་དག་མིའི་ལུས་པོར་ཕོག་ན་ཚེ་ཐུང་བ་དང་ནད་མང་བ་སོགས་ཀྱི་གནས་ཚུལ་ འབྱུང་སྲིད། དོན་དངོས་ཐོག་མགྱོགས་ཐུག་བཟོ་བའི་མི་རྣམས་ཀྱིས་མགྱོགས་ཐུག་ཟ་ཕོད་གིན་མེད། རྒྱུ་མཚན་ཁོ་ཚོས་མགྱོགས་ཐུག་ནང་དུ་དུག་རིགས་ག་ཚོད་ཡོད་པར་ཤེས། དུག་ཡིན་པ་ཤེས་བཞིན་དུ་དུག་ཟོས་བ་དེ་ནི་སྨྱོན་པ་ཡིན་ངེས། མདོར་ན་ཐུམ་སྒྲིམ་བྱེད་པའི་བཟའ་བཅའ་རྣམས་གོང་གི་མགྱོགས་ཐུག་དང་འདྲ་བར་རྫས་ འགྱུར་མང་པོ་ཞིག་བསྲེས་ཡོད། ཤེས་ཡོན་ཅན་གྱི་མི་རྣམས་ཀྱིས་ཐུམ་སྒྲིམ་བྱེད་པའི་བཟའ་བཅའ་དག་ལ་གད་སྙིགས་ བཟའ་བཅའ་ཞེས་འབོད་གིན་ཡོད། བཟའ་བཅའ་དེ་དག་ཟ་རྒྱུ་མང་དྲགས་སོང་ན་ལུས་ལ་ནད་མང་བ་དང་ཚེ་ཐུང་བ་སྨོས་ཅི། མཐའ་ན་ཤི་བའི་ཚེ་རོ་བྱ་དང་འབུ་ཡིས་མི་ཟ་བ་ཞིག་དུ་འགྱུར་འགྲོ བཟའ་བཅའ་བཟོ་བའི་བཟོ་གྲྭ་རྣམས་ཀྱིས་མི་རྣམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་སོགས་ལ་འདང་རྩ་བ་ནས་རྒྱག་གིན་མེད། ཁོས་ཚོས་ལས་འབྲས་དང་དྲང་བདེན་ལ་རྡོག་རྫིག་བྱས་ནས་སྒོར་མོ་ཡོང་ཐབས་ཁོ་ན་ལ་ འབད། དེའི་རྒྱུ་མཚན་གྱིས་ང་ཚོའི་ཁོར་ཡུག་དང་སྤྱི་ཚོགས་ལ་བདེ་འཇགས་མེད་པ་ཞིག་དུ་གྱུར་སོང་། ཡང་ཞིང་པ་རྣམས་ཀྱིས་ཀྱང་ཤིང་འབྲས་དང་སྔོ་ཚོད་ལ་དུག་རྫས་འདྲེན་ཤེས་པར་གྱུར་ཡོད། ཤིང་འབྲས་དང་སྔོ་ཚོད་གྲངས་ཇེ་མང་དང་ཇེ་ཆེ་འགྲོ་བའི་ཕྱིར་རྫས་འགྱུར་གྱི་དུག་ཁབ་རྒྱག་གིན་ཡོད། དུག་ཁབ་གཙོ་བ་དེ་ནི་སྐྱེ་འཕེལ་གྱི་རྫས་དང་འབུ་འགོག་གི་རྫས་སོགས་ཡིན། ཤིང་འབྲས་དེ་དག་ཟ་བའི་བྱིས་པ་རྣམས་ན་ཚོད་རྫོགས་སླ། དེ་དང་ཆབ་གཅིག་ཏུ་ཚེ་ཐུང་དུ་འགྲོ་བ་དང་ནད་མང་དུ་འགྱུར། རྒྱ་ནག་གི་ཞིང་པ་རྣམས་ཀྱིས་རང་གི་ཁྱིམ་ཚང་གི་བཟའ་བའི་སྔོ་ཚོད་དང་ཕྱི་ཕྱོགས་ལ་སྐྱེལ་འདྲེན་བྱེད་པའི་སྔོ་ཚོད་གཉིས་ས་ཆ་ཁ་ཁར་བཏབས་ཡོད། རྒྱུ་མཚན་ཁོ་ཚོས་ནང་མི་ཡིས་དུག་མི་ཟ་ལ་ཕྱི་མི་ལ་དུག་དྲངས་གིན་ཡོད། དེང་དུས་ང་ཚོ་བོད་ལ་ཡང་དེའི་ནད་ཡམས་ཕོག་ནས་ཞོ་དང་མར་སོགས་ཀྱི་མང་དུ་ལྷད་བསྲེ་གིན་ཡོད་པར་ཐོས། ཡིན་ཡང་རྒྱ་ནག་ལྟ་བུ་ཚབས་ཆེན་རང་བཞིན་གྱི་དུག་རྫས་བསྲེ་ཤེས་གིན་མེད། ང་ཚོའི་སློབ་གསོའི་ཀུན་སྤྱོད་ཡར་རྒྱས་མ་སོང་ན། མ་འོངས་པ་ང་ཚོ་བོད་དེང་དུས་ཀྱི་རྒྱ་ནག་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད།

རྒྱ་ནག་གི་སློབ་གསོ།
སྔོན་ཆད་རྒྱ་ནག་ལོ་རྒྱུས་ཐོག་ཏུ་རྒན་པ་ལ་བཀུར་བསྟུ་དང་ཉམ་ཆུང་ལ་སྙིང་རྗེ་སོགས་ཡ་རབས་ཀུན་སྤྱོད་ཀྱི་རིག་གནས་མང་པོ་ཞིག་ཡོད། དེ་རྗེས་དུས་རབས་བཅུ་དགུའི་མཇུག ཉི་ཤུའི་མགོ་ནས་བཙན་རྒྱལ་རིང་ལུགས་པ་རྣམས་ཀྱིས་རྒྱ་ནག་ལ་བཙན་འཛུལ་བྱས་ནས་ གཉའ་གནོད་དང་བཤུ་གཞོག་སོགས་ཀྱི་བྱ་བ་མང་པོ་བྱས། དེ་ནས་རྒྱ་ནག་པ་རྣམས་ཀྱིས་ཀྲུང་གོ་འདི་འདི་འདྲའི་ཉམས་ཆུང་ནུས་མེད། རྗེས་ལུགས་ཡིན་པའི་རྒྱུ་རྐྱེན་གང་ལ་ཐུག་འདུག་དཔྱད་པ་གང་མང་བྱས། མཐར་ཡོད་ཚད་ཀྱི་རྒྱུ་རྐྱེན་ནི་སྲོལ་རྒྱུན་རིག་གནས་འདི་ལ་ཐུག་འདུག་ཅེས་བཤད། དེ་ནས་བཟུང་ད་ལྟའི་བར་སྲོལ་རྒྱུན་རིག་གནས་ལ་དགག་པ་རྒྱབ། ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་སྲོལ་རྒྱུན་རིག་གནས་ལ་གཏོར་བརླག་ཚབས་ ཆེན་བཟོས། དེ་རིང་ཁ་སང་རྒྱ་ནག་པ་རྣམས་“རིག་གནས་གསར་བརྗེ”ཞེས་པའི་ཡིག་འབྲི་བཞི་པོ་ཐོས་ མ་ཐག་རྡུང་སྲེག་འཕྲོག་བཅོམ་ཡིད་ལ་འཆར་ནས་མཐའ་གཅིག་དུ་བྱ་ངན་ཞིག་ཏུ་རྩི་བཞིན་འདུག སྲོལ་རྒྱུན་རིག་གནས་གང་འདྲ་ཐབས་སྡུག་ཞིག་ཡིན་ན་དེའི་ནང་ལ་སྙིགས་དོར་བཅུད་ལེན་བྱེད་རྒྱུ་ཡོད། ཁོ་ཚོས་སྙིགས་དོར་བཅུད་ལེན་གྱི་གནས་ལུགས་མ་རྟོགས་ནས་དེ་རིང་གི་ཡིད་སྐྱོ་བའི་གནས་ཚུལ་འདི་འདྲ་ཞིག་དུ་གྱུར་སོང་བ་རེད། སྤྱིར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ནང་དུ་ཡ་རབས་ཀུན་སྤྱོད་ཀྱི་བསླབ་བྱ་མང་པོ་ཡོད། ད་དུང་ཡོད་ཚད་ནུབ་ཕྱོགས་ཀྱི་རྗེས་སུ་འབྲང་ནས་ཁོ་པ་ཚོའི་རིག་གནས་འདི་ཡིན་ ཟེར་བ་ཞིག་འཇོག་རྒྱུ་མེད། དེང་སང་རྒྱ་ནག་ནང་ལོགས་ནས་ཀུན་སྤྱོད་སློབ་གསོ་ཞེན་པའི་ཐད་ལ་བཤད་ཚུལ་འདྲ་ མིན་འདུག ཡིན་ཡང་སྤྱིའི་ཆ་ནས་རྒྱ་ནག་མཁས་པ་ཚོས་བཤད་པ་ཡིན་ན། གཅིག སྲོལ་རྒྱུན་རིག་གནས་མཐོང་ཆུང་བྱེད་པ། གཉིས། སློབ་གསོའི་གོ་རིམ་འཆུག་པ། དེང་དུས་མང་པོ་ཞིག་གི་ཀུན་སྤྱོད་ལ་གནད་དོན་ཆེན་པོ་ཞིག་འདུག་པ་འདི་ནི། སློབ་གསོའི་ཡང་སྙིང་འཆུག་སོང་པ་རེད། སློབ་གསོའི་ཡང་སྙིང་ནི་མི་དང་མིའི་བར་བྱམས་པ་དང་བརྩེ་བ། མཐུན་སྒྲིལ་དང་བརྩི་བཀུར་བྱེད་རྒྱུ་དེ་རེད། མདོར་ན་མི་བཟང་པོ་ཞིག་བྱེད་ཤེས་རྒྱུ་དེ་རེད། མི་བཟང་པོ་ཞིག་བྱེད་མ་ཤེས་ན། བྱ་བ་བཟང་པོ་ཞིག་གང་ནས་འགྲུབ། བྱིས་སློབ་ཁང་ནས་སློབ་ཆུང་། སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་སློབ་ཆེན་བར་ལ་མི་བཟང་པོ་ཞིག་བྱེད་ལུགས་དགེ་རྒན་གང་གིས་སློབ་ སྟོན་བྱེད་མ་མྱོང་། ཡོད་ཚད་ཀྱིས་སྐར་གྲངས་ནས་སྐར་གྲངས་ཟེར་བ་མ་གཏོགས་གང་ཡང་མེད། དགེ་རྒན་གྱིས་སློབ་མ་དེ་སྐར་གྲངས་མཐོ་པོ་ལོན་ཡོད་ན་བཟང་བསྟོད་དང་ཕ་མས་བུ་རྒྱུད་དེ་སྐར་གྲངས་མཐོ་པ་ལོན་ཡོད་ན་དཔའ་དར་སོགས་ཡོད། ཕ་མ་དང་དགེ་རྒན་སུ་ཞིག་གིས་རང་གི་བུ་རྒྱུད་དམ་སློབ་མ་ལ་ཀུན་སྤྱོད་བཟང་པོ་ ཡོད་མེད་རྟགས་མྱོང་། སློབ་གྲྭས་ཀྱང་དགེ་རྒན་གང་གི་སློབ་མ་སྐར་གྲངས་མང་ན་དེ་ལ་དཔའ་དར་སྤྲད་རྒྱུ་མ་གཏོགས། དགེ་རྒན་གང་གི་སློབ་མ་མི་གཞི་བཟང་ན་དཔའ་དར་སྤྲད་རྒྱུ་ཞིག་གང་ལ་ཡོད། ད་དུང་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་རྒྱུགས་སྤྲད་སྐབས་རྐུ་ལྟ་བྱེད་དགོས། མ་བྱས་ན་བླུན་རྟགས་རེད་ཞེས་སློབ་གསོ་གཏོང་གིན་འདུག དགེ་རྒན་དེས་ཁོའི་ཟླ་ཕོག་ལ་བསམ་བློ་གཏོང་བ་མ་གཏོགས། སློབ་མའི་མདུན་ལམ་ལ་གནོད་འཚེ་ག་འདྲ་ཡོད་མེད་ལྟ་གིན་མེད། དེང་དུས་ང་ཚོས་སློབ་གསོའི་ཡང་སྙིང་གཞི་ནས་འཆུག་སོང་བ་རེད། དེང་དུས་རྒྱ་ནག་ནས་ཁྱིམ་ཚང་གི་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོའི་དམིགས་འདུན་ཡོད་ཚད་འཆུག་ཡོད་པ་རེད། ཁོ་ཚོས་ནམ་ཡིན་ཡང་སྒོར་མོའི་ཆེད་དུ་འགྲོ་བ་མ་གཏོགས་གང་ཡང་མེད། སྒོར་མོ་ཡོད་ན་ད་གཟོད་ཡོད་ཚད་ཡོད་སྙམ་གིན་འདུག སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་གང་གི་སློབ་གསོའི་དམིགས་ཡུལ་གཙོ་བོ་སྒོར་མོ་རེད། ཏུན་ཤོ་ཕན་གྱིས་ཞི་མེ་ནག་པོ་ཡིན་ན་རུང་། དཀར་པོ་ཡིན་ན་ཆོག། གང་ལྟར་བྱི་བ་ཟིན་ན་འགྲིག་ཡོད་ཞེས་བཤད་མྱོང་། སྐད་ཆ་དེ་ལོག་འབྲེལ་བྱེད་ནས་ཁོ་ཚོས་རྐུ་བྱས་ནས་སྒོར་མོ་ཐོབ་ན་འདྲ། ཚོང་རྒྱབ་ནས་སྒོར་མོ་འབྱོར་ན་འདྲ། གང་ལྟར་སྒོར་ན་འབྱོར་སོང་ན་མི་ཚེའི་དམིགས་ཡུལ་འགྲུབ་སོང་བ་རེད་ཞེས་སློབ་ གསོ་གཏོང་གིན་འདུག སློབ་གསོ་དེའི་རྐྱེན་གྱིས་དེ་རིང་གི་སྤྱི་ཚོགས་འཇིགས་སུ་རུང་བ་ཞིག་ཏུ་གྱུར་ སོང་། དེང་དུས་རྒྱ་ནག་གི་གྲོང་ཁྱེར་སོགས་ནས། མི་ལ་རོགས་སྐྱོར་བྱེད་མི་ཕོད་པའི་གནས་ཚུལ་ཡོད། ཉེ་ལམ་གསར་འགྱུར་ཞིག་གི་ནང་དུ། རྒན་མོ་ཞིག་ཟས་ཁང་ནང་དུ་གློ་བུར་དུ་ཁྲག་མགོ་མཐོ་ནས་དྲན་མེད་དུ་བརྒྱལ། སྐབས་དེར་ཟས་ཁང་བདག་པོས་སྨན་ཁང་ནང་དུ་བསྐྱལ། རྒན་མོའི་བུ་རྒྱུད་ཀྱིས་ཟས་ཁང་བདག་པོ་ལ་བཀའ་དྲིན་མི་ཞུ་བར་མ་ཟད། ཟས་ཁང་ནང་ནས་རྒན་མོ་ལ་དུག་དྲངས་སོང་བ་རེད་ཞེས་གྱོད་རྒྱབ། དེ་ནས་རྒན་མོ་དྲན་པ་ལས་སོས། རྒན་མོ་ཀྱང་ཟས་ཁང་ནང་ནས་ཟས་ཞིག་ཟོས་རྗེས་དྲན་མེད་དུ་བརྒྱལ་སོང་ཞེས་བཤད། དོན་ངོ་མར་རྒན་མོ་ཟས་ཁང་ནས་ཟ་མ་མ་ཟོས་གོང་དུ་དྲན་མེད་དུ་བརྒྱལ་སོང་བ་རེད། མི་བཟང་དེ་ལ་བཟང་ལེན་མེད་པ་མ་ཟད། རྒན་མོའི་སྨན་རིན་སྤྲད་དགོས་བྱུང་། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཞིག་བཤད་རྒྱུ་ཡོད། མདོར་ན། གསང་ལམ་ནས་རྒན་ཁོག་ཞིག་ལོངས་མ་ཐུབ་པར་བསྡད་ཡོད་ན། དེ་ལ་རོགས་བྱེད་འདོད་ཡོད་རུང་བྱེད་ཕོད་གིན་མེད། གལ་སྲིད་རོགས་བྱས་ན་གོང་གི་གནས་ཚུལ་དེ་མི་འབྱུང་བའི་ངེས་པ་མེད། གནས་ཚུལ་དེ་རྒྱ་ནག་ནས་རྒྱུན་ཤེས་ཞིག་དུ་སྣང་། ཡང་ཕ་མ་རྣམས་ཀྱིས་རང་གི་བུ་རྒྱུད་ས་གྲགས་གནམ་གྲགས་ཅན་གྱི་མཁས་པ་ཞིག་དུ་ སྐྱེད་སྲིང་བྱེད་འདོད་ཡོད། བུ་དེ་འགྲོ་ཤེས་པ་ནས་བཟུང་སྟེ་ཐབས་ཤེས་གང་དྲག་གི་སྒོ་ནས་སློབ་སྦྱོང་ལ་ཧུར་ བརྩོན་བྱེད་དུ་བཅུག ཡིན་ཡང་བློ་ཕམ་པ་ཞིག་ལ་སློབ་གསོའི་ཡང་སྙིང་མཆུག་ནས་བུ་རྒྱུད་དེ་མྱི་མྱི་ལམ་ ནས་མི་འགྲོ་བར་ཁྱི་ལམ་ལ་འགྲོ་གིན་འདུག རྒྱ་ནག་གི་སློབ་མ་ཞིག་ལོ་བཅུ་གསུམ་ཐོག་ནས་ཧུའུ་ནམ་སློབ་ཆེན་ལ་རྒྱུགས་འཕྲོད། ལོ་བཅུ་བདུན་ཐོག་ཀྲུང་གོའི་ཚན་རིག་རབ་འབྱམས་པའི་སྡེ་ཁག་ལ་རྒྱུགས་འཕྲོད། ཡིན་ཡང་རབ་འབྱམས་པ་སྟོན་ནས་ལོ་གཉིས་སོང་སྐབས། ཡོད་ཚད་ཕྱིར་འཐེན་བྱས་སོང་། འདི་ནས་མི་རྣམས་ཡ་མཚན་རྒྱུ་རེད་། རྒྱུགས་ནམ་སྤྲད་ན་དང་པོ་མིན་ན་གཉིས་པ་ཡིན་པའི་སློབ་མ་དེ་གང་འདྲ་ཞིག་གིས་ ཕྱིར་འཐེན་བྱས་ཡོད། རྒྱུ་མཚན་ནི་ལས་སླ་མོ་ཞིག་རེད། ཁོ་སློབ་སྦྱོང་བཟང་རུང་། སྤྱི་ཚོགས་ཐོག་མི་དང་མི་བར་འབྲེལ་བ་མི་ཤེས་ལ། འཚོ་བའི་ནུས་ཤུགས་ཧ་ཅང་ཞེན། དེས་རྐྱེན་གྱིས་ཡིག་ཚད་གཏོང་ས་རྙེད་གིན་མེད། དེ་རྗེས་གསར་འགོད་པས་སློབ་མ་དེའི་ཨ་མ་ལ་བུ་འདི་འདྲ་ཞིག་བྱུང་དགོས་པའི་རྒྱུ་རྐྱེན་དྲིས། ཨ་མས་བཤད་དོན། “ ངས་ཁོ་ཆུང་དུས་ལས་ཀ་ཡེ་ནས་ལས་བཅུག་གི་མེད། ཉིན་ཞིག་ཁོས་ཕྱགས་མ་བཟུང་ནས་རྡུལ་ཕྱགས་བྱེད་གིན་འདུག ངས་དེ་མ་ཐག་ཁོའི་ལག་ནས་ཕྱགས་མ་བླངས་ཏེ། ལག་པ་འདི་མ་འོངས་པ་ཁྱོད་ཀྱིས་སྨྱུ་གུ་འཛིན་བྱེད་དང་རྩིས་ཆས་བཟུང་བྱེད་རེད་མ་གཏོགས་ཕྱགས་མ་བཟུང་བྱེད་མ་རེད་ཞེས་ཁ་རྡུང་དྲགས་པོ་བྱས། དེ་ནས་བཟུང་སྟེ་བུས་ལས་ཀ་ཡེ་ནས་ལས་མ་མྱོང་། ” མ་རྒན་འདིས་དཀའ་ལས་གང་མང་རྒྱབ་ནས་བུ་སེང་གེ་འདྲ་བ་ཞིག་གསོ་སྐྱོང་བྱེད་པར་འདོད། ཡིན་ཡང་གནས་ཚུལ་ཆུང་ཆུང་ཞིག་གིས་བུའི་མི་ཚེའི་དོན་སྙིང་ཡོད་ཚད་རླགས་སོང། མཐར་ཅི་ཡང་མེད་པའི་ཁྱི་འཁྱམས་འདྲ་བ་ཞིག་ཏུ་གྱུར། སྤྱིར་ཚན་རིག་པ་ཡིན་ན་འདྲ། ཕལ་ཆེར་གྱི་མི་ཞིག་ཡིན་ཆོག གང་ལྟར་མི་ཞིག་ཡིན་པའི་ཆ་ནས་མ་མཐའ་ཡང་མི་དང་མིའི་བར་ལ་འབྲེལ་བ་བྱེད་ཤེས་ དགོས། མི་དང་མིའི་བར་ལ་འབྲེལ་བ་བྱེད་མི་ཤེས་པའི་མི་དེས་ལས་ཀ་གང་འདྲ་ཞིག་འགྲུབ་རྒྱུ་རེད། དེའི་རྒྱུ་མཚན་གྱིས་བོད་ཀྱི་ཕ་མ་ཚོས་བུ་རྒྱུད་ཀྱི་སློབ་གསོའི་ཡང་སྙིང་འཆུག་མི་རུང།

What Color Dress Shirt Should I Wear
PORNO jennifer lopez around manner week

and above on elegant foot wears
Wedding Dresses the winter season tca scan duo

What Not to Wear When You Are Obese
VIDEOS PORNO You may even give it your own personal touch

Any larger frame alternatives to Ray
Free Games how will you know the distinction between a groundbreaking chanel purse in a fraudulent one

Belk named the official style quarters of the Dallas Cowboys Cheerleaders today
Kostenlose Pornos von and still remain within one standard deviation

How to Reduce Frown Lines
Porno pour femme fashion accessory creative designers

Fashion Shawls Wraps Ruana Cape Wraps
PORNO XXX Look for seam lines

Brooks Brothers Black Fleece Sale
Free Porno Wife Has a twin sister
བསྟོད།8

抱歉,评论已关闭!