ཀུན་སྤྱོད་དང་བློ་གྲོས་གླེང་བ།

རྡོ་རྗེ་རིན་ཆེན།

[ཐོག་མའི་སེམས་བསྐྱེད]
{བདག་གིས་ཀུན་སྤྱོད་དང་བློ་གྲོས་གླེང་བའི་དམིགས་ཡུལ་ནི། མི་རྣམས་ཀྱི་ལུས་སེམས་གཅུན་པར་བྱེད་རྒྱུ་དེ་མ་ཡིན་པར། མི་རྣམས་ཀྱི་ལུས་སེམས་ལ་སྔར་ལས་ལྷག་པའི་རང་དབང་དང་། རང་བྱུང་ལྷད་མེད་ཀྱི་ཞི་བདེ་ཐོབ་ཏུ་འཇུག་རྒྱུ་དེ་ཡིན}

རྫུན་བཅོས་དང་འཆལ་གཏམ་གྱིས་ཁེངས་པའི་མངའ་ཁོངས་དང་། དབང་སྒྱུར་གྲལ་རིམ་དང་གཉའ་གནོན་གཏུམ་སྤྱོད་ཀྱི་ས་ཁོངས་རྣམས་སུ། བློ་གྲོས་གྱི་མངའ་ཐང་དང་ཀུན་སྤྱོད་ཀྱི་མཛེས་སྡུག་མངོན་ས་མེད་ལ། བློ་གྲོས་དང་ཀུན་སྤྱོད་ཀྱི་མིང་ཙམ་ཡང་གླེང་རིན་མེད། སུའུ་གོ་ལཱ་ཏིས་,,ཤེས་རབ་ཀྱི་འགན་ཁུར་གཙོ་བོ་ནི,,ལེགས་ཉེས་ཀྱི་ཁྱད་པར་འབྱེད་རྒྱུ་དེ་ཡིན་,,ཞེས་གསུངས་པ་ལྟར། བློ་གྲོས་ཀྱིས་མི་རྣམས་ཀྱི་གླེན་རྨོངས་སེལ་ཞིང་། ཀུན་སྤྱོད་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད།

ང་ཚོའི་བློ་བུར་བའི་སེམས་ངོར། ཀུན་སྤྱོད་ནི་བློ་གྲོས་དང་འབྲེལ་བ་མེད་པ་ཞིག་ཏུ་སྣང་ནའང་། དེ་ནི་བདེན་པ་མ་ཡིན། ཀུན་སྤྱོད་ཀྱི་རྩ་བའི་མགུལ་སྐྱོད་ཀྱི་ལེགས་ཉེས་ནི། བློ་གྲོས་ལ་གཏུག་ཡོད་པར་མ་ཟད། ཚུལ་དང་མཐུན་པའི་བློ་གྲོས་ཤིག་གིས་ཇི་ལྟར་བཀོད་འདོམ་བྱས་མིན་ལ་རེག་ལས་ཡོད། གལ་སྲིད་བློ་གྲོས་དང་མ་འབྲེལ་བའི་ཀུན་སྤྱོད་ཅིག་ཡོད་ན། དེ་ལ་ཚུལ་ཆོས་དང་ཡང་ན་བླུན་སྤྱོད་ཞེས་འབོད་པ་ལས་ཀུན་སྤྱོད་ཞེས་འབོད་མི་རུང་།

སྐྱེས་བུ་ཞིག་གི་ཀུན་སྤྱོད་ཀྱི་བཟང་ངན་ལེགས་ཉེས་ནི། ཁོ་རང་གི་བློ་གྲོས་ཀྱི་ཁྱབ་ཚད་ལ་ལྟོས་གྲུབ་རང་བཞིན་གྱི་འབྲེལ་བ་ཡོད། བློ་གྲོས་ཀྱི་ངོ་བོ་ནི་བསམ་གཞིགས་བྱས་པ་ལས་འཕེལ་ཞིང་། བསམ་གཞིགས་ནི་སྣ་མང་གི་ཤེས་བྱ་ལས་འབྱུང་དགོས། སྤྱིར་ཤེས་བྱ་ནི་གཞན་ལས་ཐོབ་ཆོག་ཀྱང་། ,,ཀུན་སྤྱོད་དང་བློ་གྲོས་ནི,, རང་ཉིད་ཀྱིས་བསམ་བློ་སྤྱོང་བརྡར་དང་བསམ་གཞིགས་བྱས་ཏེ་རང་སྟེང་ནས་ཐོབ་ཐུབ་པ་ཞིག་ལས་གཞན་ལས་ནམ་ཡང་ཐོབ་མི་ཐུབ། གཞན་ལས་ཐོབ་པའི་ཀུན་སྤྱོད་དང་བློ་གྲོས་ཤིག་མཆིས་ན། དེ་ལ་ལབ་ཟློས་དང་ཟེར་སྒྲོས་ཞེས་འབོད་པ་ལས། ཀུན་སྤྱོད་དང་བློ་གྲོས་ཞེས་མི་འབོད་པ་ཡིན།

ཀུན་སྤྱོད་ཁྲོད་ཀྱི་བླ་མེད་མཆོག་ཏུ་གྱུར་བ་ནི། རང་གཅུན་གྱི་བསམ་བློའི་ཀུན་སྤྱོད་ཡིན། རང་གཅུན་གྱི་བསམ་བློ་ནི། ཡང་དག་པའི་སློབ་གསོ་ཞིག་གིས་བཙོ་སྦྱང་བྱས་ཤིང་། ཚུལ་ལྡན་གྱི་ཤེས་རིག་ཤིག་གིས་བསྐྱངས་པའི་སྐྱེས་བུ་དག་ལ་ད་གཟོད་ཐོབ་ཐུབ་པ་རེད། མདོར་ན་རང་གཅུན་གྱི་བསམ་བློ་ནི། ཤེས་རབ་ཅན་དང་དམ་པ་རྣམས་ལ་མངའ་བའི་འཕགས་ཆོས་ཤིག་ཡིན།

བདག་གིས་གོང་དུ་གླེང་ཟིན་པ་ལྟར། དབང་སྒྱུར་གྲལ་རིམ་དང་གཉའ་གནོན་གཏུམ་སྤྱོད་ཀྱི་ས་ཁོངས་རྣམས་སུ། རང་གཅུན་གྱི་བསམ་བློའི་སྨྱུ་གུ་འབུས་མི་ཐུབ། གལ་ཏེ་འབུས་སྲིད་ནའང་ཡར་སྐྱེད་མེད་པར་མ་ཟད། ཅུང་མི་འགོར་བར་རྩ་བ་ནས་བགླག་འགྲོ། རྒྱུ་མཚན། རང་གཅུན་གྱི་བསམ་བློ་ནི། རང་རྟོགས་སེལ་པ་ལས་འབྱུང་དགོས་ཤིང་། རང་རྟོགས་ནི་ཀུ་ཡངས་སྒམ་དཀྱེལ་ཀྱི་གནས་མལ་དྲོད་མོ་ཞིག་དང་། བསམ་བློ་མཉམ་གསོན་གྱི་ཁོར་ཡུག་ཅིག་ཏུ་ད་གཟོད་འབྱུང་ཐུབ་པ་རེད།

ཚུལ་ལྡན་གྱི་བློ་གྲོས་ཤིག་དང་ལྷན་དུ་བསྡད་པའི་རང་གཅུན་ཀྱི་བསམ་བློ་དེ། སྐྱེས་བུ་ཞིག་གི་རྒྱུད་ལ་འཁྲུངས་དགོས་ན། ཐོག་མར་ངེས་པར་དུ་ཤེས་དགོས་པ་ཞིག་ནི། ཁྲིམས་ལུགས་དང་། བཀས་བཀོད། བཀའ་རྒྱ་ཞེས་པའི་སྡུག་རྩུབ་ཀྱིས་ཁེངས་པའི་ཡིག་འབྲུ་འདི་དག་གི་ཡང་སྙིང་རྟོགས་དགོས། ཁྲིམས་ལུགས་དང་། བཀས་བཀོད། བཀའ་རྒྱ་སོགས་ཀྱི་དབང་སྒྱུར་འོག་ན། རང་དབང་དང་། འདྲ་མཉམ། བྱམས་བརྩེ་སོགས་ལ་རིན་ཐང་ཅི་ཡང་མེད།

ཁྲིགས་ལུགས་ནི་ཁྲག་གིས་བརླན་བའི་དམར་ཧྲང་ཧྲང་གི་འབྲོང་ཞགས་ཤིག་དང་འདྲ་ལ། བཀས་བཀོད་ནི་གཤིན་རྗེས་ལྕགས་ཚན་བཞུ་བའི་དམྱལ་ཁམས་ལ་བཙན་གྱིས་འདེབ་པ་དང་མཚུངས། བཀའ་རྒྱ་ནི་རི་རབ་དང་རྒྱ་མཚོ་འཇིག་བའི་ཆུ་ཀློང་དང་བྱེ་འདམ་གྱི་གཏིང་འོག་ཏུ་གནོན་པ་དང་འདྲ་བ་ཡིན། བདག་གིས་འདི་ལྟར་གླེང་བ་ནི་མཐར་ཐུག་གི་སྤྱི་འགྲོའི་གནས་ལུགས་ཤིག་བརྗོད་པ་ལས། གནས་སྐབས་ཀྱི་རང་འགྲོའི་ཕན་གནོད་ཞིག་གི་ངོས་ནས་བརྗོད་པ་མིན་ལ། རང་གཅུན་གྱི་བསམ་བློ་དང་ཚུལ་ལྡན་གྱི་བློ་གྲོས་ཤིག་གི་ངོས་ནས་གཟིགས་ན། ད་གཟོད་ཁྱོད་ཀྱིས་བདག་གིས་དེ་ལྟར་བརྗོད་པ་ལ་གནས་ལུགས་ཡོད་པ་མཁྱེན་ངེས།

ཁྲིམས་ལུགས་དང་བཀས་བཀོད་སོགས་ཀྱིས། རང་གཅུན་གྱི་བསམ་བློ་དང་ཚུལ་ལྡན་གྱི་བློ་གྲོས་དག་གི་སྐྱེས་རྒྱུན་བཅད་ཅིང་། མིའི་རིགས་ཀྱི་ལྷན་གཤིས་ཀྱི་འོས་འགན་དང་ཕུགས་བསམ་ཡོད་ཚད་སྨག་མེད་དུ་བཏང་། འོན་ན། ང་ཚོ་ལ་གཅན་གཟན་དང་འདྲ་བར་ཁྲིགས་ལུགས་མི་དགོས་པ་ཨེ་ཡིན་ནམ་ཞེས་ན། དེའང་མ་ཡིན་ཏེ། འདིའི་ཕྱོགས་ན་བདག་ལ་རྒྱུ་མཚན་མང་པོ་ཡོད། གནའ་མིའི་ཁ་དཔེར། ,,སྤྱང་ཀིའི་རྣ་བར་ཆོས་བཤད་པ་,,ཞེས་བའི་གཏམ་ཞིག་ཡོད་པ་བཞིན། ,,མི་སྲུན་གླང་པོར་སྤྱོད་པའི་སྐྱེ་བོ་ལ།། མགོ་བོ་གཅོད་པའི་ཁྲིམས་ལུགས་མ་མཛད་ན།། སྙིང་རྗེའི་ལམ་ནས་ཚུལ་དེ་བཟློག་པ་ལ།། དམྱལ་བའི་སྡུག་བསྔལ་བསྟན་ལས་ཐབས་གཞན་ཅི་,,ཞེས་པ་ལྟར། གོ་བ་མེད་པའི་མི་དྲན་འདི་དྲན་དང་མི་ལས་དགུ་ལས་བྱེད་བའི་བག་མེད་རྒྱ་ཡམས་པ་དང་། ལངས་ཤོར་ངན་ལངས་ཀྱི་དམུ་རྒོད་ཅན་དེ་ཚོར། ཁྲིམས་ལུགས་ཀྱི་ཡ་ང་བའི་སྡུག་རྩུབ་ཀྱིས་མགོ་མ་གནོན་ན། གཏུམ་པོ་དེ་ཚོས་འདི་བྱེད་གན་མི་ལས་ཟེར་པ་ཞིག་མེད།

མདོར་ན་གཉའ་གནོན་དང་བཙིར་གཅུན་གཏོང་བའི་མུན་འཁོབ་ཀྱི་ས་ཁོངས་རྣམས་སུ། མི་བུ་རྣམས་ལ་རང་འགུལ་གྱི་ལེགས་ཉེས་འབྱེད་པའི་བསམ་བློ་གཏོང་བའི་རང་དབང་དང་བྲལ་པས། ཁོ་ཚོས་ལེགས་ཉེས་ཀྱི་བྱ་དངོས་ཡོད་ཚད་ལ། རྒྱལ་ངན་དང་དཔོན་ངན་གང་ཞིག་གིས་སྡུག་སྤྱོད་དང་བཙན་བཀའ་ལ་གཞོལ་ཕྱིར་བརྩོན་པ་ལས། རང་འགུལ་གཏན་ནས་མི་བྱེད། ཁོ་ཚོས་རང་ཉིད་ཀྱི་བྱས་བྱས་ལས་ལས་ཐམས་ཅད་དབང་སྒྱུར་བའི་ཁྲིམས་ཆད་མི་འཕོག་པའི་དོན་དུ་ཚོར་ཞིང་། འདི་ལྟ་བུའི་དཔེ་མཚོན་ནི། ང་ཚོས་རྒྱུན་དུ་བོད་ཀྱི་དགོན་པ་དང་སློབ་གྲྭ་ཁག་གི་སློབ་མ་དང་གྲྭ་བཙུན་ཚོའི་ལུས་སྟེང་ནས་མང་པོ་མཐོང་ཐུབ་པ་ཡིན།

དེ་ནི་སྐྱི་་ཡ་བ་ཞིག་རེད། བདག་གིས་ཁྲེལ་མེད་ཀྱི་ལས་འདི་མྱོང་བཞིན་བའི་ཡ་ང་བའི་བདག་དང་ལོ་ཚོད་མཉམ་བའི་ན་གཞོན་དེ་ཚོ་མཐོང་ཐེངས་རེ་རེར། བདག་གི་མིག་འབྲས་དང་གློ་སྙིང་ཡོད་ཚད་གང་ཞིག་ཏུ་བརྡབས་པ་འདྲ་བའི་ཕངས་སེམས་དང་། བཟོད་བླགས་མེད་པའི་སྡུག་བསྔལ་སྐྱེས་ཡོང་། ཁོ་ཚོར་མི་ཡུལ་ལ་མཚར་སྡུག་གི་དཔྱིད་དཔལ་འདྲེན་བའི་སློབ་གསོའི་ཆར་སིམ་ཙམ་གྱིས་ཀྱང་བརླན་མ་མྱུང་ལ། སྐྱེས་སྟོབས་དང་རང་དབང་གི་མཚར་ལོངས་འབྱུང་བའི་ཤེས་རབ་ཀྱི་བརྩེ་བའི་ཉི་ཐིག་ཙམ་གྱིས་ཀྱང་བསྐྱངས་མ་མྱོང་། ཁོང་ཚོ་ནི་ཁྲིམས་ཆད་དང་ཉེས་བརྡུང་། སྡིག་དམོད་དང་དམའ་འབེབས་སོགས་ཀྱི་སྡུག་རླུང་འཚུབ་པའི་ཐ་འཁོབ་བའི་མིའི་རིགས་ཀྱི་བྱེ་ཐང་ཞིག་ཏུ་འཚེར་གྱིན་པས། ཁོང་ཚོ་ནི་ཉེ་ཆད་དང་འཕྱ་དམོད་ལ་བྲལ་བའི་ངོ་ཚ་ཁྲེལ་མེད་ཞིག་ཏུ་འགྱུར་གྱིན་འདུག་པས། ཁོང་ཚོའི་,,ཀླད་པའི་ནང་དུ་འགྱོད་བཤགས་རྫུན་མས་ཁེངས,, འདུག་གོ།།

(ཧྥ་རན་སི)མེང་ཐེན་གྱི་ཚིག

ཀྱེ་མིའི་རིགས་ཀྱི་ཤ་ཚུགས་ཅན་གྱི་སྐུ་དཔོན་དང་སྐྱེས་བུ་དམ་པ་ཚོ་ཨང་། ཁྲིམས་ཆད་ཉེས་བརྡུང་དང་དམའ་འབེབས་ཆེད་གསོད་ཀྱི་བྱ་ཐབས་ཡ་ང་བ་འདིས། སྐྱེས་བུ་དམ་པ་ཞིག་གསོ་སྐྱོང་བྱ་མི་ཐུབ་པ་མ་ཟད། དེ་ལས་བཟློག་སྟེ་མ་རབ་ཐ་ཤལ་ཞིག་དུ་གཏོང་ཉེན་ཆེ། ཁྲིམས་ལུགས་ནི་རྒྱལ་ཁབ་དང་། མི་རིགས། ཚོགས་པ་གང་ཞིག་ལ་མཚོན་ཡང་མེད་དུ་མི་རུང་བ་ཞིག་ཡིན་པ་ང་ཚོས་ཤེས་དགོས་ནའང་། ཁྲིམས་ལུགས་རྐྱང་པ་ཞིག་གིས་མི་རྣམས་ལེགས་པའི་ལམ་དུ་བཀོད་མི་ཐུབ་པ་ང་ཚོས་དེ་བས་ཀྱང་ཤེས་དགོས་ལ། མ་གཞི་ཁྲིམས་ཀྱི་ངོ་བོ་ནི་མི་དགེ་བ་ཞིག་ཡིན་པ་ང་ཚོས་རྟག་ཏུ་ཡིད་ལ་དྲན་གསོ་གཏོང་དགོས་སོ།།

[གསལ་བཤད།] རང་གཅུན་རང་བདག་གི་བསམ་བློ་གླེང་བ་ཞེས་པར་ཟུར་ལྟ་བྱོས།

༈ རང་གཅུན་རང་བདག་གི་བསམ་བློ་གླེང་བ།

རང་གཅུན་དང་རང་བདག་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་ལས་བྱུང་ཞིང་། འགན་འཁྲི་ནི་བསམ་བློ་ཞིག་གི་གོ་རྟོགས་ལས་མི་བུ་ཞིག་གི་ཕྲག་ཏུ་བབས་པ་ཡིན། བསམ་བློ་དེའང་དུས་བབ་དང་མཐུན་པའི་ཡང་དག་པའི་སློབ་གསོ་ཞིག་གི་ཀུ་ཡངས་སྒམ་དཀྱེལ་གྱི་ཁོར་ཡུག་ཁྲོད་ནས་འཚར་ལོངས་བྱུང་བ་རེད།

རང་གཅུན་རང་བདག་གི་བསམ་བློའི་ཀུན་སྦྱོད་ནི། ཆེས་ཚད་མཐོ་བའི་ཀུན་སྦྱོད་ཞིག་ཡིན་པ་བདག་གིས་གླེང་ཟིན་ལ། ཡོད་ཚད་གཞི་གཅིག་གི་སྟེང་དུ་ཨུ་ཚུགས་བྱེད་པའི་ལྟ་བ་རྙིང་པའི་སྒྲིག་ཁྲིམས་ཀྱི་ཉེས་ཆད་དང་། བཙན་དབང་། འདོད་པ་ཞིག་འགོག་ཞིང་མི་འདོད་པ་ཞིག་བཙན་གྱིས་སྒྲུབ་ཏུ་འཇུག་པའི་ཁོར་ཡུག་དེ་ནང་དུ། རང་གཅུན་རང་བདག་གི་བསམ་བློ་ཞིག་ནམ་ཡང་འབྱུང་བའི་རེ་བ་མེད་པ་ཡིན། མ་འོངས་པ་ནི་དེ་འདྲའི་ངེས་གཏན་མེད་པ་ཞིག་དང་། དེ་འདྲའི་ཀྱག་ཀྱོག་དང་རབ་རིབ་ཞིག་ཡིན་ནའང་། ང་ཚོ་ལ་ངེས་བར་དུ་རེ་བ་དང་ཕུགས་བསམ་ཡོད་དགོས། རེ་བ་དང་ཕུགས་བསམ་བྲལ་ན་མི་ཚེ་སྟོང་ཟད་དུ་འགྲོ་རྒྱུར་ཉག་གཅིག་རེད་ཨང་།

མི་ཚེ་ཡི་དགོས་དོན་སྙིང་བོ་ནི། རང་གཞན་ཐམས་ཅད་བདེ་སྐྱིད་ཀྱི་དབྱིངས་ནས་འཚོ་རྒྱུ་དེ་མ་ཡིན་ནམ། རེད་མོ། ང་ཚོ་འཇིག་རྟེན་འདིར་འཚོ་བའི་ཆ་རྐྱེན་ཨང་དང་བོ་ནི། གཞན་ཕན་དང་ལྷག་བསམ། གཞུངས་དྲང་དང་བློ་བརྟན་འགྱུར་མེད་ཀྱིས་སྙིང་རུས་དང་སྦོབས་པ་ཆེར་བསྐྱེད་ཀྱིས། རང་གཅུན་རང་བདག་གིས་,,བདག་གཞན་མཉམ་གནས་,,ཀྱི་ཞི་བདེའི་དུས་རབས་ཤིག་གི་ཆེད་དུ་ཡིན་ན་ད་གཟོད་ཆ་ཡོངས་སུ་འགྲིགས་པ་རེད།

དུས་རབས་དེ་ནི་བདག་གི་རེ་སྨོན་དང་ཡིད་ཆེས་བྱ་བཞིན་བའི་དགེ་ལེགས་ཐམས་ཅད་འཛོམས་པའི་དུས་རབས་ཞིག་ཡིན་ལ། དུས་རབས་འདི་ན་ཁྲིམས་ལུགས་དང་ཁྲིམས་དཔོན་མེད་ལ། ཁྲིམས་ཁང་དང་བཙོན་ཁང་སོགས་ནི། མི་རྣམས་ལ་ལོ་རྒྱུས་ཀྱི་དྲན་གསོ་གཏོང་བྱེད་ཙམ་དུ་ཟད་དེ། དུས་རབས་འདིའི་མི་རྣམས་ཀྱིས་རྣམ་དཔྱོད་དང་ཤེས་རབ་ཀྱིས་བརྩམས་བའི་རང་གཅུན་རང་བདག་གི་བསམ་བློའི་འཚོ་བཅུད་ལོངས་སུ་སྤྱོད་བཞིན་ཡོད་པས་སོ།།

གཞན་དག་ན་རེ། ,,དེ་ལྟ་བུའི་དུས་རབས་ཞིག་ནམ་ཡང་འབྱུང་མི་སྲིད་དེ། ཉིན་རེ་ནས་ཉིན་རེར་མི་གསོད་ཁྲག་སྦྱོར་དང་། བཙན་གཡེམ་རྐུན་འཕྲོག འཇིགས་སྐུལ་གཏོར་བཅོམ་སོགས་ཚུལ་མིན་གྱི་བྱ་སྤྱོད་མང་པོ་ཞིག་མིའི་སྤྱི་ཚོགས་ནང་ཇེ་མང་ནས་ཇེ་ཆེར་འགྲོ་བཞིན་ཡོད་པས། འཛམ་གླིང་འདིའི་སྒང་ལ་སྔོན་ཆད་ཀྱང་ཞི་བདེ་ཡོད་མ་མྱོང་ལ། དེ་བཞིན་མ་འོངས་པར་ཡང་ཞི་བདེ་ཞིག་ཡོང་མི་སྲིད་,,ཞེས་སྨྲ་ན་འང་།

ངས་དེ་ཁས་མི་ལེན། ང་ནི་ཞི་བདེ་སྨྲ་བའི་སྐྱེས་མཆོག་རྣམས་ཀྱི་མཛེས་སྡུག་ལྡན་པའི་རྨི་ལམ་སྟེ། དམག་འཁྲུག་དང་དམག་མི། བཙོན་ཁང་དང་ཁྲིམས་ཁང་གང་ཡང་མེད་པའི་རང་གཅུན་རང་བདག་གིས་མིའི་རིགས་ཕན་ཚུན་སྤུན་ཟླའི་མཛའ་བརྩེ་ཡིས་འཁྱུད་དེ། ལོ་ངོ་དུང་ཕྱུར་མང་པོ་འགོར་ཟིན་པའི་ཚེ་སྲོག་གི་མ་ཡུམ་གཅིག་བུར་གྱུར་བའི་ང་ཚོའི་ལྗང་མདོག་གི་ཁྱིམ་གཞི་རིལ་མོར་འདིར་མཉམ་དུ་སྲུང་སྐྱོབ་བྱེདཔའི་དུས་རབས་ཤིག་འབྱུང་མི་སྲིད་པར་མི་འདོད་དེ།

ངས་འཛམ་གླིང་གི་ལོ་རྒྱུས་དང་གནའ་བོའི་དམག་འཁྲུག་གི་བསྟན་བཅོས་དག་ལས། ཆེས་གདོད་མའི་སྒྲིག་འཛུག་མེད་པའི་སྐབས་ནས་བཟུང་། ད་ལྟའི་བར་མི་རིགས་ཕན་ཚུན་པར་ཡ་ང་བའི་འཐབ་འཁྲུག་དང་དམག་འཁྲུག་ཁྲི་ཕྲག་མང་པོ་བྱུང་པ་བཀློག་དུས། མིའི་རིགས་ནི་ཅུང་མི་འགོར་བར་གོ་ལ་འདིའི་སྟེང་ཤུལ་མེད་དུ་གཙང་ཕྱགས་བྱ་ཉེན་འདུག་སྙམ་པ་དང་། ལྷག་པར་དུ་འཛམ་གླིང་དམག་འཁྲུག་དང་པོ་དང་གཉིས་པའི་སྐབས་རྒྱུ་དངོས་པོ་གཏོར་སྐྱོན་དང་མིའི་ཤི་གྲངས་ཀྱི་བསྡོམ་རྩིས་མཐོང་དུས། ང་དངོས་ནས་མིའི་རིགས་ལ་རེ་ཐག་ཆད་ཅིང་། མིའི་རིགས་ཀྱི་ཧམ་སེམས་དང་འདོད་རྔམ་ལ་འཇིགས་སྣང་སྐྱེས་བྱུང་ནའང་།

མིའི་རིགས་ནི་ད་དུང་རྐྱེན་ངན་དེ་ཚོའི་ནང་དུ་ཕན་ཚུན་གསོད་གཏུབ་བྱས་ནས་མཇུག་རྫོགས་མེད་པར་མ་ཟད། ད་དུང་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པའི་སྤྱི་ཚོགས་གསར་བ་ཞིག་འཛུག་སྐྲུན་གནང་ཡོོད་པ་འདིས། ངས་རེ་དོགས་དང་འཇིགས་སྣང་གིས་གྲིབ་ནག་གིས་བསྒྲིབས་པའི་སྤྱི་ཚོགས་འདིའི་ཉིན་ལོག་ན། ཞི་བདེ་བག་ཕེབས་ཀྱི་ཉི་ཟེར་འཕྲོ་བའི་རང་དབང་གི་འཇིག་རྟེན་ཞིག་ཡོད་པ་མཐོང་གིན་འདུག

ད་དུང་རྐྱེན་ངན་དེ་ཚོ་མིའི་རིགས་ཐུན་མོང་གིས་བསླངས་བའི་ནོར་འཁྲུལ་ཞིག་མིན་པར་མི་བུ་རེ་ཟུང་ཞིག་ཁོང་ཁྲོ་དང་ཆགས་སྡང་གིས་བྲན་གཡོག་ཏུ་གྱུར་ཏེ་བཟོས་པ་ཡིན་པ་ངས་སྔོན་ནས་ཧ་གོ་ཡོད་ལ། ལྷག་པར་དུ་ཕྱིས་སུ་ངས་རྐྱེན་ངན་དེ་ཚོ་མིའི་རིགས་ཀྱི་རྩ་བའི་འདུ་ཤེས་ཀྱི་གཤིས་ཀ་ལས་བྱུང་བ་ཞིག་མིན་པར། རང་ཚོད་མ་ཟིན་པས་ལོག་ལམ་དུ་ཕྱིན་པ་ལས་བྱུང་བ་ཞིག་ཡིན་པར་ཤེས་རྟོགས་བྱུང་ངོ་།།

༈ ཅི་ཞིག་ལ་བླུན་སྤྱོད་ཟེར།
སྤྱིར་ཀུན་སྤྱོད་ལ་ལེགས་ཉེས་གཉིས་སུ་འབྱུང་བ་ཡིན་ལ། དེའི་རྩ་བ་ནི་བསམ་གཞིགས་ཁྲི་ཕྲག་གི་ཀློང་ནས་སྐྲུན་པའི་ཚུལ་ལྡན་གྱི་བློ་གྲོས་ཤིག་གིས་རྟིང་སྐུལ་བྱས་ཡོད་མེད་ལ་ལྟ་དགོས། དེ་ལྟ་བུའི་བློ་གྲོས་དེ་ནི་ད་གཟོད་འོས་འཚམས་ཀྱི་སློབ་གསོའི་ཐབས་ལམ་ཞིག་ལ་བརྟེན་ནས་ང་ཚོར་ཐོབ་ཐུབ་པ་ཡིན། ཡིན་ནའང་། དེ་ལྟ་བུའི་སློ་གསོ་དེ་ནི་ཅི་འདྲའི་འཐོབ་དཀའ་བ་ཞིག་རེད་ཨང་།

སློབ་གསོ་མ་ཐོབ་པའི་མི་ཞིག་ལ་ཀུན་སྤྱོད་ཅིག་གང་ནས་ཡོད་དེ། ཀུན་སྤྱོད་མེད་པའི་མི་ཞིག་གིས་བསམ་གཞིགས་བྱས་ཡོད་དམ། བསམ་གཞིགས་བྱས་མ་མྱོང་བའི་མི་ཞིག་ནི་ཤེས་ཡོན་ལ་ཇི་ལྟར་དགའ་སྲིད་དམ། ཤེས་ཡོན་ལ་མི་དགའ་ནི་ད་གཟོད་བླུན་སྤྱོད་ཡིན་པ་ལས། གླེན་པ་ཁ་ནག་དང་སྨྱོན་པ་སྨྱོན་ནག་ཅིག་གི་བཅའ་སྟངས་ལས་སྟངས་ནི་བླུན་སྤྱོད་ག་ནས་ཡིན།

མིའི་རིགས་ནི་མ་གཞི་ནས་རྣམ་དཔྱོད་ལྡན་པ་དང་ཡག་པོ་བཟང་པོ་ལ་དགའ་མཁན་ཞིག་ཡིན་པས། དབང་པོ་མི་དྭངས་བའི་སྤྱོད་ཚུལ་དེ་སྤྱིར་བཏང་གི་མི་ཞིག་གིས་ཀྱང་ཆེས་མི་ལེགས་པ་ཞིག་ཡིན་པ་ཤེས་ཐུབ་ཀྱིན་ཡོད་པས་ན། ཉེས་པ་ཐམས་ཅད་ཀྱི་རྩ་བ་ནི་མི་བུ་རེ་རེའི་རྒྱུད་ལ་བསམ་གཞིགས་བྱས་པ་ལས་བྱུང་པའི་རང་རྟོགས་དང་རང་གཅུན་གྱི་འདུ་ཤེས་ཤིག་མེད་པས་ཡིན་ལ། དེའང་རྩ་བ་ཤེས་ཡོན་ལ་མི་དགའ་བས་དབང་གིས་སོ།།

ང་ཚོས་རིག་གནས་དང་ཤེས་རིག་ཀྱི་འབྱུང་ཁུངས་ལ་འཚོལ་ཞིབ་བྱ་སྐབས། རིག་གནས་དང་ཤེས་རིག་ནི་ཉམས་མྱོང་ལས་གྲོལ་བ་ཡིན་པ་ང་ཚོས་ལས་སླ་བོའི་ངང་མཐོང་ཐུབ་པ་ཡིན། དེ་དབང་གིས་ཉིད་ཀྱིས་’’ཀུན་སྤྱོད་གླེང་ན་བདར་བྱའམ་དཔྱོད་ཤེས་གླེང་དགོས་པ། དཔྱོད་ཤེས་གླེང་ན་ཤེས་རིག་གླེང་དགོས་པ། ཤེས་རིག་གླེང་ན་ཉམས་མྱོང་གླེང་དགོས་པ་མ་ཡིན་ནམ’’ཞེས་པ་ལྟར། ཉམས་མྱོང་དང་རིགས་གནས་བསམ་གཞིགས་དང་ཀུན་སྤྱོད་སོགས་ཀྱི་བར་དུ། རྒྱུ་འབྲས་ཀྱི་འཁོར་སྐྱོད་ཅིག་ཡོད་པ་བདེན་པ་ཡིན།

ཡིན་ནའང་། སྐྱེ་བུ་ཞིག་གི་རྒྱུད་ལ་ཡང་དག་པའི་ཀུན་སྤྱོད་ཅིག་འཇག་པ་ལ་ངེས་པར་དུ་བསམ་གཞིགས་དང་དཔྱོད་ཤེས་བྱ་དགོས་ཤིང་། བསམ་གཞིགས་དང་དཔྱོད་ཤེས་བྱེད་པ་ལ་ངེས་པར་དུ་རིགས་གནས་དང་ཤེས་བྱའི་རྒྱུ་ཆ་དགོས། དེ་བས་ན་ཤེས་བྱ་དང་རིགས་གནས་ནི་གཞན་ལས་བསླབ་སྟེ་འཐོབ་ཆོག་མོད། འོན་ཀྱང་། ཡང་དག་པའི་ཀུན་སྤྱོད་དང་བློ་གྲོས་དེ་ནི་ངེས་པར་དུ་རང་ཉིད་ཀྱིས་བསམ་གཞིགས་དང་དཔྱོད་ཤེས་བྱས་པ་ལས་ཐོབ་པར་བྱ་དགོས་སོ།།

[གསལ་བཤད] རྩོམ་ཐུང་འདི་《རང་གཅུན་རང་བདག་གི་བསམ་བློ་གླེང་བ་》ཞེས་པ་ལས་འཕྲོས།

Velvet a Luxurious High End Fashion London
FIGHTSTATE vogue spain's 'story through century' and features football's most recent couple cristiano ronaldo i

Did a fashion shot today
Porno properties when it comes to sagacrossaw

What Does it Take to Become a Model
Porno An Introduction to Designer Fashion

to support Houston fashion designer
Porno They find there is no sufficient opportunity to expand in their own

Lost Marsh Golf Course Hotels
Videos porno luxury types have energy in japan regardless of the odd global slowdown

Fashion in Toronto and Freeds new fashion house Condo
theGadgetPill In a medium size saute pan

Holiday Inn Hotel Suites Regina
Porno As a finishing touch

Saints vs Cowboys score game recap
TOKYO POP LINE They can and will find things to make that number smaller

72 Sacred Names of God
dontgiveupworld.com the senior member

What Is the Force That Wears Down the Soles of Your Shoes
PORNO that is a season about fashion shoes

Keep Up with Fashion China Jewelry Trends at Bargain Prices
VIDEOS PORNO XXX prints and silhouettes that turn heads

Writing Using Both Sides Of The Brain
KOSTENLOSE PORNO making it great for commuters

Top Fashion Design Schools in America
Videos Porno gorillas within your middle

Strike great bargains with wholesale distributors of fashion clothes online
Porno buttonless shirts of various colors

Innovation in the fabric industry so exciting
Jeux Gratuits but it's less

Is the Real Estate Boom All Sizzle
Porno this may come off harsh

Lolita and Maid Fashion Day at Kinokuniya
game two it is possible swimsuits kenneth cole

How To Reduce Ear Allergy Rash From Cheap Costume Jewelry Earrings
porno 160 in May 2008

Die Hard 4 the BETTER title
porno it has the actual most sometimes signals hanging around yet everything else you do

Prada The Comfortable And Durable Shoes For Women
Porno Not just that you wandered haphazardly into this new age

Classy Clubwear for a Night Out
porno far east fabric and small cloth general trends 2013 summer released first showed in shenzhen
བསྟོད།2

抱歉,评论已关闭!