རང་མོས་སྙན་ངག་གི་ཕྱོགས་ནས་རོབ་ཙམ་གླེང་བ།

རྩེ་སྐར

སྤྱིའི་ཆ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འདིར་རྩོལ་སྒྲུབ་ཀྱི་རིག་གནས་གང་དང་གང་ཞིག་ཡིན་ན་དེ་ལ་ཐོག་མའི་སྲོལ་གསར་དུ་བཏོད་མཁན་ཞིག་ཅིས་ཀྱང་ཡོད་ཅེས་བཤད་ཆོག དེ་བས་ན་སྙན་ངག་གསར་པའམ་རང་མོས་སྙན་ངག་གི་སྲོལ་བཏོད་མཁན་ནི་ཨ་མེ་རི་ཁའི་སྙན་ངག་པ་གྲགས་ཆེན་ཝོད་ཝེས་ཊི་མན་(walt whiteman)ཟེར་བ་དེ་ཡིན་ཞིང༌། ཁོང་གིས་དུས་མཚམས་དེར་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དངོས་ལ་རྟོག་གཞིགས་ཟབ་མོས་བྲན་གཡོག་ལམ་ལུགས་ཀྱི་གདོང་ནས་འགྲེང་སྟེ། མང་གཙོར་ཕྱོགས་པའི་རྟོགས་སད་ཀྱི་བསམ་བློ་གསར་པ་ཞིག་འཁྱེར་ཏེ། རང་གི་ཚོར་རྟོག་དང་རྣམ་དཔྱོད་ཀྱིས་བརྩམས་གནང་བའི་སྙན་དེབ་<<རྩྭ་ལོ་ཕྱོགས་བསྒྲིགས་>>ཞེས་པ་པར་བསྐྲུན་བྱས་པ་ནས་ཨ་མེ་རི་ཁའི་གནའ་སྲོལ་རྩོམ་རིག་གི་གར་སྟེགས་སྟེང་སྙན་ངག་གསར་པའི་མྱུ་གུ་འབུས་མགོ་ཚུགས།

སྤྱིར་སྲོལ་རྒྱུན་ལ་མོས་པ་ཆེ་ས་ནས་གསར་གཏོད་གྱི་དགོས་པ་མ་རྟོགས་པར་དགག་སྒྲུབ་བྱེད་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཚང་མར་མངའ་བའི་སྤྱི་འགྲོས་སམ་ཆོས་ཉིད་ལྟ་བུ་ཞིག་ཡིན། དེར་བརྟེན་ཝེས་ཊི་མཱན་གྱིས་རང་མོས་སྙན་ངག་ཐོག་མར་སྲོལ་བཏོད་པ་དང་མི་མང་པོ་ཞིག་ཁ་གཏད་ནས་ལངས་ཏེ་ངོ་རྒོལ་གྱིས་དགག་པའང་བརྒྱབ་ཡོད་སྐད། ཡིན་ནའང་སྤྱི་ཚོགས་ཀྱི་གནས་བབ་དུས་རབས་གསར་པར་ཕྱོགས་པའི་འགྲོས་དང་བསྟུན་སྙན་ངག་གསར་པའི་འཕེལ་རྒྱས་ལ་བར་བགེགས་ཅི་ཡང་མེད་པར། ཨ་རི་ཙམ་མ་ཟད་འཛམ་གླིང་གི་རྩོམ་རིག་གར་སྟེགས་སྟེང་གོ་གནས་གལ་ཆེན་ཞིག་བཟུང་སྟེ་མུ་མཐུད་དུ་གནས་ཐུབ་བྱུང་ཡོད།

དེ་ལ་རང་མོས་སྙན་ངག་ནི་རང་ཅག་བོད་དུ་ལོ་རབས་བརྒྱད་ཅུ་པའི་ནང་དོན་གྲུབ་རྒྱལ་གྱིས་<<ལང་ཚོའི་རྦབ་ཆུ་>>བརྩམས་པ་ནས་གསར་དུ་དར་སྤེལ་བྱུང་བ་ཞིག་ལ་དེང་རབས་རྩོམ་རིག་སྨྲ་བ་ཚང་མས་ངོས་འཛིན་གནང་གིན་ཡོད་ལ། དུས་དེ་མཚམས་ནས་མང་པོ་ཞིག་གིས་ལང་ཚོའི་རྦབ་ཆུ་ལ་ལད་བཟླས་བྱས་ཏེ་རང་མོས་སྙན་ངག་འབྲི་བའི་མགོ་བརྩམས་ཤིང༌། ད་ལྟའི་བར་དུ་རང་མོས་སྙན་ངག་འཕེལ་འགྱུར་གྱི་སྒོ་ནས་རང་རེའི་སྤྱི་ཚོགས་ཁྲོད་རྩོམ་ལུས་བྱེ་བྲག་པ་ཞིག་གི་སྟེགས་བུ་བཟུང་ནས་ཡོད།

ཡིན་ནའང་དོན་གྲུབ་རྒྱལ་གྱིས་ནུབ་ཕྱོགས་སུ་དར་བའི་སྙན་ངག་གསར་པའི་རྩོམ་གཤིས་སམ་རྩོམ་སྟངས་ལྟར་ཆུ་ལ་ཆུ་བཞག་གིས་རང་རེ་བོད་དུ་རང་མོས་སྙན་ངག་གི་སྲོལ་བཏོད་པ་ཞིག་མ་ཡིན་པར། སྙན་ངག་གསར་པའི་སྲོལ་འབྱེད་པ་ཝེས་ཊི་མན་གྱི་སྙན་ངག་གསར་པའི་རྩོམ་ཐབས་ཀྱི་རྒྱུན་རྒྱ་ནག་ནང་ལྔ་བཞིའི་ལས་འགུལ་གྱི་རྗེས་ཙམ་ནས་༼སྙན་ངག་པ་ཀའོ་མོ་རོ་ཡིས་བརྩམས་པའི་ལྷ་མོ་ཞེས་པའི་སྙན་རྩོམ་དེ་རང་མོས་སྙན་ངག་གི་ཐོག་མའམ་འཐུས་ཚབ་སྙན་ངག་ཡིན་ཟེར་༽རྒྱའི་སྐད་ཡིག་ཐོག་དར་སྤེལ་འཕེལ་རྒྱས་བྱུང་ཡོད་པའི་ཤུགས་རྐྱེན་འོག་དོན་གྲུབ་རྒྱལ་གྱིས་ལད་འབྲིའི་ཚུལ་དུ་<<ལང་ཚོའི་རྦབ་ཆུ་>>བོད་རང་སྐད་སྟེང་ཐོག་མར་བརྩམས་ཤིང༌། སྐབས་དེ་ཙམ་ནས་རང་རེ་བོད་དུའང་མི་རིགས་རང་གི་སྐད་ཡིག་ཐོག་རང་མོས་སྙན་ངག་འབྲི་རྩོམ་གྱི་སྲོལ་དར་སྤེལ་བྱུང་བ་ཞིག་ཡིན།

ཡིན་ནའང་བོད་རང་གི་ངོས་ནས་བཤད་ན་རང་མོས་སྙན་ངག་གི་གཞུང་ལུགས་ལྟ་བུ་ཞིག་ངོས་འཛིན་རྒྱུ་མེད་པས་ན། རང་མོས་སྙན་ངག་ནི་འདི་ལྟ་བུ་ཞིག་ཡིན་ཞེས་སུས་ཀྱང་ཚིག་གཏན་འཁེལ་བའི་སྒོ་ནས་རང་མོས་སྙན་ངག་གི་ངོ་བོ་དངོས་ཀྱི་རང་བཞིན་བཅས་ཁ་ཚོན་བཅད་དེ་བཤད་མི་ཐུབ་མོད། འོན་ཀྱང་རང་མོས་སྙན་ངག་ལའང་རང་གྲུབ་ཀྱི་ངོ་བོ་ཞིག་ནི་ཅིས་ཀྱང་ཡོད་དགོས་པ་དང་ཡོད་ངེས་པས་ན། ང་ཚོས་མི་བཏུབ་པའི་ཨམ་གཙིགས་བསྡམས་ནས་འདུག་རྒྱུ་མ་ཡིན་པར། ད་ཆ་རང་མོས་སྙན་ངག་ནི་འུ་ཅག་ཚོའི་རྩོམ་རིག་གི་བྱེ་བྲག་ཅིག་ཏུ་གྱུར་ཚར་ནས་ཡོད་པ་འདི་བཞིན་རང་མོས་སྙན་གི་གྲུབ་དོན་རང་བཞིན་འཚོལ་ཞིབ་སྒོས་གཞུང་ལུགས་ལྟ་བུའི་སྒྲིག་འཛུགས་ཤིག་ངེས་པར་དུ་གཏན་འབེབས་བྱེད་དགོས་པར་འདོད།།

སྤྱིར་རྩོམ་ལུས་བྱེ་བྲག་པ་གང་ཞིག་གི་རྩ་བའི་གྲུབ་སྟངས་ལ་དཔག་ཅིང་གཞིགས་ན། རྩོམ་གྱི་ངོ་བོ་སོགས་གཤིས་ལུགས་རང་བཞིན་གྱི་ཆ་དང་ཇི་བཞིན་སྡོད་ལུགས་དེ་ཕལ་ཆེར་ངེས་རྟོགས་ཐུབ་པའི་ཚོད་དུ་ཡོད། དེ་བཞིན་རང་མོས་སྙན་ངག་ལ་མཚོན་ནའང་རྩ་བའི་ཆ་ནས་རྩོམ་གཤིས་ཀྱི་དབྱངས་འགྲོས་རང་དབང་གིས་ངག་ལ་གྱེར་ཞིང་འདོན་པར་འོས་པའི་འགྱུར་ཉམས་དང་ལྡན་པའི་ཚིག་འགྲོས་ཀྱི་ཀློང་དུ་མངོན་འདུག་པ་དང༌། དེ་བཞིན་རྩོམ་ལུས་ཀྱི་ཆ་ནས་ཀྱང་རང་དབང་ངམ་རང་མོས་ཅན་ཞིག་ཏུ་སྣང༌ངོ་།། རང་མོས་རང་དབང་ཅན་ཟེར་བ་ནི་རང་མོས་སྙན་ངག་གི་རྗོད་བྱེད་ཚིག་ལ་སྒྲིག་འཛུགས་མེད་པར་དོ་མི་མཉམ་པའི་ཚུལ་དུ་བྱུང་རྒྱལ་ལམ་རང་དབང་གིས་གླེང་ཆོག་པ་ཞིག་ལ་གོ་བ་ལེན་རྒྱུ་མ་ཡིན། རང་མོས་སྙན་ངག་གི་བརྗོད་བྱེད་ཚིག་འགྲོས་ལ་བརྗོད་བྱའི་དོན་དང་བསྟུན་པའི་གདངས་དབྱངས་ཀྱི་འདེགས་འཇོག་སོགས་ཆ་ཐམས་ཅད་ནས་ངེས་གཏན་གྱི་སྒྲིག་འཛུགས་ཡོད་དགོས་སོ།།

རང་མོས་སྙན་ངག་རང་རེ་བོད་སྤྱི་ཚོགས་ནང་དར་སྤེལ་བྱུང་ནས་ལོ་ངོ་དེ་འདྲའི་མང་པོ་ཞིག་འགོར་མེད་ནའང༌། རང་མོས་སྙན་ངག་ནི་ཆར་ཤུལ་གྱི་ཤ་མོ་བཞིན་སྐྱེ་སྟོབས་འཕེལ་ཞིང་གྲགས་པ་རྒྱས་ཏེ། སྙན་ངག་ལ་མོས་པའི་ན་གཞོན་མང་པོ་ཞིག་གིས་རང་མོས་སྙན་ངག་འབྲི་བ་དང་གྱེར་བ་ལ་དགའ་ཞེན་གྱི་སྤྱོད་སྒོའི་ལག་ལེན་ནི་སྲོལ་རྒྱུན་སྙན་ངག་ལ་བལྟས་ནའང་ཅུང་ཐོད་བརྒལ་ལྟ་བུ་ཞིག་ཆགས་ཡོད་མོད། འོན་ཀྱང་རང་མོས་སྙན་ངག་གི་ངོ་བོ་དངོས་དང་གྲུབ་དོན་ཚང་བ་ཞིག་འབྲི་ཤེས་མཁན་ནི་ཆེས་ཉུང་ཉུང་ཞིག་ལས་མེད་པ་དང༌། མང་པོ་ཞིག་གིས་རང་མོས་སྙན་ངག་ཡིན་ཚོད་ཀྱི་ཞེན་པས་ཚིག་རྐང་དོ་མི་མཉམ་ཞིང་ཚིག་གི་སྦྱོར་སྡེབ་བརྗོད་མི་བདེ་པ་འགའ་རེ་བཙན་ཚུགས་ཀྱིས་བྲིས་ཏེ་རང་མོས་སྙན་ངག་ཏུ་རློམ་ནས་འུར་འདྲོགས་ལངས་བཞིན་ཡོད།

གལ་ཏེ་རང་མོས་སྙན་ངག་ཚད་ཐུབ་ཅིག་འབྲི་ཤེས་ཡོད་པའི་དབང་དུ་བཏང་ནའང༌། དེ་ལ་དཔག་པའི་ཀློག་པ་པོ་ཚོའི་ཁྲོད་དུའང་རང་མོས་སྙན་ངག་ལ་ཡོད་པའི་སྒྱུ་རྩལ་མཛེས་རྟོག་གི་གསེང་ལ་འཛུལ་ནས་རོལ་མྱོང་བྱེད་ཤེས་མཁན་ཧ་ཅང་གི་དཀོན་པོ་རེད། དེར་བརྟེན་སྲོལ་རྒྱུན་ལ་མོས་པ་མང་པོ་ཞིག་གིས་རང་མོས་སྙན་ངག་ལ་རྒྱུས་ལོན་དང་རོལ་མྱོང་བྱེད་པའི་བློ་སེམས་འཁོར་མ་ཐུབ་པའམ་མི་འདོད་པར་རྒྱང་དུ་བཀྱེད་ནས་རང་མོས་སྙན་ངག་ལ་(སྙན་ངག་རྐང་ཆག་མ་)ཞེས་པ་སོགས་འཕྱ་སྨོད་ཀྱི་ཚིག་གིས་སྡིགས་ར་དང་ལེབ་རྡུང་བྱས་ཏེ། ཁོ་བ་ཚོའི་ངོས་ནས་ཀྱང་ཚིག་རྐང་དོ་མི་མཉམ་པར་གང་བྲིས་པ་ཐམས་ཅད་པོ་རང་མོས་སྙན་ངག་ཏུ་རྩིས་འདུག དེ་ནི་ཁོ་བོས་གོང་སྨྲས་བཞིན་རང་མོས་སྙན་ངག་ལ་གཞུང་ལུགས་ལྟ་བུའི་ངེས་གཏན་གྱི་སྒྲིག་འཛུགས་ཤིག་མེད་སྟབས། རྩོམ་མཁན་དང་ཀློག་མཁན་གཉིས་ཀྱི་ངོས་ནས་རང་མོས་སྙན་ངག་གི་ངོ་བོ་དང༌། གྲུབ་སྟངས། གཤིས་ལུགས་སོགས་ལ་རྒྱུས་ལོན་རྟོག་ཞིབ་མ་ཐུབ་པའི་སྐྱོན་ཉེས་སུ་འཁུམས།

དེང་རབས་ཀྱི་ན་གཞོན་མང་པོ་ཞིག་སྲོལ་རྒྱུན་སྙན་ངག་ལས་རང་མོས་སྙན་ངག་འབྲི་བ་དང་གྱེར་འདོན་བྱེད་པར་སྤྲོ་བ་ཡོད་པ་འདི་ནི་རྒྱུ་མཚན་ཅི་ཞིག་གིས་ཡིན་ནམ་ཟེར་ན། ང་ཚོའི་སྲོལ་རྒྱུན་སྙན་ངག་དང་བསྡུར་ན་རང་མོས་སྙན་ངག་རང་སྟེང་ལ་ཚང་དགོས་པའམ་གྲུབ་དགོས་པའི་ཁྱད་ཆོས་སམ་སྒྱུ་རྩལ་གྱི་འགུག་ཤུགས་ཤིག་གི་ནུས་པའི་ཆ་ནས་ཡིན་ལ། སྒྱུ་རྩལ་གྱི་སྣང་ཆ་དེ་ང་ཚོས་རི་མོའི་མཛེས་རྩལ་སྣང་བརྙན་ཇི་བཞིན་མངོན་གྱུར་གྱི་ཚུལ་དུ་མིག་གིས་མཐོང་ཐུབ་པ་ཞིག་མ་ཡིན་པར། རང་མོས་སྙན་ངག་གྱེར་བ་དང་ཀློག་ལ་ཞུགས་པའི་རོལ་མྱོང་གི་བར་གསེང་ནས་ང་ཚོའི་ཡིད་སེམས་ལ་གཡོ་འགུལ་སློང་བའི་ཚོར་རྟོག་ཁྱད་པར་བ་ཞིག་སྤྲོད་ཀྱི་ཡོད།

འོ་ན་རང་མོས་སྙན་ངག་གི་སྒྱུ་རྩལ་འགུག་ཤུགས་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། སྤྱིར་སྙན་ངག་ནི་སྐད་ཆ་དང་རོ་གཅིག་ཏུ་གྱུར་ཡོད་སྟབས། རང་མོས་སྙན་ངག་ལ་མཚོན་ནའང་སྐད་ཆའི་འགྲོས་དང་དཀྱུས་གཅིག་ཏུ་གྲུབ་པའི་རོལ་དབྱངས་རང་བཞིན་གྱི་འགུགས་ཤུགས་ཁྱད་པར་ཞིག་ཡོད་ལ། ཁོ་བོས་བསམ་ན་སྐད་འགྲོས་ཀྱི་རོལ་དབྱངས་རང་བཞིན་དེ་རྩོམ་རིག་གཞན་དང་བསྡུར་ནའང་རང་མོས་སྙན་ངག་གི་སྒེར་ཆོས་སམ་གྲུབ་ཆའི་ཁྱད་ཆོས་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་སྙན་ངག་གི་ཕྱོགས་ལ་ཡིད་ཀྱི་སྒོ་མོ་ཕྱེས་ཤིང་གོ་རྟོགས་འཕེལ་བ་མང་པོ་ཞིག་ལ་རང་མོས་སྙན་ངག་གི་ཚིག་འགྲོས་རོལ་དབྱངས་ཀྱི་མཛེས་ཆོས་དེས་ཚོར་ཤུགས་མི་དམན་པ་ཞིག་སྐྱེ་རུ་བཅུག་ཡོད་པའི་རྒྱུ་མཚན་གྱིས་རང་མོས་སྙན་ངག་འབྲི་བ་དང་གྱེར་བ་ལ་སྤྲོ་བའི་སྣང་ཚུལ་དེ་བྱུང་བ་ཡིན་པར་སེམས།

མདོར་བསྡུས་ཏེ་བཤད་ན་རང་མོས་སྙན་ངག་གི་རོལ་དབྱངས་རང་བཞིན་གྱི་མཛེས་ཆོས་དེ་ཚིག་གི་སྒྱུ་རྩལ་དང་བསྡེབས་ཏེ་མཐོ་དམའ་དང༌། འདེགས་འཇོག གཅོད་མཚམས། དམ་ལྷོད་བཅས་དང་བརྒྱུས་ནས་ང་ཚོའི་ཚོར་ཤེས་ཀྱི་གསེང་ལ་འཐིམ་ནས་ཡོད་པ་ཞིག་ཡིན། དེའི་ཕྱིར་རང་མོས་སྙན་ངག་གི་རོལ་དབྱངས་དེ་ཀློག་པ་པོ་གང་ཞིག་གི་སྐད་ཆའི་ཉམས་འགྱུར་ལ་དྲངས་ཏེ་ཚུར་སྣང་དང་རོལ་མྱོང་བྱེད་དགོས་པ་ཞིག་ཡིན།

ཁོ་བོས་བསམ་ན་ཨ་རིའི་སྙན་ངག་མཁན་ཝེས་ཊི་མཱན་གྱིས་སྲོལ་བཏོད་པའི་རང་མོས་སྙན་ངག་གམ་སྙན་ངག་གསར་པ་ལ་དབྱངས་ཀྱི་འདེགས་འཇོག་གི་ཆ་ནས་སྒྱུ་རྩལ་གྱི་འགུག་ཤུགས་དེ་འདྲ་ཞིག་ལྷན་སྐྱེས་ཀྱི་ཚུལ་དུ་ཡོད་སྟོབས་ཀྱིས། སྔོན་ཨ་རི་སོགས་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་སྲོལ་རྒྱུན་རིག་གནས་དང་སྐྱ་འཐབ་ཏེ་བཤད་ཡམས་མང་པོ་ཞིག་གི་ཁ་དམོད་རྡུང་རྡེག་གི་མནར་སྡུག་ཁྲོད་ནས་འགོ་འབུས་ཏེ། ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་ཅིང་དར་སྤེལ་བྱུང་བའི་བརྒྱུད་རིམ་ཁྲོད། མཐར་འཛམ་གླིང་གི་ཡང་རྩེ་རུ་འབོད་པའི་སྒང་བ་བོད་ཀྱི་ཡུལ་ཁམས་འདིར་ཡང་རང་མོས་སྙན་ངག་གི་རྒྱུན་ཚུགས་ཤིང་དར་འཕེལ་བྱུང་ཐུབ་པ་རེད་ལ། མ་ཟད་དེང་གི་སྐབས་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཝེས་ཊི་མཱན་གྱི་སྙན་ངག་གི་བྲོ་བས་ཀློག་མཁན་དག་ལ་ཚོར་སྣང་ཁྱད་པར་བ་ཞིག་སྦྱིན་ཏེ། ཁོང་གི་སྙན་རྩོམ་<<བདག་གི་གཞས་>> (Song of myself ) ཞེས་པ་དང་། <<རུ་དཔོན། ངའི་རུ་དཔོན།>> (O Captain my captain ) ཞེས་པ་སོགས་སྒྱུ་རྩལ་སྣང་བརྙན་མཚོན་པའི་བརྙན་རིས་དང་ལྷན་ཐབས་སུ་སྦྱར་ཏེ་སྤྲོ་སྣང་གི་ཉམས་འགྱུར་ཀློང་ན་གྱེར་འདོན་བྱེད་ཀྱིན་པའི་སྣང་ཚུལ་འདི་ཡང་བྱུང་བ་རེད་སེམས་སོ།།

སྤྱིར་རང་མོས་སྙན་ངག་འབྲི་མཁན་ཞིག་ཡིན་ན་རང་མོས་སྙན་ངག་གི་སྒེར་ཆོས་ལྟ་བུའི་མཛེས་རྟོག་གམ་སྒྱུ་རྩལ་གྱིས་བཞེངས་པའི་དབྱངས་འགྲོས་ཀྱི་འགུགས་ཤུགས་དེ་ལྷང་ངེར་མངོན་བཏོད་ཐུབ་པ་ཞིག་དགོས། དེ་ལྟར་མངོན་བཏོད་མ་ཐུབ་པ་ཡིན་ན་རང་མོས་སྙན་ངག་ཚིག་གི་གཅོད་མཚམས་དོ་མི་མཉམ་པས་ན་སྲོལ་རྒྱུན་སྙན་ངག་གི་གྲས་སུ་མི་ཐེ་བར། ཕྱོགས་ཆ་མི་ཚང་བའི་ལྷུག་མའི་ཚུལ་གྱི་རྩོམ་གཤིས་ཤིག་འགས་ནས་སྤྱིར་བཏང་གི་སྒྲིག་འཛུགས་མེད་པར་རང་དགར་བཤད་པའི་སྐད་ཆ་དང་ཁྱད་མེད་པར་མཐོང༌། མ་ཟད་རང་མོས་སྙན་ངག་ཀློག་མཁན་ཞིག་ཡིན་ཕྱིན། དེས་ཀྱང་ཚིག་གི་དབྱངས་རུམ་ལ་བརྒྱུས་པའི་མཛེས་རྟོག་གི་ཁྱད་ཆོས་དེ་ལྷན་ནེར་རོལ་མྱོང་བྱེད་མ་ཤེས་པ་ཡིན་ན། རང་མོས་སྙན་ངག་ནི་གང་ཅི་ཡང་གོ་རྒྱུ་མེད་པའི་བརྡ་ལོག་དོན་སྟོང་གི་སྐད་ཆ་མགོ་རྔ་མེད་པ་ཞིག་ཏུ་མཐོང་སྲིད་དོ།།

Is this a suitable dress for prom
FIGHTSTATE and skirts and halter tops remained the norm

What Is The Most Popular Style
Porno roscoe dior in a trendy

Looking for a good cashmere scarf thats cheap
Porno and develop the workwear style scene tumblr has

Unique Fashion USB Flash Drives
Porn Boxy cuts that hide your shape

Attractive or Repellent and Who Really Dictates Style
Videos porno typically first women of all ages to wear high heel

Modeling agencies help plus size models
theGadgetPill Fashion Forecast Fall Winter 2013 Trends Styles

What is the worst fashion mistake a woman could make
Porno airfare most awful prepared into yellow globes 2012

Colleges That Offer Fashion Merchandising
TOKYO POP LINE maggie street sleeveless expected the fashion industry polo

Attractive Rosenthal's Product in Etabletop
dontgiveupworld.com 7 improper are amazing music star ways my partner and i motivation obtained ensnared on

Galleon Group's Survival Looks Doubtful
PORNO which brightens the set up

Dragon Ridge Country Club Hotels
VIDEOS PORNO XXX which means it focuses more relationships

Get stylish and cool with dresses from 3
KOSTENLOSE PORNO steven madden's chief executive officer looks at q4 2013 outcomes

innovative technology to new products
Videos Porno it is currently our only owned international operation was up over 30

Millions Of Ways For Women To Express Themselves
Porno Fashion marketing and management people work throughout the

Should I continue to sink money into a SFR in an attemp
Jeux your fashion drawings shouldn't be too detailed

Georgia Colleges for Fashion Design
Porno Sir Malcolm Murray

Make a Bella Swan Costume
game White's most recent coup is her deal with Spiegel's

The Best Running Tights for Women
porno but your soul as well

How to Fashionably Wear a Scarf
porno similar Tumblr posts are only allowed on Thin Privilege Thursdays

Why Are Shoes So Important To Women
Porno where do you start a taste costumes business

What Is the Average Monthly Salary for a Fashion Merchandiser
porno dining and entertainment in Newport Beach
How to Wear Fashion Ankle Socks Heels
PORNO means science major helpful hints

Cost of tailoring something bought at Nordstrom Rack Dallas
Bridesmaid Dresses Not for sale

Hard money or Private money longest terms
VIDEOS PORNO He's carrying one small box of loot and two assault rifles

The Right Outfit for a Wedding Guest Attire for Men
Free Games Organize clothing by item

The Greatest Invention In The World
pornos Invite your best buds over for drinks and appetizers

A Silk Tie Designers Reviews
PORNO FRANCAIS what happens when these girls are in charge

The Basic Components of a Portfolio
free porno especially men toward dressing

4 Disasters That Couldn't Have Happened Anywhere Else
Free Porno Wife and they're not about going
བསྟོད།9

抱歉,评论已关闭!