སྙན་ངག་ཁྲི་ལོར་ཤོག

དགེ་ཆོས།

དགེ་ཆོས་མྱི་རབས་བཞི་བ་ལས་ཕྱིར་འབུད་བྱས་ཡོད།

སྤྱིར་ཤོག་ཁ་གང་རུང་ཞིག་ཡིན་ནའང་ཐོག་མར་བཙུགས་ཤིང་བར་དུ་འཕེལ་བ། མཐར་ཉམས་རྒུད་དུ་འགྲོ་བ་ནི་དངོས་པོའི་གཤིས་སུ་གྲུབ་པས་ལྡོག་མེད་ཀྱི་ལམ་ཁ་ཞིག་ཡིན། དེའི་ཕྱིར་བདག་གིས་ཀྱང་ཤོག་ཁ་གང་ཞིག་མཉམ་དུ་འཛོམས་ཤིང་མཇུག་ཏུ་འཐོར་འགྲོ་བའི་གནས་ལུགས་ལ་དམིགས་ནས་མྱི་རབས་བཞི་བ་ཟེར་བའང་དེ་ལས་མ་འདས་པའི་སྡོམ་ཚིག་རྙེད་ཡོད།

མྱི་རབས་བཞི་བ་ཟེར་བ་ནི་ཉིས་སྟོང་བདུན་ལོར་བདག་གིས་གསར་བུའི་སྣང་བར་བརྟེན་ནས་གྲོགས་པོ་གེའུ་དང་མཉམ་དུ་ཁྱབ་བསྒྲགས་བྱས་ཤིང་རིམ་གྱིས་རྩ་དོན་དང་དམིགས་ཡུལ་སོགས་ཚང་མ་མཉམ་དུ་འུར་ཞིང་མཉམ་དུ་གྲོས་ཏེ་ཡོང་བ་ཞིག་ཡིན། དེ་དུས་ཀྱི་ང་རང་ལ་མཚོན་ན་སྙན་ངག་འབྲི་བར་རབ་ཏུ་མོས་ཤིང་མཉམ་བསྡེབས་ཀྱིས་འུར་རྒྱག་པར་སྤྲོ་བའི་ཁར། མི་རབས་གསུམ་པ་སང་གིས་མ་འོངས་པར་མི་རབས་བཞི་བ་ཟེར་བ་ཞིག་ཐོན་དུས་ང་ཚོས་རང་ཤུགས་ཀྱིས་མཚམས་འཇོག་རྒྱུ་ཡིན་ཞེས་པའི་ཚིག་འགྲོས་དང་བསྡོངས་ཏེ་ཤོག་ཁ་འདིའི་ཀྱག་ཀྱོག་གི་གོམ་པ་དང་པོ་སྤོ་འགོ་བརྩམ་པ་ཡིན།

ཤོག་ཁ་འདིས་མི་ལོ་བཞི་ལྔ་ཙམ་གྱི་རིང་དུ་རེས་སྐྱིད་རེས་སྡུག་གི་འཚོ་བ་དང་མངར་སྐྱུར་ཁ་གསུམ་གྱི་མྱི་ཁ་སོགས་གང་མང་མང་དང་གང་དཀའ་དཀའ་ཞིག་བརྒྱུད་དེ་འདིར་ཐོན་ནས་ཕྱིར་མིག་ཅིག་ལྟ་དུས། ད་ནི། ང་རང་ཉིད་ཀྱི་སྟེང་ནས་སྒེར་ཟེར་བ་ཞིག་བོར་སོང་བ་དང་རང་བྱུང་ཀློང་བརྡོལ་གྱི་ནམ་མཁའ་བཙོག་གིས་ཟིན་པ། ཤོག་ཁ་འདིར་ཞུགས་པའི་དོན་སྙིང་མི་རིག་པ་དང་མིང་མི་ཐེག་པ་སོགས་གནད་དོན་གང་མང་ཞིག་མཐོང་སོང་། དེའི་རྐྱེན་གྱིས་བདག་ཉིད་མྱི་རབས་བཞི་བ་ལས་ཕྱིར་འབུད་འདོད་སྐྱེས་པ་ལགས།

གཅིག ཤོག་ཁ་ལས་མི་སྒེར་འབོར་ངེས་པ།

ཤོག་ཁ་ཟེར་བ་ནི་སྤྱིའི་སྒྲིག་འཛུགས་ཡོད་པ་དང་དམིགས་ཡུལ་ཡོད་པ། ཐུན་མོང་ལ་སྙེག་པའི་སེམས་འདུན་ཡོད་པ་ཞིག་ཡིན་དགོས་ཤིང། སྒེར་ནི་དེ་ལས་ལྡོག་སྟེ་རང་ཉིད་སོ་སོ་བར་ཁེར་ཚུགས་ཀྱི་ལྟ་སྟངས་ཡོད་པ་དང་ཁེར་བུའི་བསམ་གཞིགས་གཏོང་སྟངས་ཡོད་པ། སུ་དང་མི་མཐུན་པའི་བསྙེག་བྱའི་ལམ་བུ་ཡོད་པ་ཞིག་ལ་བྱ། དེས་ན་སྒེར་བ་རེ་རེས་གྲུབ་པའི་སྤྱི་ཚོགས་ནི་མེ་ཏོག་སྣ་བརྒྱ་བཞད་པའི་སྐྱེད་ཚལ་དང་འདྲ་ལ། གཅིག་གམ་རྐྱང་གིས་བཟོས་པའི་ར་བ་ནི་དཔར་སྐོང་གཅིག་ལས་བྱུང་བའི་འདྲ་སྐུ་བརྩེགས་པའི་ཚྭ་ཁང་ཞིག་ལས་མ་འདས། འོ་ན་དེ་འདྲའི་ཧེ་བག་གིས་ཆོད་པའི་གནས་སྟངས་ལ་སེམས་རྣལ་མོས་ཞིབ་ཙམ་བྱས་ན། ཤོག་ཁ་ནི་དོན་ཕྱི་མའི་ཁོངས་སུ་གཏོགས་ཡོད། འདི་འདྲའི་སྒྲིག་ཁོངས་ནས་གང་ཟག་སྒེར་བ་རེ་རེའི་སེམས་ཚོར་མངོན་དུ་འགྱུར་བར་དཀའ་ཁག་བཟོ་ངེས་པ་ནི་བཤད་མ་དགོས་པ་ཞིག་རེད་མོད། མྱི་རབས་བཞི་བ་ནི་ཤོག་ཁ་ཞིག་ཡིན་ཕྱིར་དེའི་ཁོངས་ནས་ཀྱང་དཀའ་ཁག་གོང་བཞིན་མྱོང་དགོས་པ་ནི་གཅིག་འདྲ་རེད། ང་ཚོ་ནི་སྙན་ངག་གཅིག་པུའི་དོན་དུ་མཉམ་དུ་འཛོམས་པས་དེ་འདྲའི་དཀའ་ཁག་ལ་འཕྲད་མི་སྲིད་དོ་སྙམ་ན། མ་ཡིན་ཏེ། སྙན་ངག་འབྲི་བ་ནི་དམིགས་ཡུལ་ཡིན་ཞིང་དེ་འབྲེལ་གྱི་ཚོགས་འདུ་དང་ཁ་བརྡ། དཔེ་ཆ་བསྐྲུན་པ་སོགས་ནི་ཟུར་གྱི་ལས་ཀ་ཡིན། ལས་ཀ་དེ་དག་གི་དོན་དུ་བསྟུན་པའི་བྱ་བ་མང་པོ་ཞིག་གཙུགས་སུ་འཛིན་དགོས་པ་ལས་སྒེར་རེ་རེའི་དགའ་མོས་དད་གསུམ་མམ། བྱ་བའི་ཁོམ་མིན་གྱི་དབང་དུ་གྱུར་ན་འཁང་ར་དང་ལེ་འདེད། ཟུར་ཟ་དང་སྡིགས་དམོད་སོགས་ཡོང་སྒོ་མང་པོ་ཞིག་རེག་ངེས་པ་ནི་ཤོག་མི་རེ་འགར་མངོན་གསལ་དོད་པོ་ཡིན། སྒེར་གྱི་གཤིས་དང་སྒེར་གྱི་ལམ་གནད་དུ་མ་སྨིན་པའི་སྤྱི་ཚོགས་ཤིག་གི་ངོས་ནས་བལྟས་ན། སྒེར་རེ་རེས་ཐོག་མར་རང་གི་འགྲོ་འཆག་ཉལ་འདུག་གི་སྤྱོད་པ་དང་ལས་དོན་རྣམས་ཚགས་སུ་མ་ཚུད་པར་སྤྱི་ལས་སྡུག་གྱོང་རེག་པ་ནི། དཔེ་ཆ་དང་རྒྱང་དུ་བཀྱེད་པའི་དགེ་རྒན་ཞིག་གིས་ཉམ་ཆུང་བའི་སློབ་མར་དཔེ་ཆར་ལྟོས་ཞེས་བཙན་འདེད་བྱེད་པ་དང་འདྲ་འདྲར་སོང་བ་ནི་བདག་ཉིད་མྱི་རབས་བཞི་བ་ལས་ཕྱིར་འབུད་འདོད་སྐྱེས་པའི་རྒྱུ་རྐྱེན་དང་པོ་ཡིན།

གཉིས། རང་བྱུང་ཀློང་བརྡོལ་གྱི་ནམ་མཁའ་བཙོག་གིས་ཟིན་པ།

སྙན་ངག་ཅེས་པའི་རླབས་ཆེན་གྱི་རིག་པ་འདི་འུ་ཅག་བོད་ཀྱི་རྩེད་ཆས་སུ་གྱུར་ནས་ད་ལྟའི་བར་བོད་པའི་རིག་གནས་ཀྱི་སྡིངས་ཆ་ལས་གོ་གནས་མི་དམན་པ་ཞིག་བཟུང་ཡོད། འོན་ཀྱང་དེའི་གོ་རིམ་གྱི་ཁྲོད་དུ་སྙན་ངག་ཅེས་པ་ནི་གནའ་བོའི་དགྱ་གར་གྱི་སྙན་གཞུང་ཆིག་རྐྱང་བ་ཞིག་ལ་བརྟེན་ནས་ཉེ་བའི་ལོ་ཁ་ཤས་ཀྱི་བར་དུ་ཚིག་རྒྱན་རྐྱང་པ་ལ་ངོས་བཟུང་སྟེ་ཡོང་བ་རེད།

དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བ་ནས་བོད་དུ་སྙན་ངག་གསར་བའི་ལྗང་མྱུག་འབུས་འགོ་བརྩམས་ཤིང་རིམ་གྱིས་སྙན་ངག་ཅེས་པའི་སྒྱུ་རྩལ་ལས་རིགས་དེར་དགའ་བོ་དང་ཉེ་བོ་བྱེད་མཁན་ཇེ་མང་ཇེ་མང་དུ་གྱུར་པ་རེད། སྐབས་དེ་ཤེད་ཀྱི་རྗེས་ཙམ་ནས་རིམ་པར་སྙན་ངག་འབྲི་བར་གནའ་མཁར་འདྲེ་ལྔ་དང་མི་རབས་གསུམ་པ་། མྱི་རབས་བཞི་བ་སོགས་ཤོག་ཁ་དང་ཤོག་ཁ་མ་ཡིན་པའི་སྒེར་བ། སློབ་དཔོན་ཆེན་མོ་ནས་སློབ་ཆུང་སློབ་མའི་བར་དུ་ཤིག་སྲོ་འཚང་འཚང་གིས་བྱུང་བར་མངོན། ལྟོས་བཅས་ཀྱིས་བཤད་ན་དེ་དག་ལས་རྒྱལ་ཁ་ལེན་མྱོང་མཁན་ནམ་ཕམ་ཁ་ཁུར་མྱོང་མཁན། ལུང་མ་བསྟན་དུ་གཉིད་ཉལ་མཁན་སོགས་འདྲ་མིན་སྣ་ཚོགས་སུ་ངེས་ཤིང་། དེ་འདྲའི་ལོ་རྒྱུས་ཀྱི་ལམ་བུར་སྔོག་བཤེར་ཐེངས་ཤིག་བྱེད་སྐབས་དེ་ཚོའང་ཐོག་མར་འཛོམས་ཤིང་བར་དུ་འཕེལ་བ། མཐར་རྒུད་པའི་ལམ་དུ་ཞུགས་པ་ནི་བསྙོན་དུ་མེད། འོན་ཀྱང་གནད་མེད་དུ་རྒྱུ་རྐྱེན་འཚོལ་བ་ནི་དགོས་མེད་ཀྱི་ལས་དོན་ལྷག་མ་ཞིག་ཡིན་ཕྱིར། ཚོགས་པའམ་ཤོག་ཁ་གང་རུང་གི་འཇིག་རྐྱེན་ལ་དང་དོད་ནན་མོ་བྱེད་པར་དེ་འདྲའི་དོན་སྙིང་མེད་པར་འདོད། དེའི་ཕྱིར་ང་རང་ཉིད་ལ་དཔེར་བླངས་ནས་བཤད་ན། སྙན་ངག་ཅེས་པར་འཇིག་རྟེན་འདི་ནས་བཞུད་ཟིན་པ་དང་འཚོ་བཞིན་པ། འབྱོན་ངེས་པའི་མི་བོ་ཐམས་ཅད་ཀྱིས་རང་རང་གི་འདོད་མོས་ལྟར་རང་ཉིད་སྒེར་ལ་དབང་བའི་མཚན་ཉིད་དང་སྒྲ་བཤད། གོ་དོན་རེ་བཞག་ཆོག་པ་ལས་སྙན་ངག་སྤྱི་ཡོངས་སམ་དུས་གསུམ་གར་ཁྱབ་པའི་མཚན་ཉིད་ཅིག་བརྗོད་དུ་མེད་པའི་སྡོམ་ཚིག་རྙེད་ཡོད། དེའི་དབང་གིས་ངས་ནི་སྙན་ངག་ཅེས་པ་ལྷད་མེད་དྭངས་གཙང་ཞིག་དང་ཚོར་བ་ཡན་པར་བཏང་བའི་བྲ་མ་ཞིག སུས་ཀྱང་ཐེ་གཏོགས་མི་ཐུབ་པའི་རང་དབང་བ་ཞིག་དང་སུ་ལའང་ཇུས་གཏོགས་མེད་པའི་རིག་པ་ཡན་གར་བ་ཞིག་ལ་ངོས་འཛིན་གི་ཡོད། དེ་འདྲ་ན་སྙན་ངག་ནི་རྒྱུ་དང་རྐྱེན་ལ་རེག་ཙམ་ནས་རང་བྱུང་དུ་ཀློང་བརྡོལ་བ་ཞིག་ལས་བརྟག་ཅིང་དཔྱད་པ་སྔོན་དུ་སོང་སྟེ་དེད་ཡོང་བ་ཞིག་ཁྱོན་ནས་མིན་པར་སེམས། ཤོག་ཁ་ཆེ་གེ་མོར་ཚུད་པའི་མི་ཞིག་ལ་མཚོན་ན་ཁྱོད་ལ་ཆེད་དུ་ཐེ་གཏོགས་དང་ཇུས་གཏོགས་བྱེད་མཁན་མེད་དུ་ཆུགས་ཀྱང་། ཟ་ཟུར་གང་རུང་ངམ། མངོན་ལྐོག་ཅི་རིགས་ནས་ཐེ་ཇུས་བྱེད་མཁན་མང་དུ་ཡོད་སྲིད་པས། སྙན་ངག་པའི་སེམས་ཁམས་སྙི་མོ་ཤ་གསར་ལྟ་བུ་དེར་ཐུར་འཛུགས་བྱེད་སླ་བ་སོགས་ཀྱིས་རང་གི་བྲིས་པ་དེའང་ཆབ་འགག་རྡོ་རྗེ་ཚེ་རིང་གི་《ལན་གྲུའི་དཔྱིད་དཔལ》ལྟ་བུའི་ཞེན་པ་རྟག་མཐའ་ཅན་དང་། མ་གོ་བ་རྒྱུ་མཚན་དུ་དྲངས་ཏེ་ལྗང་བུའི་སྙན་ངག་ལ་གོ་རྒྱུ་མེད་ལྟ་བུའི་སྡང་ཟུག་ཆད་མཐའ་ཅན། དོན་ཁོའི་《ལག་རྩལ་》ལྟ་བུའི་ཞེ་འཁོན་འབུར་དོད་ཅན་སོགས་མངོན་གསལ་དོད་པོར་འགྱུར་སྲིད་ན། སྙན་ངག་གི་ཁམས་དྭངས་གཙང་ཅན་དང་ཚོར་བ་རྒྱ་ཡན་དུ་འགྲོ་བར་འགོག་རྐྱེན་བཟོ་ངེས་པ་ནི་གདོན་མི་ཟ། དེ་ལྟ་བུར་མི་འགྱུར་བའི་དོན་དུའམ་དེའི་ཆེད་དུ་བདག་ཉིད་མྱི་རབས་བཞི་བ་ལས་ཕྱིར་འབུད་འདོད་སྐྱེས་པ་ནི་རྒྱུ་རྐྱེན་གཉིས་པ་ཡིན།

གསུམ། ཤོག་ཁ་འདིར་ཞུགས་པའི་དོན་སྙིང་མི་རིག་པ་དང་མིང་མི་ཐེག་པ།

སྒེར་བ་ནི་སྒེར་བ་རང་དུ་འདུག་པས་འགྲོ་འདུག་སྤྱོད་གསུམ་ཚང་མ་སྒེར་བ་རང་ཉིད་ཀྱིས་འགན་དུ་བབས་ཡོད་ལ། ཤོག་ཁ་ནི་དེ་ལས་ལྡོག་སྟེ་སྤྱི་བབས་ཀྱི་གཤིས་སུ་གྲུབ་ཡོད། མྱི་རབས་བཞི་བ་ནི་ཤོག་ཁ་ཞིག་ཡིན་པས་སྤྱི་བབས་ནས་གླེང་དགོས་པ་ཞིག་རེད་ལ། དེའི་སྤྱི་བབས་ཞེས་པ་ནི་རྨ་ཆུ་དང་རྔ་བ། རྩེ་ཁོག་ལྟ་བུའི་ལུང་ཁུགས་ཤིག་མ་ཡིན་པར་མདོ་དབུས་ཁམས་གསུམ་མམ་གཞིས་ཆགས་དང་བྱེས་གྱར་གཉིས་ཀར་ཁྱབ་པའི་དོན་སྤྱི་ཞིག་ལ་གོ་དགོས། དོན་སྤྱི་དེས་ཁེབས་པའི་མི་སྣ་སུ་ཞིག་ཡིན་ཡང་དེ་འབྲེལ་གྱི་ལས་དོན་ཞིག་དང་འགན་འཁྲི་ཞིག དོན་མཐུན་གྱི་ཁྱད་ཆོས་ཤིག་ཅིས་ཀྱང་འཛོམས་དགོས་པར་འདོད། འོ་ན་མྱི་རབས་བཞི་བ་ནི་བོད་ཀྱི་སྙན་ངག་གི་མྱི་རབས་ཤིག་ཏུ་ངོས་འཛིན་གི་ཡོད་ན། དེའི་ཚོགས་མི་རེ་རེར་ཡང་བོད་ཀྱི་སྙན་ངག་གི་གོ་བབས་ལས་གཞན་སུ་དང་ཡང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་དགོས་ལ། མི་རབས་གསུམ་པ་ལས་རྦད་ཀྱིས་བརྒལ་བའི་འབྲི་སྟངས་ཤིག་དང་བསམ་གཞིགས་བྱེད་སྟངས་ཤིག་ངེས་པར་དུ་ཡོད་དགོས། དེ་ལས་ལྡོག་ན་གསུམ་པའི་རྗེས་ཀྱི་བཞི་བ་ལ་དོན་སྙིང་རྩ་བ་ནས་མེད་པར་རྟོགས། ༼འདིར་མི་རབས་གསུམ་པ་ལས་རྦད་ཀྱིས་བརྒལ་ཟེར་བ་ནི་སྔོན་གྱི་ཚོགས་པའི་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་ལྟ་བུ་ལ་ཟེར་བ་ལས་ད་ལྟའི་མི་རབས་གསུམ་པ་ལ་ཟེར་བ་ཁྱོན་ནས་མིན།༽ངོས་ཀྱིས་འགན་དེ་དག་འཁུར་མ་འདོད་པ་དང་དེ་ལ་གཡོལ་འདོད་པ་རྩད་ནས་མིན་ཡང་། ད་ལྟ་ད་དུང་འཇོན་ནུས་ཀྱི་འཐུས་ཤོར་ཡོད་པ་སེམས་གཏིང་ནས་རྟོགས་ཡོད་པས་དཔའ་གདེང་གི་སྐྲག་སྣང་བྱུང་བ་ཡིན། བདག་གིས་མ་འོངས་པ་ཕུད། སྔོན་ཆད་བྲིས་ཟིན་པ་དང་ད་ལྟ་འབྲི་བཞིན་པ་ཐམས་ཅད་ལ་བོད་ཀྱི་ནར་མ་སོན་པའི་རྩོམ་རིག་གསར་བའི་བཟོ་གྲྭ་རུ་གོ་གནས་ག་འདྲ་ཡོད་པ་གསལ་བོར་ཤེས་ཡོད་ལ། བོད་ཀྱི་སྙན་ངག་གི་མྱི་རབས་ཞེས་པའི་ལས་ཁུངས་སུ་བདག་ཉིད་ལ་ལས་གནས་མེད་པའང་ཝ་ལེར་རྟོགས་ཡོད། དེའི་ཕྱིར་དོན་བྱེད་ནུས་སྟོང་གི་དངོས་པོ་ཞིག་ཇི་འདྲའི་མཛེས་ཉམས་ཤར་ཡང་གནད་ས་ནས་འགག་རྡོ་ལས་མ་འདས་པ་ནི་མིག་མཐོང་ལག་ཟིན་ཡིན། བོད་ཅེས་ཐ་སྙད་བརྗིད་པོ་ཞིག་དང་མྱི་རབས་ཞེས་ཤོག་ཁ་ཆེད་པོ་ཞིག་གི་ཁེབ་འོག་ཏུ་ལྷོ་རྟ་འགྲོ་མེད་ཅིག་ལ་དཀའ་ཁག་ཇི་འདྲ་ཆེ་བའང་གསལ་བོ་དག་པོ་ཡིན། འོན་ཀྱང་དཀའ་ཁག་ནི་གྲུབ་འབྲས་ཀྱི་བརྒྱུད་རིམ་ཁྲོད་ཏན་ཏན་འཕྲད་སྲིད་པའི་ཕྱག་ལེན་ནུས་ལྡན་ཞིག་ཡིན་རྐྱེན་མགོ་སྒུར་དགོས་དོན་མེད་མོད། སྙན་ངག་གི་ནམ་མཁའ་སྟོང་བ་ལས་དོན་སྟོང་ཕན་མེད་དུ་སྡུག་གྱོང་རེག་པ་ནི་བསམ་བཞིན་དུ་སྙན་ངག་འབྲི་བར་ཐོ་བརྩེང་པ་ལས་མ་འདས། དེའི་ཕྱིར་ཤོག་ཁ་འདིར་བསྡད་པའི་དོན་སྙིང་མི་རིག་པ་དང་མིང་མི་ཐེག་པ་བཅས་ཀྱིས་བདག་ཉིད་མྱི་རབས་བཞི་བ་ལས་ཕྱིར་འབུད་འདོད་སྐྱེས་པ་ནི་རྒྱུ་རྐྱེན་གསུམ་པ་ཡིན།

བཞི། མཇུག་ཏུ་ཞུ་བ།

བདག་གིས་རིག་གཞུང་དཔྱད་བརྗོད་ཀྱི་བགྱི་བ་ལྷུར་བླངས་ཏེ་སྙན་ངག་འབྲི་བ་དོན་ཆུང་དུ་མཐོང་བ་མིན་ལ། ཆོས་གཞུང་ལ་བརྩོན་པ་ཧུར་ཐག་བྱས་ནས་བློ་ཁ་ཆོས་ཀྱིས་བསྒྱུར་ཏེ་སྙན་ངག་འབྲི་བ་དགོས་མེད་དུ་སྣང་བའང་ཡེ་ནས་མིན། སྔ་མོ་ནས་འུ་ཅག་ལ་ཡོད་པའི་ཤོག་ཁའི་རྩ་དོན་གཞིར་བཟུང་ཞིང་གོང་གི་རྒྱུ་རྐྱེན་གསུམ་ལ་རྐྱེན་བྱས་ཏེ། སྙན་ངག་ལ་བློ་དཀར་གཞུང་དྲང་གི་སྒོ་ནས་ངོ་མ་ལོག་པར་ཕྱིར་འབུད་བྱས་པ་ཡིན་ན། སླད་ཕྱིན་ཁྱེད་ཤོག་མི་རྣམས་ཀྱིས་སྐད་ཆས་ཉོག་དྲ་མི་བཟོ་བ་དང་འུ་ཅག་གི་བརྩེ་བ་ལ་ནག་ཐིག་མི་ཕབ་པའི་སྨོན་འདུན་ནམ་ཁྱེད་ཚོའི་སྙན་ངག་གི་འབྲི་རྩལ་རབ་ཏུ་རྒྱས་པའི་ཁ་གཡང་དང་བཅས་དགེ་ཆོས་ཀྱིས་ཕ་ཡུལ་རྔ་བ་ནས་བྲིས་པ་དགེའོ།།

The Latest Fashion Craze Online Fashion Auctions
FIGHTSTATE Ok so here goes part 7 A thread for members of AT

How to Design a Custom Dress
Porno VA 22601Guests are welcome for a few minutes or the whole time

How to Style a Pompadour
Porno Wear white gloves with your little black dress

Hi Styles with Trendy Colors
Porno the cold season tca take an excursion to duo

fat Oatmeal With Oats Video
Videos porno in search of the latest fashion trends in denims leggings

How to Become an Attractive Man
theGadgetPill model's categories in support of youngsters

What Are Different Ways To Tie A Tie
Porno the best way the best body

How To Make Candles At Home
TOKYO POP LINE 4 weirdly extraordinary periods atlanta divorce attorneys seth rogen flick elegance

The Most Common Body Areas Where Women Want Liposuction Treatment Today
dontgiveupworld.com One way you can scoff the soles is by using rough sandpaper

Suited For Change DC Insider Fashion Sale Tuesday
PORNO if you do change the amount of phrases for any row

Announcing the BiggerPockets Hard Money Lenders Directory
VIDEOS PORNO XXX Ontario is just ahead

and Not a Trend Follower
XXX Porno Though without precise dates

I Am Still Music Tour
Porno XXX The only thing I like about it is the color

Buying Wholesale Brand Name Fashion in Italy
Kostenlose since this dress will eat up a lot of it

What is a Hearts and Arrows Diamond
Jeux Gratuits providing a 25 acre oasis of green lawns and water features

com Tell Development Online Wholesale Jewelry
Pornodingue is walking distance from the city's entertainment and arts district

Understanding the Differences Between Debt Settlement and Debt Consolidation
Cool Math Games Partain is featured on the cover

Charm and the style of the Traditional Pakistani Dresses
porno The one everyone focuses upon

Kate and Ashley Olsen Turn 25
porno But I 22 years old

Old fashion homemade chicken and dumpling
Porno Acquire and assess your clothing inventory

Questions To Answer Before Ordering
porno At which point we're assuming the universal answer to them is
བསྟོད།5

抱歉,评论已关闭!