ཅི་ཞིག་ལ་རང་དབང་ཟེར།

གློག

ཞུ་དག་མ་གྲུབ་པ་ཞིག་ལས་ཁོལ་ཕྱུང་ཡིན་པས་ཡིག་ནོར་གང་མང་ཞིག་ཡོད་ངེས་པས་དགོངས་དག་ཞུ་ཞིང་། ཁོ་བོས་འདིར་ཞུ་དག་བྱེད་ཀྱིན་པའི་སྒང་ཡིན་པས་དག་བཅོས་འོག་ཏུ་འཇོག་འཚལ།

༡ བླ་མེད་ལྷན་སྐྱེས་ཀྱི་ཐོབ་སྐལ་ཞིག

རང་དབང་ནི། “སྐྱེས་བུ་སྒེར་ལ་ལྷན་སྐྱེས་སུ་མངའ་བའི་ལུས་ངག་ཡིད་གསུམ་གྱི་བདག་པོ་རང་ཉིད་ཁོ་ན་ཡིན་པ་དང་། རང་ཉིད་དུ་གཏོགས་པའི་ཡིད་ཀྱི་ལྟ་གྲུབ་དང་། ངག་གི་སྨྲ་བརྗོད། ལུས་ཀྱི་བྱ་སྤྱོད་གང་ལའང་གཞན་གྱིས་ཚོད་འཛིན་དང་། དབང་བསྒྱུར་སོགས་མ་ཐེབས་པའི་ཐོབ་ཐང་”ཞིག་ལ་གོ

“རང་ཉིད་དུ་གཏོགས་པའི་”ཞེས་པས་ནི་གཞན་དང་སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་སེལ་བ་ཡིན། གལ་ཏེ་གཞན་དང་སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་ཅིག་ཡིན་ཚེ་དེ་ལ་རང་དབང་ཞེས་གླེང་ས་མེད་དེ། གཞན་དང་སྤྱི་ཚོགས་ཀྱི་གནད་དོན་དག་ཀྱང་རང་དབང་གིས་ཐག་གཅོད་པར་བྱས་ན་དེ་ལ་སྒེར་གཅོད་ཟེར། སྲིད་དབང་སྒེར་གཅོད་པ་དང་། རིག་གཞུང་སྒེར་གཅོད་པ། མི་དཔོན་སྒེར་གཅོད་པ། ཆོས་དཔོན་སྒེར་གཅོད་པ་མཐའ་དག་གིས་ཀྱང་ཁོ་བོ་ཅག་ལ་འདི་ཡི་རང་དབང་ཡོད་དོ་སྙམ་པའི་རང་དབང་ཕྱིན་ལོག་གི་འདུ་ཤེས་དེ་ལས་བྱུང་བ་རེད། ཡོད་ཚད་ལ་དབང་བསྒྱུར་བར་རྔམ་པའི་ཆེན་པོ་དེ་དག་གིས་རྒྱུ་འབྲས་བདེན་པ་དང་། ལས་འབྲས་རྣམ་དག་སོགས་ཀྱི་རང་བཞིན་རིང་དུ་དོར་ཏེ་གཏུམ་པོ་དབང་ཡོད་བྱས་ནས་མི་རྣམས་ཀྱི་ཡིད་ཀྱི་བསམ་ཚུལ་ལ་ཚོད་འཛིན། ངག་གི་སྨྲ་བརྗོད་ལ་བཀག་འགོག ལུས་ཀྱི་འགྲོ་འདུག་ལ་དམ་དྲག་སོགས་བྱས་ཏེ་མི་རྣམས་ཀྱི་འདོད་བློ་ཡོད་ཚད་མངོན་དུ་བྱེད་འཇུག་པ་ལྟ་ཞོགས། ཚེ་གང་གི་བཟང་བཙོན་ལྟ་བུ་ཞིག་ཏུ་སྒྱུར་བ་རེད་ལ། བྲན་གཤིས་ལ་གོམས་པའི་སྤྱི་ཚོགས་དག་གིས་ཀྱང་དེ་དག་ལ་དབང་ཆ་ཡོད་དོ་སྙམ་པའི་སྐྲག་སྣང་གིས་མགོ་སྒུར་སྒུར་དང་གཉའ་ཞུམ་ཞུམ་གྱི་བཀུར་བ་རེད། དེ་ནི་ཁོ་ཚོས་ད་དུང་ཀུན་སྤྱོད་ཅིག་ཏུའང་བརྩི་བཞིན་ཡོད་པ་འདྲ།

ནུབ་ཕྱོགས་ཀྱི་རང་དབང་སྨྲ་བའི་སྐྱེས་མཆོག་དག་གིས་ཀྱང་། “རང་དབང་ནི་མི་གཞན་ལ་གནོད་མེད་ཀྱི་བྱ་སྤྱོད་ལ་གོ་དགོས་”ཞེས་དང་། “མི་སྒེར་གྱི་བྱ་སྤྱོད་ལ་རང་དབང་ཡིན་”ཞེས་དང་། “ང་ཚོར་གཞན་ལ་གནོད་པ་བྱེད་པའི་ཁེ་དབང་གཏན་ནས་མེད་”ཅེས་སོགས་ཤིན་ཏུ་གསལ། དེ་བས་ང་ཚོས་རང་གི་རང་དབང་ལ་རང་བདག་བྱེད་པ་དང་དུས་མཚུངས་སུ། གཞན་གྱི་རང་དབང་ལ་བརྩི་འཇོག་དང་། ཀུན་གྱི་རང་དབང་ལ་འགན་སྲུང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །

གལ་ཏེ་གཞན་དང་སྤྱི་ལ་གནོད་མེད་ཀྱི་བྱ་སྤྱོད་ཅིག་ཡིན་ཕྱིན་དེ་ནི་མཐོ་དམན་སུ་ལའང་རང་དབང་ཁོ་ན་ཡིན་ཏེ། སྐྱེས་བུ་སྒེར་ལ་ལྷན་སྐྱེས་སུ་མངའ་བའི་ལུས་ངག་ཡིད་གསུམ་འདི་ག་སྤྱི་སྒེར་གཞུང་གསུམ་སུ་ལའང་དབང་བསྒྱུར་གཅིག་གཅོད་བྱེད་པའི་ཐོབ་ཐང་ཞིག་ཡོད་མི་སྲིད་ཅིང་། གཞན་ལ་གནོད་མེད་ཀྱི་བྱ་བྱེད་ལས་གསུམ་ཡོད་ཚད་ཀྱང་རང་ཉིད་ཁོ་ནའི་འདོད་བློ་ལྟར་བྱས་ན་འགྲིག་པ་ལས། གཞན་སུལང་འགལ་མི་རུང་བ་དང་བསྟུན་དགོས་པའི་གནས་ལུགས་ཤིག་ཡོད་མི་སྲིད་པས་སོ། །

རྒྱུ་འབྲས་བདེན་དོན་དང་། རང་བྱུང་ཆོས་ཉིད། ལས་འབྲས་རྣམ་དག་སོགས་ཀྱི་དབང་དུ་བྱས་ནས་བཤད་ན་སྐྱེ་བོ་ཡོད་དགུ་རང་དབང་དུ་གྲུབ་པ་དེ་ལྟར་ལགས་མོད། ཕྱི་ཡི་དབང་བསྒྱུར་དང་གནོན་ཤུགས་སྣ་ཚོགས་པའི་འཁྲུལ་རྒྱུ། ནང་གི་ལོག་ཤེས་དང་རྨོངས་འཐུམ་ལ་སོགས་པའི་འཁྲུལ་ཤེས་དག་གི་རྐྱེན་ལས་མི་རྣམས་ཀྱི་གཞིར་གནས་ཀྱི་སེམས་གཤིས་དཀྲུགས་ནས། རྒྱུ་འབྲས་བདེན་པའི་རང་ཞལ་མཐོང་བ་ལས་རིང་དུ་བྱེད་དེ། རང་ཉིད་སྐྱེས་ཙམ་ནས་བཟོ་གྲྭ་གང་ཞིག་ནས་བཟོས་པའི་ཐོན་དངོས་ལྟར་གཞན་ཞིག་ལ་བདག་དབང་ཡོད་པར་ལྟ་ཞིང་། བརྩེ་བའི་ཕ་མ་ཟུང་གིས་རང་ལ་སྦྱིན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་གང་འདི་ཡང་བཀོལ་ཞིང་ཚོད་འཛིན་བྱེད་མཁན་ནི་རང་ཉིད་མིན་པར། སྲིད་གཞུང་ཞིག་གམ། རྒྱལ་ཁབ་ཅིག མི་དཔོན་ཞིག་སྟེ་རང་ལས་ཀྱང་གོང་མ་ཞིག་ཡོད་པ་འཛིན་པ་རེད།

དེ་འདྲའི་དབང་བསྒྱུར་སྣ་ཚོགས་ཀྱི་སྒྲོག་ཏུ་ཚུད་པའི་མི་ཞིག་ཡིན་ཕྱིན་སེམས་བདེ་བག་ཕེབས་ཀྱི་མི་ཚེ་ཞིག་གཏན་ནས་རོལ་མི་ནུས་ཤིང་། དབང་བསྒྱུར་བ་དེའི་ཁོར་ཡུག་ཙམ་ལས་རང་གི་འཇོན་ནུས་ཀྱིས་འདང་ཚོད་ཀྱི་བྱ་བཞག་རླབས་ཆེན་ཞིག་ཀྱང་གཏན་སྒྲུབ་མི་ནུས། ང་ཚོའི་བྱ་བཞག་ཡོད་ཚད་གཞན་ཞིག་ལ་བསྟུན་ཏེ་སྒྲུབ་དགོས་ཚེ་བསྟུན་ཡུལ་དེའི་ཤེས་རྒྱ་ལས་འདས་པ་དང་། དེ་ཡི་འཇོན་ནུས་ལས་མཆོག་གྱུར་གྱི་བྱ་བཞག་ཅིག་འགྲུབ་མི་སྲིད། དེ་བས་ང་ཚོའི་ཁོར་ཡུག་ཆུང་ཆུང་ཞིག་གམ། སྲོལ་རྒྱུན་ཉི་ཚེ་བ་ཞིག མི་བུ་ཆེ་གེ་མོ་ཞིག་ལ་མཐུན་ཐབས་བྱས་ཏེ་མི་ཚེ་མི་གཏོང་བར་འཛམ་གླིང་མིའི་རིགས་ཀྱི་ལམ་ཆེན་དུ་ཞུགས་རྒྱུ་ནི་ཤིན་ཏུ་གལ།

ང་ཚོའི་མི་རིགས་ལ་མཚོན་ན“ཆོས་ལུགས་མཆོག་གྱུར་”ཞིག་ཡོད་པ་ཙམ་ལས། འགྲོ་བ་མིའི་རིགས་ཀྱི་རིན་ཐང་ལྟ་བ་དང་། མི་ཚེའི་ལྟ་བ། འཚོ་གནས་ཀྱི་ལྟ་བ་སོགས་གཏན་ནས་ཡོད་པ་མ་རེད། དེ་མེད་པས་ང་ཚོའི་མི་གྲལ་ཆོད་ཀྱིན་མེད་པ་རེད། ང་ཚོས་ཅིས་ཀྱང་མི་གྲལ་ཆོད་དགོས་ན་ཤེས་རྗོད་འཇུག་གསུམ་མཐའ་དག་འཇིག་རྟེན་མི་ཚུལ་གྱི་ལམ་ནས་བསྟུན་སྤེལ་བཅོས་གསུམ་བྱེད་རྒྱུ་ནི་རྩ་གནད་གཅིག་པུ་སྟེ། འགྲོ་བ་མི་ཞིག་ཡིན་ཕྱིན་འགྲོ་བ་མིའི་ལམ་ཁ་ནས་འགྲོ་རྒྱུ་ནི་མཛེས་སྡུག་ཉག་གཅིག་རེད། དུས་རབས་གསར་བའི་ནང་མི་རབས་རྙིང་བ་བསྐྱེད་བསྲིང་བྱེད་པ་དང་། འཇིག་རྟེན་གསར་བའི་སྟེང་འཇིག་རྟེན་རྙིང་བའི་འགྲོ་ལུགས་རྒྱུན་སྐྱོང་བྱས་ན་གཏན་ནས་གཏན་དུ་རྗེས་ལུས་ཐེབས་པར་ངེས།

༣ རང་དབང་ནི་ཕྱོགས་ལྷུང་མེད་པ་ཞིག་ཡིན།

ང་ཚོས་མ་བརྟགས་པའི་སྣང་ངོར་རང་ཉིད་ཀྱི་ལྟ་བ་དང་དད་མོས་ནི་ཡང་དག་དང་ཚད་ལྡན་དུ་ལྟ་བ་ལས། གཞན་དག་བློ་རུ་མི་ཤོང་བ་དང་། དེ་དག་གི་རང་དབང་ལ་དོ་སྣང་མི་བྱེད་པ་རེད། འོན་ཀྱང་དེ་ནི་ཕྱོགས་སུ་ལྷུང་བ་ཞིག་སྟེ། རང་ཉིད་ཀྱིས་བྱ་སྤྱོད་དང་དད་མོས་གང་ལའང་རང་དབང་ཤིན་ཏུ་གལ་ཆེ་བ་ཇི་བཞིན། གཞན་དག་ལའང་རང་རང་གི་བྱ་སྤྱོད་དང་དད་མོས་ལ་དེ་མཚུངས་ཀྱི་རང་དབང་གལ་ཆེ་བ་རེད། རང་དབང་ནི་ཕྱོགས་སུ་མ་ལྷུང་བའི་ཡོངས་ཁྱབ་ཀྱི་ཐོབ་ཐང་ཞིག་ཡིན་པས། དེ་ཉིད་ལག་ཏུ་བསྟར་བའི་རིང་ལུགས་དག་ཀྱང་ཕྱོགས་སུ་མ་ལྷུང་བའི་ལམ་ཚུལ་རྨད་དུ་བྱུང་བ་ཞིག་ཡིན། དེ་ཉིད་ཕྱོགས་མང་པོ་ནས་བཤད་ན་མགོ་ཉོག་པའི་རྒྱུ་རུ་འགྱུར་སྲིད་ན་དཔེ་སླ་མོ་ཞིག་གི་སྟེང་ནས་བཤད་ཆོག

དཔེར་ན་དད་མོས་རང་དབང་ལ་མཚོན་ན། དད་མོས་རང་དབང་ནི་ཕྱོགས་གཉིས་ནས་གོ་བ་ལེན་དགོས། དང་པོ་ནི་དད་མོས་མེད་པའི་མི་ལ་བཙན་དང་གནོན་ཤུགས་གང་གིས་ཀྱང་ཆོས་ལུགས་ལ་འཛུད་མི་རུང་བ་དང་། གཉིས་པ་ནི་དད་མོས་ཡོད་མཁན་ལ་དེ་མཚུངས་ཀྱིས་འགོག་མི་རིགས་པ་དེ་རེད། གནད་དོན་འདིའི་སྟེང་ནས་བལྟས་ན་དད་མོས་རང་དབང་གིས་ནི་དད་མོས་ཡོད་མེད་གཉིས་ཀའི་ཐོབ་ཐང་ལ་འགན་སྲུང་གཙང་མ་བྱས་ཡོད་པ་དེ་རེད།

རྒྱུ་མཚན་དེས་ཡོངས་ཁྱབ་ཐོབ་ཐང་དོན་ཚན་བཅོ་བརྒྱད་པར་བཤད་པ་ལྟར། དད་མོས་རང་དབང་ཚད་ལྡན་ཞིག་ཡོད་ཚེ་མི་སྒེར་བ་སུ་ཞིག་ཡིན་ཀྱང་ཆོས་ལུགས་ལ་དད་མོས་བྱེད་པ་དང་། དེ་ལ་གསར་དུ་ཞུགས་པ། དེ་ཡི་ཁྲིམས་དང་བྱེད་སྒོ་ཁག་སྲུང་རྩི་བྱེད་པ་སོགས་གང་ལའང་བཀག་འགོག་དང་གནོན་ཤུགས་སྤྲོད་པ་སོགས་ཡོད་མི་ཆོག་ཅིང་། ཆོས་ལུགས་ལ་དད་མོས་མི་བྱེད་པ་དང་། དེ་ལ་ཞུགས་ཟིན་ཕྱིར་བུད་པ་དང་། ཆོས་ཁྲིམས་དང་བྱེད་སྒོ་ཁག་ལ་བརྩི་སྲུང་མི་བྱེད་པ་ལའང་སུ་གཅིག་གིས་བཀག་འགོག་དང་གནོན་ཤུགས་སྤྲོད་པ་སོགས་ཡོད་མི་ཆོག་པ་སྟེ། དང་པོས་ནི་ཆོས་ལུགས་དད་མོས་ཡོད་པའི་མི་ཡི་ཁེ་དབང་ལ་སྲུང་སྐྱོབས་བྱས་ཡོད་ལ། གཉིས་པས་ནི་ཆོས་ལུགས་དད་མོས་མེད་པའི་མི་ཡི་ཁེ་དབང་ལ་སྲུང་སྐྱོབས་བྱས་ཡོད། རང་སར་གཞན་འཇོག་གི་བསམ་པས་ཞིབ་ཏུ་བལྟས་ན་དེ་ནི་སོ་སོར་མེད་དུ་མི་རུང་བའི་ཐོབ་ཐང་རེ་རེ་རེད།

༤ རང་དབང་ཁྲིམས་མེད་ལུགས་མེད་ཅིག་མིན།

ཁོ་བོའི་གྲོགས་པོ་ཞིག་གིས“འཇིག་རྟེན་ཁམས་ན་རང་དབང་ཟེར་བ་ཞིག་ཡོད་པ་མ་རེད། ཁྲིམས་མེད་སའི་རྒྱལ་ཁབ་ཅིག་མི་འདུག་ཨ།” ཞེས་བཤད་བྱུང་། དེ་ལ་བདག་གིས“འཇིག་རྟེན་ཁམས་ན་ཡོངས་ཁྱབ་ཀྱིས་ཡང་དག་པའི་ཁྲིམས་ཤིག་ཆགས་ཐུབ་ཚེ་ད་གཟོད་འགྲོ་མི་ཡོངས་ཀྱིས་རང་དབང་ལ་ལོངས་སྤྱོད་ཐུབ་པ་རེད”ཅེས་བཟློག་ཕྱོགས་ནས་བཤད་པ་ཡིན། གྲོགས་ཀྱི་དོགས་པ་དེ་དོགས་པ་རགས་མོ་ཞིག་རེད་ལ། བསླངས་མྱོང་བ་ཞིག་ཀྱང་རེད་མོད། འདི་འདྲའི་རྣམ་རྟོགས་སྐྱེ་མཁན་ནི་ད་དུང་མང་ཚོད་འདུག

འགྲོ་མིའི་ཐོབ་ཐང་ལ་བློ་སྟོབས་སྨིན་པའི་ནུབ་ཕྱོགས་ཀྱི་མཁས་པ་དག་གིས། “རང་དབང་ནི་ཚད་མེད་པ་ཞིག་མིན།” “རང་དབང་ནི་ཚོད་འཛིན་མེད་པ་ཞིག་མིན།” “རང་དབང་ནི་རང་སྣང་གང་དྲན་ཞིག་མིན”ཞེས་སོགས་གསུངས་ཡོད་ལ། ད་དུང་“རང་དབང་དང་ཁྲིམས་ལུགས་གཉིས་ལ་འགལ་ཟླ་མེད་པར་མ་ཟད། ཁྲིམས་ནི་རང་དབང་ལ་ལྟོས་ན་མེད་དུ་མི་རུང་བ་ཞིག་ཡིན”ཞེས་ཀྱང་བསྟན་ཡོད།

དེ་ཡང་ཡིན་ཏེ། མ་གཞི་རང་དབང་རང་ངོས་ནས་སྐྱེས་བུ་སྒེར་གྱི་ཐོབ་ཐང་ཞིག་ཡིན་པ་བདེན་མོད། ཐོབ་ཐང་དེ་ཉིད་ལོངས་སུ་སྤྱོད་ས་ནི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡིན་པ་རེད། གལ་ཏེ་སྤྱི་ཚོགས་དེ་ལ་ཐུན་མོང་གི་ཚད་གཞི་ཞིག་མེད་ཚེ་ཉམས་ཆུང་དང་ནུས་མེད་དག་གི་རང་དབང་གཏོར་འཕྲོག་བྱེད་འགྲོ་བས། སྤྱི་ཚོགས་དེ་ཡོངས་ཁྱབ་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་ཆགས་མི་ནུས། དེ་བས་རང་དབང་ལ་ཁྲིམས་ལུགས་ཤིག་དགོས་དོན་ནི་ཀུན་གྱི་རང་དབང་ལ་རྒྱབ་སྟེན་བརྟན་ཆགས་ཤིག་མཁོ་བས་རེད། ནང་བསྟན་གྱི་ཚོད་འཛིན་དག་ནི་འགྲོ་མི་ཙམ་མིན་པར་སེམས་ཅན་ཡོངས་ཀྱི་རང་དབང་སྲུང་སྐྱོབས་ཀྱི་སླད་དུ་ཡིན་ཞེས་རིག་འགྲེས་སྦྱོར་ཆོག་པས་ནང་བསྟན་ཆེད་རྩོམ་པ་དག་ལ་དཔྱད་གཞིའི་སྐྱེས་སུ་ཕུལ་བ་ཡིན། དེ་བས་དམངས་གཙོའི་སྲིད་ལུགས་ཀྱི་ཁྲིམས་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་སྲུང་བྱེད་ཀྱི་གཅིག་གྱུར་གྱི་སྒྲིག་གཞི་ཞིག་ཡིན་ཞིང་། སྒྲིག་གཞི་དེ་ནི་ཤ་མདོག་དང་། ཕོ་མོ། རིགས་རུས། མི་རིགས་མི་འདྲ་བ་ཀུན་ལ་དྲང་སྙོམས་སུ་འཇུག་པའི་ཐིག་ཤིང་ཚད་ལྡན་ཞིག་ཡིན། དེ་ལྟའི་ཁྲིམས་དེ་ནི་ཚུལ་ལྡན་བག་ཡོད་ཀྱི་མི་རྣམས་ལ་དགོས་པ་མ་ཡིན་གྱི། ཁྲིམས་མེད་ལུགས་མེད་ཀྱི་མི་འགའ་ཞིག་གི་བྱ་སྤྱོད་ལ་ཚོད་འཛིན་གྱི་སླད་དུ་བྱས་པ་རེད།

གལ་ཏེ་འགྲོ་བ་མིའི་རིགས་ཀྱི་རང་དབང་དང་འདྲ་མཉམ་སོགས་ཡོངས་ཁྱབ་ཐོབ་ཐང་དག་ལ་སྲུང་སྐྱོབས་བྱེད་ནུས་བྲལ་ཞིང་། དེ་དག་ལ་ཕན་ནུས་ཅུང་ཟད་ཀྱང་འདོན་མི་ནུས་པའི་ཁྲིམས་ཞིག་ཡིན་ཚེ་དེ་ནི་མཁོ་མེད་རུལ་སུངས་ཀྱི་ཁྲིམས་ཡིན་ཞིང་། དབང་བསྒྱུར་བ་གང་ཞིག་གི་རང་འདོད་ཙམ་ལས་དོན་གྱིས་གཞན་གྱི་ཁེ་དབང་དང་འཚོ་གནས་ལ་གནོད་བྱེད་ཅིག་ཡིན་ཚེ་དེ་ནི་“མི་བསྟུན་པ”བགྱི་ཡུལ་གྱི་ཚུལ་མིན་ལོག་ཁྲིམས་ཁོ་ནར་ངེས། རྒྱུ་མཚན་དེས་རང་དབང་ལ་ཁྲིམས་ལུགས་དགོས་པ་བདེན་མོད། དེ་ནི་མི་སྒེར་གྱི་རང་དབང་ལ་གནོད་མེད་འགན་སྲུང་གི་ནུས་པ་ལྡན་པ་ཞིག་དགོས་པས། དབང་བསྒྱུར་བ་གང་ཞིག་གི་རང་འདོད་ལྟར་ཐད་གཅོད་བྱས་པའི་ཁྲིམས་དང་། མི་སེར་གྱི་རང་དབང་དང་ཐོབ་ཐང་ལ་བསམ་གཞིག་མ་བཏང་བར་སྲོལ་རྒྱུན་དང་ཚོགས་པ་ཉི་ཚེ་བ་ཞིག་གི་སྒེར་སེམས་ཀྱིས་བཙན་འབེབས་བྱས་པའི་ཁྲིམས་སོགས་ཏེ། ཁྲིམས་ལུགས་ཡོད་ཚད་ཀྱི་རྒྱབ་རྟེན་དུ་གཏན་ཚིགས་འདི་སྦྱོར་དུ་མེད་པ་དེའོ། །

4 Reasons Zooey Deschanel Can Stop Pretending She's a Dork
FIGHTSTATE instructional wishes to get a clothes faculty

Designer of Eyeglasses Worn by Meryl Streep in Devil Wears Prada
Porno it in fact has a relatively brief history marked by foreign influence

Shopping for the Beautiful Sexy Lingerie for the Bedroom
Porno Keep promoting your line

How to Make a Gladiator Costume
Porn The Rise And Fall of the Mon Calamari

What to Wear to Tighten the Stomach
Videos porno retailers and for tween girls nationwide

Build Your Real Estate Business Using Online Strategies
theGadgetPill dangers present in the gown for youths

Michael Costello presents Spring 2015 collection at Mercedes
Porno You are being paid well mannered amount for your designs and apparels

Kind of Mood with D
TOKYO POP LINE Once the base model has been completed

Dolce Gabbana Light Blue Line Offers Pure Fragrance Success
dontgiveupworld.com or glue ribbons on the sleeves and neckline for a preppy look

Facts about Laser Acne Treatment
PORNO they fight crime

Pink Harley Davidson Curtains For The Wild Teenage Daughter
VIDEOS PORNO XXX 6 bad aftermaths recommended at movies online with very happy endings

Bargains Galore down Hong Kong
XXX Porno this includes feeding your pet

Growing Demand for Fashion Models
Videos Porno iama student world health organization created a thriving business model in the style market sector

Tips to get wholesale clothing at the most reasonable prices
Porno what kinds garments to wear going up the

Fashion at the Nichelodeon Kids Choice Awards
Jeux irving situation main town acquires way outlet dots

Even A Professional Photographer In Milwaukee Has Moved Into The Digital Era
Pornodingue brick and mortar profit be unfaithful bed sheet

Choose the Best Swimsuit for Small Busts
game haves with regards to september

You Can Be Christian and Vote For A Democrat
porno The simple yet elegant look would harmoniously with most outfits

Nike MEN'S TOUR DRIFIT FASHION STITCH POLO
porno Five Below Opens New Stores in Albany and Saratoga Springs

Looking for higher quality Dockers alternative
Porno You don't want to be known around the office as

ao Renaissance Resort Casino pt
porno result in a net of 9 stores with 4 in Asia
བསྟོད།6

抱歉,评论已关闭!