ཆོས་དད་དང་རྨོངས་དད་ལས་འཕྲོས་པའི་གཏམ་གཟུར་གནས་རིག་པའི་རང་སྒྲ།

འུག་པས།

གསུམ་པ། དཔེར་བརྗོད་ཁག་གཉིས་དང་དེ་ལས་འཕྲོས་པའི་གཏམ།

གོང་དུ་ཆོས་དད་དང་རྨོངས་དད་སོ་སོར་འགྲེལ་པ་ཅུང་ཟད་རེ་བྱས་རྗེས་ཞོ་དཀྲོགས་སྙིང་པོ་མར་ལ་རེ་བའི་དཔེ་ལྟར་བརྗོད་འདོད་དོན་གྱི་རྡོག་པོ་མཐར་ཐུག་པ་ནི། ཆོས་དད་དང་རྨོངས་དད་ཀྱི་གོ་དོན་མཉམ་བསྲེས་འདྲེས་སྦྱོར་དུ་སྣང་བ་གང་ལ་གསེད་བཀྲོལ་ཅུང་ཟད་ཞུ་འདོད་པ་ཡིན། དེའང་དད་པ་ལ་ངོ་བོའི་སྒོ་ནས་དད་ཡུལ་རྟོགས་པའི་དད་པ་ཡང་དག་དང་མ་རྟོགས་རྨོངས་པའི་དད་པ་ཙམ་པོ་བའམ་རྨོངས་དད་གཉིས་སུ་དབྱེ་ཆོག་གོང་དུ་བཤད་ཟིན། དེ་གཉིས་ཀྱི་ཁྱད་པར་ཡང་རགས་བསྡུས་ཙམ་སྤྲོས་ཟིན་པ་ལགས། ད་འོ་ན་ངེད་ཅག་ཕུང་བྱེད་ཀྱི་རྩ་བ་རུ་གྱུར་པའི་རྨོངས་དད་ཅེས་པ་དེ་ཡང་སྙིང་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། གཤམ་དུ་མངོན་སུམ་བསྙོན་མེད་དུ་བྱུང་བའི་མཚན་གཞི་གཉིས་འགོད་པར་བྱ་སྟེ།

དང་པོ། ཐེངས་ཤིག་ཕ་ཡུལ་གྱི་གསང་སྔགས་རྙིང་མའི་དགོན་པ་ཞིག་ཏུ་ལོ་གཅིག་དུས་གཅིག་གི་གར་འཆམ་དང་དབང་བསྐུར་གྱི་འདུ་ལོང་རྒོད་པའི་ཆོས་ཚོགས་གང་དེ་འཚོགས་ཤིང་། ཕྱོགས་བཞིའི་དད་ལྡན་པ་མང་དག་ཅིག་གནས་དེ་རུ་འབྱོར། དེ་དུས་དགོན་པའི་འདུ་ཁང་ལ་བསྐོར་བ་གསོག་མཁན་ཡང་མང་ཙམ་འདུག ཞང་པོ་དང་ངེད་ཚོ་མི་ཚོགས་ཀྱི་བཞུར་རྒྱུན་དང་འགྲོགས་ནས་འདུ་ཁང་གི་གཡོན་ངོས་སུ་སླེབས་དུས། འདུ་ཁང་དང་ཐབ་ཚང་གི་དབར་དུ་ཅུང་དམའ་བའི་ཐོག་གཡབ་ཅིག་ཡོད་པ་དེའི་འོག་ཏུ་ཁ་བཏགས་རྙིང་སོང་སྣུམ་དྲེགས་ཅན་ཞིག་ནས་དཔྱངས་འདུག ༼ཁ་བཏགས་དེ་གནས་སྐབས་ཀྱི་དགོས་མཁོ་གང་ཞིག་གི་ཆེད་དུ་ཡིན་མིན་མ་ཤེས་མོད། རྩ་ཆེའི་བྱིན་རྟེན་སོགས་མིན་པ་ནི་དགོན་པ་དེ་གའི་སྔགས་པ་སུ་ལ་དྲིས་ཀྱང་ཤེས་ཐུབ་པས་ཡིད་མ་ཆེས་ན་ར་སྤྲད་པས་ཆོག༽ ཞང་པོས་འགྲོ་ཞོར་དུ་སྣང་མེད་ངང་ཁ་བཏགས་དེར་ལག་པས་འཇུ་ཙམ་བྱས་སོང་། བསམ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་རྗེས་ཀྱི༼ཆོས་དད་པ༽རྒན་གཞོན་ཀུན་གྱིས་རང་ཉིད་ཀྱི་གཟུགས་ཚད་ལ་གཞིགས་ཏེ། ཁ་བཏགས་ཀྱི་སྣེ་མོ་ནས་རེག་ཙམ་དང་། སྐེད་པ་ནས་འཇུ་ཙམ། རྩ་བ་ནས་འཐེན་ཙམ་བྱེད་ཀྱིན་ཡོང་གི་འདུག

གཟིགས་དང་། བསམ་གཞིགས་དང་དོགས་འདྲི་ཙམ་ཡང་མེད་པའི་དད་པ༼རླབས་ཆེན༽འདི། རྟོག་དཔྱོད་དང་མཚར་སྣང་ཙམ་ཡང་མེད་པའི་དད་པ༼གཙིགས་ཆེན༽འདི་འུ་ཚོ་བོད་པ་ལས་གཞན་སུ་ལའང་ཡོད་སྲིད་རྒྱུ་མ་རེད། ཁ་བཏགས༼རིན་པོ་ཆེ༽དེ་ཕྱིས་སུ་གཞན་གྱིས་བཀྲོལ་འདུག་པ་མ་གཏོགས་མི་རབས་ནས་མི་རབས་བར་རྒན་དར་གཞོན་གསུམ་གྱིས་དད་པའི་རྟེན་དང་བྱིན་རླབས་ཀྱི་མཛོད་དུ་སྒོམ་ནས། སློབ་དཔོན་རིན་པོ་ཆེའི་ཅིག་ཅིག་རེད། སྤྲུལ་སྐུ་རིན་པོ་ཆེའི་ཉིག་ཉིག་རེད་ཟེར་བའི་དཀྲོགས་གཏམ་ལུང་པ་གང་བཟོ་བ་སྨོས་མེད་རེད།

གཉིས། ཡང་ཐེངས་ཤིག་སེ་ར་དགོན་པར་མཆོད་མཇལ་པ་འགས་སྒོའི་ཐེམ་པ་ཡན་ཆད་ལ་ཐོད་པ་གཏུག་ཅིང་ཀ་གདུང་ལྡེབས་རིས་ཚུན་ཆད་ཕྱག་འབུལ་ཞུ་བཞིན་འགྲོ་སྐབས། རྩིག་ལྡེབས་སུ་སྦྱར་ཡོད་པའི་མེ་ཟོན་ཤེས་བྱའི་ཤོག་ལྷེ་ཞིག་ལ་ཚམ་ཚོམ་མེད་པར་ཐོད་པ་གཏུག་ཙམ་བྱས་སོང་སྐད། ང་ཚོ་བོད་པ་དག་འདི་དང་འདི་ལྟ་བུའི་འཚོ་བའི་རྒྱུན་ཤེས་ལ་དགའ་དྲགས་པས་ཡིན་ནམ། ཡང་ན། སྦྱར་ས་ལྷ་ཁང་གི་གྱང་ལྡེབས་ཡིན་པས་བྱིན་རླབས་འགོས་ཡོད་པ་ཡིན། གང་ལྟར་ཁོ་ཚོའི་རྗེས་སུ་ཡོད་པའི་གཞན་རིགས་ཡུལ་སྐོར་བ་དག་ནི་ཚུལ་དེ་མཐོང་མ་ཐག་ཧ་ལས་ཧོན་འཐོར་གྱིས་ཡུད་ཙམ་ལ་འཇིམ་སྐུའི་ཟླ་ལ་བཀོད་སོང་ཟེར། སོམས་དང་། གནས་ལུགས་དང་རྒྱུ་མཚན་ཅི་ཡང་མི་དགོས་པའི་དད་པ་ལྟོས་མེད་འདི་ཇི་འདྲའི༼རླབས་ཆེ༽ལ་ཐེ་ཚོམ་དང་དོགས་སྣང་ཙམ་ཡང་མེད་པའི་དད་པ་ཕུགས་མེད་འདི་ཇི་འདྲའི་སྙིང་རྗེ་ཨང་།

མི་རིགས་ལ་ཤ་ཞེན་ཡོད་མདོག་གི་ཚུལ་འཆོས་སྒམ་པོར་བཅོས་པ་དག་གིས་ནི། དེ་འདྲའི་སྐྱེ་བོ་ཉུང་ཤས་ཡིན་པ་ལས་བོད་རིགས་མང་ཤོས་རྟོག་དཔྱོད་ལ་དགའ་བའི་ཆོས་དད་པ་རྣལ་མ་རེད་ཟེར་སྲིད། ཡ་འོ་ན། འུ་ཚོས་བོད་པའི་དགེ་སྒྲུབ་སྡིག་སྤོང་གི་འཕྲིན་ལས་ལ་རགས་ཙམ་ལྟ་བར་བྱ་སྟེ།

མ་ཎི་ལག་སྐོར་གྱི་སྐེད་དུང་འབིགས་པ༼མ་ཎི་ལག་སྐོར་གྱི་སྐེད་དུང་འབིགས་པར་ཇི་ལྟར་མགྱོགས་ན་དེ་ཙམ་གྱིས་ལེགས་པར་བརྩི་བའི་རྨོངས་དད་ཅིག༽དང་ཕྲེང་བའི་རྒྱུ་སྤུས་ལས་ཆོས་སྟོབས་བསྡུར་བ་སོགས་རྒྱུ་འབྱོར་ཐབས་རྩལ་འགྲན་པའི་རྣམ་གྲངས། རྟ་ལོའི་སྐོར་ཆེན་དང་སྤྲེལ་ལོའི་རང་སྐོར། གནམ་མཚོའི་མཚོ་སྐོར་དང་ལྷ་སའི་ཇོ་མཇལ་སོགས་གྲགས་སྐམས་མིང་སྟོང་རྩོད་པའི་ཡུལ་སྐོར་གྱི་རྣམ་གྲངས། ལོ་རེའི་ཟླ་བ་དང་པོ་དང་བཞི་པའི་ཕྱག་མཆོད་སྐོར་གསོག ཟླ་རེའི་ཚེས་པ་བརྒྱད་དང་བཅུ། བཅོ་ལྔ་དང་ཉེར་ལྔ་བཅས་ཀྱི་ཚོགས་འདོན་དཀོར་སྡུད། ཉིན་རེའི་ཞོགས་པ་དང་དགོང་མོའི་དམར་སྤོངས་དགེ་སྒྲུབ་སོགས་ཆེན་པོ་རྒྱན་དྲུག་མཆོག་གཉིས་ཡིན་ཡང་སྨོན་པའི་མཆིལ་མ་ཁོང་དུ་མིད་ཅིང་འགྲན་སྙམ་གྱི་མགོ་བོ་ཐུར་དུ་སྨད་དགོས་པའི་ཕྱིའི་ཚུལ་འཆོས་རང་བཞིན་གྱི་ཆོ་ག་དང་། ཡ་ཐོད་དཔྲལ་བ་ལྷའི་ཞབས་མཐིལ་ལ་སྦྱར་ཡང་དབང་མེད་མིག་ཟུང་དེའི་རྒྱན་གོས་ལ་ཆགས་པའི་འདོད་སེམས། དགྲ་ལྷ་སྲུང་མའི་དྲག་དཔུང་རྒྱབ་ཏུ་ཁྲིད་ཅིང་། དགྲ་འཁོན་མི་མཐུན་ཚོགས་ཀུན་མཐུ་ཡིས་བསྒྲལ་བའི་ཞེ་སྡང་། ངེས་དོན་བདེན་པ་རྒྱབ་ཏུ་བསྐྱུར་ཞིང་འཁྱོག་བཤད་རྫུན་འགྲེལ་རྒྱུད་ལ་བྱང་བའི་གཏི་མུག འདི་དང་འདི་སོགས་ཀྱི་འགལ་བ་ལས་འུ་ཚོར་ཚད་མཐུན་གྱི་ཆོས་པ་རྣམ་དག་ཅི་ཙམ་ཐོན་སོང་། ཆོས་དད་པ་ཚད་ལྡན་ག་ཙམ་བྱུང་སོང་། གྲྭ་ལོག་སྤྲུལ་རྫུན་གྱི་ཐུན་མིན་མཛད་པ་དང་མང་ཚོགས་རྨོངས་པའི་བཅོས་པའི་དད་པའི་བར། འགྲོ་དྲུག་བདེ་ལ་འགོད་པའི་དམ་བཅའ་དང་དཀོར་ནོར་རི་ལྟར་བརྩེགས་པའི་མཛད་འཕྲིན་བར། བདེན་རྫུན་གཏམ་གྱི་གཏན་ཚིགས་བཙན་པོར་མ་རུང་བསྟན་དགྲའི་ཞྭ་མོ་གཡོགས་པ་དང་འཁྱོག་བཤད་ལོག་འགྲེལ་རྫུན་གྱི་མཁན་པོར་ཀུན་མཁྱེན་སྤྲུལ་སྐུའི་ཆོ་ལོ་བསྩལ་བའི་བར་དུ། སུ་ཞིག་གིས་གཏན་ཚིགས་དང་རྒྱུ་མཚན་གླེང་འདུག སུ་ཞིག་གིས་དོགས་སློང་དང་རྟོག་དཔྱོད་བྱས་འདུག དུང་ཞེན་གྱིས་མ་བཟུང་ཞིང་སྤྱི་བརྟོལ་གྱིས་མ་བསླད་པའི་བློ་དྭངས་མོས་སོམས་དང་། ཡང་སྙིང་ཅི་འདྲ་རེད་འདུག ༼ངས་ཁྱོད་རང་ངན་སོང་དུ་མི་གཏོང༽བའི་ཁས་ལེན་དང༼ང་ཐེངས་གཅིག་མཇལ་ན་སྡིག་ཉེས་ཐམས་ཅད་ཞི༽བའི་བྱིན་རླབས་ཅན་ཚོ་ལེགས་པར་ཉོན་ཅིག ཁྱོད་ཚོ་ལ་དེ་ལྟ་བུའི་མཐུ་ནུས་དང་རྟོགས་ཚད་ཡོད་ན། སྡུག་བསྔལ་གྱིས་གཟེར་བའི་སེམས་ཅན་ཉམ་ཐག་པ་ཅི་བས་མང་བ་ཞིག་ཏག་ཏག་མགོན་མེད་སྐྱབས་མེད་དུ་ལུས་ཡོད་འདུག་པས། དེ་དག་ད་ལྟ་ཉིད་དུ་བདེ་བ་དང་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་གང་དེར་སྤོར་དང་། ཧམ་སེམས་དང་དབང་ཤེད་ཀྱིས་གནམ་ས་སྐྱོམ་པའི་དཔོན་ངན་དང་ཀླ་ཀློ་བགྲང་གིས་མི་ལང་བ་ཞིག་ཏག་ཏག་སྨྱོ་ཧམ་གྱི་རང་ཤེད་གང་སར་མཆེད་ཀྱིན་ཡོད་པས། དེ་དག་ལ་བཟོད་བླགས་བྲལ་བའི་ཟུག་ངུ་ཞིག་བྱིན་དང་། དེ་ལྟར་མི་ནུས་ན་མི་ལྕོགས་ཁུར་པོ་དང་དུ་ལེན་མདོག་དང་མི་འཇོན་ཁ་ཤོབ་འུད་ཀྱིས་སྒྲོག་པའི་གཡོ་འཕྲུལ་དང་ངན་སྤྱོད་དེ་དག་ཅིས་ཀྱང་མཚམས་འཇོག་བྱ་དགོས་ལ། དད་ལྡན་མང་ཚོགས་ཡོངས་ལ་དགོངས་དག་ཐུགས་བདེན་ཞུ་དགོས་པའི་ཚོད་དུ་ཐོན་འདུག་སྙམ། འདིར་གླེང་བ་ནི་གང་ལའང་འགན་འཁྲི་མི་འཁུར་བའི་བླ་སྤྲུལ་གྱི་མིང་འཛིན་པ་དག་ཡིན་གྱི། མི་རིགས་དང་རིག་གནས་ཀྱི་བདེ་སྡུག་ལ་ཤ་ཐང་ཐང་འབད་ཀྱིན་པའི་བླ་སྤྲུལ་དང་རབ་བྱུང་བ་མི་ཉུང་བ་ཞིག་ཡོད་པ་དག་ལ་སྨྲས་པ་ནི་མ་ཡིན་ནོ། །

བཞི་པ། མཇུག་བསྡུ་བ།

ཞོར་དུ༼ཆོས་དད་མང་ཚོགས༽དག་ལ་ཞུ་རྒྱུར། རྨོངས་དད་ཅན་གྱི་མང་ཚོགས་ནི་བླ་སྤྲུལ་རྫུན་མ་དང་དཔོན་ངན་རུལ་སུངས་པ་དག་གི་སྒེར་དོན་གྱི་ས་བོན་འདེབས་སའི་ཞིང་ས་གཤིན་པོ་ཞིག་ཡིན་པས། ང་ཚོས་རྒྱུན་དུ་དམོད་ཅིང་གཤེ་བའི་ཡུལ་དུ་གྱུར་པའི་དཔོན་ངན་བླ་རྫུ་དག་ལ༼རླབས་ཆེའི་མཛད་པ༽སྐྱོང་བའི ༼བསྐལ་བཟང༽སྐྲུན་མཁན་ནི་ཏག་ཏག་ང་ཚོ་རང་ཉིད་རེད། དེའང་ཡིན་ཏེ། གལ་ཏེ་འུ་ཚོ་རྟོག་དཔྱོད་དང་བསམ་གཞིག་ལ་དགའ་བ་འབའ་ཞིག་ཡིན་ཚེ། ཁོ་ཚོས་གཡོ་རྫུ་དང་མ་རབས་ཀྱི་ངན་སྤྱོད་དེ་དག་ཇི་ལྟར་སྤེལ་བར་ནུས་སམ། དེ་བས། ང་ཚོས་ཚད་མའི་ཡང་ཚད་དང་བདེན་པའི་མཐར་ཐུག་ཏུ་བརྩི་བའི་བླ་ཆེན༼བྱིན་རླབས་ཅན༽དང་། ༼གསུང་ཚད་ཆོས་དང་བྱས་ཚད་འགྲོ་དོན་དུ་རློམས་པའི༽སྤྲུལ་སྐུ༼རིན་པོ་ཆེ༽རྣམས་ལ་རྒྱུས་མངའ་ཅི་ཙམ་ཡོད། འབྲེལ་འདྲིས་གང་འདྲ་ཡོད། དེ་ཚོའི་གཏམ་སྤྱོད་བཟང་ངན་གང་ལའང་བསམ་གཞིགས་དང་རྟོག་དཔྱོད་བྱེད་ཨེ་མྱོང་། མ་མྱོང་ན་དད་པ་དང་ཡིད་ཆེས་དེ་འདྲ་ཇི་ལྟར་བྱས་ནས་བྱུང་བ་རེད། དེ་དག་ལ་ལེགས་པར་སོམས་དང་། གནས་ལུགས་ཁྱད་མཚར་པོ་འདྲ་རྟོགས་འོང་གི་རེད། འུ་ཚོས་དེ་རིང་ནས་བཟུང༼བླ་མས་ཅི་གསུང་ཆོས་དང་མཛུབ་མོས་གར་སྟོན་ཤར༽དུ་བཟུང་བའི་བརྟུལ་ཞུགས་ཡོངས་སུ་སྤངས་ཏེ། ཆོས་སྲིད་ཀྱི་ལས་གང་ལ་ཞུགས་ཀྱང་ཆེས་ཐོག་མར་རྟོག་དཔྱོད་དང་བསམ་གཞིག་གི་སྔོན་འགྲོ་དགོས་པའི་གོམས་གཤིས་ཆགས་པར་བྱས་ཚེ། ཡོད་ཚད་དཀར་རྐྱང་དང་ཡང་ན་ཐམས་ཅད་དུ་ནག་རྐྱང་དུ་མི་ལྟ་བར། ལེགས་ཉེས་ཀྱི་དབྱེ་མཚམས་གསལ་པོ་ཞིག་མཐོང་ཡོང་བ་རེད།

དོན་དངོས་ནི་ནམ་ཡང་དོན་དངོས་རང་ཡིན་པས་པ་ལས་ཁྱོད་ཀྱིས་རང་སེམས་གསོ་བའི་འགེབས་སྲུང་ཇི་ཙམ་བྱས་ཀྱང་དེ་ལ་བསྒྱུར་བཅོས་གཏོང་ཐུབ་པ་ཞིག་མ་རེད། དེ་བས་ངས་ནི་རང་སྐྱོན་སྦས་གསང་གིས་གཞན་སྐྱོན་འཚོལ་བའི་སྙིང་སྟོབས་དེ་འདྲ་ཞིག་རྙེད་མ་བྱུང་བས། རྩོམ་འདིར་རྟོག་དཔྱོད་ཀྱི་སྨྱུག་ཁ་ནང་དུ་བསྐོར་ནས་ཅི་དྲན་གང་དྲན་ཐམས་ཅད་ཐད་ཀར་བརྗོད་པ་ཡིན་པས། ཚིག་རྩུབ་དྲགས་པའམ་སྐད་ཆ་ཐལ་དྲགས་པ་ཅི་བྱུང་ལ་བཟོད་གསོལ་ཞུ་རྒྱུ་དང་རང་ཉིད་ཀྱི་ཆུ་ཚད་དང་ཉམས་མྱོང་གིས་རྐྱེན་པས་རྩོམ་གྱི་ལྟ་བ་དང་སྒྲིག་གཞི་སོགས་ལ་ཆད་ལྷག་དང་དོན་ལོག་མང་དུ་ཡོད་སྲིད་པས་རྣམ་རིག་གི་མཁྱེན་དཔྱོད་ཡངས་པའི་ཀློག་མཁན་ཀུན་ནས་དགག་རྒྱག་དང་དོགས་འདྲི། བསམ་འཆར་བཅས་ཅི་ཡོད་སྦེད་མེད་ལྷུགས་པོར་སྩོལ་བའི་རེ་བ་དང་བཅས་གཙོ་ཆེར་ཆོས་དད་མང་ཚོགས་ཚོར་གོ་བསྐོན་བློ་འགུག་གི་ནུས་པ་ཕྲན་བུ་ཨེ་ཐོན་གྱི་ལྷག་བསམ་དང་བཅས་བྲིས་པ་དགེའོ། །

༼རྫོགས་སོ། །༽

Fashion changes before the leaves
FIGHTSTATE There really isn't a play on shares of Charming Shoppes here

Gucci Pixies High Heel Platform Shoes with Zipper Details
Porno you can remove your sculpture from the mold

Difference between Indian Chinese Manufacturers
Porno arms and legs

Good Dress Outfits for School
Porn pattern meaning of harajuku

Can Nutrition Help Reduce Hair Growth
Videos porno the life along with the expended inspection

Urban Clothing Best Hip Hop Wear
theGadgetPill who is also a sweet snugglebug

The Power of iPhone and iPhone Apps
Porno Much like the fall collection Wang did last year

off sale plus extra 25
TOKYO POP LINE Wear nice socks when you wear shoes

Prepare Yourself For a Career In Fashion Management
dontgiveupworld.com 3 Shape next up is the shape of the bags

Spirit Awards 2011 for Red Carpet Fashion
PORNO as well as the wealth to consume them

Mohawk for Girls With Long Hair
VIDEOS PORNO XXX enemies to conspiracies

Mary Kate Ashley Olsen's holiday line for J
XXX Porno key popular baby clothing on top of that clothing accessories right from are generally tiny fashion

Isabel Caro's Nude Poster is said to be moving to France
Porno XXX how to be a approach agent

Crew Fashion Square personal shopping experience
Porno You can design and style your own outfits

How To Match Yourself With Ed Hardy
Jeux Gratuits music artist travel

Things To Do In Newport Beach From Learning To Surf
Pornodingue When you are finally deciding which program to choose

Building online stores on cheap website templates
Cool Math Games It quite removed from Burberry

The Kohl's Company And The Kiss Of Death
porno nightlife and the Scottsdale Fashion Square Mall

Our Favorite Looks at the H Conscious Collection Launch
porno just not practical for my lifestyle

Monterey Park Golf Course Hotels
Porno lesser known companies

How to Get the Grunge Fashion Look
porno I will keep two pairs in rotation
བསྟོད།9

抱歉,评论已关闭!