གཅེར་བུར་འབུད་པ་ནི་མི་གཤིས་ཀྱི་དྭངས་ཆ་ཞིག་ཡིན།

མགར་དམག

མི་གཤིས་ཐུམ་ལས་སྒྲོལ་བའི་དམར་རྗེན་རིང་ལུགས་པ་ཞིག་གི་བསྒྲགས་གཏམ།

དེ་རིང་བདག་གིས་བོད་ཀྱི་ན་གཞོན་པ་དག་གཅེར་བུར་འབུད་རྒྱུར་ངོ་ཚ་ཆེ་བ་ནི་ད་དུང་ཡང་ངོ་སོར་དགའ་བའི་བག་ཆགས་ཀྱི་འདོམ་ཐག་དེས་བཅིངས་ནས་ཡོད་པའི་ཁ་ཚོད་བཅད་ཞིང།བོད་ཀྱི་ན་གཞོན་པ་དག་བསླུ་བྲིད་དང་གཡོ་སྒྱུ་ལྡན་པའི་དགོང་འབག་འོག་ནས་ཕྱི་ལ་བུད་ནས།བྲང་སྙིང་གི་ཟབ་ས་ཏུ་ལྡིང་གྱིན་པའི་༼ང་ནི་མྱི་ཡིན༽སྙམ་པའི་ང་རྒྱལ་དང་སྤོབས་སེམས་བརྟན་པོར་ཡོད་ན་རང་ཉིད་ལ་ལྷག་པའི་དྭངས་གཙང་གཙང་གི་མྱི་ལུས་འདི་དང་སྐད་ཆ་དེ་དག་དམར་དམར་རྗེན་རྗེན་་བཤོམས་དང་།ལུས་པོ་འདི་ཐུམ་གྱིས་གཡོག་དགོས་དོན་མེད་ལ་སྐད་ཆ་དེའང་གབ་ཚིག་གིས་བཤད་དགོས་དོན་ཅི་ཡང་མེད་པའི་བསྒྲགས་གཏམ་སྤེལ་རྒྱུ་ཡིན།བོད་ཀྱི་ན་གཞོན་པ་ཚོར་ད་དུང་ཡང་མི་གཤིས་ཀྱི་དྭངས་མ་མེད་པར་རང་ཉིད་འཚོ་སའི་ཁོར་ཡུག་ཀུན་དུ་ཆང་དང་འགྲོགས་པའི་སྐད་ཆ་སྦོམ་པོ་རེ་ལབ་གྱིན།༼རང་གི་ལྟ་བ་དེ་ནུབ་གླིང་གི་ཤེས་ཡོན་པ་ཆེ་གེ་མོ་རེ་ཡི་ལྟ་བ་དང་མཐུན་ཚུལ་༽དང་༼བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་དགོས་མཁོ་མེད་ཚུལ་སོགས་༽ཆུ་ཁའི་ཝུ་བ་ལག་ལ་ལེན་ཚུལ་གྱིས་དཔེ་ཀློག་དང་དཔྱད་ཞུབ་གང་ཡང་མེད་པར་འུར་ཁར་འུར་བརྒྱུགས་ཀྱིས་འུར་ཤོབ་ཆེན་པོ་རེ་བྱས་ནས་བསྡད་ཡོད་ཀྱང་།ནམ་ཞིག་རིག་པའི་ཉམས་ལེན་ཕུན་སུམ་ཚོགས་ཤིང་རྟོག་སློངས་གི་སྙིང་སྟོབས་མེ་ལྟར་ཚ་བའི་མི་བུ་ཞིག་གིས་ཁོ་ལ་ཁ་ཚ་ངོ་སྐྱེངས་ཀྱི་ཕམ་ཁ་གཏེར་སྲིད་ལ་གཏེར་ཡང་མྱོང་མོད།རང་ཚོས་ད་དུང་ཡང་ངོ་སོ་དང་ངོ་ཚ་མཉམ་དུ་སྲུང་བཞིན་ཅི་སྙམ་པར་༼གསར་བུ་ལ་ཕམ་ཁ་འཁུར་བའི་གཤིས་ཀ་མེད་༽སོགས་རང་སྣང་གིས་སྟོང་བཤད་ལུང་བ་གང་རེ་བཤད་སྲིད།འདི་ཡང་མ་གཞི་རང་ཉིད་རང་ལ་ངོ་ཚ་ཞིང་རང་ཉིད་རང་གིས་གྲོལ་མ་མྱོང་བའི་ངོ་ཚ་དང་ངོ་སོའི་རིག་གནས་ལ་དགའ་བོ་བྱས་པས་ལན་པ་ཤ་སྟག་ཡིན།ངོ་སོ་་སྲུང་བའི་༼སྡར་གཤིས་༽དེའི་ཕག་ན་ནམ་ཡང་གདོང་འབག་གྱོན་པའི་མི་གཤིས་ནད་པ་ཞིག་ཀྱང་འབྲལ་མེད་དུ་ཡོད་ལ་སྐྱག་ཐོག་དུ་རང་གི་ཨོང་ཤ་གབ་ཡོད་པའི་བསྐྱུར་དྲི་མཐུལ་བཞིན་པའི་གཏམ་ངན་གང་མང་ཞིག་ཀྱང་མུ་ནས་མུར་མཐུད་ཡོད།དེ་བཞིན་བློ་རིག་གི་འགྲན་རྩོད་རྒོད་པའི་དུས་རབས་འདི་ནས་རང་ཉིད་མྱི་རུ་འགྱུར་དགོས་ན།རང་ཉིད་ཀྱི་ཕམ་ཁ་རང་གིས་འཁུར་བའི་སྤོབས་སེམས་དགོས་ལ།རང་གི་ནག་ཉེས་རང་གིས་འཁུར་བའི་དང་ལེན་སྙིང་སྟོབས་དགོས།གཡོ་སྒྱུ་དང་དགོང་འབག་གིས་གཡོག་པའི་མི་ཡུལ་གྱི་འཚོ་གནས་འདི་རུ་ང་ཚོ་ཡང་གཡོ་སྒྱུ་དང་དགོང་འབག་གྱོན་པའི་སློབ་གསོའི་དེས་བསྐྱེད་འབྲས་ཤ་སྟག་ཡིན་སྟབས།ང་ཚོའི་ཀླད་ཕོར་དང་སེམས་ཁམས་གཞི་ནས་དགོང་འབག་སློབ་གསོས་གཡོགས་ནས་ཡོད་ལ།གནའ་ནས་ད་ལྟ་བར་མི་རིགས་འདི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་སྐྱོང་ཞིང་མིའི་སེམས་ཁམས་ཀྱི་བུ་ག་རེ་རེ་ཡང་རིག་གནས་དེས་བཙེམས་ནས་ཡོད་ཀྱང་།མི་ལོ་འདི་དག་གི་རིང་ལ་ང་ཚོ་་གཡོ་སྒྱུ་དང་རྨོངས་འཐོམས།ངོ་ཚ་དང་ངོ་སོ་སོགས་ཀྱི་མི་གཤིས་ཀྱི་ནད་གཞི་འདི་དག་ལ་འགྲོགས་འགྲོགས་སུ་གནའ་ནས་ད་ལྟར་སླེབས་ཤིང་།ད་ནས་མ་འོངས་བ་རུ་ཡང་་ཏན་ཏན་དར་སྲིད།དེ་ཡང་སྲོལ་རྒྱུན་སློབ་གསོས་མ་འཁྱོངས་སའི་ཆ་ཡང་ཅི་ལ་མིན།དེ་ལྟར་བཤད་ཡོང་ན་མཁས་ཁ་བདེ་རེ་རེས་སློབ་གསོ་མ་ལན་པར་སློབ་གསོ་ལག་ལེན་པ་ལན་པ་རེད་ཅེས་སྐད་གསེང་མཐོན་པོར་སྒྲོགས་སྲིད་མོད།བདག་གིས་བསམ་གྱིན་བསམ་གྱིན་དེ་ཡང་སློབ་གསོ་རིག་པ་འདི་མི་དང་སྤྱི་ཚོགས་འདྲེས་བའི་འཚོལ་ཞུབ་ལས་ཐོན་པ་ཞིག་ཡིན་ཕྱིན།སླར་ཡང་མི་དང་འབྲེལ་བ་ཐད་ཀར་ཡོད་ལ་རིག་པའི་གཞུང་ལུགས་གང་དེ་མི་རབས་སྔོན་མ་ནས་རྗེས་མར་སླེབས་དུས་དེ་ཡང་དུས་ཀྱི་རྗེས་སུ་ལུས་བའི་སྟོང་ཆ་དང་།མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་དང་མི་མཐུན་མི་བསྟུན་པའི་ཆ་ཆེན་པོ་ཡོད་པ་ཐག་གིས་ཆོད།ཡིན་ན་ང་ཚོས་སྔར་བཞིན་ཐོབ་ཟིན་པ་དེ་མི་གཏོང་བའི་རྒྱུ་མཚན་གང་ཡང་མེད་ལ་དགོས་མཁོ་མེད་པའི་ལོ་རྒྱུས་ཀྱི་སློག་རྙིང་ད་དུང་གྱོན་པའི་བདེན་པ་དེ་བས་ཀྱང་ག་ལ་ཡོང་།དེ་ན་ད་ནི་ང་ཚོས་རང་ས་ནས་སྦྱོར་བ་རེ་ནན་ནན་ཏན་ཏན་གྱིས་སྤེལ་དགོས་ལ་བར་སྟོང་འདི་དག་གིས་ང་ཚོ་ལ་དུས་ཀུན་ཏུ་ཁ་བརྡངས་ནས་བསྡད་ཡོད།

དེ་ན་ང་ཚོ་ལ་མི་གཤིས་དྲང་ཐིག་ལ་ཕབ་ཞིང་རང་ཉིད་ལ་རང་གི་བདག་པོ་བརྒྱབས་མྱོང་བའི་མི་བུ་རླབས་ཆེན་རེ་དང་།རང་ཉིད་ངོ་སོའི་རིག་གནས་དང་གཡོ་སྒྱུས་རིག་གནས་དེའི་འདོག་ཐག་ལ་བཏགས་མ་མྱོང་བའི་སྐྱེས་ཆེན་དམ་པ་རེ་ཡང་མ་བྱུང་འུ་རེད་ཅེས་ན།དེ་ཡང་ག་ལ་ཡིན་ཁ་དན་ཚིག་ལ་གནས་ཤིང་རང་བློ་རང་གིས་བརྟོགས་པའི་སྐྱེ་ཆེན་མི་ལའི་མཚོན་པའི་སྔོན་བྱུང་གི་སྐྱེས་བུ་རླབས་ཆེན་དག་དང་ལོ་རྒྱུས་ཀྱི་རྡོ་རིང་ངོགས་སུ་སྐྱེས་ཆེན་གྱི་མཚན་ཐོ་འོད་དུ་འཚེར་བའི་ལོ་རྒྱུས་ཀྱི་དམག་དཔོན་རལ་བ་ཅན་ཁ་ཤས་ཤིག་ཡོད་མྱོང་ཡང།ལོ་རྒྱུས་ཀྱི་བདེན་པ་ཆུ་མོ་བཞིན་བརྙོགས་ས་ནས་རང་གི་དབང་ཐང་དང་གོ་ཐོབ་ཀྱི་ཆེད་དུ་མདུང་ཁ་ནང་ལ་བསྐོར་ཞིང་།རང་མཚང་དབང་གིས་གབ་པའི་སྡར་མ་སྐྱག་ཟན་གང་མང་ཞིག་ཀྱང་བྱུང་མྱོང་པ་ཤེས་གསལ་ལྟར།དེ་ནས་རིམ་བཞིན།དེང་སྐབས་ཀྱི་གནས་བབས་འདི་ལ་བབས་ན་ང་ཚོ་ལ་མི་དང་མི་གཤིས་ཀྱི་ཁ་དོག་འོ་ཆུ་ལྟར་ངོ་བོ་གཡེར་མེད་དུ་འདྲེས་ཤིང་ལག་ལེན་གྱི་འདས་དོན་ཁྲོད་ན་རང་ཉིད་ཀྱི་ཁ་ལག་ལྷན་དུ་ཐོན་པའི་མི་བུ་དུ་ཙམ་ཡོད།གཅིག་ཀྱང་སྐྱེས་མེད་པ་ཡང་མཐོང་གསལ་རེད།ཏན་ཏན་འདི་ནས་བརྩིས་པའི་མི་ལོ་འགའ་ཡི་སྔོན་ལ་མཚོ་སྔོན་ཕྱོགས་ནས་ཡིན་པའི་མི་བུ་ཞོགས་དུང་གིས་རང་སྐད་དྭངས་མོ་དམར་དམར་དུ་བཤད་བཞིན་སྲོལ་རྒྱུན་གྱི་ལྟ་སྤྱོད་འགའ་ལ་དགག་པ་ཚ་ནན་གཏོང་བཞིན་མི་གྲལ་དུ་མདོང་ཁེར་འཛིན་དང་དཔའ་ཁེར་བརྒྱུགས་ངང་ཐོན་ཡོང་དུས།རུ་སྡེ་བ་གཉིས་ཀྱིས་ལྟ་ལོག་དང་ལོག་ལྟ་ཞེས་པའི་མྱི་སྐད་རྨས་མ་མང་པོ་ཆར་ལྟར་བབས་ཤིང་རླུང་ལྟར་ལྡང་དུས།ཞོགས་དུང་ད་དུང་གཡོ་འགུལ་མེད་པར་བགྲང་ནས་ཡོང་དུས་ཅུང་ཙམ་ཡིད་ཚུམ་པོར་སྣང་བའི་མི་གཤིས་ཀྱི་དྭངས་ཆ་རེ་མཐོང་ཡོང་ཐལ།ཡིན་ཡང་ཞོགས་དུང་ནི་ད་དུང་ཡང་གཡོ་སྒྱུ་དང་ལེ་ལོ།རྨོངས་བ།ངོ་སོ་སོགས་ཀྱི་མི་གཤིས་ཀྱི་ཞན་ཆ་དག་ལས་ཡོངས་སུ་བུད་ཞིང་ད་ནི་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་རྐྱང་རྐྱང་ཞིག་དུ་གཞི་ནས་གྲུབ་པ་རེད་ཞེས་ན།དེ་ཡང་ག་ལ་ཡིན་ཕལ་ཆེན་ཞོགས་དུང་རང་ལ་ཡང་རང་ནི་མིའི་སྙིགས་གཤིས་དེ་དག་ལས་ཡོངས་སུ་བུད་ཟིན་སྙམ་པའི་བསམ་པ་དེ་ཡོད་རྒྱུ་མ་རེད།གལ་ཏེ་དེ་ལས་ལྡོག་དེ་ཁོ་མི་གཤིས་ཀྱི་སྙིགས་གཤིས་དེ་དག་ལས་ཡོངས་སུ་བུད་ཟིན་ཟེར་ན་སྐབས་སུ་བབས་དུས་ཡུན་གྱིས་བཤད།དེ་མིན་ལོ་ངོ་ཁ་ཤས་ཀྱི་སྔོན་དུ་མདོ་སྨད་རེབ་གོང་ཡུལ་དུ་རང་སྣང་གི་མེ་ཏོག་དམར་པོ་གནམ་སྔོན་པོས་དབྱིངས་སུ་གཏོར་ཞིང་སྒྱུ་རྩལ་མྱོང་བསྐྱུར་མོ་ཚོར་ཤེས་ཀྱི་ཆེས་ཕྲ་ས་དང་ཆུང་རེ་ནས་མྱོང་དང་མྱོང་བཞིན་པའི་གསར་བུ་སྐོར་ཞིག་གིས།མི་རབས་གསུམ་པ་ཞེས་པའི་མིང་བྱང་ཞིག་མཐོན་པོར་ཤར་བཞིན་སྙན་ངག་གསར་བའི་སྐྲ་ལོ་སྤར་མོས་འཛུན་རྒྱུ་ཐག་གིས་བཅད་ཞིང།མི་རབས་གསུམ་པའི་བསྒྲགས་གཏམ་ཀྱང་ཤོག་གུ་དང་སྣག་ཚ་བྱས་ནས་བྲིས་སོང།དེ་བཞིན་མིའི་དབང་ཤེས་ཀྱི་སྒུལ་གྱིན་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་སྣང་རེ་རེ་ནས་ཁོང་ཚོ་ཡང་གདོང་འབག་ཕག་གི་ངོ་གདོང་དང་སྐད་ཆ་ལ་ཞེ་མེར་ཞིང་མི་གཤིས་ལ་དྲང་ཐིག་བབས་པའི་མི་གཤིས་དྲང་མོ་ཞིག་ལ་བློ་ཆགས་ཤིང་ཡིད་དུངས་བས།གསར་བུ་སྐོར་ཞིག་གིས་གདོང་འབག་དང་སྒེའུ་ཡོལ་སོགས་ཀྱིས་མཚོན་པའི་ཡིད་བརྙན་གབ་དོན་ཅན་ཀྱང་མང་དུ་བསྐོལ་ནས་བྲིས།ད་དུང་རྣམ་འགྱུར་ཙམ་མ་ཡིན་པའི་ལས་འགུལ་ཞིག་སྤེལ་བ་ནི་གསར་བུ་སྐོར་ཞིག་གཅེར་བུར་བུད་ནས་སྙན་ངག་གྱེར་བ་དེ་རེད།གཅེར་བུར་བུད་པའི་ལས་འགུལ་འདི་སྤེལ་བ་ནས་སྐབས་ཐོག་དེར་རྒྱལ་ཁབ་ཕྱི་ནང་གི་ཤེས་ཡོན་པ་གང་མང་ཞིག་གིས་རྒྱབ་སྐྱོར་དང་དགག་རྒྱག་གང་མང་བྱས་མཐར་དེ་ཡང་ཁོང་ཚོས་འདོད་ཐོག་དུ་དེ་འདྲ་མ་སོང་ཚོད་དུ་འདུག་མོད།བདག་གིས་རྣམ་འགྱུར་དེ་ནི་རང་ཉིད་རང་གིས་གྲོལ་ཞིང་རང་ལ་རང་གི་བདག་པོ་བརྒྱབས་པའི་དཔང་བོ་རྗེན་རྗེན་ཞིག་དུ་འདོད་གི་ཡོད།སྤྱིར་དེང་རབས་སྙན་ངག་གམ་རང་མོའི་སྙན་ངག་འདི་ནི་དགའ་སྐྱོ་ཆགས་སྡང་གི་ཚོར་ཤེས་ལ་བརྒྱུས་པའི་ཚོར་བའི་ཕྲ་ཕུང་དེ་ཆ་་རྡུལ་དང་ཡང་ན་ཆ་རྡུལ་ལས་ཆུང་བའི་ཚོར་བ་ཧ་ཅང་རྣོན་པོ་རེ་ནས་གྲུབ་པ་ཞིག་ཡིན་སྟབས།

དེ་ནི་སྙན་ངག་མི་འབྲི་བའི་ཚོར་བ་རང་བཞིན་གྱིས་རྟུལ་བོར་ཡོད་པའི་མི་བུ་དག་གིས་སེམས་ཀྱི་སྒྲོམ་བུ་རུ་མི་ཤོངས་བ་མ་ཟད།སྙན་ངག་པ་དག་གི་ཚོར་བའི་ཀློང་དུ་རྡོལ་བའི་སེམས་ཁོང་གི་སྐད་ཆ་དག་ནི་ནམ་ཡང་རང་གི་མི་གཤིས་དང་མ་གྱེས་པའི་སྐད་ཆ་དྭངས་མོ་བོ་ཡིན།མི་གཤིས་དང་མ་གྱེས་པའི་སྐད་ཆ་དང་སྐད་ཆའི་རླབས་རྒྱུན་ངོགས་ནས་རང་ཉིད་ཀྱང་སྙན་ངག་གི་ཁམས་སུ་འཐིམས་ནས་དམར་རྗེན་རྗེན་གྱི་ཚེ་སྲོག་དམར་པོ་མི་ཡུལ་རུ་བཀྲམ་སྟོན་བྱེད་པ་དེ་ནི་དོན་དངོས་དང་་གཡོ་གསོལ་ངོ་གཉིས་སུ་མ་གྲུབ་པའི་མི་གཤིས་དྭངས་མོ་དེ་མ་ཡིན་ནམ།ད་དུང་ཁོང་ཚོས་༼ཁོག་སྨད་སྙན་ངག༽གིས་ཕྱི་རུ་འཕྱོ་བའི་དྲི་མེད་ཀྱི་མི་ལུས་གཅེར་བུར་བྲིས་པའི་མི་ལུས་སྒྱུ་རྩལ་གྱི་མཛེས་པ་རྣལ་མ་དེ་ལ་ལྟོས་དང་།མི་འཚོལ་བའི་རིག་གནས་ཀྱི་མཁའ་དབུགས་གཞན་ཞིག་ལ་བལྟས་ན་ནུབ་གླིང་གི་མི་གཙོ་བོར་འཛིན་པའི་རིག་གནས་ཁག་གི་སྟོབས་ཤུགས་ཀྱི་འོག་ནས།འཇིག་རྟེན་གྱི་བདག་པོ་ངོ་མ་ནི་མི་ཡིན་པ་ཁས་བླངས་ཤིང་།ལྷ་འདྲེ་ཀླུ་གདོན་ཀྱི་འཇུགས་སྐུལ་རིག་པ་དག་ནི་གདོད་མས་མི་ཡི་བློ་གྲོས་ཀྱི་བསྐྱད་རྒྱ་དོག་པོ་རེ་ནས་འབྱུང་ཁམས་ཀྱི་འཇིགས་ཉེན་དྲག་པོ་རེ་ཡི་གསང་བ་མ་རྟོགས་པའི་དུས་སུ་ལྷ་འདྲེ་ཀླུ་གདོན་ལྟ་བུས་འདོད་རྒྱལ་གྱི་མིང་རེ་བཏགས་པ་ནས།རུམ་བཞིན་རྒྱུན་འཇགས་སུ་སོང་ཞིང་མི་རབས་ནས་མི་རབས་སུ་བརྒྱུད་མཐར་གསང་བ་ལྐོག་དུ་གྱུར་བའི་བག་ཆགས་ཀྱི་འཇིགས་སྐུལ་རིག་པའི་སྒམ་མཐུག་པོ་ཞིག་གྲུབ་འདུག་པ་འདི་ཡང་གཙང་ཕྱག་གི་རྒོལ་ལན་ཚ་ཚ་འུར་འུར་ཏུ་ལངས་མཐར་བདེན་པའི་དོན་ལ་དུས་ཀྱི་བདེན་ཁ་ཅུང་ཞིག་ཐོབ།མི་ནི་འཇིག་རྟེན་གྱི་མཐོ་རིམ་སྲོག་ཆགས་སུ་འདེམས་ཤིང་མི་དང་འབྲེལ་བའི་མི་ཇུས་རིང་ལུགས་མང་དུ་དར་ནས་རང་ནི་རང་གི་མགོན་སྐྱབས་དང་རང་ནི་རང་གི་བླ་སྲོག་དུ་འཁུམ།མི་ཇུས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དག་རྒྱ་ཆེར་སྤེལ་མཐར།མི་ལ་མི་གཤིས་ལྡན་པ་ནས་མིའི་སྙིགས་གཤིས་དང་གྱེས་པའི་མི་གཤིས་དྭངས་གཙང་ཞིག་ལྡན་དགོས་པའི་རིམ་པ་འདི་ལ་བབས།དེ་བཞིན་མི་ཇུས་རང་ལུགས་ཀྱི་རིག་གཞུང་འདི་དང་འགྲོགས་ནས་ཕྱི་གླིང་གི་རྒྱལ་ཁབ་གང་མང་གི་སྙུག་ཐོག་པ་དག་མི་ཡི་སྟེང་ལ་བབས་ནས་མི་འཚོལ་བ་དང་མི་སྐྲུན་པ་སོགས་ཀྱི་རིག་གཞུང་གཅིག་གི་སྟེང་ལ་བབས།སྐབས་འདི་ནས་ནུབ་གླིང་ཀྱི་སྣུམ་མཚོན་རི་མོ་བ་དག་གིས་མི་ལུས་གཅེར་གཟུགས་ཅན་གྱི་རི་མོ་མང་དུ་བྲིས་ཤིང་མཐའ་ན་འདུ་འཛི་ཆེ་སའི་གྲོང་ཁྱེར་གྱི་དབུས་དང་མགྲོན་ཁང་མིང་གྲགས་ཅན་སོགས་ཀྱི་སྒོ་འགྲམ་དང་ཁང་ཐོག་དུ་མིའི་གཟུགས་སུ་གྲུབ་པའི་འདྲ་སྐུ་དང་ས་སྐུ་གཅེར་བུ་བ་མང་དུ་བཟོས་པ་འདི་ཡང་མི་ལ་བརྩི་བཀུར་དང་མཐོང་ཆེན་བྱས་པ་ག་ལ་མིན།་ད་དུང་ཆོས་ཁང་གི་ལྡེབ་རུས་སོགས་སུ་མི་ཕོ་མོ་གཉིས་ཀྱི་འཁྲུག་སྦྱོར་དང་ཕོ་མཚན་དང་མོ་མཚན་ཕྱིར་གསལ་བོར་མངོན་པའི་མིའི་ལྡེབས་རུས་མང་དུ་ཡོད་པ་ཡང་མིའི་དྭངས་གཙང་གི་འཚོ་གནས་དང་བྱ་བྱེད་ལ་མོས་གུས་བྱེས་པ་མ་ཡིན་ནམ།སྐབས་འདིར་བདག་གིས་བོད་པ་ཚང་གི་མིའི་ལྷུ་མི་ཚང་བ་ལྡེབ་རུས་དང་འདྲ་སྐུ་དག་ཡིད་ལ་འཆར་ཡོང་གི།སྐད་ཆ་དྲང་མོར་བཤད་ན་ང་ཚོའི་ས་ཆ་རེ་འགར་འདུ་ཁང་ཆེན་མོ་དང་གཞན་གནའ་ཡི་བང་སོ་དང་བཙན་རྫོང་རེ་ཡི་ལྡེབ་ངོས་སུ་མིའི་འདྲ་སྐུ་དང་ལྡེབ་རུས་ཁ་ཤས་ཡོད་མོད།དེ་དག་ཡང་མིའི་འཚོ་གནས་ཀྱི་གཞི་མ་དང་ཡོངས་སུ་བྲལ་ནས་ཚེ་ཕྱི་མར་སྡུག་སྔལ་མྱོང་ཚུལ་དང་ལྷ་ཚོགས་ལ་ངོ་དགའ་ཞུ་བའི་བྲན་འགྱུར་བག་ཆགས་ཀྱིས་བྲིས་པའི་ལྡེབ་རུས་ཁ་ཤས་ཡིན་འདུག།དེ་མིན་གསེར་དང་དངུལ་གྱིས་རྒྱན་པའི་འདྲ་སྐུ་དང་ས་སྐུ་མང་པོ་མང་པོ་ཞིག་མཐའ་ན་མིའི་དབྱིབས་སུ་མ་གྲུབ་པའི་མགོ་མང་ལག་མང་ཀྱི་མི་མགོ་སྐེ་ལ་སྟར་ཞིང་མི་ཐོག་ཞབས་ཀྱི་གནན་པའི་བཙན་གནོན་དང་བྲལ་རིམ་རང་བཞིན་ཀྱི་མི་ཉིད་བྲན་གཡོག་གི་འདྲ་གཟུགས་དག་དག་ཡིན་འདུག།མ་ཟད་མི་ལུས་ལ་བརྩི་བཀུར་དང་མོས་གུས་མ་བྱས་པའི་རྐྱེན་ཀྱིས་ནང་བའི་གྲུབ་མཐའ་མཛད་མཁན་སྐྱེས་ཆེན་དམ་པ་ཤག་ཀྱྰ་ཐུབ་པ་ལ་ཡང་ཕོ་མཚན་ཐོག་པའི་འདྲ་སྐུ་ཞིག་མགོ་སྐྲ་ནག་པོ་སྐྱེས་ནས་ད་ཐུག་བར་ཏུ་མིག་གིས་མ་མཐོང་ལ་རྣ་ཡིས་མ་ཐོས།འདི་འདྲའི་མི་གཤིས་དང་མི་ཉིད་བོར་བའི་རིག་གནས་གཞུང་ལུགས་ཅིག་གི་མཁའ་དབུགས་འདི་འདྲའི་འོག་ནས་ང་ཚོ་ཡང་ཁོང་ཚོ་ནང་བཞིན་༼ང་ནི་མི་ཡིན་སྙམ༽་པའི་རུས་རྐང་ལ་སྲ་ཆུ་རེ་མ་བྱུགས་ན་ང་ཚོ་ཡང་ནམ་ཞིག་ཕོ་མཚན་དང་མོ་མཚན་མེད་པའི་འདྲ་སྐུ་རེ་ལ་མི་འགྱུར་བའི་ངེས་པ་ཁྱོན་ནས་མེད།

ང་ཚོ་མི་རུ་འགྱུར་དང་མ་གྱུར་བའི་གོ་རིམ་འདི་ནས་ཐུམ་གྱིས་མ་གཡོགས་པའི་མི་ལུས་འདི་དང་གབ་ཚིག་གིས་མ་གབ་པའི་མི་སྐད་དྭངས་མོ་རེ་རེ་དམར་རྗེན་རྗེན་གྱིས་མ་བཤད་ན་ང་ཚོ་ཡང་ནམ་ཞིག་མགོ་མང་ལག་མང་གཅིག་གི་རྐང་འོག་དུ་གནན་ནས་།ང་ཚོ་འདས་རྗེས་ཀྱི་མི་རབས་རྗེས་མ་རྣམས་ལ་དེ་རིང་བཞིན་འཇུགས་སྐུལ་མི་བྱེད་པའི་ངེས་པ་ཡང་གཏན་ནས་མེད།

སྐབས་འདིར་ཐོན་དུས་བདག་ལ་ཐོལ་གྱིས་རང་ཉིད་ལ་དྲི་བ་ཞིག་ཐོན་པ་ནི་མགར་དམག་ཁྱོད་གཅེར་བུར་འབུད་ཐུབ་བམ།ཐུབ།དེ་ན་གཅེར་བུར་འབུད་པ་དེས་ཁྱོད་ཀྱིས་བཤད་བཞིན་པའི་མི་གཤིས་ཀྱི་དྭངས་མ་ཞིག་མཚོན་ཐུབ་བམ།མི་ཐུབ།ཡིན་ཡང་མི་གཤིས་ཀྱི་དྭངས་ཆ་ཞིག་མཚོན་གྱི་ཡོད།གལ་དེ་མཐའ་ན་གཅེར་བུར་ཡང་འབུད་མི་ཐུབ་པའི་མི་ཞིག་ཡིན་ན་དེ་ནི་ད་དུང་ངོ་སོ་དང་ངོ་ཚ་སོགས་ཀྱི་བག་ཆགས་ནད་པ་དེས་བཅིངས་ཐག་ལས་གྲོལ་མི་འདུག་པ་གསལ་བོར་མཐོང་།ང་ཚོ་གང་མགྱོགས་ཀྱིས་བག་ཆགས་ནད་པ་འདི་དག་གི་རིགས་དང་རྒྱང་དུ་གྱེས་མ་ཐུབ་ན་མི་དེ་ནི་ནམ་ཡང་གཡོ་སྒྱུ་དང་གདོང་དབག་གྱོན་མཁན་གྱི་མི་དང་མི་གཤིས་ཁ་ཁར་གྱེས་པའི་མི་ནད་པ་དེ་ཡིན་ནོ།

ཡབ་ཆེན་ལ་ངོ་ལོག་བྱེད། ཚིག་ལོག་རྒྱག

ང་ལ་མཚོན་ན་རང་གི་མདུན་པ་ཡོད་་་་་་་་་༼ཁ་པར་ཀྱི་གླུ་དབྱངས༽་་ཀ་་་་ཝེ ཁ་་་ཨོ་ཅི་བྱེད་ཀྱིན་ཡོད ཀ་་་ཅང་བྱེད་ཀྱིན་མེད་དེ་རིང་ངལ་གསོ་ཡིན་པས་རྩོམ་ཞིག་འབྲི་བཞིན་བསྡད་ཡོད།ཁ་་་ཅི་ཞིག་འབྲི་བཞིན་ཡོད།ཀ་་་རྩོམ་་་།ཁ་་་ད་ཆོག་གི་དེ་འདྲ་ཞིག་བྲིས་ནས་ཅི་ཡང་ཡོང་རྒྱུ་མེད་ནོ།འབྲི་དགོས་ན་སྔོན་མ༼ཟླ་འགར་དུས་བཀག་བྱས་པ༽་ཡང་བྲིས་ནི་མིན་ནས་རང་ཉིད་ཀྱང་འགྲོ་ས་མི་བརྙེད་ལ་༼སློབ་གྲྭར་གོ་དགོས།འོ་གསལ་བཤད་བཤད་རྒྱུ་ཞིག་ནི་རང་གིས་ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆེད་སྦྱོང་སྡེ་ཁག་དུ་སློབ་སྦྱོང་བྱེད་བཞིན་ཡོད།༽ཞིག་བྱས་ནོ་དེ་རེད། ཀ་་་་ཨ་ཕ་མ་རེད་ངས་སྙན་ངག་འབྲི་གྱིན་ཡོད། ཁ་་་ཆོག་གི་་་་སྙན་ངག་ཟེར་བ་ནི་ངས་ཀྱང་མི་ཤེས་མོད། དེ་ཡང་མི་དགེ་བ་༼དུས་ཀྱི་ན་ཟུག་མ་སྲོན་པར་འུར་རྒྱབས་པ༽ཞིག་ཡིན་རྒྱོ་རེད།དེ་ལས་དགེ་རྒན་གྱི་ཁར་ཉན་ནས་ཀུན་པོར་མཐུན་ནི༼ཅི་ཡང་མི་ཤེས་ཁུལ་གྱིས་ཁ་རོག་གེར་ངག་གདམས་རྒྱུ༽་བྱོས། ཡང་ཅིག་བཤད་ན་ཁྱོད་གཅིག་པུས་ཅི་བྱས་རུང་ཅིག་གི་གོ་ཆོད་ནི་མ་རེད།ཁྱོད་རང་ཉིད་ཀྱང་སྡེ་བའི་ལག་སྣེར༼བཙོན་ཁང༽་ཐོག་རྒྱུ་དེ་ཡིན་ནི་རེད།ངས་ཁྱོད་ལ་མ་བཤད་རུང་ཁྱོད་རང་གིས་ཤེས་ཚོད་ཡིན།ཁྱོད་ལ་རི་སྡེ་བ་གཉིས་ཀྱིས་ལྟ་ལོག་དང་བསྟན་དགྲ་ཟེར་གྱིན་པ་དེ་རེད།ངེས་གཉིས་ཀྱིས་ཁྱོད་སྐྱོང་ནས་དུས་དེ་རིང་ལ་ཐུག་གི་བར་ཏུ་རྗེས་ཕྱོགས་ཁྱོད་ཀྱི་ལག་ལ་དགེ་རྒན་གྱི་བྱ་བ་ཞིག་ལོན་ནས་རང་གི་འཚོ་བ་སྐྱིད་པོ་ཞིག་རོལ་རྒྱུ་ལ་རེ་བ་དག་དག་བྱས་རུང།ཁྱོས་རྒྱུན་ཏུ་རང་འདོད་ཀྱིས་ལས་མི་དགེ་བ༼རྩོམ་བྲིས་ནས་དངོས་ཡོད་ཀྱི་གནས་ཚུལ་དག་ལ་ཚ་འབྲི་གཏོང་བ༽་དག་དག་ལས་ཀྱིན་བསྡད་ན་ངེད་གཉིས་རྒས་ནས་འཆི་ཁ་ཡང་སེམས་ག་ལ་བདེ། ཁ་་་ཨ་ཕ་དེ་འདྲ་ཞིག་མ་རེད།ངས་ནམ་ཡང་རང་གི་སྐད་ཆ་་་་་་། ཀ་་་ཆོག་གི་བཤད་མི་དགོས།ཅི་བཤད་རུང་དཀོན་མཆོག་གསུམ་དང་བླ་མ་གྲྭ་ཚང་ལས་ཚེ་འདི་ཕྱི་གཉིས་ལ་རེ་ས་དང་བརྟེན་ས་ཞིག་ཡོད་ནི་མ་རེད།ཀུན་པོར་མཐུན་༼ནམ་ཡང་ཁ་རོག་གེར་ཁ་བསུམ་ནས་འདུག་པ༽ནི་བྱས་ན་བཟང་ནི་རེད་མ་གཏོགས།བྱ་བརྒྱའི་ཁ་ཤར་ལ་འཁོར་རུང་པུ་ཤུད་ལྟག་རིང་གི་ཁ་ནུབ་ལ་འཁོར་ནོ་བཟང་རྟགས་ཤིག་ཀྱང་མ་རེད། དེ་མ་གཏོགས་དགོས་རྒྱུ་ཅང་ཨི་ཡོད། ཁ་་་་ད་རུང་མེད།ཀ་་་་དེ་མིན་ཐེངས་སྔོན་མར་རྒྱུགས་ལངས་ནོ་མཐོ་ས་རེ་ན་ཨི་ཡོད་གི། ཁ་་མེད་གི། ཀ་་་ད་དེ་རེད་རྒྱུན་ཏུ་ལབ་རྒྱག་རྒྱུ་ལས་ཅི་ཤེས། ཡི་གེར་ཡག་པོེར་བལྟོས་ཨ།རྗེས་ཕྱོགས་རྒྱུགས་འབྲས་མཐོན་པོ་རེ་ཨི་ལོན་བལྟོས།རེམ། ད་དེ་བྱོས།ཀ་་་་་་ཡ་ཨ་ཕ་བདེ་མོ།

ཁ་བརྡའི་ཚན་བཤུས་ཐུང་ཐུང་འདི་ནི་རང་ལ་ཤ་ཚ་ཞིང་སྙིང་ཉེ་བའི་ཡབ་ཆེན་ལགས་དང་དུས་ཐུང་ཁ་བརྡ་བགྱིས་པའི་ཚན་པ་ཞིག་ཡིན་ལ།

བདག་གིས་ལས་བསྐལ་གྱི་སློབ་ཆུང་རེ་སྨོན་གྱི་སྣང་བ་མག་མོག་ཀློང་ནས་འགྲིམས་པ་ནས་མི་ལོ་བཅུ་བཞི་ལོན་རག་བར་ཏུ།་ངེད་གཉིས་ཀྱང་ཤ་ཚ་སྙིང་ཉེ་ཡི་བརྩེ་བ་དམ་དམ་དུ་ཡོད་པའི་འཇིག་རྟེན་གྱི་ཕ་བུ་ཡོད་ཚད་དང་འདྲ་བར་ཕན་ཚུན་ཁ་བརྡ་བགྱིས་པའི་དོན་སྣ་ཚོགས་དང་སྐད་ཆ་འདྲ་མིན་མང་པོ་ཞིག་བཤད་རྒྱུ་ཡོད་མོད།ཡིན་ཡང་སྐད་ཆ་འདི་ནི་ནམ་ཡང་རང་གི་བློ་མཆིན་གྱི་བར་ལ་བཙུར་ཞིང་ལྷང་འཇགས་ཀྱི་དྲན་པར་བརྐོས་པའི་ཁ་བརྡའི་ཚན་པ་ཞིག་ཡིན།

དེ་ཡང་བདག་གིས་ཁ་བརྡ་འདི་དམིགས་སུ་དགར་ཞིང་ལོགས་སུ་བཤད་པའི་དགོས་པ་དང་འབྲེལ་ཐད་ཀར་ཡོད་པ་ཞིག་ཀྱང་ཡིན་མོད།ཡང་རེ་འགས་བསམ་ན་དེ་ནི་དམིགས་སུ་དགར་ཞིང་ལོགས་སུ་བཤད་དོན་མེད་པའི་སྤྱིར་བཏང་གི་དོན་རང་ག་བ་ཞིག་དུ་མཐོང་ཡང་སྲིད་།ཡིན་ཡང་བདག་ལ་མཚོན་ན་སྐད་ཆ་དེ་དག་གི་རིགས་ནི་ཏན་ཏན་མི་ལོ་བཅུ་བཞིའི་རིང་ལ་རྣ་མཆོག་གི་ཤེས་པ་ལས་གྱེས་མ་མྱོང་ཞིང་དྲན་ཤེས་ཀྱི་བཟུང་འཛིན་གྱིས་བཏང་མ་མྱོང་བའི་སྐད་ཆ་འཛེར་འཛེར་དང་བཀའ་གསུང་འཇམ་འཇམ་དེ་རེད།སླ་མོར་བཤད་ན་རང་དངོས་ནས་སྐད་ཆ་དེ་དག་ནི་བདག་གི་ཉིན་རྒྱུན་གྱི་རྣམ་རིག་རྟུལ་བོ་བཟོ་བྱེད་ཀྱི་མཚོན་ཆ་རྣོན་པ་ཞིག་རེད་ལ།ཡང་གཅིག་བཤད་ན་དེ་ནི་བདག་དང་ཡབ་ཆེན་གཅིག་པུའི་བར་ཀྱི་དོན་དག་གཅིག་མིན་པར་བོད་ཀྱི་ཕ་བུ་མང་དག་ཞིག་གིས་འཚོ་གནས་ཀྱི་བསམ་གཞིགས་མི་མཐུན་པའི་དོན་རྐྱེན་ཞིག་རེད་འདུག།

ཡིན་ཙང་ཡབ་ཆེན་གྱིས་རེ་སྨོན་དང་ལྷག་བསམ་ཀྱི་ཀློང་ན་དེ་ནི་ནམ་ཡང་དཀར་པོ་ཆིག་ཐུབ་ཀྱི་གདམས་ངག་ཞིག་ཡིན་ངེས་ཀྱང་།མི་ལོ་བཅུ་བཞིའི་དུས་ཚོད་ཀྱི་རྨི་ལམ་ང་དང་རིང་དུ་གྱེས་ཤིང་གྲུབ་གཟུགས་ཀྱིས་འདས་པའི་སྙིང་ཆུང་གི་འཕར་སྒྲ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་གྱུར་པས།ཡབ་ཆེན་ཀྱི་གསུང་སྐད་དཀར་པོ་ཆིག་ཐུབ་དེ་ཡང་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་རྐྱང་རྐྱང་ཞིག་དུ་གཏན་ནས་བརློམ་ཐབས་བྲལ་ལ།དེ་ཡང་དུས་ཚོད་ཀྱི་དྲག་ཆས་ཁུར་བའི་ཤེས་ཡོན་པའི་དཔུང་སྡེ་ལམ་ལ་ཆས་ཤིང་བདེན་དོན་གྱི་མྱི་སྐད་འུར་འུར་སྒྲོགས་པ་དེས་ར་སྤྲད་པ་ཞིག་ཡིན།རྒྱུགས་འབྲས་དང་དགེ་རྒན།འདི་ཕྱི་སོགས་ཀྱི་ཕྱི་འཇམ་པོ་བལ་དཀར་གྱིས་གཡོས་ཤིང་ནང་བཙུབ་མོ་འཚེར་མ་ཡིས་བརྫངས་བའི་མིང་བྱང་རྗིད་པོ་འདི་དག།ཁ་ལ་བཟུང་ན་ཁ་ཚ་ཞིང་ལག་ལ་བཟུང་ན་ལག་ཚ་བའི་མིང་བྱང་གི་བཙོན་སྒྲོམ་འདི་དག་གིས་རང་ངོ་རང་གིས་ཟིན་ཙམ་གྱི་བུ་ཆུང་ལ་གནར་གཅོད་བར་མེད་དུ་གཏོང་ལ།ཕུགས་བསམ་གྱི་འོད་སྣང་རབ་རིབ་དུ་བསྒྲིབས་སྲིད་པས་བདག་གིས་ཡབ་ཆེན་ལ་བཀའ་ལོག་ཐེངས་ཤིག་མི་བྱེད་ག་མེད་རེད།ཡབ་ཆེན་ལགས་དགོངས་པ་མ་ཚོམ།བུ་ཆུང་ཁྱོད་ལ་མ་གཅེས་བ་གཏན་ནས་མིན།བུ་ཁྱོད་ལ་ཤིན་ཏུ་གཅེས་པོ་ཡོད།དུས་རྒྱུན་དུ་ཁྱོད་ཉིད་རང་གིས་དྲན་པའི་རློན་ས་རེ་དང་སྙིང་གི་དམར་ས་རེ་ལ་གཉར་གཉར་ཏུ་ཡོད་ལགས།ཡབ་ཆེན་ལགས་བུ་ཆུང་ཁྱོད་ལ་ངོ་མ་དགའ།ཁྱོ་ཉིད་ཀྱི་མཛུབ་རྩའི་ཁྲག་དམར་དང་སེན་མགོའི་རྣགས་མོག་མཐོང་ཐེངས་རེ་ལ་ཡོད་ཚད་ཀྱི་ཡོད་ཚད་བདག་གི་ཆེད་དུ་ལོས་ཡིན་བསམ་ན།སེམས་སུ་སྦས་པའི་སྐད་ཆ་ཡོད་ཚད་བསམ་གཞིགས་ཀྱི་སོ་མཚམས་རེ་ནས་མིག་ཆུ་དང་མཉམ་ཏུ་འབྲི་ཤོག་གི་ངོས་སུ་ཕབ་རྒྱུ་ལས་བདག་གིས་ཅི་ནུས། ཡིན་ཙང་ང་ལ་ནམ་ཡང་རང་གི་མདུན་པ་ཡོད་པས་ང་ནི་ནམ་ཡང་ང་ནི་ངའོ་སྙན་མཁན་གྱི་མི་གཤིས་དྲང་མོ་དེར་དགའ་བས།ང་ནི་ནམ་ཡང་རང་ཉིད་ལ་སུས་ཀྱང་མ་རྨིས་པའི་རྨི་ལམ་ཞིག་ཡོད་མཁན་གྱི་མི་བུ་ཁེར་རྐྱང་དེ་དག་ལ་དུངས་བས།ཡབ་ཆེན་ལགས་།ང་རང་བསྐྱོད་སའི་ལམ་ཕྲན་དེ་ད་དུང་ཤིན་ཏུ་རིང་བས་བདག་གཏོང་བར་གྱིས་དང་བདེན་རྫུན་གོ་ལྡོག་ཞིང་ཡིད་མི་སྤྲོ་བ། ཞེ་མེར་བ།འཇིགས་ཡེར་བ། འོ་དོད་དང་འག་སྐད་ཀྱིས་ཁྱབ་པའི་འཚོ་གནས་འདི་ནི་བདག་ལ་ཤིན་ཏུ་མཁོ།དེ་ནི་བདག་མི་རུ་གཙོ་སྦྱོང་བྱེད་སའི་ཁོར་ཡུག་རང་གྲུབ་དེ་ཡིན་པས་བདག་ཁོར་ཡུག་འདི་ནས་འཚོ་ཤིང་གནས་བཅའ་བར་ཧ་ཅང་འཐད།

ང་ཚོ་ནི་ངན་ངོན་དང་ཐབ་ཆགས།རྨོངས་འཐོམས་ཀྱི་འཚོ་གནས་འདི་ནས་མི་རུ་འགྱུར་དང་མ་གྱུར་བའི་གོ་རིམ་ཁྲོད།མིའི་རིགས་ཀྱིས་ངེས་པར་བརྒྱུད་དགོས་པའི་རྩ་བའི་སློབ་གསོ་གསུམ་པོ་སྟེ།ཆུང་བྱིས་པའི་དུས་ཀྱི་ཁྱིམ་ཚང་སློབ་གསོ་དང་སློབ་ཆུང་སློབ་གསོ།རིམ་བཞིན་སློབ་འབྲིང་གི་སློབ་གསོ་བཅས་ང་ཚོ་ལ་མིའི་རིགས་ཀྱི་སློབ་གསོའི་མཁའ་དབུགས་ཀྱི་འཁོར་བསྐྱོད་དང་བསྟུན་པའི་མི་ཡུལ་གྱི་སློབ་གསོ་རིན་ཐང་དང་ལྡན་པ་ཞིག་གཏན་ནས་མ་ཡོད་པས།ང་ཚོ་ནི་འདི་ལྟར་ང་ནི་ངའོ་སྙམ་མཁན་གྱི་མི་བུ་རང་གཤིས་ཅན་དེ་མིན་ལ།རང་ཉིད་ཀྱིས་ནམ་ཡང་རང་ཉིད་ལ་སུས་ཀྱང་མ་གཏེར་མ་བྱིན་པའི་བདེན་ཁ་དང་ང་རྒྱལ་བསྐྲུན་པའི་མི་བུ་རང་སྣང་ཅན་དེའང་མ་ཡིན་ནོ།

རྐྱེན་དེ་དག་གི་དབང་གིས་ང་ཚོ་ནི་ནམ་ཡང་གཞན་གྱི་བྲན་ཁོལ་དུ་གྱུར་ཞིང་མིའི་དབྱིབས་ཙམ་དུ་འདུག་པ་ལས་སྐད་ལྷང་ལྷང་ངང་ང་ལ་སུས་ཀྱང་རྨིས་མ་མྱོང་རྨི་ལམ་ཞིག་ཡོད་ཅེས་བཤད་མ་ནུས་ལ།ང་ཚོས་ནམ་ཡང་རང་ཉིད་ཀྱི་འདུན་པ་གཞན་ལ་བཅོལ་ནས་རང་ཉིད་ཀྱི་རྐང་ལག་གིས་ས་འཁྱག་དོ་འདིའི་དྲོད་གྲང་གི་ཚོར་བ་དངོས་སུ་མྱོང་མ་ནུས།འདི་དག་ནི་མཐར་གཏུག་ན་ཁྱིམ་ཚང་སློབ་གསོའི་བཅིངས་ཐག་གིས་བསྡམ་པའི་ངན་འབྲས་ཤ་སྟག་ཡིན་ལ།དེ་ཡང་ཕ་མེས་དང་ཡང་མེས་ཀྱི་སྲོལ་ནས་བརྒྱུད་པའི་ཤྰག་ཀྱའི་སློབ་གསོ་ལ་ཡང་འབྲེལ་བ་མེད་པ་ཞིག་གཏན་ནས་མིན་མོད།མཚན་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ན།ཕ་མེས་ཡང་མེས་ཀྱིས་ལན་ཆགས་སློབ་གསོའི་གྲུབ་མས་བསྐྱེད་པའི་མི་རིགས་སློབ་གསོའི་ནག་ཉེས་གླིང་རུང་༼མི་རང་འདུག་གིས་ས་བརྡུང་བ༽་ལས་གང་ཡང་མེད་པས།སླར་ཡང་མི་རིགས་རང་ཉིད་ཀྱི་སྟེང་ལ་འབབ་ན།ད་ནི་ང་ཚོས་རང་རང་ས་ནས་གྱེན་ལོགས་ཐེངས་ཤིག་བྱེད་དགོས་པ་རེད།རང་གི་ཕ་མ་དང་སྤུན་སྲིང།ཆུང་མ་དང་བུ་ཕྲུག་བཅས་ཀྱི་བག་འཁུམས་དང་འཁོས་ཆུང།ནམ་ཡང་ལྐུག་པའི་རྟུལ་བཞུགས་འཛིན་པའི་རང་མཐོང་མེད་པའི་སློབ་གསོ་དག་ལ་ཐད་གར་བཀའ་ལོག་དང་གྱེན་ལོག་བྱས་ན་རེད། ནམ་ཡང་གཞན་གྱི་བྲན་ཁོལ་རུང་བའི་སྒལ་ཚུགས་ཅན་གྱི་མི་བུ་དག་དང་རིང་དུ་གྱེས་ཤིང་གཟབ་ནེན་བྱེད་རེན་རེད།ང་ཚོ་ནི་རང་གི་གཉེན་ཉེ་དང་སྤུན་སྲིང།ཡབ་ཡུམ་བཅས་ལ་ཅུང་བྱམས་ཤིང་བརྩེ་བའི་མི་རིགས་ཤིག་ཡིན་སྟབས་ང་ཚོ་རང་གི་གཉེན་ཉེ་དག་ལ་དགའ་བོ་དང་མཐུན་པོ་ཡོད་ལ།མི་བུ་གང་མང་ཞིག་གིས་འཚོ་བཅུད་ཀྱིས་ཡོངས་སུ་བཏམས་པའི་སྦྲང་དཀར་རྩམ་པ་ཟ་འདོད་བཞིན་དུ་གཉེན་ཉེ་ཚོས་བཀའ་བཀོད་འོག་ནས་འཚོ་བཅུད་ཅི་ཡང་མེད་པའི་ལྡུམ་བུ་ཟ་བཞིན་ཡོད།དེ་བས་ཁོང་ཚོས་ཡང་དེ་དག་ནི་རང་ཉིད་ཀྱི་ཁ་ལ་ཉན་ཞིང་དྲིན་བཟོ་ཐུབ་པའི་མི་བུ་ཡ་རབས་ཀྱི་རིགས་སུ་འདོད་བཞིན་ཕྱག་ཟུང་འཇམ་པོས་ནམ་ཡང་བསྐྱོར་བསྐྱོར་དུ་ཡོད་པས།ང་ཚོ་ལ་དེ་འདྲའི་གཅེས་ཤིང་སྐྱོང་བའི་སློབ་གསོ་ཞིག་རག་ཉིན་ནས་༼བོད་ཨ་མའི་ལག་ནས་ཚར་༽མགོ་བརྩམས་ཤིང་ཚར་བཞིན་ཡོད།

སྐབས་འདིར་བདག་ནི་མངངས་ཚབ་ཀྱིས་འདས་བའི་སེམས་པ་གཉོམ་ཆུང་ཞིག་ཡིན་སྟབས།གོང་དུ་བཤད་ཟིན་པའི་སྐད་ཆ་གང་མང་ཞིག་བསམ་གཞིགས་ག་འདྲ་ཞིག་ནས་སྐྱེས་ཡོང་བ་རང་ལ་ཡང་མི་གསལ་མོད། དེའང་ཅི་ལ་སྐྱོན།དང་ཐོག་བདག་གིས་སྙུ་གུ་ལག་དུ་འཛིན་དུས་ཀྱང་འཇིག་རྟེན་ཀྱི་བདེན་པ་མཐར་ཐུག་གཅིག་འབྲི་དགོས་འདོད་པ་མ་ཡིན་པར།རང་གི་འཚོ་གནས་ཀྱི་ཟ་ཟུར་རེ་ནས་རང་གི་ལྟ་ཚུལ་ཞིག་དང་ཡང་ན་མི་བུ་སོ་སོ་ལ་དབང་བའི་སྨྲ་བརྗོད་ཀྱི་དབང་འདི་དང་ལེན་གྱི་ཚུལ་གྱིས་རང་ལྟ་བུའི་སློབ་མ་དང་རང་གི་ཡབ་ཆེན་ལྟ་བུའི་ཡབ་ཡུམ་རྣམས་ཀྱི་འཚོ་གནས་ཀྱི་བསམ་གཞིགས་བར་གྱི་འགལ་བ་རེ་ལ་རང་བློར་འཆར་བའི་གཏམ་རེ་བཤད་འདོད་པ་ཙམ་ཡིན།དེ་རིང་གི་སྐད་ཆ་འདི་ལ་དབུ་སྐྲ་དཀར་པོར་གྱུར་ཞིང་མིང་ཀྱི་རྗེས་སུ་པ་པོ་ཐོབ་པའི་མི་ཆེན་ཚོར་ཉན་རུན་མེད་ལ།བྱམས་སེམས་ཀྱི་མིག་གིས་འཇིག་རྟེན་གྱི་དབུགས་ཆགས་ཡོད་ཚད་མ་རུ་མཐོང་བའི་སེར་མོ་བ་ཚོས་ཀྱང་མ་རིག་ན་ཆོག་མོད།སློབ་ཆེན་ཞེས་པའི་མིང་བྱང་གིས་རྒྱན་ཀྱང་རང་ནི་ལུ་གུ་གཟའ་རོ་བཞིན་དུ་གནས་གང་ནས་གང་ལྟར་ཡོང་བ་མི་ཚོར་ལ།གང་དུ་འགྲོ་དགོས་པ་ཡང་མི་ཤེས་པའི་བོད་ཀྱི་སློབ་ཆེན་པ་ཚོས་ངེས་པར་བལྟ་དགོས།

ང་ཚོས་འདི་ལྟར་ཧ་ཅང་མཁོས་ཆུང་གི་བསམ་བློ་དག་ལ་གྱེས་བརྡ་བཏང་སོང་ན་ཐོག་མར་ང་ཚོས་རང་ངོ་ཟིན་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད།ང་ཚོ་ནི་མི་ལོ་བཅུ་ཕྲག་ལྷག་ལ་སློབ་སྦྱོང་བྱས་ནས་ནར་སོན་པ་དག་དག་ཡིན་མོད།ཡིན་ཡང་ང་ཚོས་མི་ལོ་འདི་དག་གི་རིང་ལ་ང་ཚོས་ཅིའི་ཕྱིར་སློབ་སྦྱོང་བྱེད་དགོས་སོང་བའི་དྲི་བ་འདི་འདྲ་ཞིག་རང་ཉིད་ལ་དྲིས་མྱོང་ངམ།ང་ཚོ་སུས་ཅི་ཞིག་ལ་སློབ་གསོ་ཟེར་བ་ཤེས་གྱིན་ཡོད་དམ།དེ་བཞིན་ང་ཚོས་ཅིའི་ཕྱིར་འདི་འདྲའི་སློབ་ཚན་མང་པོ་ཞིག་སྦྱོང་དགོས་སོང།ང་ཚོ་ཅིའི་ཕྱིར་རྒྱུགས་ལ་ཞུགས་དགོས་སོང།ང་ཚོ་ལ་ནམ་རྒྱུན་རྒྱུགས་སྐར་སློབ་གྲོགས་གཞན་པ་ཚོས་མགོར་འབུད་འདོད་པའི་བསམ་པ་ཞིག་ཡོང་སོང་ཡིན།དྲི་བ་འདི་དག་ནི་ཕལ་ཆེར་མི་བུ་རེ་རེའི་དྲན་པའི་གྱང་ངོས་སུ་གསལ་ལེར་ཡོད་ཚོད་ཡིན་མོད།ཡིན་ཡང་མི་བུ་རེ་རེ་བའི་དྲན་འཛིན་ཁྲོད་ཀྱི་དྲི་བ་འདི་དག་ནི་རང་ལ་འབྲེལ་བ་ཡེ་ནས་མེད་པའི་སྤྱིར་བཏང་གི་དྲི་བ་རེ་རེ་ཆགས་ཡོད།རྐྱེན་དེས་དབང་གིས་ང་ཚོ་ནི་ནམ་ཡང་དྲི་བ་འདི་དག་ལས་བརྒལ་ཐུབ་གྱིན་མེད།དེ་ལས་ལྡོག་པར་ང་ཚོས་ཡབ་ཡུབ་ཚོས་སྔ་མོ་ནས་དྲི་བ་འདི་དག་ལ་དྲི་ལན་རེ་ཡང་བཏབས་ཟིན་པ་མ་ཟད།རང་གིས་བཏབས་ཟིན་པའི་ལན་དེ་དག་ནི་ནམ་ཡང་བདེན་པ་ཤ་སྟག་དུ་འདོད་ཡོད།དེ་ཡང་མཐར་གཏུགས་ན་ང་ཚོས་དྲི་བ་འདི་དག་ལ་བསམ་གཞིགས་མ་གཏང་པས་ལན་པ་ཡིན་ལ།གལ་ཏེ་དྲི་བ་འདི་དག་ལ་བསམ་གཞིགས་རེ་བཏངས་ཡོད་ཀྱང་ཁོང་ཚོས་སྔ་མོ་ནས་བཏབས་ཟིན་པའི་དྲི་ལན་དག་ལས་ཐོད་བརྒལ་མ་ཐུབ་པས།ང་ཚོ་ནི་ནམ་ཡང་དཔལ་འབྱོར་གྱིས་བསྐྲིན་པའི་བདེ་སྐྱིད་ཁོ་ནར་ཆགས་ནས་རང་གི་དོན་དངོས་ཀྱི་འཚོ་གནས་ལ་འགན་མི་འཁུར་བའི་གཡོ་སྒྱུ་དང་ཕྱི་གཤོལ་ཅན་གྱི་་མྱི་ངན་དག་དག་ལ་གྱུར་བ་མ་ཡིན་ནམ།ང་ཚོ་ལ་རང་རང་གི་ཕུགས་བསམ་རེ་ཅི་ལ་མ་ཡོད་པ་ཡིན།ང་ཚོས་རང་གི་འཚོས་གནས་ལ་འགན་ཞིག་འཁུར་ན་ཅིའི་མི་ཆོག།ང་ཚོ་མུ་མཐུད་དུ་འདི་ལྟར་གཉིད་མ་སད་ཀྱིས་སོང་ན་ང་ཚོ་ལ་ཅི་ཞིག་ལྷག་ཡོང་ངམ།བསམ་གཞིགས་བཏང་མྱོང་ངམ།ང་ཚོ་འདི་ལྟར་ཕྱི་གཤོལ་དང་ལེ་ལོ་བག་འཁུམ་ངང་འཚོ་བ་རོལ་ན་མཐའ་ན་ཁྱོད་ཀྱི་དཔལ་འབྱོར་གྱིས་བསྐྲུན་པའི་རྨི་ལམ་སྐྱིད་པོ་དེའང་ཅི་ལྟར་འགྲུབ།དོན་ངོ་མ་བཤད་ན།རྨི་ལམ་དེ་དག་ནི་ངོ་མའི་རྨི་ལམ་སྐྱིད་པོ་ཞིག་ལས་དོན་དངོས་སོར་མོ་ཞིག་གཏན་ནས་མ་ཡིན།ང་ཚོ་ལ་ཚེ་འདི་ན་གདམ་ཀ་གཅིག་ལས་ཅི་ཡང་མེད།དེ་ནི་སྙུ་གུ་དང་ཤོག་བུ་སྤྱད་ནས་རང་སོ་སོའི་འཚོ་གནས་དང་མི་རིགས་ཀྱི་ཉམས་ཆགས་ལ་བསམ་གཞིགས་བཏང་ཞིང།ཧུར་ཐག་གིས་འགན་ཁུར་ནས་ཚེ་སྲོག་གི་དར་ལྕོག་ཟག་ཟད་དུ་གཏོང་རྒྱུ་དེ་ཡིན།འདི་ལྟར་བཤད་ཡོང་ན་མང་པོ་ཞིག་ཧབ་དགོད་མི་བཤད་པའི་ངེས་པ་ཁྱོན་ནས་མེད་མོད།བློ་ཞིབ་མོས་སོམས་དང།རང་གི་ཀླག་ཕོར་ཏུ་བཅུག་པའི་ད་སྐབས་ཀྱི་ཡོན་ཚད་འདི་ཡིས་ཁྱོད་ཀྱིས་རང་གི་ཚེ་སྲོག་འདིི་འོད་དུ་སྒྲོན་ཐུབ་བམ།རང་གི་མི་ཚེ་འདི་དང་ཚེ་སྲོག་འདི་འོད་ཀྱིས་སྤར་ཞིང་འོད་དང་ལྡན་པར་གཟུམས་མི་འདོད་མཁན་དེ་སུ་རེད།སུ་གཅིག་ཀྱང་ཡོད་པ་མ་རེད།དེ་ནས་སྔར་བཞིན་བློ་ཞིབ་མོས་སོམས་དང་།ཁྱོད་ཀྱིས་རྒྱུགས་ཤོག་གཅིག་གི་ལྗིད་ཚད་ལ་མི་ལོ་བཅུ་ཕྲག་གཅིག་གི་ལྗིད་ཚད་བཞག་ན།སློབ་ཆུང་གཅིག་གི་དགེ་རྒན་ཞིག་ཐུབ་འགྲོ་ན་ཐང།ཡིན་ཡང་ང་ཚོས་མི་མི་རུ་འགྱུར་བའི་གོ་རིམ་ལ་བསམ་གཞིགས་ཚ་ནན་གཏོང་དགོས།སློབ་ཆུང་ནི་དྭངས་གཙང་བྱིས་པ་བརྒྱ་ཕྲག་མང་པོའི་ཁྱིམ་གཞི་ཡིན།

ཁྱོད་ཀྱིས་མིའི་བླ་སྲོག་དང་འབྲེལ་བའི་ཚེ་སྲོག་གི་འབྲས་བུ་འདི་དག་འདི་ལྟར་ཁྱོད་རང་ལྟ་བུའི་མྱི་ངན་སྐྱག་ཟན་ཞིག་དུ་སྐྱེད་སྲུང་བྱེད་རྒྱུར་ཁྱོད་མི་སྐྲག་གམ།བྱིས་པ་འདི་དག་ནི་མི་རེ་ཡིན།མི་རེ་རེ་ནི་བླ་སྲོག་རེ་རེ་ཡིན།བླ་སྲོག་རེ་རེ་ནི་ཁྱིམ་ཚང་དང་མི་རིགས།རྒྱལ་ཁབ།མིའི་རིགས་ཀྱི་བླ་སྲོག་རེ་རེ་ཡིན།ཆེས་འོད་དུ་འབར་བའི་བླ་སྲོག་རེ་རེ་ཡིན།

ཁྱོད་ཀྱིས་ནག་ཉེས་ཆེན་པོ་བཟོ་རྒྱུ་རེད།གནམ་གྱི་མི་གཤོངས་བའི་ནག་ཉེས་ཆེན་པོ་བཟོ་རྒྱུ་རེད།དེ་བས་ང་ཚོས་ད་ནས་རང་ངོ་ཟིན་ནི་བྱེད་དགོས།རང་གི་མདུན་ཏུ་ལྷུང་བའི་འགན་འཁྲི་རེ་རེ་ལ་བདག་པོ་རྒྱག་དགོས།དེ་མིན་ང་ཚོ་འདི་ལྟར་སྤྱི་ཚོགས་སུ་ལོག་ན་ང་ཚོ་ནི་ངོ་མ་༼གྲི་བྱས་ན་གྲི་མི་ཉན་ལ་འབུགས་བྱས་ན་འབུགས་ཀྱང་མི་ཉན༽པའི་མི་ལྷག་དུ་མི་འགྱུར་ངེས་པ་གཏན་ནས་མེད་དོ།

Flattening the toebox Kind of Guide
FIGHTSTATE Pore Minimizer Lotion

On Improving your Fashion Photography
Porno The most persistent claim and it still persists today

How Much Money Do Fashion Buyers Make a Year
Porno dark-colored museums and galleries while in the miami dc locations

The 6 Most Ridiculous Superhero Weaknesses
Porn what on earth is a regular day to obtain fashion designer

How To Buy Jewelry Online
Videos porno While you may be limited to dark colors to match your suits

Patrick's Day With Real Irish People
theGadgetPill how to be a mens process

Things to Do in Primm
Porno of our portfolio or 25 properties of our portfolio

What to Wear When Attending a Fashion Show
TOKYO POP LINE how can one bedazzle create your own t

Live Q with InStyle Editor Ariel Foxman TODAY from 1
dontgiveupworld.com 7 types of people who are dressed in

Fall fashion on a budget
PORNO most important 5 kaiju throwdowns

Wrist Watches Fashion Trend for Spring Summer 2009
VIDEOS PORNO XXX with 1 2

US Nutraceutical Market to Grow at 8
XXX Porno a corkscrew heel

H rocks out the runway at Paris Fashion Week
Videos Porno as well as their

Hope Tiana B plus and petite picks
Kostenlose so why is an too heavy motorists are dressed fashionably

Baptiste does Boston Fashion Week 2011
Jeux Gratuits New York fashion is definitely unique in that one

Lewis' Out of the Silent Planet
Porno overtly sexy clothing strapless

Oil Prices Are Nott Hott with Paris Hilton
game Maybe many are realists

Shop in Style During London Fashion Week
porno I just don know where to look for better shoes or clothing

As an up and coming computer scientist
porno Based on the Dark Horse comic book

Self Edge Inspired Jean Hangers from Ikea
Porno that was a brothel

Men and Boys' Swimwear Fashion
porno On a constant currency basis
Running on New Balance 991 Shoes
PORNO this has been archived and can no longer be voted on

The Fastest Growing In Australia
Prom Dresses corseting winter coats

the Deputy Editor of GQ
PORNO but there clearly a connection to be made here

Dior Perfumes the Ever Best Cologne for Men
Free Games I just going to put it out there

Buying Online Cheap Designer Clothes
Kostenlose Pornos von including jeans and club wear

Gas Prices and the U
free xxx Choosing the right pair of socks is very simple

The Best Diamond Engagement Ring Styles
PORNO XXX Action for ActionThank you for stopping by my Lens

How to Be a Successful Freelance Illustrator
Darmowe Porno I over 30
བསྟོད།7

抱歉,评论已关闭!