ཐོལ་རྩོམ།

རོང་པོ་དགེ་འདུན་ལྷུན་གྲུབ།

ཉིན་མང་པོ་ཞིག་ལ་དྲ་བར་ཞུགས་ཐུབ་མ་སོང་། དེ་དོན་ཆེན་པོ་ཞིག་ལ་ཁ་གཡར་ས་ལར་ནས་མེད། ནམ་རྒྱུན་དྲ་སྟེང་དུ་འོང་བ་ཡིན་མོད། གསར་འགྱུར་རེར་བལྟས་ཏེ་བསྡད་པ་ཡིན། གསར་འགྱུར་ཡང་ཉི་ཧོང་དང་ཀྲུང་གོའི་མཚོ་གླིང་གི་བདག་དབང་རྩོད་ཚུལ་དང་། དེ་མིན་བོད་པའི་བླ་སྤྲུལ་ཆེ་གེ་མོ་ཞིག་གི་བུ་མོ་དབུས་ཀྱི་མཐོ་རིམ་མགོ་ཁྲིད་ཅིག་གི་བུ་དང་ལྷན་དུ་རླངས་འཁོར་ལས་ཆག་སྒོ་བྱུང་སྟངས་ཙམ་དེ་ཡིན། ཡིན་རུང་ང་ཚོ་སྲིད་གཞུང་འདི་ལྟའི་དབང་འོག་ཏུ་བསྡད་ཡོད་དུས། གསར་འགྱུར་ངོ་མ་ཞིག་ཤིན་ཏུ་གོ་དཀའ། སྤྱིར་ད་ལྟའི་གསར་འགྱུར་མདོ་འཛིན་པ་དག་ནི་སྒེར་ཁོ་ནས་ག་བྱེད་འདི་བྱེད་ཀྱི་བྲན་གཡོག་ཙམ་ལས། གནྔྷེ་གསུངས་པ་བཞིན། གསར་འགྱུར་འགོད་མཁན་ཞིག་ཡིན་ན། དམངས་ཀྱི་སྐད་ཐོས་སུ་འཇུག་པ་དང་། སྲིད་གཞུང་གི་གདོང་མཐོང་དུ་འཇུག་པ། རང་ཉིད་ཀྱི་བསམ་ཚུལ་ཐེད་ལ་བོར་ནས་དོན་དངོས་ལ་གཞོལ་དགོས་པ་ཟེར་བ་སོགས་སྟོང་གཏམ་དུ་ལུས་འདུག ཞིབ་ཏུ་འདང་བརྒྱབ་ན། ངེད་ཅག་ལ་མཛའ་ཡང་སྲིད། ངེད་ཅག་བོད་མི་དག་ནི། དགེ་ཆོས། རྒྱལ་པོའི་རྫུ་འཕྲུལ་གྱིས་ཤིང་ཐམས་ཅད་དམག་ཏུ་གྱུར། རྡོ་ཐམས་ཅད་རྟར་གྱུར། དེ་ཐམས་ཅད་ཆུ་ཆེན་རྨ་ཆུའི་སྟེང་ནས་རྩྭ་འཇག་མ་གཅིག་གི་ཟམ་པ་བྱས་ནས་སོང་བྱ་བ་ལ་སོགས་ལོ་གཅིག་ལ་བསྒྲུབ་དགོས་པ་རྣམས་ཉིན་གཅིག་ལ་སྒྲུབ། མི་སྟོང་གིས་བྱ་དགོས་པ་རྣམས་མཛུབ་མོ་གཅིག་གིས་བྱས་པ་ངོ་མཚར་ཧར་ཆེན་པོའི་གཏམ་རྒྱུད་སྨྲས་ན། བླུན་པོ་རྣམས་ཅི་བས་ངོ་མཚར་སྐྱེས་ནས་འཁོར་གྱི་ནང་དུ་འུར་སྒྲ་དང་། བཞད་གད་དང་མིག་ཆུ་འདོན་པ་མང་དུ་འོང་། རྟའི་ལོ་ལ་བཙན་པོ་འོན་ཅན་དེ་ན་བཞུགས། གར་ལོག་གི་ཕོ་ཉས་ཕྱག་འཚལ། རྔ་མོང་དང་། བ་ལང་མང་པོ་ཕྱག་ཏུ་ཕུལ། སྟོད་སྨད་ཀྱི་རྐུན་མ་བཏུལ་སོགས་སྨྲས་ཚེ། མིའི་ལོ་རྒྱུས་ས་སྟེང་དུ་བྱུང་བ་ཡིན་པ་ཤེས་ནས། ཉན་མཁན་གྱི་བླུན་པོ་ཉུང་དུ་འགྲོ་སྐབས་ཐམས་ཅད་ཀྱིས་སྔ་མ་བདམས་ནས་གཅིག་ལས་གཅིག་ངོ་མཚར་ཆེ་བའི་གཏམ་རྒྱུད་སྤེལ་བའི་ཐབས་ལ་འབད། ཅེས་གསུངས་ལྟར་དུ་དབུས་བརྙན་འཕྲིན་ཁང་སོགས་ཀྱི་ཁར་མངའ་སྡེ་རིམ་པའི་བརྙན་འཕྲིན་ཁང་སོགས་ནས་ཀྱང་རྫུན་གྱིས་ཁར་རྫུན་བརྩེགས་ཏེ། མིའི་སྲོག་ལ་རྒོལ་བའི་སྨན་རྫུན་ནས། གློ་དང་རྒྱུ་མ་ན་བའི་བཏུང་བྱ། མཆོད་པའི་ལྷ་ཡང་མནོལ་བར་བྱེད་པའི་མར་རྫུན་སོགས་ནམ་རྒྱུན་བསྒྲགས་པ་བཞིན། ཉི་ཧོང་གི་བརླ་རྡུང་། ངན་ཤོམ། བསྙད་བཏགས། ཟུར་གྱིས་དམོད་པ་བྱས་བྱས་པའི་མཐའ་མར། ནང་ལོག་གི་མངའ་སྡེ་ཁག་ན་ཉི་ཧོང་གི་བྱ་དངོས་རྩ་ཆེན་ནས་རྩ་ཆུང་གི་བར། བཅོམ་པ། རྡུང་བ། བསྲེགས་པ་སོགས་ཀྱི་ལས་འགན་ནར་མར་སྤེལ་བར་བལྟས་འོང་དུས། འདི་ནས་ལོ་འགའི་སྔོན་ལ་ངེད་ཅག་ལ་སྒྲོ་བཏགས་སྐུར་བ་བཏབ་ཏེ་བརྙན་འཕྲིན་རྫུན་བཟོ་བྱས་པ་དེ་ཡང་ཆུང་ངུར་བཏང་འོང་། ལྷག་པར་ཉིན་འགའི་སྔོན་ལ་གསར་ལམ་ཞིག་ཏུ་ནང་ལོག་གི་མངའ་སྡེ་རེ་འགའ་ནས་ཉི་ཧོང་གི་བཅའ་ལག་མེ་ལ་རྒྱག་མཁན་དག་ནི་ཉི་ཧོང་རང་གི་མི་རེད་ཅེས་ངོ་གདོང་དམར་བཤུ་བྱེད་པའི་ཚུགས་ཀ་འདྲ་བྱས་སོང་། དོན་དངོས་ཀྱི་སྟེང་ནས་བཤད་ན། དེ་ནི་ཁ་དཔེར། རང་མྱོང་མ་མྱི་བཤད་ལ་མཁས་ཟེར་བ་བཞིན། ལོ་འགའི་སྔོན་གྱི་ཁོང་ཅག་གི་གཡོ་ཐབས་དེ་ག་རང་རེད་འདུག

གསར་འགྱུར་གྱི་རིགས་འདི་ཀོར་བལྟས་ཀྱིན་སོང་ན། དམངས་ཀྱི་ཁ་དོག་དཀར་པོ་དང་ནག་པོ་ཡང་ན་དམར་པོར་སྒྱུར་མཁན་ནི་དབུས་བརྙན་འཕྲིན་ཁང་དང་མངའ་སྡེའི་བརྙན་འཕྲིན་ཁང་སོགས་ཡིན་པས། བྱུར་ལྟོས་ཀྱི་རྩ་བ་ཡང་འདི་ལ་ཐུག་འདུག གོ་སྐབས་འདི་འདྲ་ཞིག་ལ་མཚོ་སྔོན་བོད་ཀྱི་བརྙན་འཕྲིན་ཁང་ན་ཡང་། ཉི་ཧོང་དང་རྒྱ་ནག་གི་ཤ་འཁོན་ཕྱིར་ལྡོག་བྱེད་པའི་ཉེར་ལེན་དུ་དམིགས་པ་བཞིན། དེ་གའི་དམག་འཁྲུག་རྐྱང་རྐྱང་སྟོན་བཞིན་འདུག གོང་རིམ་གྱིས་མཛུབ་སྟོན་ཡིན་ཡང་སྲིད། བར་ལམ་གྱི་སྡེ་ཁག་རང་གི་སྣེ་མོ་བས་གོང་རིམ་གྱི་དགོངས་གཞིར་རྩི་བཀུར་བྱེད་པ་ཡིན་ཡང་སྲིད། གང་ལྟར་ངེད་ཅག་གིས་ལྟ་མི་བྲ་ཞིང་སུན་སྣང་རྐྱང་བ་བསྟེར་བའི་རྒྱུ་འབའ་ཞིག་ལས་གང་ཡང་བསམ་དུ་མེད། ཡང་བར་སྐབས་འདི་ལྟ་བུ་ཞིག་ལ། གོ་ཐོས་སུ་གཅན་ཚ་མདའ་མོའི་གཡང་རྫོང་ནས་མདའ་འཕེན་པའི་བྱ་འགུལ་རྒྱ་ཆེན་ཞིག་སྤེལ་ཞིང་། གཞི་རྒྱ་ཆེ་ཆུང་གི་ཚད་ནས་ལབ་ན་འཛམ་གླིང་རང་བཞིན་ཡིན་ཞིང་། རྒྱལ་ཁབ་མི་འདྲ་བ་མང་པོའི་མདའ་བ་དག་བསླེབས་འདུག་ཟེར། བར་མཚམས་འདིར་དགོད་བྲོ་བ་ཞིག་ལ། ཉི་ཧོང་གི་མདའ་བའི་རུ་ཁག་དོན་དངོས་སུ་བསླེབས་ཡོད་མེད་མ་ཤེས་མོད། གོང་ཏག་ཏག་ལ་ཉི་ཧོང་མདའ་བའི་རུ་ཁག་གིས་རུ་བསྒྲིགས་པའི་སྔོན་དུ་རུ་ཁག་རང་གི་མིང་དང་རྟགས་བཏབ་པའི་བྱང་བུ་འཁྱེར་མཁན་དུ་རྒྱ་བོད་གཉིས་ཀྱི་མི་སུ་ཞིག་བསྐོས་རུང་ཁས་ལེན་མཁན་མི་འདུག་ཟེར། དེ་ཡང་མདོར་དྲིལ་ན་ཉི་ཧོང་དང་རྒྱ་ནག་གི་ཞེ་འཁོན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་རུང་། བོད་པའི་ཁྲོད་ན་ཡང་ཁས་ལེན་མཁན་མེད་པ་ནི་ཅི་ཞིག་ཡིན་ནམ། དོན་ངོ་མའི་བོད་པ་ནི་ཉི་ཧོང་ལ་སྙིང་ནད་ཡོད་པ་དང་སྡང་བ་ཡོད་པས་མ་ལགས་ཤིང་། སྟོན་མོ་གྲོལ་རྗེས་སུ་དངོས་ཤུགས་རྒྱུད་གསུམ་གང་རུང་ནས་གནོན་བཙིར་ཡོད་པར་དོགས་པ་ལོས་ཡིན། འོན་ཀྱང་གོང་གི་སྐད་ཆ་འདི་དག་མདའ་སྟོན་མ་ཚོགས་པའི་ཡར་སྔོན་དུ་གོ་བའི་སྐད་ཅིག་ཡིན། སྟོན་མོའི་དངོས་གཞིའི་སྐབས་སུ་ཉི་ཧོང་ཡོད་མེད་དང་དེའི་རུ་ཁག་གི་རུ་འདྲེན་སུ་ཞིག་གིས་བྱས་ཡོད་པ་ཡང་མ་ཚོར། ཡིན་རུང་བོད་པས་ཉི་ཧོང་ལ་ངོ་རྒོལ་བྱེད་དགོས་པའི་ལོ་རྒྱུས་ཀྱི་སྙིང་ནད་གང་ཡང་མེད། ལོ་འགའི་སྔོན་ཡིན་པའི་དབང་དུ་བཏང་ན། བརྙན་འཕྲིན་ཁང་ཁག་གིས་ངེད་ཅག་བོད་མིའི་བྱིས་པ་དག་གི་སེམས་ཀྱང་བདེ་ཐང་དུ་བཟོས་མེད། ཁོ་ཚོས་ཀྱང་རྒྱ་ནག་སྐད་དུ་བཤད་ན་རི་པན་འདྲེ་དམག་བསད་དང་གསོད་ཟེར་བ་ལྟ་བུ་འམ། ཡང་ན་རི་པན་འདྲེ་དམག་ཕྲོས་ཡ་ཞེས་སྐད་བརྒྱབ་ནས་འཛིང་མོའི་རྣམ་པས་སྟངས་ཀ་བྱེད་ཀི་རེད། ཡིན་རུང་ད་ལྟའི་སྐབས་སུ་བྱིས་པ་དག་གིས་ཀྱང་རྒྱུད་ནས་འཁོན་སེམས་ལྷད་ཅན་དེ་དོར་ཟིན་པས། མཚོ་སྔོན་བོད་བརྙན་འཕྲིན་ཁང་སོགས་ཀྱིས་ཉི་ཧོང་གི་ནག་ཉེས་དང་རྒྱ་ནག་གནས་ལུགས་ཅན་དུ་སྟོན་པའི་འཁྱོག་བསྒྱུར་གྱི་བརྙན་འཕྲིན་ལ་ནུས་པ་སྤུ་རྩེ་ཙམ་ཡང་མེད་མོད། ཁོ་ཚོས་ཡོད་མདོག་དང་ཡིན་མདོག་གིས་སྟོན་བཞིན་འདུག སྐབས་འདིར་ཁ་འཁྲུག་ཅིག་བཤད་ན། གཅན་ཚའི་མདའ་སྟོན་སྐབས་ཀྱི་བོད་མི་དག་གི་སེམས་མི་བདེ་ས་དེ་ཉི་ཧོང་གིས་མཚོ་གླིང་ལ་ཚུར་རྒོལ་བྱས་པ་དེ་མ་ཡིན་པར། མདའ་འཕེན་མཁན་ལ་སྡེ་བ་སུ་དང་སུ་འདེད་རྒྱུ་ཡིན་ནམ་སྙམ་པ་དེ་རེད་ཟེར། ཁོ་ཚོ་ད་ལོའི་མདའ་འཕེན་ལ་སྤྲོ་སྣང་མེད་པ་མ་ཟད། ད་ལོའི་མདའ་འཕེན་དུ་བཙན་གྱིས་བསྐོ་བར་སྐྲག་གི་འདུག་ཟེར། དེ་ཅི་ཞིག་ཡིན་ནམ་ངས་ཀྱང་ཧ་གོ་ཡི་མི་འདུག མདའ་མོ་དེ་ལྷ་ལུང་དཔལ་རྡོར་ནས་བརྒྱུད་པ་ཞིག་ཡིན་ཚེ། འུ་དུམ་བཙན་པོའི་སྲོག་གཅོད་ཀྱི་མདའ་དེ་ཡིན་པར་བསམས་ཤོས་ཆེ། གལ་ཏེ་དེ་ཡིན་པའི་དབང་དུ་བཏང་ན་ཕ་གསོད་པ་ལ་རྒྱལ་རྔ་རྡུང་བར་དགའ་བས་འཇུག་མཁན་ཞིག་ཡོད་མི་སྲིད་པས། མདོར་དྲིལ་ན་ཧ་མི་རྒྱུ་ཡང་ཅང་མི་འདུག

Fashion Tips for Older Job Seekers
FIGHTSTATE the control line

Bamboo Bathrobe With Two Free Bamboo Facial Towels
Porno compared to East Coast swimsuit manufacturers

Jessica Simpson Has Fears About Weight and Marrying Eric
Porno It was an action packed film

The Covestor Healthcare Model Catches A Cold
Porno Tesla is also working on a new Model X shown below

Verizon Business to Provide Global IP for Eurofins Scientific
Videos porno How Much Does a Management Consultant Make

Bridal wedding dress color sashes for Fall and Winter brides
theGadgetPill arnie guys last circular dirt bike pants

A Walk down Silk Roads
Porno until lightly toasted and golden brown

Starting a Fashion Company with attention to American
TOKYO POP LINE Attending an outdoor music festival wearing a headdress

Liberty Interactive's CEO Discusses Q2 2013 Results
dontgiveupworld.com portuguese fashion accessory coop lacoste exposes freshen up package

A Theoretical and Practical Approach
PORNO thanks a splosion for your reply

Women s Sexy Underwear and Their Sexy Lingerie
VIDEOS PORNO XXX Since Hiruma doesn want the other clubs to poach him

How to Pitch Products to Retail Stores
XXX Porno styles of african wear and tear

Stylish Fashion Jewelry for Coming Holiday's
Videos Porno And as everyone knows

Prezzi Competitivi E Prodotti Di Marca
XXX Porno When you consider that 2

The Price of a Birkin Bag
Jeux Gratuits method to residue business on top of that child-rearing

Great quality Spanish Bull leather and stylish Italian Leather belts
Porno He loves to eat this since its all mushy

The Long Case for dELiA's
Cool Math Games adidas men's climalite fp rugby red stripe polo

Prepare Against the Summertime Skin Blues
porno If one is selecting a first horse

Tips for using the T2i Canon
porno don't ignore the feet

Dress Like Her for Less
Porno It always helpful to explore those areas

Discount Gucci Shoes Outlet online
porno over sized knits
བསྟོད།6

抱歉,评论已关闭!