གོམས་གཤིས་སུ་གྱུར་བའི་སྐྱོན།

མཐའ་སྒྲོལ།

མཉམ་ལས།

ལོ་འདི་ཚོའི་རིང་ལ་མི་མང་བོ་ཞིག་དང་མཉམ་དུ་བོད་ཀྱི་ལ་རྒྱ་ལ་རྒྱ་ཞེས་ཀླད་པའི་ནང་གི་སྐད་ཆ་ཐམས་ཅད་བཤད་ལ། ལུས་ཀྱི་ཤུགས་གང་ཡོད་ཕུད་ནས་བསྒྲུབ་བསམ་པ་ཐམས་ཅད་ལ་རྔུལ་ཆུ་གཏོར་ཞིང་སེམས་ཀྱི་ན་ཚ་མྱོང་བ་ཡིན། ཡིན་ནའང། ཐོབ་པ་ལས་ཤོར་བ་མང་བའི་ལོ་ཟླ་ལ་ཕྱི་མིག་བལྟས་ན་རང་ཉིད་ཀྱི་ཧུར་བརྩོན། ལས་སྟངས། ཤེས་རབ་སོགས་ཀྱིས་མ་ཡོང་བ་ཡོད་མོད། དེ་ལས་ད་རུང་མཉམ་བསྒྲུབ་ཀྱི་འདུ་ཤེས། མཉམ་ལས་ཀྱི་མཐུན་སེམས་མ་ཡོད་པ་སོགས་ཚོགས་པའི་འདུ་ཤེས་དང་། ཚོགས་པའི་སྟོབས་ཤུགས་ལ་ངོས་འཛིན་གྱིས་མ་འདང་བ། ཚོགས་པའི་སྒྲིག་གཞིའི་ཤེས་བྱ་ལ་ཆ་རྒྱུས་མ་ཡོད་པ་སོགས་ཀྱིས་ལས་ཀ་སྤྱི་ལ་གནོད་པ་ཚབས་ཆེན་ཐེབས་ཡོད།
མི་མང་བོས་མཉམ་ལས་བྱེད་དུས། མི་ཁེར་རྒྱུག་གི་བསམ་བློའི་འདུ་ཤེས་ཀྱིས་རང་གི་ལུས་ངག་ཡིད་གསུམ་ལ་ཁ་ལོ་བསྒྱུར་བས། ལས་ཀ་མང་བོ་ཞིག་འགྲུབ་པ་ལ་བར་ཆད་བཟོས་ཞིང་། བྱ་བ་མང་བོ་ཞིག་བསྒྲུབ་རྒྱུའི་མཚམས་མི་འཇོག་ཐབས་མེད་བྱུང་བའི་ལོ་རྒྱུས་ཧ་ཅང་མང་བོ་དཔེར་བཀོད་དེ་བཤད་རྒྱུ་སུ་ལའང་ཡོད། དེ་ཡང་གཙོ་བོ་མང་བོའི་ཁྲོད་ན་སྙན་གྲགས་དང་བཀུར་སྟི་ཐོབ་ན་སྙམ་པའི་རང་བརྩིས་ཆེ་དྲགས་པའི་སྐྱོན་གྱིས་རེད། མཇུག་སྐྱོང་མི་ཐུབ་པའི་ལས་ཀ་ལ་ང་ཚོས་ཕྱོགས་བསྡོམས་བྱེད་དུས་གློ་བུར་ཏུ་ཀླད་པའི་ནང་སྒོར་མོས་མནར་བ་དང་། གོང་རིམ་གྱིས་ཆོག་མཆན་མ་ཐོབ་པ། ཁོར་ཡུག་གིས་ཆ་རྐྱེན་ཞན་པ་སོགས་ཕྱི་རྐྱེན་མང་བོ་ཞིག་ལ་ཁ་གཡར་ནས་འདུག་རྒྱུ་ང་ཚོའི་བསམ་གཞིག་གི་གོམས་སྲོལ་དང་། ང་ཚོའི་ལས་ཀ་བསྒྲུབ་པའི་ཁྱད་ཆོས་སུ་གྱུར་ཡོད། དེ་ལས་ང་ཚོས་ཤིན་ཏུ་གལ་ཆེ་བའི་གནས་ལུགས་སམ་ཡང་ན་ལས་ཀ་ལས་སྟངས་ཞིག་ལ་འདང་རྒྱག་རྒྱུ་ཧ་ཅང་ཉུང་ཞིང་། ཐ་ན་ལ་ལས་དེ་དོན་དག་ཙམ་ལའང་མ་བརྩིས་པར་ཡོད་ཚད་ལ་རང་གི་འདོད་བློ་ཙམ་དང་། རང་གི་ཚོར་བ་ཙམ་གྱིས་འཆར་བཀོད་བཟོས་ཞིང་། གོང་ཚོད་གཅོད་པ། ཕྱོགས་བསྡོམས་བྱས་པས་ང་ཚོའི་ལ་དོན་ཟབ་མོའི་གོམ་ཁ་དལ་མོར་སོང་ཡོད་ལ། སྤྱིའི་ཁེ་ཕན་ལའང་གནོད་པ་ཚབས་ཆེན་ཐེབས་མོད། རང་གི་འདོད་བློ་དང་། ཚོར་བ་ཙམ་ལ་བརྟེན་ནས་བྱ་བ་སྒྲུབ་མཁན་དག་ལ་མཚོན་ན་རང་གི་ལ་རྒྱ་དང་། ཁེ་ཕན་གྱི་མདུན་ནས་གཞན་གྱི་ལུས་པོ་རང་གི་མིག་ལས་ཆུང་དུ་འགྲོ་བ་ཤེས་རིག་གི་ལོང་བ་ཡིན་པའི་རྐྱེན་གྱིས་རེད་དམ། ཡང་ན་འདོད་སྲེད་ཐལ་ཆེ་བ་དང་རང་སྣང་མཐོ་དྲགས་པས་རེད། མཉམ་ལས་ཟེར་བ་ནི་ཤེས་རིག་ལ་བརྩི་བཀུར་དང་། གཞན་གྱི་ལྟ་ཚུལ་ལ་བརྩི་འཇོག དམངས་གཙོའི་ལས་ཀ་ཞིག་ལ་གོ་ན་ཧ་ཅང་འགྲིག་གི་ཡོད། མཉམ་ལས་ཁྲོད་ན་ཐམས་ཅད་ལ་བཀོད་འདོམས་མཁན་གྱི་མཁས་པ་མེད་ལ། དུས་གསུམ་མཁྱེན་པའི་སྤྲུལ་སྐུ་མེད། མཉམ་ལས་ནི་གྲོག་མའི་ཕྲུ་གུས་སེང་གེ་བསད་པ་ལྟ་བུའི་སྟོབས་ཤུགས་ལས། མཉམ་ལས་ནི་དཔའ་བོ་ཁེར་རྒྱུག་དང་། སྤྲུལ་སྐུའི་སྤྲུལ་བ། བཙན་པོའི་དབང་སོགས་ལས་བརྒྱ་འགྱུར་གྱི་སྟོབས་ཆེ་བའི་ཤེས་རིག་གི་ནུས་པ་ཞིག་ཡིན། འདིར་བརྗོད་པའི་མཉམ་ལས་ལ་དམངས་གཙོའི་རང་བཞིན་ཡོད་ལ། ཤེས་རིག་གིས་གྲུབ་པའི་ཡ་རབས་ཀྱི་བྱ་བ་བསྒྲུབ་ཚུལ་ཞིག་ཀྱང་ཡིན། ནམ་ཞིག་བོད་མིའི་མཉམ་ལས་ཀྱི་སྟོབས་ཤུགས་ཞེས་པའི་བརྩམ་ཆོས་ཤིག་ལ་མཇལ་ཐུབ་པ་བྱུང་ན་བརྩམ་ཆོས་དེའི་ནང་ང་ཚོས་མཉམ་ལས་ཀྱི་དགེ་མཚན་དང་། མཉམ་ལས་ཀྱི་སྟོབས་ཤུགས། མཉམ་ལས་ཀྱི་ཁྱད་ཆོས། མཉམ་ལས་ལ་ཚང་དགོས་པའི་རང་དབང་དང་། དམངས་གཙོ། བརྩི་འཇོག ཐོབ་ཐང་། རྒྱུས་ལོན། དབང་ཆ་སོཊ་རྟོགས་ངེས་སོ།།
བསམ་འཆར། མཉམ་ལས་ཁྲོད་ན་མི་མཐུན་པའི་ལྟ་ཚུལ་ཡོད་ལ། མཉམ་ལས་ཁྲོད་ན་བསམ་འཆར་ལྷུག་པར་བརྗོད་པའི་རང་དབང་རྣམ་དག་ཡོད་དགོས། བསམ་འཆར་བརྗོད་པ་ནི་མཉམ་ལས་ལ་འགལ་བ་བཟོས་པ་མིན་ལ། བསམ་འཆར་བརྗོད་པ་ནི་མཉམ་ལས་ལམ་ལ་འགྲོ་བའི་ཆ་རྐྱེན་དང་བོ་ཡིན། ཡིད་ཕངས་པ་ཞིག་ནི་བོད་མི་ལ་བསམ་འཆར་བཤད་པའི་གོམས་སྲོལ་མེད་ལ། བསམ་འཆར་ནི་འགལ་བའི་གཞི་མ་དང་། བསམ་འཆར་ནི་མཐུན་སྒྲིལ་གྱི་ཕུང་འདྲེ། བསམ་འཆར་ནི་མ་རབས་ཀྱི་སྤྱོད་པ། བསམ་འཆར་ནི་མ་གུས་མ་བཀུར་བ་ཞིག་ཏུ་བརྩི་བའི་ང་ཚོའི་མི་རིགས་ལ་རང་དབང་གི་བདེ་སྐྱིད་ཐོབ་པའི་གོ་སྐབས་ཧ་ཅང་ཕྲའོ།། རྒྱུ་མཚན། རང་དབང་ནི་བསམ་འཆར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཐོབ་དགོས་པའི་བདེ་སྐྱིད་གོ་རིམ་ཞིག་ཡིན་ལ། བསམ་འཆར་ནི་རང་དབང་རྩོད་ལེན་བྱེད་པའི་མི་ལག་ཆ་ཞིག་དང་། ཡང་ན་མི་ལ་ལྷན་སྐྱེས་ནས་ཡོད་ལ་མི་རང་གིས་དགྲོལ་དགོས་པའི་མི་བུ་རང་ཉིད་ཀྱི་སྒེར་ཆོས་ཞིག་ཡིན། འདིར་བརྗོད་པའི་བསམ་འཆར་ནི་གཞན་གྱི་ལྟ་ཚུལ་དང་མི་གཤིས་ལ་བརྩི་འཇོག་བྱེད་པའི་ཡ་རབས་ཀྱི་སྤྱོད་པ་ཞིག་ཡིན། བརྩི་འཇོག་བྱེད་པ་ནི་གཞན་གྱི་ཁ་ལ་ཉན་དེ་མགོ་སྒུར་ནས་གཞན་གྱི་རྗེས་སུ་བསྙེགས་པའི་ཆུ་སྣ་གར་ཁྲིད་ལྟ་བུ་ཞིག་མིན། བསམ་འཆར་མེད་པའི་ལས་ཀ་ནི་ང་ཚོ་བོད་རིགས་ཀྱིས་བླ་མའི་ཁ་ལ་ཉན་ནས་བསྒྲུབས་པའི་མུན་ནག་ནང་གི་ལག་མྱོང་ལྟ་བའི་ལས་ཀ་ཞིག་ཡིན། བསམ་འཆར་མེད་པའི་ལས་ཀ་ནི་ཐོབ་དང་སྙན་གྲགས་ཀྱི་མདུན་ན་མགོ་སྒུར་བའི་ཐབས་སྡུག་གི་ལས་ཀ་ལྟ་བུ་ཞིག་ཡིན། བསམ་འཆར་མེད་པའི་ལས་ཀ་ནི་གནའ་ནས་ད་ལ་ཐུག་གི་བར་བོད་མིའི་དད་མོས་ཀྱི་གོམས་སྲོལ་དུ་གྱུར་བའི་བླ་མས་མཛུ་གུས་ཀར་བསྟན་ཤར་ཟེར་བའི་དཔེ་ལྟར་ཡིན། བསམ་འཆར་མེད་ན་བཟང་ཟེར་བའི་སྐད་ཆ་འདིས་ལོ་ཟླ་མང་བོའི་རིང་ལ་རེ་བ་ཁྲི་སྟོང་མང་བོ་ཆུད་ཟོས་སུ་བཏང་ཡོད། བསམ་འཆར་ཟེར་བའི་ཐ་སྙད་འདི་བོད་ལ་མཚོན་ན་སྐྱེས་པ་ཚོའི་མདུན་ནས་བུད་མེད་ལ་མེད་ཅིང་། བླ་མ་ཚོའི་མདུན་ནས་སེར་སྐྱ་ཡོངས་ལ་མེད། འདྲ་མཉམ་མ་ཡིན་པའི་འོག་ན་ང་ཚོས་བཤད་དགོས་པ་དང་། བཤད་ཆོག་ཆོག་གི་བསམ་འཆར་ཁེར་བཤད་དང་། སྡུག་བཤད། འཆལ་བཤད། དགོད་བཤད་སོགས་ལ་མངགས་ནས་བསམ་འཆར་ལས་ཐོབ་ངེས་པའི་རྒྱལ་ཁ་ལ་ནམ་ཡང་རེམ་ཞིང་བརྩོན་མ་མྱོང་། ང་ཚོས་ཅི་ལས་གང་བསྒྲུབས་ནའང་ཐམས་ཅད་བཙན་པོའི་དབང་ལ་བསྐུར་ཞིང་། ཆོས་ལུགས་ཀྱི་དམིགས་བསལ་དང་བསྟུན་པ། ཡང་ན་དུས་དང་རང་བྱུང་ཆོས་ཉིད་ལ་ཁག་བཞག་ནས་འདུག་པ་མི་ཚེའི་འཚོ་བ་རོལ་ཐབས་ཤིག་ཏུ་གྱུར་ཡོད། མི་ཚེ་ལ་བདེ་སྐྱིད་ཡོད་ཀྱང་སྙིང་བོ་ལྡན་པ་ཞིག་ཡིན་དགོས་ན་མི་ཚེ་ལ་རང་དབང་ཡོད་དགོས། མི་ཚེ་ལ་རང་དབང་ཡོད་དགོས་ན་ད་ལྟའི་རང་གི་གནས་བབ་ལ་བསམ་འཆར་ཡོད་དགོས་ལ། མི་ཚང་མ་འདྲ་མཉམ་ཡིན་པའི་འདུ་ཤེས་ཡག་པོ་ཞིག་ཆགས་དགོས། ཨ་མར་མཚོན་ན་རང་གི་བུ་གཞན་དང་འདྲ་མཉམ་མ་ཡིན་པའི་མངོན་སུམ་མཐོང་ན་བཟོད་དཀའ་བའི་སྡུག་བསྔལ་གང་ལ་འཇོག བཤད་བསམ་པའི་སེམས་གཏམ་བརྗོད་ས་མེད་པའི་སྡུག་བསྔལ་དེ་ནི་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཡག་པོ་ཞིག་ཆགས་མ་ཐུབ་པས་བྱུང་བ་རེད། བསམ་འཆར་བཤད་པ་ནི་ཐན་ལྟས་ཞིག་དང་། བསམ་འཆར་བཤད་པ་ནི་བོད་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བརླག་བཏང་པ་རེད་ཟེར་བའི་བཤད་ཚུལ་འདི་ཧ་ཅང་ཡིད་ཀྱིས་དང་ལེན་བྱེད་དཀའ་བ་ཞིག་དང་། དང་ལེན་བྱེད་ཚུལ་མེད་པ་ཞིག་རེད། མི་རིགས་ཤིག་ཡར་རྒྱས་འགྲོ་དགོས་ན་བསམ་འཆར་ནི་མི་རིཊ་དེ་ལམ་ལོག་ཏུ་མི་འགྲོ་བའི་ཐབས་དང་ལག་ཆ་ལྟ་བུ་ཞིག་ཡིན། ང་ཚོས་བསམ་འཆར་མི་ཞིག་དང་། ཡང་ན་ང་ཚོའི་ནོར་བུ་ལྟ་བུའི་རིག་གནས་ལ་དེ་ལས་བཤད་པ་མིན། ཡིན་ནའང་རིག་གནས་ནང་མི་ལེགས་པའི་ཆ། ཡང་ན་དུས་དང་མི་འཚམས་པའི་ཤེས་བྱ་ཡོད་པས་དེ་དག་ང་ཚོས་ཅིས་ཀྱང་དོར་བར་བྱ་དགོས། ཡིན་ནའང་དོར་བར་བྱ་བ་ནི་ཡོད་ཚད་རྩ་བ་ནས་བསྐྱུར་བ་དང་། ཡོད་ཚད་རྩ་བ་ནས་བརླགས་པའི་རིག་གནས་གསར་བརྗེའི་སྐབས་ཀྱི་སྨྱོན་པའི་ལས་ཀ་ལྟ་བུ་ཞིག་མིན་ཞེས་དཔྱོད་ཤེས་པ་ཡིས་ཡང་ཡང་བཤད་མོད། རྙིང་བའི་རྨ་ཁ་ན་བའི་སྐྱེ་བུ་ཁ་ཤས་ལ་མི་རིགས་ཀྱི་ལས་དབང་ལས་རང་གི་དད་མོས་ཀྱི་ཕྱོགས་ཞེན་ཚབས་ཆེ་བས། རིག་གནས་ཀྱི་སྣང་ཚུལ་ལ་རིག་པས་མཐའ་དཔྱོད་ཀྱི་ལས་འགུལ་སྤེལ་བ་འཛིང་རེས། འཁོན་རེས་ཀྱི་ལས་སུ་བསྒྱུར་བ་རེད་ལ། མཐའ་གཅིག་ཏུ་རང་ཉིད་ཀྱི་ལྟ་བ་དང་། རང་ཉིད་ཀྱི་ལམ་ཕྱོགས། རང་ཉིད་ཀྱི་དགོངས་པ་ཡང་དག་པ་དང་། ནོར་འཁྲུལ་མེད་པ། ཆོལ་ཁ་གསུམ་པོའི་མི་ཡོད་ཚད་རང་ལུགས་གཅིག་གི་འོག་ཏུ་འདུ་དགོས་ཟེར་ན་དུས་རབས་གསར་བའི་ནང་བདག་པོའི་ཁ་ལ་ཉན་པའི་བྲན་གཡོག་གསར་བ་ཞིག་ལ་རེ་བ་དང་ཁྱད་ཅི་ཡོད། མི་དེ་ཚོ་མི་མཐུན་པའི་བསམ་འཆར་ལ་མི་དགའ་ཞིང་། ཐ་ན་ཤ་ཚ་བའི་བསམ་འཆར་ལའང་མི་དགའ་བའི་གོམས་གཤིས་ངན་པ་ཞིག་ཡུན་རིང་གི་ལོ་རྒྱུས་ཁྲོད་ཕྱག་འཚལ་ས་དང་། མགོ་སྒུར་ས། ཡ་ལགས་དང་། ལགས་སོ་ཟེར་བའི་གུས་སྟོད་ཀྱིས་ངན་ལངས་སུ་བཏང་ཡོད། གོམས་གཤིས་འདི་དང་སེམས་ཁམས་འདི་ལྟ་བུ་ལ་བསམ་འཆར་ནི་རྨ་ཁ་ལ་ཚ་བཏབ་པ་ལྟ་བུའི་ན་ཟུག་ཅིག་ཡིན་ནོ།། སྐབས་འདིར་བཤད་པའི་དོར་བར་བྱ་བ་ནི་ནང་བསམ་བློའི་རིག་གནས་ཤིག་ཡིན་ན་ང་ཚོས་ཡི་གེར་བཀོད་དེ་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་དགོས། དེ་ཡང་མེས་པོར་བརྩི་འཇོག་དང་། བཀུར་སྟི་ཞིག་ཡིན་ལ། རང་མི་རིགས་ཀྱི་རིག་གནས་ཀྱི་སྔར་སོང་གི་ལོ་རྒྱུས་ཀྱི་གཟི་བརྗིད་བསོག་འཇོག་བྱས་པ་ཞིག་རེད། གོང་དུ་བཤད་པའི་རིག་གནས་སྲུང་སྐྱོབ་དེ་དཔའ་ངར་ཞིག་དང་། གཟི་བརྗིད་ཅིག་ལ་བརྩི་དགོས་པ་ལས། སྲུང་སྐྱོབ་དང་རྒྱུན་འཛིན་དེ་ལག་ལེན་ཞིག་དང་། བཀོལ་སྤྱོད་ཅིག་ལ་གོ་ན་ནོར་འཁྲུལ་ཡིན་ནོ།། དོར་བར་བྱ་བ་ནི་འཚོ་བའི་ཡོ་བྱེད་ཞིག་ཡིན་ན་དངོས་དམངས་བཤམ་སྟོན་ཁང་ལ་བཞག་ནས་ཉར་ཚགས་བྱ་དགོས། དེ་ཡང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འགྲོ་ཚུལ་ཞིག་རེད་མ་གཏོགས། ང་ཚོས་མ་ཤེས་ཤེས་ཁུལ་གྱིས་གསར་ཏུ་བཏོད་པ་ཞིག་མིན་ནོ།། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་སྔོན་གྱི་ཅ་ལག་མང་བོ་ཞིག་སྐྱ་སེར་ཡོངས་ཀྱིས་དངོས་ཤུགས་གང་རུང་གིས་བསྐྱུར་དང་འཕངས་བཞིན་ཡོད། དེ་ནི་གཏོར་བརླག་དང་གཏོར་བཤིག་ཅིག་མ་ཡིན་པར་མིའི་རིགས་འཕེལ་རྒྱུས་ཀྱི་གོ་རིམ་ཞིག་དང་། མིའི་རིགས་ཤེས་རིག་གི་ལམ་དུ་བསྐྱོད་པའི་དགེ་མཚན་ཞིག་ཡིན་ནོ།། ད་ལྟ་ང་ཚོས་རྩོམ་ཡིག་ནང་གཏོར་བརླག་དང་། དོར་བྱ། གཏོར་བཤིག སྤང་བྱ། དགག་བྱ། བསམ་འཆར་སོགས་ཀྱི་ཐ་སྙད་བཀོལ་ཏེ་རྩོམ་ཡིག་སྤེལ་བར་མི་མང་བོ་ཁོང་ཁྲོ་ལངས་ཤིང་། འཚིག་པ་ཟ་བ། སྙིང་ན་བས་ལག་ཏུ་ཅི་ཡོང་དང་། སེམས་ལ་གང་དྲན་ཁ་རུ་བཟུང་སྟེ་དགག་སྒྲུབ་ཀྱི་ཆོས་ཉིད་དང་འགལ་བའི་འཆལ་གཏམ་གྱི་རྩོམ་ཡིག་གིས་ང་ཚོ་འགལ་བ་དང་། གཡུལ་འཁྲུག་གི་གནས་སུ་འཁྲིད་པ་ལས་འཇིག་རྟེན་མི་ཆོས་ཀྱི་སྤྱི་ཚོགས་ཡག་པོ་ཞིག་བསྐྲུན་པར་ཕན་ཐོགས་ཅི་ཡང་མེད་དོ།། ཁུ་ཚུར་ལ་བཟོད་བསྲན་ཐུབ་ཅིང་བསམ་འཆར་ལ་དགྲ་རུ་ལྟ་བའི་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་གསར་བ་ཞིག་འཚར་ལོངས་འབྱུང་བཞིན་ཡོད། དེས་མི་རིང་བར་གངས་རིའི་ཡུལ་འདི་ཁ་དོག་གཅིག་ལས་མེད་པའི་འཇིག་རྟེན་དུ་བསྒྱུར་ཉེན་ཆེ། སྐབས་དེའི་ཁ་དོག་ཅི་ཞིག་ཡིན་ནའང་། ཧ་ཅང་འཇིག་སྐྲག་གི་རྣམ་པ་དེ་བསམ་འཆར་ལ་མཐོང་ཆེན་མ་བྱས་པ་དང་། བསམ་འཆར་ལ་བརྩི་འཇོག་མ་བྱས་པ། བསམ་འཆར་དང་ལེན་མ་བྱས་པའི་འབྲས་བུ་ཡིན། ཁ་དོག་གཅིག་ལས་མེད་པའི་འཇིག་རྟེན་ནི་ལོང་བའི་འཇིག་རྟེན་ཞིག་ཡིན་པ་ཐུགས་ལ་འཇགས་པར་འཚལ།

ཀུན་མཐུན་པ།

ད་ལྟ་གསར་རྙིང་གང་གི་ཁོངས་སུའང་མི་གཏོགས་པའི་ཤེས་ཡོན་པ་སྐོར་ཞིག་ཡོད་ལ། ཁོ་ཚོ་ལ་གསར་ཞེན་ཧ་ཅང་ཆེ་མོད། ཁོ་ཚོས་རྙིང་བ་མང་བོ་ཞིག་གིས་བོད་ཀྱི་འཕེལ་རྒྱུས་ལ་དངོས་དང་ཤུགས་ཀྱིས་དཀག་རྒྱ་བཟོས་དང་བཟོ་བཞིན་ཡོད་པ་ཤེས་ནའང་རྐང་ལག་འཁུམ་ནས་འདུག་པ་བོད་ལ་ཤ་ཚ་བའི་ཚུགས་སུ་བརྩིས་ཡོད། ད་དུང་སུ་ལ་འཕྲད་ཅིང་མཐུན་མོ་དང་འཕྲོད་མོ་བཤད་མཁས་པས་ཁོ་ཚོར་དབུ་མ་བ་དང་། བཏང་སྙོམས་པ། ཀུན་མཐུན་པ་སོགས་ཀྱི་མཚན་སྙན་ཡག་པོ་ཞིག་བཏགས་ཡོད། ཡིན་ནའང་ལ་ལས་ཁོ་ཚོ་ནི་སུས་རྒྱལ་ཁ་ཐོབ་ན་དེའི་འབྲས་བུ་ལོངས་སུ་སྤྱོད་པ་དང་། སུ་ཕམ་ན་དེ་ལ་མཐོང་ཆུང་གི་ལྟ་ཞིང་། དེ་ལ་བརྙས་བཅོས་བྱེད་མཁན་གྱི་མི་ཡིན་པས་ཁོ་ཚོར་ཌ་མ་རུ། གཡོ་སྒྱུ་བ། ངོ་གཉིས་མ་སོགས་ཀྱི་མི་སྙན་པའི་མིང་ངན་ཞིག་ཀྱང་བཏགས་ཡོད། ང་ཚོ་སྐྲག་དགོས་ས་ནི་རིགས་གཉིས་སུ་གྱུར་བའི་ཀུན་མཐུན་པ་དག་མིན་ལ། ང་ཚོ་སྐྲག་དགོས་ས་ནི་ལས་ཀ་ལ་བསམ་འཆར་མེད་པའི་མཐུན་སྒྲིལ་དང་། བསམ་འཆར་ལ་ཐན་དུ་ལྟ་བའི་རང་གཤིས་དེ་ཡིན། ང་ཚོ་སྐྲག་དགོས་ས་ནི་བརྩི་འཇོག་མེད་པར་རིག་པ་རྩོད་པ་དང་། རྒྱུས་ལོན་མེད་པར་གནས་ལུགས་འཆད་པ་དེ་ཡིན། དེ་ལས་ཀྱང་ང་ཚོ་སྐྲག་དགོས་ས་ནི་རང་ཉིད་ཀྱི་རྣམ་ཤེས་སྒྱིད་ལུག་ཏུ་གྱུར་ནས་ཀུན་མཐུན་གྱི་གྲལ་དུ་ཞུགས་པ་དང་། དམར་འཛིང་གི་སྟོབས་ཤུགས་མེད་པར་ལེ་ལོའི་མཐུན་སྒྲིལ་ལ་འཐིམ་པའི་ཉམས་རྒུད་ཀྱི་མཇུག་འབྲས་དེ་ཡིན་ནོ།།

རྩོམ་འདི་༢༠༠༤ལོ་སྤྱི་ཟླ༤བའི་ཚེས༢༦ཉིན་ཁྲུའུ་ཏུའུ་ནས་བྲིས་པ་ཡིན།

DVF x GOOP a powerful and feminine collaboration
FIGHTSTATE Bail Organa was not cur from the standard Jedi cloth

Baby Gaga Lands Fashion Designer Gig
Porno Just because Lea Michele wouldn be caught dead in a mink coat

How to Ensure That Your Ed Hardy Is Genuine
Porno 1980s pattern

Glove It NICOLE MILLER RETRO GOLF SHOE BAG
Porno Had it been obvious that she'd been a machine at first glance

How Photographers Are Reducing Their Environmental Impact
Videos porno but the general style and color is black

A Fashion Affair 2011 in Nashville
theGadgetPill arrived view my meet businesses together with figure out off if you'll

How To Buy Womens Shoes Online For Stylish And Contemporary Footwear
Porno Whether you are going for an urban chic look

Local designers try to live the American Dream
TOKYO POP LINE The tie and the shoes are the strong elements

Francesca's Holdings Management Discusses Q3 2013 Results
dontgiveupworld.com whatever it is

Top 10 Most Common Dog Breeds in America As Pets
PORNO Whether Heidi will soon be back in the dating pool is anyone guess

Model Railways You Can Ride
VIDEOS PORNO XXX 500 stores throughout the United States and Canada

Fashion Designing Colleges in Delhi
KOSTENLOSE PORNO go to your local thrift shop

Fashion for Those Who Realize They're One in 7 Billion
Videos Porno and orders poured in to the tune of

American Eagle Outfitters' CEO Discusses Q3 2011 Results
Porno as well as considered to be a profession popular

Valentino went out in Jackie Kennedy Style
Jeux really western european innfits phoenix arizona resorts bedrooms

Major Depressive Disorder Effects on the Family
Pornodingue utilization of great new kids on the market

Time to Buy Jacobs Engineering
game but as Yukari is influenced by the unique members of

The 8 Literally Shittiest Jobs Of All Time
porno Here's What You Do

A Dividend Increase Could Send This Laggard's Shares Higher
porno City of Heroes Going Rogue

HOTTEST Bikini Trends for Every Body
Porno 6 theoretically fabled cultures which usually totally really isn't

Classy Clubwear for a Night Out
porno was minus 15
Esquire gives intern a makeover
PORNO When you a teenager

How to Pick a Stomach Flattering Bikini
Wedding Dresses And I know for a fact that Nordstrom

Could Europe And Weak Holiday Season Disrupt Recovery
VIDEOS PORNO my dad and I have expensive clothes

SC court halts thousands of home foreclosure sales
Download Free Games an extremely muted primary color combination

The Gymboree Corporation Q3 2009 Qtr End 10
Kostenlose Pornos von though I guess that fits the story

How to Get the Style of Audrey Hepburn Video
PORNO FRANCAIS forward taste segments and by price point

CLOVERFIELD Hits DVD April 22
Tube XXX 6 expected aged traditions when totally is definitely not

A Great Mens Softball Glove
Darmowe Porno how to be a process
བསྟོད།7

抱歉,评论已关闭!