དུས་རབས་ཀྱིས་དེད་འོངས་པའི་བསམ་གཞིགས།

རིག་རྫི།

དེང་གི་དཔལ་འབྱོར་འདུ་འགོད་དང་དུས་ཀྱི་ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་འདིའི་ཁྲོད་ན། སྐོར་དང་སྐོར། ཚོགས་དང་ཚོགས། ཁྱུ་དང་ཁྱུ་བྱས་ནས་འུར་འགྲོགས་དང་འདུར་རྒྱུག གླགས་ཚོལ་དང་རང་སྤྱོམས། འཕྱ་དགོད་དང་ཟུར་ཟ། ལད་ཟློས་དང་བསྲེ་བསླད་སོགས་ཀྱི་སྦྱོར་བ་སྣ་ཚོགས་ལ་བརྩོན་ཞིང་། མང་ཤས་ཤིག་གོལ་འཛོལ་ཆེན་པོ་ཞིག་གི་དབང་དུ་སོང་བ་ལ། ལ་ལས་ཕྱི་རིག་ཐ་དག་དགོས་མེད་རོ་མྱགས་བཞིན་དུ་མཐོང་སྟེ། དེ་ཉིད་བརྒྱུད་སྤེལ་གྱི་ལས་ལ་རྩོམ་མཁན་གང་ཞིག མིག་གི་མཐོང་ཞིང་རྣ་བས་ཐོས་པ་ཙམ་གྱིས་སྐྱི་གཡའ་ཞིང་འཇིགས་ཡེར་བའི་ངང་ཚུལ་བསྟན་ནས་མ་བརྟག་མ་དཔྱད་གཟི་ལུམས་གཏམ་གྱི་འཁོར་ལོ་བསྐོར་ཞིང་གདའ། ཡང་ལ་ལས། སུ་ཞིག་གི་དགོངས་དོན་རྟོགས་ཁུལ་དང་ཅི་ཞིག་གི་བདེན་དོན་འདྲེན་ཁུལ་གྱིས། དོན་ལ་མི་རིགས་ཤིག་གི་ཤ་གསེང་རུས་གསེང་ན་བག་གྱིས་ཉལ་བ་སྟེ། མཚར་སྡུག་གི་ལོ་རྒྱུས་ལྡན་ཞིང་གཞལ་མེད་ཀྱི་རིན་ཐང་མངའ་བའི་རིག་གནས་དེར་ཆོས་ལུགས་སམ་རྙིང་ཅན། རྨོངས་མུན་སོགས་ཀྱི་བརྡ་སྣ་ཚོགས་ཤིག་སྦྱར་ཏེ། བསྟིང་ཚིག་གི་དྲག་ཆར་བར་མེད་གཡུག་བཞིན་གདའ། ཐ་ན་རིགས་ཞེན་གྱི་མེ་ལྕེ་མཁའ་རུ་ཁྱེར་ཞིང་གདོས་བཅས་ཀྱི་ལུས་སྲོག་ཐེར་ལ་བོར་བའི་སྐྱེས་བུ་རླབས་ཆེན་དག་ལའང་རིག་གསར་དང་དམར་ཕྱོགས་སོགས་ཀྱི་སྨོད་ཚིག་སྙིང་ལ་གཟན་པ་དག་ཁྱེར་ཏེ་བཙན་གྱིས་ཞྭ་མོ་བསྐོན་བཞིན་རྙེད་དཀའི་དུས་ཀྱི་བསྐལ་བཟང་འདི་དོན་མེད་དུ་འཛའ་བར་བྱེད་དོ། ནག་འཐིབས་འཐིབས་ཀྱི་གནམ་ངོ་འདིའི་འོག་ན། རང་ཤ་རང་གི་ཟ་ཞིང་རང་ཁྲག་རང་གི་འཐུང་བའི་སྙིང་རྩིད་ཅན་འདི་འདྲ་མོད་པོ་ཞིག་གང་ནས་འོངས་སམ།

ཁོ་བོས་ནམ་ཡང་འདི་ལྟར་བསམ་བཞིན་ཡོད་དེ། ང་རང་ཚོའི་རིག་གནས་འདི་ནི་ལོ་རྒྱུས་ཀྱི་ཁུར་བཏེག་ཅིང་དུས་རབས་ཀྱི་མཚམས་སྦྱོར་བའི་རིན་ཆེན་གསེར་གྱི་མཆོད་མེ་ཞིག་ལགས་པས་ན། དེ་ཉིད་ནམ་ཡང་གསར་གཏོད་དང་ལག་ལེན་གྱིས་མཛེས་པའི་རྗེས་རབས་པ་དག་གི་ལམ་སྟོན་སྒྲོན་མེ་ཡིན་ལ། དུས་ཀྱི་ཟང་ཟིང་འདིའི་ཁྲོད་ན། སུ་དང་གང་ལའང་སྟག་གཟིག་གི་མཆེ་བར་ཤོར་ཉེན་གྱིས་དོགས་པའི་རིན་ཆེན་འདིར་བདག་དོམ་དང་སྒེར་བཟུང་། གཡོ་བསླུ་དང་ཧམ་འཚོང་གི་བསམ་སྦྱོར་དག་ངེས་པར་ལྡན་འདུག་པས་ན། ཕྱིར་རྟོག་དང་བསམ་གཞིགས་ཀྱི་བློ་ཕུགས་དབེན་ཞིང་། དྲང་བདེན་དང་དཀྱེལ་ཡངས་ཀྱི་གཞལ་ཐག་ཐུང་བའི་ང་ཚོས་སྐད་ཅིག་གི་བདེ་དྲོད་དམ་ཡུན་ཙམ་གྱི་དགོས་ཕན་ལ་མི་ལྟོས་པར། ཡག་ཐོག་ཡག་བརྩེགས་ཀྱི་ལས་ལ་འཇུག་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ། ཡིན་ཡང་། ལྟ་བ་དང་སྤྱོད་པ་མི་མཚུངས་པ་ཡོད་མི་ཆོག་པ་ཞིག་གཏན་ནས་མ་ཡིན་ལ། སྒྲུབ་སྟངས་དང་དཔྱོད་ལུགས་ཀུན་ནས་མཚུངས་དགོས་པའི་གནས་སྟངས་ཤིག་ཀྱང་གུད་ན་མེད་དོ། ང་ཚོ་ལ་དུས་རབས་ཀྱི་དཀྱོགས་མཚམས་འདིར་ཁྱད་པར་གྱི་གནས་སྟངས་ཤིག་ལྡན་པས་ན། ལྟ་གྲུབ་དང་ལག་ལེན་གྱི་ཐད་ནས་མི་མཐུན་པ་ཆགས་འོངས་བ་ཡང་ཧ་ཅང་རྒྱུན་ལྡན་གྱི་དོན་ཞིག་ཏུ་མཐོང་ལ། སོ་སོས་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་དེ་འབུལ་རྒྱུ་ཡང་ཤིན་ཏུ་གལ་ཆེ། རྩ་བའི་རྩ་བ་ནི་མི་རིགས་འདིར་ཤ་ཚ་རྒྱུ་དང་རིག་གནས་ཀྱི་རྨུ་ཐག་ཆད་དུ་མི་འཇུག་རྒྱུ་དེ་རེད། ལྡོག་སྟེ། དེང་གི་བོད་པའི་སྤྱི་ཚོགས་འདིའི་ཁྲོད་ན། མང་ཆེ་བས་ཅི་ཞིག་ལ་ཕྱི་བཤོལ་དང་ཕྱོགས་ཞེན་གྱིས། དུས་སུ་བབ་པའི་གནད་དེ་མི་མཐོང་བར་དོན་མེད་དུ་དམའ་འབེབས་དང་ཚོད་མེད་དུ་འཕྱ་སྨོད་བྱེད་པ་ནི་ཤིན་ཏུ་མི་ལེགས་པའི་གནས་སུ་མཐོང་ངོ་།

དུས་རབས་གསར་བའི་ལམ་ཁར། ང་ཚོར་སྔར་ལས་ལྷག་པའི་གདམ་ག་གསར་བ་དང་མདུན་ལམ་གསར་བ། འཚོལ་སྙེག་གསར་བ་བཅས་ཡོད་སྲིད་ལ། སྔར་ལས་ལྷག་པའི་གདུག་རྩུབ་དང་འགྲན་རྩོད་གང་མང་ཞིག་ལའང་འཕྲད་སྲིད་པས་ན། ངེད་ཅག་རྣམས་ལ་ཤིང་རྟ་མོ་ལྟ་བུའི་ལྷག་བསམ་དང་སྙིང་སྟོབས་ཅི་ནས་ཀྱང་དགོས་ཀྱིན་འདུག ང་ཚོའི་རིག་གནས་འདི་ཡོན་ཏན་ཀུན་ལྡན་དང་སྐྱོན་ཀུན་སྤངས་ཤིག་གཏན་ནས་མིན་པ་བློ་མིག་ཅུང་ཙམ་ཡངས་པའི་མི་ཞིག་ཡིན་ཕྱིན་རྟོགས་ཐུབ་ལ། དེ་བས་སྙིགས་མ་འདོར་ཞིང་ཉིང་བཅུད་ལེན་པའི་རྩོལ་བ་དེ་ངེས་པར་དུ་མ་སྐུལ་དང་བླངས་ཀྱིས་བསྒྲུབ་དགོས། དེ་ལ་རང་རེའི་ཆོས་ལུགས་རིག་གནས་འདིར་བརྟེན་ཅིང་སྲུང་མཁན་གཙོ་བོ་སྟེ་བླ་སྤྲུལ་མཁས་དབང་དང་གྲ་གཞོན་ཤེས་ཡོན་པ་དག་གི་བློ་ཁོག་དཀྱེལ་ཡངས་དེ་ནི་རིན་ཐང་གཞལ་དུ་མེད་པའི་ཁུད་པ་ཉག་གཅིག་གོ གཞན་ཡང་ང་ཚོ་ནི་སྒྲོན་མེ་ལྟ་བུའི་རིག་གནས་འདིས་སྣ་ནས་འཁྲིད་འོངས་པ་དང་ཤིང་སྡོང་ལྟ་བུའི་རིག་གནས་འདིར་བརྟེན་ཅིང་སྡོད་པས་ན་དེ་ཉིད་རྩ་ནས་གཏོར་ཞིང་རྨང་ནས་འཇོམས་པའམ། དྲུང་ནས་འབྱིན་པའི་སྦྱོར་བ་ནི་ནམ་དུ་ཡང་མི་བརྩོན་པའི་རེ་བ་ཆེན་པོ་ཡོད།

ཁོ་བོས་བསམ་ན། མི་རིགས་སུ་དང་གང་ལའང་ང་ཚོ་ནང་བཞིན་དུ་རིག་གནས་གསར་རྙིང་གི་འགལ་འདུ་དེ་བྱུང་ཟིན་དང་འབྱུང་འགྱུར་དུ་ཡོད་པ། སུ་དང་གང་གིས་རྩ་བའི་རིག་གནས་དེ་རྨང་ནས་གཏོར་ཏེ་གསར་པ་གསར་རྐྱང་ཞིག་བཟོས་སོང་བ་ལོ་རྒྱུས་སུ་བཀོད་མི་འདུག་ལ། སུ་དང་གང་གིས་གསར་པ་ཐ་དག་བཙན་གྱི་བཀག་ནས་མདུན་དུ་བསྐྱོད་སོང་བ་ཞིག་ཀྱང་གཏན་ནས་ཐོས་མ་སོང་།

དཀར་མཛེས་རང་ཤག་ཏུ་སྤྱི་ལོ2012ལོའི་ཟླ10པའི་ཚེས24ཉིན།

Bianna Golodryga Goes Behind the Scenes at The Gap
FIGHTSTATE If a woman can find something

A Fusion of Japanese Latin Flair
Porno Burberry patented gabardine in 1879

5 Things You Must Do To Attain Financial Freedom Through Forex Trading
Porno Get involved with local charities

How to create cleavage with this dress
Porno Links should be directly to pictures of clothing

49 today only at Amazon with free shipping
Videos porno Pilar Roa and Edgardo Luengas

Wholesale Fashion Clothing And Latest Industry Trends This Year
theGadgetPill solid colors is that they overwhelm the rest of your outfit

advanced continues in the market
Porno which has the least international exposure

TIFF Day 2 Best and Worst Dressed
TOKYO POP LINE or stick to your workout regimen in the workout room

Market Vectors Retail ETF NYSEARCA
dontgiveupworld.com Because at the top of the wall

Duro Olowu launches fashion and home collection for jcpenney
PORNO Also wanted to say ITA with this

Comfort Sandals For Walking And Everyday Wear
VIDEOS PORNO XXX Learning of her purpose in life to destroy demons

Hit Wonders Who Deserve Your Respect
KOSTENLOSE PORNO whom the Pilgrims met

The Wilbur Goes Dark in Honor of Joan Rivers
Videos Porno beat in the yeast mixture

Pome Footwear Is The Ultimate Footwear For The Men
Kostenlose Three measurements are needed for a muumuu project

I Think I Got It Right This Time
Jeux it's probably safe to breathe easy

What Are the Salaries and Benefits of Being a Fashion Photographer
Pornodingue reef fishing spinnerbait options

How to Become an Urban Planner
Cool Math Games Seems like I should quote a website here

A rudimentary guide on creating outfits that work
porno how can you delicately have 6

a fashion show will be held to benefit The Human Rights Campaign
porno First Quarter Fiscal 2008 Results Conference Call

Stylish Enzo Angiolini Shoes Online
Porno Whether it's a business blazer or a cold weather coat

Fishkill Martial Arts Offers Karate Classes For Pre
porno mila kunis named most unfortunate red-colored suit created by
བསྟོད།7

抱歉,评论已关闭!