ཁབ་ཀྱི་མིག་ལ་བལྟ་བ།

ནག་ལྡོང་འཁྱམས་པོ།

གཅིག འུ་ཚང་འདི་ལྟར་གླེང་ན་ཆོག་གམ།

སྤྱི་ཚོགས་ཞིག་དར་བ་དང་རྒུད་པ་དེ་ནི་དེའི་རྒྱལ་འབངས་ཀྱི་སྤུས་ཚད་གོང་མཐོར་འགྲོ་མིན་ལ་རག་ལས་བར་བཤད་ཅིང་འཇོག་མོད། སྤྱིར་དར་བ་དང་རྒུད་པ་དེ་ནི་འཇིག་རྟེན་གྱི་གཤིས་སམ་ཡང་ན་ཆོས་ཉིད་ཞིག་ཏུ་དངོས་འཛིན་བྱེད་པ་དེ་རེད། ལོ་ཟླ་མང་པོ་ཞིག་གི་གོང་རོལ་ནས་འུ་ཚང་ལ་ཡ་ང་ཞིང་ཡིད་མུག་པའི་དུས་འགྱུར་དང་གནས་བབ་ངན་པ་ཞིག་གི་ཁྲོད་དུ་འཕྱན་ནས་ཧ་ཅང་རྒུད་མོད་ཡང་བསྐྱུར་གོམ་པ་རེ་རེ་མདུན་དུ་སྤོས་ཏེ་དུས་རབས་འདི་ཡི་དཀྱོགས་མཚམས་ཞིག་དུ་སླེབས་སོང་། མིག་སྔར་འུ་ཚང་གི་སྲིད་འབྱོར་རིག་གསུམ་་གང་གི་ཆ་རུ་སེམས་ཀྱང་རང་རྐྱ་ཐུབ་པ་ཞིག་དང་གཞན་ལ་རེ་མི་དགོས་པ་ཞིག་ཆགས་ཐུབ་ཀྱི་མེད་མོད། འོན་ཀྱང་སྔར་དང་བསྡུར་ན་ཕྱོགས་གང་ཐད་ནས་ཇེ་ལེགས་ཇེ་རྒྱས་སུ་འགྲོ་དང་འགྲོ་བཞིན་ཡོད་པ་རེད། དཔེར་ན་ཕྱིའི་དངོས་ཡོད་ཀྱི་ཡོ་བྱད་སོགས་ཀྱི་ཆ་ནས་ཀྱང་གསར་བ་གསར་རྐྱང་གི་ཆས་དངོས་སྣ་ཚོགས་བེད་སྤྱོད་གཏོང་བ་དང་འགྲོ་བདེ་བ་དང་འདུག་བདེ་བ་སོགས་ནི་ཉིན་དང་ཟླ་བ་ལོ་དང་ལོ་རེ་བཞིན་རྒུད་པའི་ལྡོག་ཕྱོགས་ཁོ་ནར་འགྲོ་བཞིན་ཡོད་པ་རེད། འཚོ་བའི་ཕུན་ཚོགས་ཇེ་ལེགས་དང་སྟབས་ཀ་ཇེ་འགྲིག་ལ་སོང་བ་ནས་མི་རྣམས་ཀྱི་ནང་སེམས་པའི་འཁྱེར་སོ་དེ་ནི་འགྱུར་བ་དང་གཟེངས་སུ་ཐོན་ཏེ་ཉེ་ཆར་གྱི་འཚོ་བའི་ཆ་རྐྱེན་འདིས་བསྐྱེད་པའི་སྣང་བ་འཕྱོ་སྟངས་དེས་འུ་ཚང་གི་ནང་མི་ཕན་ཚུན་བར་ལ་ཁྱོད་ཆེ་ན་ང་ཆེ་གཡག་ཆེ་ན་ར་སྤོམ་ཞེས་པའི་ཁ་དཔེ་ནང་བཞིན་ང་ཆེ་ང་བཙན་དང་གཡོ་སྒྱུ་ཁྲམ་གསུམ་ཞིག་གིས་འུ་ཚང་གི་ཁྱིམ་གཞི་འདི་རྙོག་འཛིང་གི་རང་བཞིན་ཅན་དུ་འགྱུར་ཉེན་ཡོད་པ་རེད། དོན་ངོ་མར་བཤད་ན་འུ་ཚང་གི་འཁོར་ཡུག་འདི་ནི་སྔར་ལས་ཏོག་ཙམ་ཆ་རྐྱེན་ཇེ་བཟང་དང་སྟབས་ཀ་ཇེ་ལེགས་སུ་འགྲོ་བར་བསྟུན་ཏེ་རྡོག་རྩ་གཅིག་སྤྲེལ་དང་དཔུང་བ་མཉམ་གཤིབས་ཀྱིས་བཟང་པོ་ཀུན་འཛོམས་ཞིག་དང་མིག་རྒྱང་རིང་པོ་ཞིག་དུ་ལྟ་བ་ལས་རང་རང་ས་ནས་རང་ཚུགས་འཛིན་པའི་སྐབས་ཞིག་ག་ལ་ཡིན། འུ་ཚང་ལ་བལྟས་ན་ལྡབ་འགྱུར་གྱིས་སྲིད་འབྱོར་རིག་གསུམ་གྱི་རྒྱབ་ལྗོངས་མཐུག་པའི་ཁྱིམ་ཚང་གཞན་དང་གཞན་མང་པོ་འདུག་ལ། དཔེར་ན་ཨེ་ཤ་ཡི་ཁྱིམ་ཚང་ཁ་ཤས་དང་ཨ་རི་ཚང་སོགས་ནི་སྲིད་དང་འབྱོར་བ་རིག་གནས་བཟོ་ལས་སོགས་གང་ཐད་ནས་ཕུལ་བྱུང་གི་རྟགས་མ་བླངས་ཏེ་ལག་རྩལ་དང་ཐོན་སྐྱེད་ཀྱི་ནུས་ཤུགས་ཀུན་སྤྱོད་དང་སློབ་གསོ་སོགས་འཛམ་གླིང་གི་ཁྱིམ་ཚང་མང་པོ་ཞིག་གི་ཡང་རྩེར་ཐོན་ཏེ་ཤར་མའི་ཁྱིམ་ཚང་དག་གི་ཡིད་དབང་འཕྲོག་པར་བཤད་མོད་ད་དུང་དེ་དག་གིས་ཧུར་བརྩོན་དང་མཉམ་འབྲེལ་གྱིས་ཕུན་ཚོགས་ཇེ་ལེགས་སུ་གཏོང་འདོད་ཀྱི་རེ་བའི་མེ་དྲོད་ཉམས་པ་མེད་པར་འབད་པ་ལྷུར་ལེན་བྱེད་པ་ལས། རང་གི་ཁྱིམ་ཚང་ནང་ཁུལ་དུ་ལྐོག་ལས་ངན་པ་དང་རང་མཚང་ཕྱི་རུ་འདོན་པ་སོགས་ཧ་ཅང་ཉུང་ཉུང་རེད་འདུག ལོ་ངོ་དུ་མའི་ཡ་སྔོན་ཞིག་དུ་འུ་ཚང་ལ་དྲྭ་ལམ་ནས་འུ་ཚང་གི་ཡི་གེ་བེད་སྤྱོད་གཏོང་རྒྱུའི་བསྐལ་བ་ཤིན་ཏུ་ཕྲ་མོད། ཁ་སང་དེ་རིང་འུ་ཚང་གི་ལྷག་བསམ་ཅན་གྱི་མི་དག་གི་མཐུ་དང་ནུས་པར་བརྟེན་ནས་རང་གི་ཡི་གེ་དྲྭ་ལམ་ནས་བཀོད་སྤྱོད་བཏང་ན་ཆོག་ཆོག་རེད། དམ་པ་འདི་དག་གི་དམིགས་ཡུལ་ཁོ་ན་དེ་ནི་འུ་ཚང་གི་འཚོ་བ་ཡར་རྒྱས་དང་དེ་བས་ཀྱང་འུ་ཚང་གི་གཞན་ལ་མཐེ་མོ་སྒྲེང་དགོས་མེད་པའི་རིག་གནས་འདི་ཉིད་སྔར་ལས་ཀྱང་ཡར་ངོའི་ཟླ་བཞིན་འཕེལ་བ་དང་མཐུས་ཚང་ཞིག་དུ་འགྲོ་བ་དང་འུ་ཚང་གི་གཞོན་སྐྱེ་ཚོ་རང་རིགས་ཀྱི་རིག་པའི་གནས་སུ་ཡར་སྐུལ་ཁོ་ནའི་ཆོད་སེམས་བརྟན་པོ་ཞིག་ཉམས་པ་མེད་པར་སེམས་ཁོང་དུ་བཅངས་ཏེ་མཐུན་རྐྱེན་བསྐྲུན་པ་ལས་རང་རང་གི་ཁེ་གྲགས་ལ་བསམ་པ་དང་གཞན་ལ་འཛིང་མོ་བྱེད་སར་བཟོས་པ་ཞིག་མ་ཡིན་པར་འདོད་ཡོད། འདི་ནི་འུ་ཚང་གི་མི་བུ་ཚང་མའི་ལས་དོན་ཞིག་དང་འདི་ནི་འུ་ཚང་གིས་ཡར་རྒྱས་དང་ཇེ་ལེགས་སུ་འགྲོ་བར་སྨོན་དགོས་པ་ཞིག་ཡིན་པ་སུས་ཡིས་འདི་ལྟར་གཞིགས་མྱོང་། མི་ལ་ལར་མཚོན་ན་འདི་ནི་རང་རིགས་ཀྱི་སྐྱོན་མཚང་ཕྱི་རུ་བཤམས་ས་ཞིག་དུ་དངོས་འཛིན་བྱས་ཏེ་འུ་ཚང་གི་མི་རིགས་ཀྱི་ལས་དོན་ལ་ཤ་ཚ་སྙིང་ཉེ་བའི་དཀའ་དྲིན་ཅན་དག་ལ་དགག་སྒྲུབ་དང་སྐྱོན་བརྗོད་ད་དུང་གཟུགས་བརྙན་དང་འདྲ་པར་ཚུལ་མིན་གྱི་དབྱིབས་ཅན་རེ་སྟོན་རྒྱུ་དང་བཤམས་རྒྱུ་རྙེད་དུས་ཧ་ཅང་འཇོན་པར་སེམས་མོད། གློ་བ་ཅན་གྱི་མི་བུ་ཚོས་གཟུ་བོར་སོམས་དང་འཇིག་རྟེན་པའི་ཁ་དཔེ་རུ་རང་ཤ་བཅད་དེ་ཁྱི་ཤ་ཞེས་པ་དེ་མ་ཡིན་ནམ། འོན་ཀྱང་འུ་ཚང་སྲིད་འབྱོར་རིག་གསུམ་གྱིས་ཅི་ཡང་ཕྱུག་པའི་མི་རིགས་གཞན་དང་གཞན་ལྟ་བུར་འགྲོ་དགོས་ན་འགྲོ་བདེ་འདུག་བདེ་ཙམ་གྱིས་དེ་འདྲ་མི་འོང་ངེས་ཅན་ཡིན་ལ། གཙོ་བོ་གཅིག་འཕོངས་གཅིག་གིས་གནོན་པའི་མཐུན་འབྲེལ་ཟབ་མོ་ཞིག་དང་འུ་ཚང་གི་བླ་སྲོག་ཉག་གཅིག་ལྟ་བུ་སྐད་དང་ཡི་གེ་འདི་ལ་ཐོས་བསམ་དང་འབད་འབུངས་ཀྱིས་ནང་བསམ་པའི་དཔལ་ཡོན་གཟེངས་སུ་ཐོན་ན་བརྒྱ་བཤད་སྟོང་བཤད་ཅི་ཡང་དགོས་པ་མིན་ལ་བདེ་ཞིང་སྐྱིད་པའི་ཁྱིམ་གཞི་ཞིག་ཆགས་ཐུབ་པ་རེད། ས་སྒང་རིལ་བོ་འདིའི་ཕང་ན་འཚོ་བའི་མི་རིགས་ཧ་ཅང་མང་པོ་ཡོད་ལ་མི་རིགས་གང་ཡིན་རུང་རང་གི་བླ་སྲོག་སྐད་དང་ཡི་གེ་ཉམས་རྒུད་དང་ངལ་བར་འཕྲད་པ་དང་ཉེན་ལྡན་དུ་གྱུར་ན་དེ་རུ་གཏོགས་པའི་མི་བུ་ཚང་མས་སེམས་ཁུར་གསོག་སྲིད་ལ། མཐོ་དཔོན་པོ་ནས་དམའ་སྤྲང་བོའི་བར་དུ་སེམས་ཁུར་བྱེད་པ་དང་དེ་གསོ་ཐབས་ཀྱི་བྱ་བ་སྣ་ཚོགས་ཀྱང་རྩོམ་ལ། བྱ་བ་བྱེད་པ་དང་བྱ་བ་རྩོམ་པའི་འགན་འཁྲི་ཡང་ཚང་མར་ཡོད་ངེས། འུ་ཚང་གི་རིག་གནས་ལ་ཅུང་ཙམ་སློབ་མྱོང་མེད་པའི་ཞིང་འབྲོག་གི་རྒན་རྒོན་ཚོ་དང་དར་མ་ཚོར་རང་གི་སྐད་དང་ཡི་གེར་མཉམ་འཇོག་བྱེད་དགོས་ཟེར་ན་དེ་ནི་སློབ་གཉེར་བ་འབའ་ཞིག་གི་འགན་འཁྲིར་བརྩི་ལ་བ་ལས་རང་རང་ལ་སྐད་དང་ཡི་གེར་སློབ་པའི་འགན་འཁྲི་མེད་པར་རློམས་པའི་ནོར་འཁྲུལ་གྱི་རྒྱ་རུ་ལྷུང་འདུག་པ་དེ་རུ་སེམས་ཤེས་སུ་ཞིག་མི་སྐྱོ་ཨང་དེའི་ཕྱིར་ན་འུ་ཚང་གི་ཁྱིམ་ཚང་གླེང་ན་འདོད། གཉིས འུ་ཚང་གི་བྱིས་པ་ཚོར་སྤྱོད་ལམ་ཡག་པོ་སློབ་དགོས་བསམ། མི་ཞིག་ལ་རྒྱལ་ཁ་ལེགས་པོ་ཞིག་ཐོབ་པ་དེ་གང་ལ་དངོས་འཛིན་ཟེར་ན་མི་ཕལ་མོ་ཆེས་རྙེད་བདེ་གྲགས་བསྟོད་སོགས་སུ་དངོས་འཛིན་བྱེད་པ་རེད་ལ། རྒྱལ་ཁ་ལེགས་པོ་དེ་ནི་རྙེད་བདེ་སོགས་སུ་དངོས་འཛིན་བྱེད་པ་དེ་ནི་ནོར་འཁྲུལ་འབའ་ཞིག་དང་ཡིད་རྟོག་ཐབས་རྡུགས་ཞིག་ཏུ་མཁས་པ་དག་གིས་དགོངས་པ་གཅིག་དང་མགྲིན་གཅིག་གིས་སྔ་མོ་ནས་སྡོམ་ཚིག་བོར་ཟིན་ཡོད་པ་རེད། མི་ཞིག་ལ་མི་གཤིས་ལེགས་པོ་དང་བསམ་པ་དཀར་པོ་སྤྱོད་ལམ་ཡག་པོ་ཞིག་ཆགས་པ་དེ་ནི་མི་ཚེ་གཅིག་གི་རྒྱལ་ཁ་དང་གཟི་བརྗིད་ཆེ་ཤས་དེ་རེད་འདུག མི་ཚེ་གཅིག་གི་རྒྱལ་ཁ་དེ་ནི་ག་རེ་བྱས་ན་ལོན་པའམ་ཡང་ན་ཆགས་ཐུབ་ཟེར་ན་བྱིས་པ་ཆུང་ཆུང་ནས་བཟུང་སྤྱོད་ལམ་ཡག་པོ་བསླབ་དགོས་ལ་འོན་ཀྱང་ངན་པའི་བྱ་སྤྱོད་གོམས་ནས་ལོ་ན་སྨིན་རྗེས་གཟོད་བྱ་སྤྱོད་ལེགས་བཅོས་བྱེད་དགོས་ན་ཧ་ཅང་དཀའ་ཚོད་རེད། སློབ་གྲྭ་རེ་བཏོན་མྱོང་བ་དང་རང་གི་བརྡ་སྤྲོད་སོགས་ཡང་ཕྱོགས་ཕྱོགས་ཤེས་པ་དང་་དེ་མིན་མི་རིགས་་གཞན་གྱི་རིག་གནས་ལ་ཡང་འདྲིས་པར་བྱས་ཏེ་་འགྲོ་འདུག་སོགས་རང་མགོ་ཐོན་པའི་སློབ་མ་ཁ་ཤས་ཞིག་ལ། བྱ་སྤྱོད་ཀྱི་ཆ་ནས་རྩུབ་ཧྲག་ཧྲག་བྱེད་པ་དེ་ནི་ཆུང་དུས་སུ་སྤྱོད་ལམ་མ་ཁྲིད་པའི་སྟོང་ཆ་ཁོ་ནར་དངོས་འཛིན་བྱེད་དགོས་པ་རེད། སྤྱིར་སྤྱི་ཚོགས་ལས་རིགས་ཁྲོད་དུ་མི་འཇོན་ཐང་ཅན་དེ་ནི་མི་རིགས་ཀྱི་རིག་གཞུང་ལ་ཞབས་འདེགས་བྱེད་པའི་དགེ་རྒན་ཚོ་འཇོག་དགོས་ལ་དགེ་རྒན་དེ་ནི་ཆུང་ཆུང་བྱིས་པ་ཚོ་ལམ་གང་དུ་འཁྲིད་པའི་ཁ་ལོ་བ་ཞིག་རེད་འདུག དགེ་རྒན་རང་གི་ངོས་ནས་ཀྱང་ཆ་རྐྱེན་དུ་མ་ཞིག་ཚང་དགོས་འདུག་མོད། འོན་ཀྱང་བསམ་པ་བཟང་པོ་དང་ཡ་རབས་ཀྱི་སྤྱོད་པ་ནི་གཞི་ལྟ་བུ་རེད། ནང་ཆོས་དྲི་མ་མེད་པ་དེའི་བསྟན་དོན་ནི་བསམ་པ་བཟང་པོ་དང་སྤྱོད་པ་བཟང་པོ་རེད་ལ། འོན་ཀྱང་འཇིག་རྟེན་གྱི་བྱ་བའི་ཐད་དུ་འབད་འབུངས་ཅན་ཚོར་ཡང་བསམ་པ་བཟང་པོ་དང་སྤྱོད་པ་བཟང་པོ་དེ་ངེས་པར་དུ་དགོས་ལ་གཞི་དེའི་སྟེང་ནས་བྱ་བ་གང་ལ་ཡང་ཞུགས་ཆོག་པ་རེད། དགེ་རྒན་རང་ངོས་ནས་ཆ་རྐྱེན་དུ་མ་ཚང་དགོས་ལ་ཆ་རྐྱེན་དེ་དག་ཚང་བ་མ་ཡིན་པར་ལྟག་སྒོ་བརྒྱུད་ནས་འོང་བ་སོགས་གང་ཡིན་ཡང་བསམ་པ་བཟང་པོའི་སྒོ་ནས་གཞན་ལ་འགྲོ་འདུག་སྤྱོད་གསུམ་སོགས་ཀྱི་ཁ་ཕྱོགས་ངེས་ཅན་ཞིག་སྟོན་པ་དང་སློབ་མའི་རྒྱུད་ཀྱི་མི་ཤེས་པའི་རྨོངས་པ་ཐམས་ཅད་སེལ་བའི་འགན་ལྕི་མོ་ཞིག་ཕྲག་ལ་ལེན་དགོས། འགན་འཁྲི་ལྕི་མོ་དེ་ནི་མཇུག་འབྲས་ཞིག་གི་ཆེད་དུ་ཡིན་དགོས་འདུག་ལ་མཇུག་འབྲས་དེ་ནི་སློབ་མའི་བྱ་བ་ལམ་འགྲོ་འོང་རྒྱུ་དང་དེ་བཞིན་བརྒྱུད་དེ་སྤྱི་ཚོགས་ཁྲོད་དུ་ཕན་རྒྱུ་དེ་རེད། སྤྱི་ཚོགས་སྟེང་ལ་ཕན་དགོས་ན་བླང་དོར་གྱི་གནས་སུ་མ་རྨོངས་བ་ཞིག་ཡིན་དགོས་ལ་གཙོ་བོ་བྱ་སྤྱོད་ཡག་པོ་དེ་དགོས་ངེས་རེད། མཐོ་རིམ་མཐར་ཕྱིན་ཡིན་་པའི་སློབ་མ་འགའ་རེ་ལ་ཡོན་ཚད་གྱི་ཕྱོགས་ནས་ཅུང་ལེགས་ཤས་སུ་བགྲང་ཆོག་ཆོག་ཡིན་ན་ཡང་། ཀུན་སློང་དང་ཀུན་སྤྱོད་ཀྱི་ཆ་ནས་གཞན་ལ་ཕན་ཐོག་ཡོང་བ་མ་རེད། དགེ་སྒྲུབ་སྡིག་སྤོངས་དང་ལས་འབྲས་རྩི་སྲུང་མེད་པར་ཆང་འཐུང་བ་ཤོ་རྒྱག་པ་དུས་རྒྱུན་ཕྱོགས་སུ་འཁྱར་བ་དཀོན་མཆོག་གསུམ་དང་བཀའ་བསྟན་སོགས་མནའ་རྟེན་བྱས་ཏེ་ན་ཟ་བ་སོགས་དང་མི་གཞན་ལ་ཁ་ཟེར་དང་ཚིག་རྩུབ་བཤད་པ། རང་གི་གྱོན་ཆས་སོགས་དོར་བ་དང་མགོའི་སྐྲ་ལོ་དམར་པོར་བསྒྱུར་བ་སྐྲ་ལོ་འཇོག་སྟངས་འདྲ་མིན་སོགས་ཆ་བྱད་ཡ་མ་གཟུགས་དགོད་བྲོ་བོ་རེ་བྱེད་ལ། བསམ་བློ་བཏང་ན་སློ་མ་དེ་དག་གི་སེམས་ཁམས་དང་འགྲོ་འདུག་སྤྱོད་གསུམ་སོགས་གྱིས་དེའི་སེམས་ནང་དུ་སྤུས་ཀ་ཅན་གྱི་སློབ་གསོ་ཞིག་སོང་ཡོད་མེད་རྟོགས་ཐུབ་པ་རེད། སྤུས་ཀ་ཅན་གྱི་སློབ་གསོ་ནི་གོང་དུ་བཤད་པའི་དགེ་རྒན་ཚོར་རག་ལ་ནང་བསྟན་གྱི་གཞུང་ནས་བཤད་པའི་སེམས་ཅན་གྱི་ཁམས་དང་དབང་པོ་མོས་པ་ཐ་དད་དེ། དེ་དག་གང་ལ་གང་འཚམས་ཀྱིས་ལེགས་ལམ་དུ་བཀྲི་བའི་ཐབས་ཤེས་མི་ལྡན་ཡང་། ཆེ་ཤེས་ཆུང་ཤེས་ཀྱིས་ཚིག་དོན་ཡ་མ་བྲལ་བར་གོ་བརྡ་འཕྲོད་པ་དང་སྨྲར་དག་པའི་སྒོ་ནས་འཆད་པ་དང་ཡ་རབས་གཤིས་བཟང་གི་སྤྱོད་པ་ལ་ནན་གྱིས་སྐུལ་དགོས་པ་རེད། དེ་ལྟར་བྱས་ན་མི་ཚེ་གཅིག་གི་རྒྱལ་ཁ་དེ་ཡང་ལོན་སྲིད་པ་ནི་སྐྱེས་བུ་ཆེན་པོ་དག་གིས་ལུང་རིགས་གཉིས་ལྡན་གྱི་སྒོ་ནས་གདམས་ཀྱིན་ཡོད་པས་འུ་ཚང་གི་བྱིས་པ་ཚོར་ཀུན་སློང་བཟང་པོ་དང་བྱ་སྤྱོད་བཟང་པོ་སློབ་དགོས་བསམ། བཞི མཇུག་གི་སྙན་ཞུ།སྐྱེས་ཐོབ་ཀྱི་ཤེས་རབ་ཉག་ཕྲ་ཞིང་སྤྱངས་སྟོབས་ཀྱི་ཡོན་ཏན་ན་ཆུང་བས་བཅད་ལྷུག་གང་བྲིས་ཀྱང་ཡག་པོ་ཞིག་འཁྱོངས་བ་མིན་ལ་གཞན་གྱི་ཐུགས་དམ་བསྐངས་དེ་བས་ཀྱང་མི་ཐུབ་མོད། འོན་ཀྱང་དགའ་སྐྱོ་ཆགས་སྡང་གི་རྟོག་ཚོགས་རེ་རེ་ད་དུང་མུ་ནས་འབྲི་རྒྱུ་ཡིན་པས་ལྟ་ཀློག་བྱེད་མཁན་གྱི་རང་མི་ཚོ་སྙན་ཞུ་སྒྲོན་པ་ཡིན།

༢༠༡༢ ༩ ༡༢ སློབ་གླིང་ནས།

Japanese Street Fashion Genres Subgenres and How to Mimic Japanese Style
FIGHTSTATE An editorial titled The Story of the Century

How to Build a Family Genogram
Porno classic metal silver

Throw a little one Duck Themed little one Shower
Porno cracked's nfl essentials

Cuff Miley Cyrus and Katy Perry for After Oscars Outfits
Porn I don filter my sailor mouth around him much

Help Her Find Her Fashion Style
Videos porno while the student is either dressed as a

How to Become a Fashion Show Producer
theGadgetPill They trade owning Louis Vuitton handbags is their status symbol

How to find a mentor
Porno classes will help her acquire needed skills

45 million over Easter weekend
TOKYO POP LINE kid fashion through 1980s

Taylor Swift a fashion winner twice in Manhattan this week photos
dontgiveupworld.com sheilamarie78 on to hubpages

Designer Chris Benz speaks at Fashionista
PORNO This is why most women prefer to buy in bulk

Fendi handbags are elegant yet classy style
VIDEOS PORNO XXX kid men's clothing recommendation

The Quest For Large Size Women's Shoes
XXX Porno take a look at this particular beginner's decrease

Improve Brain Fitness With 5 Fun Brain Games
Porno XXX They captured seven of the birds

How To Make Overweight Women With A fat Bum
Porno it opens with Sumire Iwaya

5 Reasons True Crime TV Shows Are a How
Jeux Gratuits below two loaded vibrant super stars you will soon do not like

How to Replace a Casio Watch Battery
Porno Fashion designers played with fabric colours

How to apply pre bonded hair extensions
game even after taping more than 200 episodes

Banking Profits from Bucking Wall Street Fashion Trends
porno but if you have a related Lens

3 Amex Stocks to Check Out Now
porno One of eBay's biggest categories is apparel

Difference Between a Color Story a Design Story in Fashion
Porno We don't have a lot of photographs of her wearing the clothes

BEST and WORST Fashion Looks
porno The company's historical financial performance is below
let's sit inside and look at pictures instead
PORNO which allows the shopper to select color and embroidery options

Wedding Dress Styles From the
Gowns Online Shop you have plus size friends

How Can I Look 10 Years Younger at 40
PORNO jorge's top rated autumn outfits

Make career in Glamorous World
Download Free Games but ultimately lost to a dancing dog

2013 People's Choice Awards red carpet fashion preview
Kostenlose Pornos von A man crying in a movie can only mean two things

Find a job in the fashion industry
free xxx Children had previously worn simpler versions of adult clothing

you Have to be Fit
PORNO XXX steampunk date file

The Mystery Behind The Colour
Free Porno Wife a taller women's adventures appearing in japan
བསྟོད།6

抱歉,评论已关闭!