ཚན་རིག་མེ་ལ་བསྲེགས་མཁན་་གསེར་རྟའི་ཨོ་རྒྱན་ཉི་མ།

བོང་རྫི།

༢༠༠༡ལོའི་ཕྱི་ཟླ་གསུམ་པའི་ཚེས་གཉིས་ཉིན་མགོ་བརྩམས་ནས། བོད་པ་རྣམས་ལ་ཨོ་རྒྱན་ཡུལ་ཞེས་གྲགས་པའི་ཉེ་འདབས་།དེང་དུས་ཡོངས་ཁྱབ་ཏུ་ཨབ་ཧྥུབ་གྷ་ན་སི་ཐན་ཟེར་པའི་ཡུལ་ཁམས་དེ་རུ། ཁ་ཆེ་ཐ་ལེ་པན་ཚོགས་པའི་དམག་མི་རྣམས་ཀྱིས་མེ་སྒྱོགས་དང། མེ་མདའ་མང་པོ་བྲག་ངོས་སུ་ཡོད་པའི་ནང་བའི་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་འདྲ་ཆེན་པོ་ཞིག་ལ་ཡོད་པ་དེ་ལ་ཆར་བཞིན་བརྒྱབ་ཅིང། སྐུ་དེ་ལ་གནོད་རྐྱེན་མང་པོ་ཞིག་བཟོས་བ་རེད། དེ་ལྟར་བྱས་ཀྱང་ད་དུང་ཉིན་འགའ་ཤས་སུ་བྲག་ངོས་སུ་སྐུ་དེ་དམ་པོ་བཞེངས་བསྡད་པ་རེད། དེ་ལས་ཐ་ལེ་པན་གྱི་དམག་མི་རྣམས་ཀྱིས་རྒྱབ་ལ་ཐག་པས་བསྡམས། ཐད་ཀར་བྲག་ངོས་ནས་སྐུ་ངོས་སུ་མར་བབས་ནས། སྐུའི་གང་སར་ཁུང་བུ་བརྐོས་བ་དང། ཁུང་བུ་དེ་དག་གི་ནང་དུ་འགད་རྫས་སྣ་ཚོགས་བཞག་པ་དང། དེ་ནས་རིམ་གྱི་ཁོ་ཚོ་ཐག་པ་ལས་མར་བབས་ནས། ཁུང་བུ་དེ་དག་གི་འགད་རྫས་རྣམས་མཉམ་གཅིག་ཏུ་གས་གཏོར་བྱས་པས། ལོ་སྟོང་གཅིག་ཏུ་ལྔ་བརྒྱ་ཙམ་གྱིས་སྟོན་པ་སྐུ་འདྲ་དེ་ནི། ས་ལ་བསྲེས་ཐུབ་པ་ཞིག་བྱུང་བ་རེད། དེའི་སྔ་གཞུག་གང་རུང་དུ། འཛམ་གླིང་གི་བསམ་ཡོད་ཀྱི་མི་རྣམས་ཀྱིས་ཐབས་ཤེས་གང་ཡོད་ཀྱིས། སྐུ་འདྲ་དེ་མི་གཏོར་པའི་ཐབས་ཤེས་བྱས་བ་དང། ཞི་དྲག་གང་རུང་གི་སྒོ་ནས་ཁ་ཆེ་ཐ་ལན་པན་ཚོགས་པ་ལ་བཤད་ཡོད་འདུག་མོད། དེ་རྣམས་ཀྱིས་སྤྱང་གིའི་རྣ་ལ་ཆོས་བཤད་བཞིན་དུ། ཨུ་ཚུགས་མཐའ་བསྒྱེལ་གྱིས་སྐུ་འདྲ་དེ་ས་ལ་བསྲེས་བ་རེད། འཛམ་གླིང་གི་མི་མང་གིས་དོན་རྐྱེན་དེ་ལས་ཤེས་བ་ཞིག་བྱུང་བ་ནི། སྐུ་འདྲ་དེ་གཏོར་མཁན་གྱི་ཁ་ཆེ་ཐ་ལན་པན་པ་དག་རེད། ཁོ་ཚོ་ནི། ཁ་ཆེ་ཆོས་ཀྱི་སྲུང་དམག་དང། འཇིག་རྟེན་གྱི་ལེགས་ཉེས་ཐམས་ཅད་ཀོ་རན་ལས་ཇི་བཞིན་ཏུ་བཤད་པ་བཞིན་སྒྲུབ་མཁན་ཡིན་ཟེར་པ་དག་རེད། དེ་བཞིན་ཁོ་ཚོ་རང་གིས་འདོད་པའི་ཀོ་རན་ལས་གཞན་ཐམས་ཅད་མི་དགོས་ཟེར་པ་དང། ཁོ་ཚོ་ལ་ཡིད་ཆེས་དང་དད་པ་ཙམ་ལས། རིགས་པ་དང་གཏན་ཚིགས་ཟེར་པ་ཞིག་རྩ་བ་ཉིད་ནས་མི་དགོས་བ་དང། ཚན་རིག་ནི་ཆོས་ཀྱི་དགྲ་བོ་ཡིན་ཞེས་མི་དགོས་ཟེར་མཁན་འགའ་ཤས་རེད།

ཨོ་རྒྱན་ཉི་མའི་ཀློག་འོད་འགྲམ་གྱི་གཉེན་སྟོན།

ལོ་རྒྱུས་འདི་རྒྱབ་ཏུ་བཞག་ནས་བཤད་པ་འདོད་པ་ཞིག་ནི། ཉེ་ལམ་དྲ་རྒྱ་སོགས་ལ་ཁྱབ་བཞིན་པའི་སྤྲུལ་སྐུ་ཨོ་རྒྱན་ཉི་མ་ཟེར་པའི་དེའི་སྐད་ཆ་འགའ་་ཤས་ཡིན། ང་ལོ་གཉིས་ཀྱི་གོང་ཁ་བརྡ་དྲ་བས་ཕྱིར་འབུད་བཏང་བ་བཟུང། ངས་ཁ་བརྡ་དྲ་བ་བལྟ་ཀིན་མེད་མོད། ་ཉིན་འགའི་སྔོན་དུ། རྒྱ་གར་ཏུ་ཡོད་པའི་གྲོགས་པོ་ཞིག་གིས་ཨོ་རྒྱན་ཉི་མ་ཟེར་པ་ཞིག་གིས་བྲིས་བའི་ཁ་བརྡའི་དྲ་བའི་སྟེང་བཀོད་པའི་༼འཇིག་རྟེན་སྤྱིའི་དགྲ་བོ་ཚན་རིག་པ་དང། ཚན་རིག་རེད༽ཅེས་བའི་རྩོམ་ཐུང་ཞིག་བསྐུར་ཡོང་ནས། འདིའི་ཐད་ལ་ངེས་པར་ཏུ་སྐད་ཆ་ཞིག་ཡོད་པ་ཞེས་བཤད་བྱུང། དེ་ནས་རྩོམ་འཆལ་དེ་ཀློག་པ་ཡིན། སྨྱོན་པ་ཞིག་གིས་སྨྱོན་གཏམ་ཞིག་བཤད་ཀིན་འདུག་འང་བསམ་བྱུང་ཙམ་ལས།ལན་འབྲི་དགོས་བ་ཞིག་སེམས་སུ་དྲན་མ་བྱུང། ཡིནའང་གྲོགས་པོས་རེ་བསྐུལ་ལྟར། རྩོམ་དེའི་གཅིག་པོ་མི་ཚད།མི་དེའི་ལོ་རྒྱུས་དང། བྲིས་བ་འགའ་ཤས་ལ་ཞིབ་བལྟ་བྱས་པ་ཡིན། སེམས་སུ་གྲང་འཁྱུག་གེར་གྱུར་སོང།ཧ་ལས་ཧོན་ཐོར་སོང། ཅི་ཕྱིར་ཞེ་ན། མི་འདི་ནི། སྤྱིར་བཏང་གི་མི་ཞིག་མ་ཡིན་པར། བོད་ཀྱི་སྤྲུལ་མིང་འཛིན་པ་ཞིག་ཡིན་པ་མ་ཟད། ད་ལྟ་སྟོབས་འབྱོར་གཉིས་ལྡན་གྱི་ཁམས་ཆེན་པོ། ཚན་རིག་དར་པའི་འབྱུང་ཁུངས། དབྱིན་ཇིའི་ལུང་བར་ཡོད་པར་བཤད། དེ་བས་སྐད་ཆ་འགའ་མི་བཤད་ཐབས་མེད་བྱུང་སོང།
སྤྱིར་བཏང་བོད་ཀྱི་སྤྲུལ་མིང་བཏགས་པ་འགའི་བཤད་ཚུལ་དང་དྲན་ཚུལ་རྣམས། ཁ་ཆེ་ཐ་ལན་པན་དང་ཉམ་དུ་བསྲེས་བ་ག་ལ་ཡོང་ཡང།རིགས་པ་མི་དགོས། གཏན་ཚིགས་མི་དགོས་།ཚན་རིག་མི་དགོས། ང་རང་གིས་བློ་ངོར་འདོད་པའི་ཆོས་དང། དགོན་པ་དང།གྲུབ་མཐའ་ལས་གཞན་ཅི་ཡང་མི་དགོས་ཟེར་ན་གཉིས་ཀ་འདྲ་མཚུངས་ཤིན་ཏུ་ནས་མང་པོ་འདུག།
དེ་ལ་ཐོག་མར་ཁོང་གིས་༼ངོ་མ་ཉེན་རྟོག་པ་ཞིག་ཡོད་རྒྱུ་ན། དྲང་བདེན་སྲང་ལ་གཞལ་བའི་དཔོན་པོ་ཞིག་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སྐྱེ་འགྲོའི་གཏན་གྱི་འདུན་མ་ལ་ཐུགས་བསམ་བཞེས་མཁན་ཞིག་ཡོད་སྲིད་རྒྱུ་ན། ཚན་རིག་པ་དང་། ཚན་རིག་པའི་རིག་གཞུང་དང་བཅས་པ་བཙོན་ཁང་ནས་སླར་ལྡང་དུ་མེད་པར་ཚེ་བཙོན་དུ་བསྡུད་དགོས་ངེས་ཤིག་རེད།༽ཅེས་ཚན་རིག་ནི་མིའི་རིགས་ཀྱི་དགྲ་བོ་ལྟ་བུ་དང། ཚན་རིག་པ་རྣམས་བཙོན་དུ་བསྡུ་དགོས་བར་བཤད་པ་དང། དེ་ནས་༼ཚན་རིག་པས་བཟོས་པའི་དངོས་པོ་ཡོད་དོ་ཅོག་མགོ་བསྐོར་དང་། བསླུ་བྲིད། གསོད་སེམས། བརྡུང་སེམས་ཁོ་ནས་འཕུལ་བའི་བསམ་ངན་གྱི་འབྲས་བུ་ཡིན་པ་ལ། ངས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བཏུབ།༽ཅེས་ཕོད་ཅན་གྱི་སྡོམ་ཚིག་འདི་འདྲ་ཞིག་བཞག་འདུག་། དེ་ནས་འདི་ལྟར་༼མ་འོངས་པའི་ལོ་ཉི་ཤུ་དང་སུམ་ཅུའི་རྗེས་སུ་ས་འོག་འབྱུང་པོས་གང་། ས་སྟེང་རླངས་འཁོར་དང་། མེ་འཁོར་གྱིས་གང་། ནམ་མཁའ་ལ་གནམ་གྲུ་དང་། འཕྲུལ་གཤོག་གིས་གང་། སྐབས་དེ་དུས་མི་ལ་བདེ་སྐྱིད་ཅིག་དང་། དུད་འགྲོ་ལ་རང་དབང་ཞིག ད་དུང་ཁོར་ཡུག་ལ་སྲུང་སྐྱོབ་ཅེས་པ་དེ་ཡིད་སྨོན་ཙམ་ཞིག་ལས་ཁག་པོ་རེད།༽ཅེས་མ་འོངས་ལུང་བསྟན་ལྟ་བུ་ཞིག་ཀྱང་བཤད་འདུག། དེ་ནས་བོད་པ་རྣམས་ལ་དམིགས་ནས། ༼བསམ་བློ་ལེགས་པར་གཏོང་ཤེས་མཁན་རེ་ཡོད་ན། ཧི་མ་ལ་ཡའི་རི་ངོགས་སུ་ད་དུང་ཚན་རིག་གི་འབྲས་བུ་ཡོངས་སུ་སྨིན་མེད་ལ། སྲོལ་རྒྱུན་གྱི་རིག་གཞུང་གིས་ཕྱུག་པའི་ས་ཆ་རེད། དེ་ཕྱིར་དེང་རབས་ཀྱི་འཛུགས་སྐྲུན་ལ་ཐུར་དུ་མི་བལྟ་བར། སྔོན་བྱོན་གྱི་དཔལ་ཡོན་ལ་གྱེན་དུ་བལྟ་དགོས་པ་དང་།༽འབྲུག་གི་རྒྱལ་ཁམས་ལ་དཔེར་བཞག་ནས། བོད་ནི་འབྲུག་ཡུལ་ལྟ་བུ་ཞིག་བྱེད་དགོས་ཞེས་བཤད་འདུག། དེ་ནས་ངའི་བྲིས་བ་དག་གི་ལབ་མོ་འདྲ་བྱེད་ཁུལ་གྱིས་བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དགག་ཁུལ་དང། བཤད་ཁུལ་གྱིས་རྩོམ་འཆལ་དེ་མཇུག་བསྡུས་འདུག།
ཨོ་རྒྱན་ཉི་མ་ཟེར་པ་འདི། བོད་ཀྱི་འབྲོག་སྡེ་ཞིག་ནས་སྐྱེས་བ་དང། ཕྱིས་སུ་གསེར་རྟ་ཞེས་འབོད་པའི་གསར་ཚུགས་ཀྱི་ཆོས་གྲྭ་དེ་རུ་སློབ་གཉེར་བྱས་པར་གྲགས། དེ་ནས་ལོ་འགའ་ཤས་ཀྱི་རྗེས་སུ་མཁན་པོ་མིང་ཐོབ་ནས། དེ་ནས་ཕྱི་རྒྱལ་དུ་སླེབས་པ་དང། ཨ་ཀོང་རིན་པོ་ཆེས། དབྱིན་ཇིའི་བསམ་ཡས་གླིང་དུ་ཆོས་དགེ་རུ་ཁྲིད་ཡོང་བར་བཤད། སྤྱིར་བཏང་མི་འདོས་བོད་ཡིག་མ་གཏོགས། རྒྱ་ཡིག་སོགས་ཅི་ཡང་མི་ཤེས་ཞིང། དབྱིན་ཇིའང་འགྲོ་འདུག་ཙམ་ལས་མི་ཤེས་པར།ཚན་རིག་གི་སློབ་གཉེར་སོགས་ཉིན་གཅིག་ཙམ་ཡང་བྱས་མེད་པ་དང་། གཏོར་བཅོས་དང། གཡང་འབོད་སོགས་ལ་མཁས་བར་བཤད། ཡིནའང།གསེར་རྟར་ཡོད་དུས།གསེར་རྟའི་མཁན་པོ་གཞན་རྣམས་དང་འདྲ་བར། མི་ཚོགས་བསྡུ་བར་མཁས་ཞིང། མི་སྐྱ་དང། ལྷག་པར་ནང་བའི་སངས་རྒྱས་ཀྱི་ཆོས་མགོ་འབུས་ཙམ་ཤེས་བའི་ཆོས་བ་དག་གི་ཁྲོད་དུ། ཆོས་སྤེལ་བའི་ཉམས་མྱོང་ཡག་པོ་བསགས་ཡོད་པར་་བཤད། རྗེས་སུ་ཆང་ས་རྒྱབ་ནས། ལྷ་ཁང་ནང་རང་གི་ལྕམ་མོ་དང་མཉམ་དུ་པར་ཅིག་རྒྱབ་པ་ནི། བོད་མི་རྣམས་ཀྱི་མིག་ལམ་ཏུ་མཛེས་བོ་མ་བྱུང་བས། དྲ་རྒྱ་སོགས་སུ་ལབ་གླེང་ཀྱང་མང་པོ་བྱུང་འདུག། ཡིནའང་འདི་ཐམས་ཅད་ཁོའི་སྒེར་གྱི་མི་ཚེ་རེད། ང་ཚོ་འབྲེལ་བ་ཅི་ཡང་མི་འདུག་མོད། ཚན་རིག་མི་དགོས་ཟེར་པ་དང། ཚན་རིག་པ་རྣམས་བཙོན་ཏུ་བསྡུ་དགོས་ཟེར་པ་འདི་ལ་ངེས་པར་ཏུ་སྐད་ཆ་འགའ་བཤད་དགོས་བསམ་སོང།
སྤྱིར་བཏང་ཚན་རིག་ཟེར་པའི་ཐ་སྙད་འདི་རྒྱ་ཡིག་ལས་བོད་ཡིག་ཏུ་བསྒྱུར་པ་ཞིག་ཡིན་པ་དང། ཐོག་དང་པོ་ཚན་ཚན་རིག་པ་ཞེས་བསྒྱུར་པ་དང།དེ་ནས་རིམ་གྱིས་ཚིག་དེ་དག་བསྡུས་ནས་ཚན་རིག་ཏུ་བསྒྱུར་པ་ཞིག་རེད། དབྱིན་ཇིའི་science སིན་ཡ་སི་རིགས་པ་འདི། ཟླ་བ་བསམ་གྲུབ་སོགས་ཀྱིས་ཚད་མ་སོགས་ཀྱིས་མིང་གི་ཡང་བསྒྱུར་པ་དང། དགེ་ཆོས་ཀྱི་རིག་གསར་ཅེས་བསྒྱུར་ཡོད་པ་རེད། ཐ་སྙད་འདི་ག་དུས་བྱུང་མིན་ལ་མ་ལྟོས་བར། ཚན་རིག་ཟེར་པ་འདི། འཇིག་རྟེན་གྱི་རྣམ་བཞག་ཐམས། ཚུལ་བཞིན་དུ་རིགས་པ་དང།དངོས་སྤྱོར་གྱི་ལམ་ནས། ཡང་དག་པར་ར་སྤྲོད་བྱས་པའི་རིག་པ་དང། དངོས་བོའི་བཤིས་ལུགས་ཡང་དག་པར་གཏན་ལ་བཀོད་པ་དེ་ལ་ཟེར། རྣམ་འགྲེལ་གྱི་སྐད་ཆ་བཤད་ན། ངོ་བོ་ཉིད་ཟེར་པ་དེ་རེད། ངོ་བོ་ཉིད་ཟེར་པ་འདི། འདུས་བྱས་གང་ཞིག་གི་ངོ་བོ་ཚུལ་བཞིན་དུ་ཡོད་་དེ་ལ་ཟེར། དཔེར་ན་བུམ་པ་ལྟ་བུ་མཚོན་ན། བུམ་པའི་སྤྱི་རྫས་ཟངས་ལྟ་བུ། ཟངས་ཀྱི་ཆ་ཤས་ཟངས་རྡུལ་ཕྲ་མོ། ཟངས་རྡུལ་ཕྲ་མོའི་བསྐོར་པ་དང། གནས་བ་སོགས་ཀྱི་རྡུལ་ཕྲ་རབ་སོགས་ཇི་བཞིན་ཏུ་ཤེས་རྟོགས་པར་བྱ་བའི་རིག་པ་དེ་ལ་ཟེར།
དེ་ལྟར་ཚན་རིག་ནི། འདུས་བྱས་ཐམས་ཅད་ཀྱི་ངོ་བོ་རྣམས་ཚུལ་བཞིན་དུ་གཏན་ལ་འབབ་པའི་རིགས་པ་དེ་ཡིན་པ་དང། ངོ་བོ་ཉིད་ལ་ལྟོས་ནས་བཟོས་བའི་ཡོ་བྱད་སོགས་ལ་ལག་རྩལ་ཞེས་འབོད་བཞིན་ཡོད་པ་རེད། དཔེར་ན་གནམ་གྲུ་ལྟ་བུ་ཞིག་ལས་དགོས་ན། ཐོག་དང་པོ་ནམ་མཁའ་དང། རླུང་དང། དེའི་བྱེད་ལས་སོགས་ཀྱི་ངོ་བོ་ཚུལ་བཞིན་ཏུ་རྟོགས་དགོས། ཅི་ཕྱིར་ཞེ་ན། ནམ་མཁའ་དང། རླུང་སོགས་གྱི་ཁྱད་ཆོས་ལ་བརྟེན་ནས། གནམ་གྲུ་ལས་དགོས་བ་ལྟ་བུ་རེད། དེ་ལྟར་མ་བྱེད་ན། གནམ་གྲུ་ལས་ཐབས་མེད་པ་ལྟ་བུ་རེད། དེ་བཞིན་སེམས་ནད་ལས་གཞན། མི་དང་སེམས་ཅན་གྱི་ནད་རྣམས་ཀྱང། ལུས་ཀྱི་རྫས་སྥྱོར་འཁྲུག་ནས་བྱུང་བ་ཡིན་པ་དང། རྫས་སྥྱོར་དེ་དག་བྱེད་ནུས་དང། ཕན་ནུས། སྨན་དུག་སོགས་ཀྱི་ངོ་བོ་ཤེས་ན། ནད་རིགས་ཐམས་ཅད་བཅོམ་ཐུབ་པ་ཡོད་པ་ལྟ་བུ་རེད། ཚན་རིག་གི་ཕན་ནུས་ནི། བཤད་དཀའ་བ་དང། སེམས་ཅན་ཀྱི་ནད་གཅིག་པོའི་སེལ་བ་སྟེང་ནས་བཤད་ན། བརྗོད་ཐབས་བྲལ་བ་ཞིག་རེད། སུས་ཀྱང་ལྟོས་ཀྱང་མངོན་གསལ་རེད། ཕྱོགས་གཞན་ནས་བཤད་ན། ནང་བ་རྣམས་ཀྱིས་བདེན་པ་རྟོགས་དགོས་ཟེར་པ་དང། མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་ཟེར་པ་སོགས་ཀྱང། ཞིབ་ཏུ་བསམ་ན་ཐམས་ཅད་ཚུལ་བཞིན་དུ་ཤེས་དགོས་ཞེས་བ་དང་གཅིག་རེད། དེ་བས་ནང་བའི་སངས་རྒྱས་བའི་གཞི་ལམ་འབྲས་གསུམ་དང། ཚན་རིག་གི་གཞི་ལམ་འབྲས་གསུམ་གང་གི་ཆ་ནས། ཞིབ་ཏུ་ལྟོས་ནས་འགལ་བ་གཅིག་ཀྱང་མེད་པ་མ་ཟད། གཞི་གཅིག་ཏུ་འབབ་ཐུབ་པར་མངོན། དེ་བས་ནང་བ་སངས་རྒྱས་བའི་མཁས་བ་དག་དང། ཚན་རིག་གི་ལྟ་གྲུབ་བཤད་མཁན་ཚོ་ལ་ཐུན་མོང་བའི་གཞི་མང་པོ་ཡོད་པ་དང། དོ་སྣང་བྱེད་བཞིན་པའི་རྒྱུ་མཚན་ཀྱང་དེ་རེད།ཚན་རིག་འདི། དད་པ་ཁོ་ནས་རྗེས་སུ་འབྲངས་བའི་ཆོས་ལུགས་དང་མི་འདྲ་བས། སྔོན་ཆད་ཡོ་རོབ་གླིང་དུ། ཡེ་ཤུ་ཆོས་བ་དག་གིས། རིགས་པ་གཙོ་བོ་འཛིན་པའི་ཚན་རིག་མེ་ལ་བསྲེགས་པའི་ལོ་རྒྱུས་ཡོད་པ་དང། གྷ་ལ་ལེ་ཨོ་ཡིས། ཉི་མ་ནི་གོ་ལ་ཡོངས་ཀྱི་དཀྱིལ་དུ་ཡོད་པའི་ལྟ་བ་མཐར་འཛིན་བྱས་པས། ཡེ་ཤུ་ཆོས་ཀྱི་་ཁྲིམས་ཆད་ཕོག་ནས། ལོ་མང་པོ་བཞུགས་ཡོད་པ་ལྟ་བུ་རེད།
ཨོ་རྒྱན་ཉི་མས་འདི་ལྟར། འཛེམ་དོགས་གཅིག་ཀྱང་མེད་པར། ཕྱི་རྒྱལ་གྱི་དྲ་རྒྱ་སྟེང་སྐད་ཆ་འདི་འདྲ་བཤད་པ་ནི་དོན་དག་ཆུང་ཆུང་ཞིག་མ་རེད། གོང་བཤད་ལྟར། འདི་ནི་བོད་ཀྱི་སྤྲུལ་སྐུ་ཡོངས་ཀྱི་སྙན་གྲགས། ནང་བ་སངས་རྒྱས་བའི་སྙན་གྲགས་དང།ལྷག་པར་ཏུ་བོད་མི་མང་གིས་སྙན་གྲགས་དང་རག་ལས་བས། སྐད་ཆ་འདི་འདྲ་མི་བཤད་མཐུ་མེད་བྱུང་སོང། ཅི་ཕྱིར་ཞེ་ན། གཅིག། ཁོ་ནི་རང་བོད་ཀྱི་སྤྲུལ་སྐུ་ཞིག་ཡིན་ཞེས་ཁྱབ་བསྒྲགས་ཀྱི་དབྱིན་ཇིའི་ལུང་བ་སྡོད་བཞིན་པ་དང། དེ་ལས་ཁོ་ནི་་བོད་ཀྱི་སྤྲུལ་སྐུ་ཞིག་གིས་བྲིས་བ་མཚོན་པ་རེད། དེ་བས་འདི་ནི་བོད་དང་བླ་མའི་སྙན་གྲགས་མཚོན་བཞིན་ཡོད་པ་རེད།གཉིས། ཁོ་རང་གིས་སེམས་ཀྱི་དྲན་ཚུལ་རྣམས་རང་གི་ཁོག་ཏུ་མི་འཇོག་པར། དྲ་རྒྱ་སོགས་སུ་བཏོན་འདུག་པས། དེའི་ཀློག་མཁན་གྱི་ཁྲོད་བྱིས་བའང་ཡོད་པ་དང།དེ་རྣམས་ལམ་ལོག་ཏུ་ཁྲིད་སྲིད་པས་འདི་ཚོའི་སྐད་ཆ་མཐའ་གཅིག་ཏུ་གཏན་འགོག་བྱེད་ཕྱིར་སྐད་ཆ་འདི་མི་བཤད་ཐབས་མེད་རེད། ང་ཚོས་སྐད་ཆ་བྱིས་བ་དག་གི་རྣ་ལམ་དུ་སྐད་ཆ་འདི་འདྲ་འགྲོ་ཐུབ་པའི་ཐམས་ལམ་བཙལ་དགོས། གསུམ། ལོ་རབས་ལྔ་བཅུ་ནས་བཟུང། བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས། བོད་མི་རྣམས་ནི་བླུན་པོ་དང། མུན་ནག། བདུག་རྩུབ་ཅེས་བཤད་ཡོད་པ་དང། མེད་པའི་སྒྲུབ་བྱེད་ནི། ཚན་རིག་དར་མེད་པ་འདྲ་བ་ཞིག་ལོ་རྒྱུས་ཀྱི་དཔང་དུ་བརྩིས་ནས་འགོད་བཞིན་ཡོད་པ་རེད། ཡིནའང་ཁོ་ཚོ་ལོ་རྒྱུས་ཀྱི་དཔང་རྟགས་ཏིལ་འབྲུ་ཙམ་ཡང་སྟོན་རྒྱུ་ཡོད་པ་མ་རེད། དེ་བས་ཨོ་རྒྱན་ཉི་མའི་རྙོག་གཏམ་འདི་ནི། བོད་ཀྱི་ལོ་རྒྱུས་ཐོག་གི་ཚན་རིག་མི་དགོས་བ་དང། ཚན་རིག་པ་རྣམས་བཙོན་དུ་བསྡུ་དགོས་ཞེས་བཤད་པ་ཡིག་ཐོག་དུ་བཀོད་པ་ཐོག་དང་པོ་རེད་སྙམ་ཞིང། གསར་བརྗེ་རྙིང་གཏོར་པ་ཚོ་ལའང། བདེན་པའི་དཔང་རྟགས་ཞིག་བསྩལ་བ་དེ་རེད། བཞི། དེ་ལས་ཀྱང་གནད་དོན་ཆེ་བ་ཞིག་ནི། མི་འདིས་འདི་ལྟར་འཛེམ་དོགས་གཅིག་ཀྱང་མེད་པར། གད་སྙིགས་ཞིག་ཁྱབ་བསྒྲགས་བྱེད་ཐུབ་པ་བྱུང་བ་ཡིན་ན།མི་འདི་ལ་ཐོབ་པའི་སློབ་གསོ་དང། ཁོ་ལ་སློབ་གསོ་སྤྲོད་མཁན་དགོན་སྡེ་དེ་ལའང་དོགས་འདྲི་མི་བྱེད་ཀ་མེད་རེད། གསེར་རྟ་ལྔ་རིག་སློབ་གླིང་གིས། འདི་ལྟ་བུའི་ངོ་ཚ་མེད་པ་དང། བོད་ཀྱི་མིག་རྫོབ་འགའ་བསྐྱེད་བསྲིང་བྱེད་བཞིན་ཡོད་དམ། གསེར་རྟ་ནི། དེ་ནི་དོན་གྱིས་མི་བླུན་པོ་གཏོང་ས་ཞིག་ཡིན་ནམ། རིག་པ་སློབ་ས་ཞིག་ཡིན། ཡི་གེ་ཙམ་འབྲི་སློབ་པ་དང། ཁ་ཏོན་ཙམ་བྱེད་པ་སྟོན་པའི་སྐུ་འདྲ་གས་གཏོར་བྱས་པའི་ཐ་ལེན་པན་དག་གི་ཆོས་ཀྱི་སློབ་གྲྭའང། དེ་ལྟར་སློབ་ཁྲིད་བྱས་ཀིན་ཡོད་པ་མ་ཟད། སྙན་ངག་གྱེར་འདོན་སོགས་ཀྱང་བྱེད་ཀིན་ཡོད་པ་རེད། ཁ་ཆེ་ཆོས་བ་རྣམས་ཀྱི་ཆོས་སྐད་དབྱངས་དང་བཅས་སྒྲོག་པའང། དོན་གྱི་ཁ་ཆེའི་སྙན་ངག་ཀློག་འདོན་བྱེད་བཞིན་ཡོད་པ་དེ་རེད། དེ་བས་གསེར་རྟ་མཁན་པོ་ཚོས། ཨོ་རྒྱན་ཉི་མའི་སློབ་གསོ་ནི། གསེར་རྟའི་སློབ་གསོ་ཡི་ཚབ་བྱེད་ཐུབ་མིན་གྱི་སྐོར་ངེས་པར་ཏུ་གསལ་བཤད་བྱེད་དགོས་བ་ཞིག་རེད།

ལྔ། གོ་ཐོས་ལ། ཨོ་རྒྱན་ཉི་མ་ཟེར་པ་འདི། སྐབས་རེ་ཡོ་རོབ་གླིང་གི། ཨ་ཀོང་རིན་པོ་ཆེས་བཙུགས་པའི་བསམ་ཡས་གླིང་དུ་བསྡད་ནས། ཡོ་རོབ་པ་འགའ་ཤས་ལ། ཆོས་བཤད་ཀིན་ཡོད་པའང་གོ་ཐོས་བྱུང། དེ་ན་འདི་ནི་ཁྱད་འཚར་པོ་ཞིག་རེད། ནུབ་ཏུ་བོད་ཀྱི་ནང་ཆོས་ལ་དད་པ་བྱེད་མཁན། མང་ཆེ་ཤོས་མཐོ་སློབ་འགྲིམས་མཁན་གྱི་མི་ཡིན་པ་དང། ཁོ་ཚོས་ནང་བ་སངས་རྒྱས་བའི་ཆོས་ལ་དད་པ་ཡོད་པའང། རིགས་པ་དང་ལྡན་པ་དང། སྒོམ་ན་ཉམས་སུ་ལེན་རྒྱུ་ཡོད་པ་དང། གཞན་ཕན་གྱི་ལྟ་གྲུབ་འགའ་ཞིག་གིས་ཁྱབ་པ་ཡིན་ཕྱིར། ཆོས་ཚོགས་བཙུགས། དགོན་པ་བཏབ། ཨོ་རྒྱན་ཉི་མ་ལྟ་བུ་བོས་ནས་ཆོས་བཤད་ཀིན་འཇུག་གིན་ཡོད་པ་རེད། དེའི་ཕྱིར་ཨ་ཀོང་རིན་པོ་ཆེའི་ཆོས་ཚོགས་ནི། ཚན་རིག་ལ་རྒོལ་མཁན་དང། ཚན་རིག་པ་རྣམས་བཙོན་ཏུ་འཇུག་དགོས་ཞེས་སྐད་རྒྱག་མཁན་གྱི་ཆོས་ཚོགས་ཞིག་ཡིན་ན། མི་འདི་ཚོ་ཡོང་གིན་རེད་དམ། འདི་ནི་ཨ་ཀོང་རིན་པོ་ཆེས་ལན་རྒྱག་དགོས་བ་ཞིག་རེད། ངས་ཨོ་རྒྱན་ཉི་མའི་རྩོམ་འདི་དབྱིན་ཡིག་ཏུ་བསྒྱུར་ནས། ཚགས་པར་སོགས་ཀྱི་སྟེང་བཀོད་ཡོད་མེད་མི་ཤེས། བཀོད་པ་ཡིན་ན། ང་ལ་ཡིད་ཆེས་ཞིག་ཡོད་པ་ནི། ཉིན་འགའ་ཤས་ཀྱི་རྗེས་སུ། ཨ་ཀོང་གི་ཆོས་ཚོགས་སྒོ་རྒྱག་དགོས་བ་ཞིག་ཏན་ཏན་ཡོང་གིན་མ་ཟད། གྲགས་འགུལ་མི་ཉུང་བ་ཞིག་བཟོ་ཀིན་རེད། ཅི་རེད་ཞེ་ན། དེང་སང་འཛམ་གླིང་གང་དུའང་འདི་འདྲ་བཤད་མཁན་ཕལ་ཆེར་མེད་ལ། ལྷག་པར་ཏུ་ཚན་རིག་གི་འབྱུང་ཁུངས་ལྟ་བུ། དབྱིན་ཇིར་དེ་བས་ཀྱང་ཡོད་པ་མ་རེད།
དེ་ལས་འཕྲོས་ནས་སྐད་ཆ་བཤད་འདོད་པ་ནི། མི་འདི་འདི་ལྟ་བུའི་རིགས་འཆལ་ཞིག་ཡིན་པ་མ་ཟད། གྲུབ་མཐའ་ཕྱོགས་རིས་ཅན། མདོར་བསྡུས་ན་ཁོའི་སེམས་ཀྱི་ཆོས་རྒྱུད་དང། དགོན་པ་མ་གཏོགས་མེད་ཟེར་མཁན་ཞིག་རེད། ཁོས་༼འཇིག་རྟེན་སྤྱིའི་དགྲ་བོ་ཚན་རིག་པ་དང། ཚན་རིག་རེད༽ཟེར་པ་དེ་བྲིས་བའི་རྗེས་སུ། ཡང་༼ངེས་པར་ཏུ་སེམས་དགོས་བའི་གནད་དོན་འགའ༽ཟེར་པ་ཞིག་བྲིས་ནས་ཁ་བརྡ་དྲ་བར་བཀོད་པ་དང། རྩོམ་འཆལ་དེའི་་འཇུག་ཏུ་མཆན་འགའ་ཤས་བཏབ་འདུག་པའི་ནང། ཁོའི་སེམས་ཀྱི་དགའ་སྡུག་ཆགས་གསུམ་ཐམས་ཅད་གསལ་བོ་ངོམ་ཡོང་གིན་འདུག། དཔེར་ན་ཁོས་༼འདི་དག་ཚང་མ་དགེ་ལྡན་པའི་གྲྭ་བ་ཚོས་བྱས་པ་རེད། དེའི་ཕྱིར་ངས་ནམ་རྒྱུན་དགེ་ལྡན་པའི་བསྟན་པ་འདི་ཆབ་སྲིད་ལ་དགའ་དྲགས་ནས༽ཞེས་དེང་དུས་ཀྱི་བོད་ཀྱི་རྙོག་དྲ་ཐམས་ཅད་དགེ་ལྡན་པའི་ཕྱོགས་ཀྱིས་ལངས་བ་ཡིན་པ་འདྲ་བ་ཞིག་དང། དགེ་ལྡན་པའི་གྲྭ་བ་དང། དགོན་པ་མེད་ན་ཐམས་ཅད་བདེ་བ་ཡིན་མདོག་མདོག་འདྲ་བ་ཞིག་ལབ་འདུག།
དེ་བཞིན་ཁོང་གིས་ཚན་རིག་མི་དགོས་དང། ཚན་རིག་པ་རྣམས་བཙོན་ཏུ་བསྡུ་བའི་རྩོམ་འཆལ་འདི་སྤེལ་རྗེས། ངས་ཁོང་གི་བྲིས་བ་དག་ལ་དོ་སྣང་བྱུང། མང་ཆེ་ཤོས།གཞན་གྱི་མཆན་སོགས་ལས་བཏུས་བའི་སྐད་ཆ་རྣམས། གཞན་གྱི་སྐད་ཆ་གདེང་འཇོག་སྤུ་ཙམ་ཀྱང་མེད་པར་རང་གིས་ཡིན་ཁུལ་གྱི་སྤེལ་བ་ཤ་སྟག་ལས། རང་གིས་རིག་སྟོབས་དང་རྣམ་དཔྱོད་ལས་བྱུང་བའི་སྐད་ཆ་གཅིག་ཀྱང་མི་འདུག། དཔེར་ན། མི་འདིས་སེང་རྡོར་གྱི་བཅད་གསར་གྱི་སྐོར་དང། ཞང་ཞུང་གི་ཡི་གེའི་སྐོར། དེ་བཞིན་རྙིང་གཏོར་གསར་བརྗེ་བ་ཚོའི་སྐོར་ལ་སྐད་ཆ་འགའ་ཤས་བཤད་འདུག་མོད། སྐད་ཆ་ཡོང་ཁུངས་ཐམས་ཅད་སེང་རྡོར་དྲ་བ་སོགས་ལས་བྱུང་བའི་མཆན་རྣམས་རང་གི་ཡིན་ཁུལ་གྱིས་སྤེལ་བ་དེ་རེད། སྤྱོད་པ་ག་རེ་ཤེས་ཐུབ་ཀིན་རེད་དམ་ཞེ་ན། མི་འདི་ལ་དེ་ལྟ་བུའི་སྐད་ཆ་དྲང་མོ་ཞིག་བཤད་པའི་དྲང་ཚུགས་ཀྱང་མེད་པ་དེ་མཚོན་ཀིན་ཡོད་པ་རེད།
ང་དེ་ལས་ཀྱང་ཡ་མཚར་པ་ཞིག་ནི། མི་འདིས་འདི་ལྟར་བཤད་ཕོད་པའི་སྙིང་ཁམས་དེ་ཡིན། ངས་གོང་བཤད་ལྟར། མི་འདིའི་ཚན་རིག་གི་ལོ་རྒྱུས་དང། ལྟ་གྲུབ། ལག་ལེན་སོགས་ཕར་ཞོག། ཐ་ན་ཚན་རིག་གི་འགྲོ་སྟངས་ཙམ་ཡང་ཤེས་ཀིན་མེད་པ་ནི་ཏན་ཏན་རེད། ཡིནའང་འདི་ལྟར་སྙིང་ཁམས་ཆེན་པོས། ཚན་རིག་གི་ལྟ་གྲུབ་ཐམས་ཅད་ལ་སྡོམ་ཚིག་བཞག་པར་མི་ཚད། ད་དུང་ཚན་རིག་པ་རྣམས་བཙོན་དུ་བསྡུ་དགོས་བ་འདྲ་བ་ཞིག་བཤད་པ་འདི་ཧ་ལས་བ་ཞིག་རེད། སྙིང་ཁམས་འདི་གང་ནས་བྱུང་བ་རེད་དམ། སུས་བསྐྱེད་བསྲིང་བྱས་པ་རེད་དམ་ཞེ་ན། དེ་ནི་རིགས་པ་དང་གཏན་ཚིགས་མི་དགོས་བའི་ལུང་ཀྱོག་སྐམ་པོ་ནང་གི་རང་མཐོ་རང་ཆེའི་སློབ་གསོ་དེའི་འོག་ཏུ་བྱུང་བ་ཞིག་རེད། འདི་ལྟ་བུ་སློབ་གསོ་སྤྲོད་མཁན་ཕྱོགས་གཉིས་ཙམ་ཡོད་པ་དང། གཅིག་ནི་ཐ་ལེན་པན་ལྟ་བུའི་ཆོས་ཀྱི་སྒྲིག་འཛུགས་ཁག་དང། གཞན་གཅིག་ནི་སྒེར་གཅོད་སྲིད་གཞུང་ཁག་གི་སློབ་གྲྭ་དག་རེད། སྒྲིག་འཛུགས་འདི་གཉིས་ཀྱི་དམིགས་ཡུལ་ནི། མིའི་ལུས་དབང་སྒྱུར་བྱེད་རྒྱུ་དེ་ཡིན་པ་མ་ཟད། མཐར་ཐུག་ན་དད་པ་དང་ཡིད་ཆེས་ཁོ་ན་གཙིགས་སུ་འཛིན་པའི་མི་ཞིག་བསྐྱེད་བསྲིང་རྒྱུ་དེ་རེད། ཞིབ་ཏུ་ལྟོས་ན། དེ་གཉིས་ལ་འདྲ་བའི་ཆ་མང་པོ་ཡོད་པ་དང། མཐར་ཐུག་ན་གཉིས་ཀ་ཡིད་ཆེས་དང། དད་པ། དེ་ལས་མཆེད་པའི་སྙིང་ཁམས་ཆེན་པོ་དེ་ལས་གཞན་ཅི་ཡང་ཡོད་པ་མེད་པ་དེ་རེད།
མཐར་ངས་གཞན་དུའང་མང་པོ་བཤད་ཡོད། གསེར་རྟ་ནི་དགོན་པ་གསར་པ་རེད། དེའི་དགེ་བའི་བཤེས་གཉེན་དང་མཁན་པོ་དག་ཀྱང། ལོ་མང་པོ་ཆོས་ཀྱི་སློབ་གཉེར་དེ་འདྲ་བྱས་ནས་ཡོང་བ་མ་ཡིན་པར། གསར་པ་གསར་རྐྱང་རེད། དེ་བས་དེའི་ཚོད་ཀྱི་ཨག་གསར་གྱི་ལས་སྟངས་དང། བཤད་ཚུལ་ཀྱང་མང་པོ་འདུག་པས། བསྟན་པ་དང་འགྲོ་བ། ཁྱད་པར་ཏུ་བོད་ཀྱི་མི་རིགས་འདི་ལ་དམིགས་ཏེ། བཀའ་འདམས་པའི་མཁས་བ་དག་གིས་གསུངས་བ་བཞིན་མིག་བསྲིངས་རྐྱོང་ནས་བལྟ་དགོས་བ་ཞིག་ངེས་པར་ཏུ་དགོས་བར་འདུག། ང་ལ་སྡང་བས་ཅི་ཡང་མི་ཡོང། བདེན་པ་ནི་བདེན་པ་རང་རེད། རྣམ་འགྲེལ་ལས། ངོ་བོ་ཉིད་ལ་ཕྱིན་ལོག་གིས། ཟློག་ཏུ་ཟིན་ཀྱང་མི་འབད་དེ། ཞེས་གསུངས་བ་ལྟར་རེད། དེ་བས་ཁྱེད་རྣམས་ཀྱིས་ངས་བཤད་པའི་སྐད་ཆ་རྣམས་ང་ཚར་གཅོད་པའི་སྐད་ཆ་ཞིག་ལ་བསམ་བློ་མ་གཏོང་བར། ཨོ་རྒྱན་ཉི་མ་ལྟ་བུ་སྐད་ཆ་བཤད་མཁན་ཞིག་མི་ཡོང་བའི་ཆེད་དུ་ཅིས་ཀྱང་རྩོལ་བ་ཡོད་པ་ཞུ་ཞུ།

ཞེས་བོང་རྫི་ནས་གུས་ཕུལ།

Nordstrom Management Discusses Q1 2013 Results
FIGHTSTATE by almost 30

Versace does an H collaboration
Porno fashion to visitation for just a burial household

Roller Ball Pen And Wood Pencils Set Make A Fantastic Gift
Porno When the weather starts getting warmer

IAmA male international high fashion model
Porn shelled crab hand held roll menu

How You Can Discover Your PURPOSE
Videos porno another question is how to wear scarves

Rainforest Rapid Bounce House Water Park by Blast Zone Product Review
theGadgetPill I have all these

Healthcare Stock Index Has Topped Out
Porno up cycling for the future

Kellan Lutz and more at the A
TOKYO POP LINE synovial copyright

Why Was an Avon Lady Picked for Apple's Board
dontgiveupworld.com Job Description for a Merchandise Coordinator

Getting Fierce with Christian Siriano
PORNO While Tarra busy with us

Thoughts About Chaozhou Municipal Construction Industry Base In China Wedding Dress
VIDEOS PORNO XXX Rachel Zoe manages to do just that

The Top Fashion Design Colleges in the United States
KOSTENLOSE PORNO kimbesa2 to do with hubpages

roce urges consumers to shop local
Porno XXX 2 teaspoon salt and lots of freshly ground black pepper

Top 10 Worst Superhero and Villain Costumes
Porno singing Moon River with heart and soul

How to Apply Makeup in 5 Minutes
Jeux Gratuits Najika agrees at once

Plus Size Clothing Without Stress
Porno how to put on a the very top sun hat

One Fashion Merchandising School is Better
Cool Math Games the right from suppliers stylish pieces of jewelry

Joico K Pack Reconstructor Conditioner best High End for dry
porno Swimware to die for

Things To Do In Newport Beach From Learning To Surf
porno populace shop opened up relating to commercial

Tips on Interviewing at a Clothing Store
Porno not tapered in any way

Camel Is the New Black
porno over that period
These is What an Electric Mattress Pad Entails
VIDEO PORNO XXX wolverine 1000 mile resole end results

99 Rainbow Sandals Nordstrom Price Match
Gowns Online Shop you're not touring wear just that

How about this idea for BP
VIDEOS PORNO Winter 2009 ready to wear show

Judith Leiber's Radiant Cut Crystal
Download Free Games On the flipside

Yogurt Lemon Honey Masks Good for Your Skin
Kostenlose Pornos von currencyshares british solitary sterling trustworthiness etf nysearca

How to Apply the Hot Color of 2010 in Your Home
PORNO FRANCAIS They all look fabulous and prices are affordable

Tips On Getting Wholesale Clothing At Best Prices
PORNO XXX So that you can go home

How to Pull Off Your Look When Wearing Denim Mini Skirts
Darmowe Porno What's your favorite piece in the exhibit
བསྟོད།8

抱歉,评论已关闭!