སྐུ་ཞབས་ཞོགས་དུང་དང་བསམ་བློའི་འོས་ལངས།

དུར་ཁྲོད།

སྐུ་ཞབས་ཞོགས་དུང་དང་བསམ་བློའི་འོས་ལངས།

དཔྱོད་ཤེས་ཀྱི་མངའ་ཐང་རྒྱས་བའི་སྐུ་ཞབས་ཞོགས་དུང་ནི་བོད་སྤྱི་ཚོགས་ནང་གི་བསམ་བློ་རྒྱང་འབོད་བྱེད་མཁན་ཞིག་ཡིན་ལ་དོགས་སློང་གིས་དགག་སྒྲུབ་བྱེད་མཁན་ཞིག་ཀྱང་ཡིན་པས། ང་ཚོས་ངེས་པར་ཏུ་གླེང་དགོས་ལ་གླེང་རིན་ཀྱང་ཡོད་པ་ཞིག་རེད། ཁོང་གླེང་དགོས་པའི་རྒྱུ་མཚན་ནི་འདས་བའི་ལོ་རྒྱུས་ཀྱི་ཆག་གྲུམ་བར་ན་འུ་ཚོས་དྲང་བཞག་གིས་བལྟས་ན་ཞོགས་དུང་ལྟ་བུའི་བོད་སྤྱི་ཚོགས་ཀྱི་གདོང་ལྤགས་བཀོག་མཁན་ཞིག་དང་ཚ་འདྲི་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། མ་གླེང་ཚད་མེད་ཀྱི་ཁོང་གི་བསམ་བློ་དང་དཔྱོད་ཤེས། སྙིང་སྟོབས། སྒེར་ཚིགས་དང་མི་གཞི། རིགས་ཞེན་གྱི་འོད་མདངས་སོགས་རེད་འདུག རྒྱུ་མཚན་ནི་འུ་ཚང་གི་ལོ་རྒྱུས་ཁྲོད་ན་ཞོགས་དུང་ལྟ་བུའི་བག་ཆགས་རྙིང་རུལ་རྨང་ནས་སྤྲུག་མཁན་ཞིག་དང་རྨོངས་བ་གཏིང་ནས་གསེད་མཁན{ལྟོས་བཅས་ཀྱིས}ཞིག་བསམ་བློའི་གཡོ་འགུལ་བྱེད་པར་ནུས་བའི་རྣོ་ངར་ཅན་གྱི་དགག་བཞག་མཁན་གཅིག་གཉིས་ལས་མེད་པ་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་ན་ཧ་ཅང་གསལ་བོ་རེད། འདས་བའི་ཡར་སྔོན་ལ་དགེ་ཆོས་དང་རང་གྲོལ་རྣམ་གཉིས་སླེབས་ཏེ་ཅུང་ཙམ་བོད་པའི་སྤྱི་ཚོགས་སྟེང་གླེང་སློང་གི་འདུ་ཤེས་ཏོག་ཙམ་མངོན་གྱུར་བྱུང་ནི་རེད། དེ་དང་ནང་བཞིན་སྒུལ་ཤུགས་ཀྱང་རབ་རིབ་ཅིག་ཐེབས་ཡོད། ཡིན་ནའང་། བོད་མི་རྣམས་ཀྱི་རྡོ་བ་ལས་མཁྲེགས་པའི་རྙིང་ཞེན་དང་རྨོངས་རྟུལ་གྱི་རྩ་བ་སློག་ཐུབ་མེད་པ་འདྲ། དགེ་ཆོས་དང་རང་གྲོལ་རྣམ་གཉིས་ཀྱིས{དཔེར་ན}རྒས་ཤིང་འཁོག་པའི་སྡོང་རྒན་ཞིག་ཡོད་པ་དེ། གཡོན་ཕྱོགས་སུ་རྒུད་དྲག་པས་མིའི་སྣང་ངོར་མི་མཛེས་བ་དང་མི་ལེགས་པས་རྩ་བ་རུལ་དེ་དྲང་བོར་འགྱིངས་བའི་ནུས་སྟོབས་ཟད་དེ་ཁོང་རྣམ་གཉིས་ཀྱིས་དྲང་བོར་བརྩེངས་བ་ལས་གལ་ཏེ་ཡང་བསྐྱར་གཡོན་ཕྱོགས་སུ་རྒུད་པའམ་འགྱེལ་ན་གཏད་སོ་དང་འཁེན་སའི་གཞིའམ་འཐམ་སའི་ཡུལ་གཅིག་ཀྱང་མེད་པས་རྒུད་པའི་ཉེན་ཁ་ཧ་ཅང་ཆེ་བ་ཞིག་རེད།དེ་ལས་ཟློག་ཏེ་ཞོགས་དུང་གིས་རྨོངས་བའི་རྩ་བ་བར་མེད་དུ་རྔོག་བཞིན་གཡས་ཕྱོགས་སུ་དཔྱོད་ཤེས་དང་དགག་བཞག་གིས་ཤུགས་ཀྱིས་འཐེན་ཏེ། རྨོངས་བའི་རྩ་བ་རྩ་བར་སྤྲུག་ནས་རྒས་ཤིང་འཁོག་པའི་སྡོང་རྒན་དེ་གཡས་ཕྱོགས་སུ་རྒུད་དྲག་པས་ད་ལྟ་གཡས་ཕྱོགས་གཡོན་ཕྱོགས་གང་ལའང་རྒུད་མེད་པར་དྲང་བོར་འགྲེང་འདུག དེ་ནི་ཞོགས་དུང་གི་སྙིང་སྟོབས་ཀྱིས་སྐད་རྒྱངས་བྱས་པའི་དགེ་མཚན་དང་མི་རབས་གསར་བ་ལ་རྩས་སྤྲོད་བྱས་པའི་བསམ་གཞིགས་ཀྱི་ས་བོན་ཞིག་མ་ཡིན་ནམ།མི་རབས་གསར་བས་ཀྱང་དང་དུ་བླངས་ནས་ད་ཆ་བསམ་བློའི་ཚ་རླབས་འཕྱུར་བཞིན་པའི་སྒང་རེད།འདི་ནི་ཞོགས་དུང་གི་དཔྱོད་ཤེས་ཀྱིས་ཐུ་བྷོད་བཙན་རྒྱལ་ལ་དུས་རབས་དང་མཐུན་པའི་བསམ་བློ་དང་འཚོ་གནས་དགོས་པའི་གནས་ལུགས་ཤིག་དང་གསང་གཏམ་ཞིག་གི་ཚུལ་དུ་སྤྲང་བ་མ་ཡིན་ནམ།གང་ལྟར་ད་ལྟ་དགའ་འོས་པ་ཞིག་ལ་བསམ་བློ་ཟེར་བ་དང་ལྟ་ཚུལ་ཟེར་བ་ཅུང་ཙམ་གླེང་སའི་ཁོར་ཡུག་མཆིས་བ་མ་ཟད་གཞོན་སྐྱེས་ཚོའང་འཚོ་གནས་དངོས་ལ་དུངས་ཞེན་ཞིག་ཆགས་ཡོད་པ་འདྲ།ཡང་སྙིང་བསམ་བློའི་ཚ་རླབས་དང་སྙིང་སྟོབས་ཇི་ཙམ་ལྡན་ན་དེ་ཙམ་གྱིས་རིགས་ཞེན་དང་འཚོ་བའི་འདུ་ཤེས་ཇེ་གསལ་དུ་འགྲོ་བའི་རྨང་རྡོ་བཙག་པ་རེད་ཟེར་ན་འགྲིག

ཞོགས་དུང་ལས་ཚ་རླབས་འཕྱུར་བ།

བོད་སྤྱི་ཚོགས་ནང་ནས་ཞོགས་དུང་གིས་བསམ་བློའི་འོས་ལངས་བྱས་ནས་མག་མོག་གི་བོད་སྤྱི་ཚོགས་ལ་དཀར་འདོན་འགའ་བྱས་པས། ད་ལྟ་སྤྱི་ཚོགས་ནང་འགྲིག་མིན་ཅི་རིགས་ཀྱི་བསམ་ཚུལ་གླེང་བཞིན་པ་འདི་ཡང་མི་རིགས་ཤིག་ལ་མཚོན་ན་སྲ་བརྟན་འགྱུར་མེད་ཀྱི་བསམ་བློའམ་འཚོ་གནས་ཀྱི་ས་བོན་རྨང་དུ་བཏང་བ་ཞིག་རེད་འདོད།རྒྱུ་མཚན་“བགྲོ་གླེང་མེད་ན་ལེགས་བཅོས་མེད། ལེགས་བཅོས་མེད་ན་གོང་འཕེལ་མེད། རྩོད་པ་མེད་ན་འགྲན་སློང་མེད།འགྲན་སློང་མེད་ན་མདུན་སྐྱོད་མེད”ཟེར་བ་ལྟར་བདེན་པའི་གནས་ལུགས་ཤིག་གིས་འུ་ཚོ་ལ་ཚ་འདྲི་བྱས་པ་མིན་འགྲོ་སྙམ། ལྷག་པར་ཡང་གཅིག་བཤད་ན་འཇིག་རྟེན་འཁོར་གཙོ་བ་རྣམས་ལ་མ་འོངས་འཚོ་གནས་ཀྱི་རིན་ཐང་མངོན་གྱུར་བྱེད་པའི་བསམ་སྤྱོར་གཉིས་ལྡན་ལ་རམ་འདེགས་རོལ་མོ་ཞིག་གིས་སྐྱེལ་མ་བྱས་པ་མིན་འགྲོ་འདོད།འདི་ལྟར་ཞོགས་དུང་གིས་བསམ་བློའི་འབོད་བརྡ་སྔ་གཞུག་ཏུ་ཐེངས་བཞི་ལ་{དཔྱོད་ཤེས་རྒྱང་འབོད་}དང་{དོགས་སློང་སྙིང་སྟོབས}དང་{རིགས་ཤེས་ཀུན་གྲོལ}དང་{གནམ་ས་གོ་འབྱེད་}སོགས་རང་རིགས་ལ་ཕན་པའི་སེམས་འདུན་བཅང་སྟེ་བོད་སྤྱི་ཚོགས་ཀྱི་འཕྱ་དམོད་དང་ཟུར་ཟ། དམོད་ཚིགས་དང་འཁང་ར་སོགས་རྒྱབ་ཏུ་གཡུག་ནས་བག་འཁུམ་དང་ལེ་ལོ། རྙིང་ཞེན་དང་རྨོངས་དད་སོགས་ཀྱི་བཙན་རྫོང་ལ་རྒྱ་སྟག་ངར་མ་བཞིན་ངམ་ངམ་རྫིག་རྫིག་ངང་མཆོང་བ་འདི་ཅི་འདྲའི་བློས་དཔོག་དཀའ་བ་ཞིག་མ་རེད་དམ། ཁོང་གི་ལྗག་རྩོམ་འདི་དག་གིས་བོད་སྤྱི་ཚོགས་ཐོག་བསམ་ཡུལ་ལས་འདས་པའི་གྲགས་འགུལ་མི་ཆུང་བ་ཞིག་བཟོས་སོང་། དེ་ནི་བསམ་བློ་བ་ཞོགས་དུང་གིས་སློང་བའི་དཔྱོད་ཤེས་ཀྱི་རྒྱང་འབོད་རེད་ལ་བསམ་བློའི་སྙིང་སྟོབས་ཤིག་ཀྱང་ཅི་ལ་མིན།འདི་ནི་ཧ་ཅང་ཤིན་ཏུ་གྲགས་དགོས་པ་ཞིག་དང་འགུལ་དགོས་པའི་རླབས་ཆེན་འོས་ལངས་ཤིག་རེད་འདོད་གི ལྷག་པར་དུ་དགོན་སྡེ་ཁག་ལ་གཡོ་འགུལ་རབ་དང་རིམ་པ་བཟོས་སོང་ཞེས་བླ་རྒན་ཚོས་ཁྲོད་ན་ཨག་སྐད་རྒྱག་མཁན་མི་ཉུང་བ་ཞིག་ཡོད་གི དེ་དག་གི་ཁྲོད་ན་མྱི་གཞི་ལ་དམའ་འབེབ་བྱེད་མཁན་དང་གནས་ལུགས་ལ་རྡོག་བརྫིས་གཏོང་མཁན་ཀྱང་ཡོད་གི་མོད་རེ་རེ་བཞིན་འདྲེན་མི་དགོས་པར་བྱོས།

ཞོགས་དུང་གིས་ཤེས་རྨོངས་ལ་རྒོལ་བ།

བོད་སྤྱི་ཚོགས་བག་ལ་ཞལ་ཞིང་རྙིང་ཞེན་གྱི་ལྟ་བ་བཙན་གྱིས་བཟུང་། ལེ་ལོས་སེམས་ཁམས་རྒྱུད་འཇམས་སུ་གནས་པའི་བར་སྐབས་ཤིག་ལ་སྐུ་ཞབས་ཞོགས་དུང་གིས་ཞོགས་པའི་དུང་ཆེན་འབུལ་གྱིན་དཔྱོད་ཤེས་ཀྱི་སྐྱ་རེངས་ལྷ་མོ་བག་མར་བསུ་བཞིན་དགག་སྒྲུབ་ཀྱི་སྙིང་སྟོབས་ཉི་མའི་འོད་ཟེར་དང་ལྷན་དུ་སྨག་རུམ་དུ་གྱུར་བའི་བོད་སྤྱི་ཚོགས་ཐོག་ཐོལ་བྱུང་ངང་བསླེབས་མ་ཐག་རང་ཚུགས་ཤོར་བའི་བོད་རྒན་དག་འུར་ཆ་ལེར་ཅི་བཤད་འདི་བཤད་མེད་པར་སྙིང་རྩ་འདར་མགོ་ཡས་ འཁོར་ཞེན་ཁ་ལོག་ལ་ལས་ཞོགས་དུང་བདུད་ཀྱི་རིགས་སུ་རློམ་ལ། ལ་ལས་ལྟ་ལོག་ཞོགས་དུང་ཟེར་བཞིན་འུར་གྱིས་བསྒྲགས། དེ་ལས་ཀྱང་ཡ་ང་ཞིང་ཡིད་སྐྱོ་དགོས་པ་ཞིག་ལ་བོད་ཁམས་སྤྲུག་པའི་དགྲ་ཕྱོགས་འཕོང་འདྲེ་ཟེར་ནས་ཟུར་ཟ་དང་དམོདཚིག་དྲག་ཆར་བཞིན་བར་མེད་དུ་བརྡོལ། གང་ལྟར་ཞོགས་དུང་ཁོང་གིས་སྤྱི་ཚོགས་ཀྱི་འཆལ་གཏམ་དེ་དག་ལ་དཔྱོད་ཤེས་ཀྱིས་རྒོལ་བ་རྒྱབ་ཏེ་གནས་ལུགས་ཤིག་གིས་ར་སྤྲོད་བྱས་ཡོད། འོན་ཀྱང་འུ་ཚོའི་སྤྱི་ཚོགས་ནི་ལྷ་མཆོད་འདྲེ་འདུལ་ལ་མོས་བ་ལས་མི་བུ་གོང་བཀུར་ལ་མི་མོས་གི འུ་ཚོའི་སྤྱི་ཚོགས་ནི་ལྷ་མཐོང་འདྲེ་མཐོང་བྱེད་པའི་ལྐོག་གྱུར་ལ་མོས་བ་ལས་འཚོ་བ་དངོས་ལ་མི་མོས་གི འུ་ཚོའི་མི་རིགས་ནི་གླེན་ལྐུགས་རྨོངས་དད་ལ་མོས་བ་ལས་དཔྱོད་ཤེས་དོགས་སློང་ལ་མི་མོས་གི སྤྱིར་འུ་ཚོ་ལ་ཁག་ཡོད་རྒྱུ་མ་རེད་མོད་འུ་ཚོའི་སེམས་ཁམས་ནི་རྙིང་ཞེན་དང་བག་འཁུམ་ལས་བསྒྲིབས་ཏེ་ལྷ་ཆོས་རིག་གནས་ཞིག་གིས་བཙོས་དྲག་པས། གསར་བྱུང་གི་ལྟ་བ་དང་དཔྱོད་ཤེས་ཀྱི་བློ་མིག་ཡང་ན་དགག་སྒྲུབ་སྙིང་སྟོབས་སོགས་ཀླད་རྙིང་མཁྲེགས་འཛིན་བྱེད་པར་གོམ་པའི་ཀླད་རྙིང་བའི་ཚོགས་སྤྱིའི་ནང་འཁྱེར་ཡོང་དུས་ལྷ་མཆོད་འདྲེ་འདུལ་བྱེད་པའི་རིག་གནས་འདི་ཡི་འཚོ་གནས་སམ་ཡང་ན་ཁ་ཕོར་གཅོག་བྱེད་ཀྱི་རྡོ་བ་རུ་འདོད་དེ ་ཞོགས་དུང་གི་བསམ་བློའམ་དཔྱོད་ཤེས་སོགས་རྒྱང་ཕུད་དུ་གཏོང་དགོས་པའི་གྲོས་མོལ་གང་ལ་གང་མཚམས་ཤིག་བྱས་ཟིན། ཡིན་ཡང་ལྷ་ཆོས་རིག་གནས་ཚང་ལ་མཚོན་ན་ཡིད་སྐྱོ་དགོས་པ་ཞིག་ལ་ལོག་པའི་ལྟ་གྲུབ་འདིའི་ངོ་བོའམ་བྱེད་ལུགས་ནི་དབྱར་མཚོ་ལྟར་ཇེ་ལེགས་ཇེ་རྒྱས་སུ་འགྲོ་མས་རེད། གང་ལྟར་འདས་པའི་ཡར་སྔོན་ཞིག་ལ་དཔྱོད་ཤེས་དང་དགག་བཞག་བློ་རིག་གི་མྱུ་གུ་སྐྱེ་འཕེལ་གྱི་གཤིན་ས་ཡོངས་སུ་བསྐམས་རུལ་དུ་གྱུར་ཀྱང་དུས་ཀྱི་ཕོ་འགྱུར་ཞིག་གིས་སླར་ཡང་བསམ་བློའི་མཁའ་དབུགས་ཤིག་དང་དཔྱོད་ཤེས་ཀྱི་རྭ་བ་ཞིག དགག་བཞག་གི་ས་བོན་ཞིག་ཞོགས་དུང་གིས་བསྐྲུན་ཏེ་དོགས་སློང་གི་ཚེ་སྲོག་ལ་སྔར་བཞིན་གསོན་ཤུགས་རྒྱས་སུ་བཅུག འདི་ནི་བོད་སྤྱི་ཚོགས་ལ་བསྐྲུན་པའི་ཞོགས་དུང་གི་བསམ་བློའི་སྣང་བརྙན་ཞིག་དང་བོད་མིས་ཁོང་ལ་བཟུང་བའི་ལྟ་ལོག་གི་འདུ་ཤེས་ཕྲ་ཕོང་ལན་གཅིག་རེད། ཁོང་གིས་བཤད་པ་ལྟར་“གནས་ལུགས་ཇི་ལྟར་ཤུགས་ཆེ་ན། དུངས་ཞེན་ལ་ནི་དེ་ལྟར་གནོད”ཞེས་པའི་བདེན་ལུགས་འདི་འུ་ཚང་གི་སྤྱི་ཚོགས་ལ་བསམ་གཟས་ནས་བཤད་པ་མ་ཡིན་ནམ། རེད་དེ། འུ་ཚོས་དཔྱོད་ཤེས་ཀྱི་བསམ་བློ་སྔོན་དུ་སོང་ནས་མཛུབ་མོ་རང་ལ་བཙུག་ཏེ་ཞིབ་འདང་ཞིག་རྒྱབ་ན་འུ་ཚོའི་སྤྱི་ཚོགས་ནི་གནས་ལུགས་ཀྱི་ཀ་བ་རྡོག་པས་བརྫིས་ཤིང་དངོས་ཡོད་ཀྱི་འཚོ་བ་ལག་པས་བསུབས་ཏེ་དུངས་ཞེན་གྱི་ཨམ་ཕྲག་བཙན་གྱིས་ཁུར་ཞིང་བག་ཆགས་ཀྱི་ངོ་སོ་མ་ལོན་པར་གཡམ་རྒྱུག་བྱེད་མཁན་ཏག་ཏག་རེད་འདོད་གི ཁ་ན་མཆིས་བ་འདྲ་མཉམ་དང་དམངས་གཙོ། དྲང་བདེན་དང་གནས་ལུགས། རྒྱུ་འབྲས་དང་གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ་{གཞན་གྱིས་རང་ལ་རྡུང་རྡེག་བྱེད་པ་དང་ཚིག་ངན་སྨྲ་བ་སོགས་ཀྱི་ལན་དུ་ཞེ་སྡང་མི་བྱ་བར་བྱམས་སྙིང་རྗེ་བསྐྱེད་ནས་དེར་ཕན་འདོགས་པ།སྨོན་ལམ་ཚིག་མཛོད་དུ་འདི་ལྟར་འགྲེལ་འདུག}སོགས་སྙན་སྙན་རྫིག་རྫིག་བརྗོད་མཁན་གྱི་མི་ཆེ་གེ་མོ། དྲང་ཕྱོགས་ནས་བུད་དེ་ལྡོག་ཕྱོགས་ནས་ལངས་བའི་ཀླེན་རྒན་ལྐོག་གྱུར་བདེན་པ་རུ་རློམ་པའི་སྐྱ་མིན་སེར་མིན་འདི་དག ཡང་གཅིག་བཤད་ན་སྐུ་ཞབས་ཞོགས་དུང་གིས་ནང་བསྟན་ཆོས་ལུགས་ཀྱི་ངོ་བོ་འདི་འདྲ་ཞིག་མ་ཡིན་པར་དམ་པའི་ཆོས་ནི་ཐོག་མཐའ་བར་གསུམ་དུ་དགེ་བའི་ངོ་བོ་ཞིག་ཡིན་པ་ལས་སེམས་ཅན་ལ་འཚེ་བ་བྱེད་པ་ནང་བསྟན་ཆོས་ལུགས{མོ་ལུང་རྩེས་གསུམ་ཀྱང་འདུས}མ་ཡིན་པའི་དགག་བཞག་བྱས་པ་མིན་འགྲོ་སྙམ་གི ཁོང་གིས་བཤད་པ་ལྟར“མི་ལོ་སྟོང་ཕྲག་གི་རིང་ལ། བོད་མིའི་ལོ་རྒྱུས་བཟང་ངན་གང་ཡང་ཆོས་ལུགས་དང་། བླ་མ་དང་སྤྲུལ་སྐུས་མ་བཟོས་པ་མེད་ཅིང་།འདི་ལྟར་རང་དབང་བྲལ་བའི་ངང་ལ་ཚེ་སྲོག་གྲངས་མེད་ཤོར་ཏེ་དཀའ་ལས་ཚད་མེད་མྱོང་དགོས་བྱུང་བའང་རིགས་གནས་དེ་དང་སྐྱེས་བུ་དེ་དག་གིས་བཟོས་པ་རེད།བོད་མིའི་ལོ་རྒྱུས་ཀྱི་རྣམ་སྨིན་གྱི་འབྲས་བུ་ཁོང་ཚོས་མྱོང་དགོས་ལ་བོད་མིའི་ལོ་རྒྱུས་ཀྱི་འགན་འཁྲིའང་ཁོང་ཚོས་འཁུར་དགོས། དེའི་ཕྱིར། ཁོ་བོས་དེ་དག་ལ་འཕག་འཚག་དང་། དོང་སྤྲུག དོགས་སློང་། དགག་སྒྲུབ སུན་འབྱིན་བྱེད་པའང་རྒྱུ་མཚན་དེ་ལ་ཐུག་ཡོད་ཅིང་། འབྲས་བུ་མཐོང་བས་རྒྱུ་ལ་དམིགས་པ་ཡིན།”ཟེར་ཡོད་ག ཡང་གཅིག་བཤད་ན་སྟོན་པ་ཤྰཀྱ་ ཐུབ་པས“དམ་པའི་ཆོས་ནི་ཐོག་མར་དགེ་བ།བར་དུ་དགེ་བ། ཐ་མར་དགེ་བའོ”ཟེར་ཞིང་ཡང་འཕགས་པ་ལྷས“ཆོས་ནི་མདོར་ན་མི་འཚེ་བར། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས”ཞེས་གསུངས་ཡོད་གི དེ་ན་སངས་རྒྱས་ཆོས་ལུགས་ལ་དད་པ་དང་དུངས་བ་ཟབ་པའི་བོད་མི་རིགས་ནང་བསྟན་ཆོས་ལ་དད་སྟངས་ནི་རྨོངས་དད་ཁོ་ན་ལས་ཆོས་ཀྱི་ངོ་བོ་རྩ་བ་ནས་ཤེས་ཀྱི་མི་འདུག་སྙམ་གི གང་ལགས་ཞེ་ན་སེམས་ལ་ང་རྒྱལ་དང་བླ་བཙག་ཁོན་འདྲེ་རེ་བཅང་ནས་ཁ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དགེ་བ་འདི་སྔོ་ཟེར་ཁུལ་བྱེད་གི འོ་ན་ཁྱེད་ཀྱིས་འཁོན་སའི་གཞི་དང་དམོད་སའི་ཡུལ་དེ་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་ཁོངས་སུ་མི་གཏོག་གམ། ཤ་ཟ་ཁྲག་འཐུང་བྱས་ན་དགེ་བའི་ལས་སུ་འགྲོའམ།{དམིགས་སུ་སེར་མོ་བ་དག་ལ།ཆབ་སྲིད་ཀྱི་ལས་ཞུགས་ཕུད།}སྤྱིར་འཇིག་རྟེན་པ་ཞིག་ཡིན་ན་ཁག་རྒྱུ་མ་རེད་འདོད་གི འོན་ཀྱང་ནང་བསྟན་ལུགས་ཀྱི་དོན་དུ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་ཁྱིམ་ནས་ཁྱིམ་དུ་སྤང་བའི་བླ་སྤྲུལ་དང་གྲྭ་བཙུན་མོ་བཙུན་འདི་དག་གིས་ཀྱང་ཆོས་ཀྱི་སྙིང་བོ་མི་ལེན་པར་འཇིག་རྟེན་འཁོར་བ་འདི་ལ་ལག་པས་རྙབ་བཞིན་སྙིང་རྗེ་སྐྱེ་ཁུལ་བྱེད་མཁན་ཧ་ཅང་མང་གི ཁོ་ཅག་གིས་མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་པར་ཁས་མཆིས་ནའང་སེམས་ཅན་གྱི་ཤ་ཁྲག་མཆོད་གི་མོད། དེ་ན་ཁོ་ཅག་ཀྱང་མ་ཤ་ཟ་མཁན་གྱི་སྲིན་པོའི་རིགས་སུ་བགྲང་ན་ཅི་ལ་མི་ཆོག་གམ། དེ་དག་གིས་ཤ་ཟ་ཁྲག་འཐུང་བྱེད་མཁན་དག་བདུད་དང་སྲིན་པོའི་རིགས་སུ་རློམ་ན་ཅིས་ཕྱིར་ཁོ་བ་དག་གིས་ཀྱང་ཤ་ཟ་ཁྲག་འཐུང་བྱས་ན་བདུད་དང་སྲིན་པོའི་རིགས་སུ་སྤྲང་ན་མི་ཆོག འོ་ན་ནང་བསྟན་ལ་དངོས་གནས་དད་མཁན་ཞིག་ཡིན་ན་བསམ་གཞིགས་བྱེད་དགོས་པའི་གནས་སུ་ལྷུང་འདུག་སྙམ།ཞོགས་དུང་གིས་ཀྱང་ཕྱི་རུལ་ནང་རུལ་དུ་གྱུར་བའི་བོད་སྤྱི་ཚོགས་འདིའི་སེམས་ཁམས་དང་བྱེད་ལུགས་དེ་དག་ལ་དཔྱོད་ཤེས་ཀྱིས་དགག་སྒྲུབ་ཚ་ཐག་ཆོད་རེ་བྱས་པའི་ཡང་སྙིང་དེ་འདྲ་ཞིག་ལེ་ཡིན་སྙམ་གི སྐབས་འདི་འདྲ་ཞིག་ལ་ཐོན་དུས་བདག་གི་ཡིད་ལ་རྒྱང་འཕེན་པའི་གྲུབ་མཐའི་འདོད་ཚུལ་འདི་འུ་ཚོས་ཏག་ཏག་སྒྲུབ་ཀྱིན་འདུག་བསམ་ན་དགོད་རྒྱུ་ཞིག་ངང་གིས་ཡོང་ཐལ།“མཐོང་མིན་རྗེས་འགྲོ་མེད་པས་ རྒྱུ་འབྲས་མེད།ལུས་སེམས་ཙམ་བདག་ཞིག་ལྔ་ཕྱི་མེད།སེམས་ལུས་ཐ་དད་ལ་བརྟེན་རྒྱུ་གཅིག་མེད།འབྱུང་ལས་སེམས་སྐྱེས་མྱང་འདས་དངོས་པོ་མེད།མངོན་སུམ་ཚད་མ་རྗེས་དཔག་ཚད་མིན་འཁྲུལ”ཞེས་པ་ལྟར་ལྐོག་དོན་དངོས་དོན་གཉིས་ཀྱི་ཆ་ནས་འདི་འདྲ་ཞིག་རེད་འདོད་གི ཁ་ནས་རྒྱུ་འབྲས་དྲང་སྙོམ་གྱི་རྣམ་གཞག་འཆད་ཁུལ་བྱེད་པ་དང་། བདག་མེད་སྨྲ་བའི་རྣམ་གཞག་གི་གཞུང་ལུགས་བཙན་གྱིས་ཁྲིད་བཞིན་ཤེས་འདོད་ཀྱི་མཚར་སྣང་ལྐོག་ཏུ་སྤེས་བའི་འུ་ཚོའི་རིགས་རུས་འདི་ཅི་འདྲའི་ཉམ་ཆུང་ཁོས་ཞན་ཞིག་རེད་ཨང་།འདི་དག་བསམ་ན་ངུ་མ་དགོད་ཀྱི་ཚོར་སྣང་ཞིག་གིས་རང་དུ་མི་སྤུབས་སམ།

དུངས་ཞེན་གྱིས་མྱོས་བའི་ཞོགས་དུང་།

ཀློག་པ་པོ་ལགས་དུངས་ཞེན་གྱིས་མྱོས་བའི་ཞོགས་དུང་ཟེར་དུས་ཁྱེད་ཅག་ལ་ཕལ་ཆེར་ཞོགས་དུང་ནི་གསར་བ་ལ་དགའ་ཞིང་རྙིང་བ་མཐའ་དག་རྩ་གཏོར་བྱེད་པའམ་གསར་བ་ཡོད་དོ་ཅོག་དང་དུ་ལེན་མཁན་གྱི་གསར་བ་དུངས་ཞེན་གྱིས་མྱོས་བའི་ཞོགས་དུང་ཞིག་ལ་གོ་སྲིད་མོད། དེ་འདྲ་མ་ཡིན་པར་དུངས་ཞེན་གྱིས་མྱོས་བའི་ཞོགས་དུང་ཟེར་དུས་རང་རིགས་ལ་དུངས་བ་ཟབ་ཅིང་རྒྱལ་ཁབ་དང་མི་རིགས་ཀྱི་འདུ་ཤེས་ཤ་གསང་རུས་གསང་ན་འཐིམ་པའི་དུངས་ཞེན་གྱི་ཞོགས་དུང་དང་ཆབ་སྲིད་དང་ཁྲིམས་ལུགས་ཅི་ལྟར་བཙན་ཀྱང་མི་རིགས་ཀྱི་བདེ་སྡུག་དང་ལས་དབང་གནམ་ས་བཞིན་གོ་བར་འབྱེད་དེ་སྐད་རྒྱང་བྱས་པས་དུངས་ཞེན་གྱིས་མྱོས་བའི་ཞོགས་དུང་ཟེར་བ་ཡིན། སྤྱིར་འུ་ཚང་ལ་ཁ་སྟོང་ནང་ནས་ཚིག་སྟོང་བཤད་མཁན་སྐྱ་སེར་གཉིས་ཆ་མི་ཉུང་བ་ཞིག་ཡོད་རུང་ལག་ལེན་གསེར་གྱི་ཐིགས་པ་རང་རེད་མོད། ད་དུང་ལ་ལ་ཞིག་གིས་ཞོགས་དུང་ལ་མི་རིགས་ཀྱི་འདུ་ཤེས་ཡོད་མེད་ལ་དོགས་སློང་བྱེད་བཞིན་འདུག སྤྱིར་ཡིན་ན་དོགས་སློང་གི་རྣམ་པ་ཡོད་ན་ཧ་ཅང་བཟང་གི་མོད། བདག་གིས་མཐོང་ཚུལ་ཡིན་ན་ཞོགས་དུང་མ་གཞི་ནས་རིགས་ཞེན་གྱིས་མྱོས་བའི་མི་རིགས་རིང་ལུགས་པ་ཞིག་རེད་འདོད་གི རྒྱུ་མཚན་ཁོང་གིས་བརྩམས་པའི་གནམ་ས་གོ་འབྱེད་ལྟ་བུའི་བདེན་དཔང་བྱས་ཡོད་ནི་རེད། གལ་སྲིད་ཁྱེད་ཀྱིས་དཔེ་དེབ་ཞིག་གི་མི་རིགས་ལ་དུངས་མིན་དང་རིགས་ཞེན་ཡོད་མེད་མི་ཤེས་ཟེར་ན། འོ་ན་སུ་ཞིག་གིས་རང་ཉིད་ཀྱི་ཚེ་སྲོག་རྩེད་ཆས་བྱེད་ནི་རེད། ཆབ་སྲིད་ཀྱི་གནས་བབས་འདི་འདྲ་ཞིག་ལ་རིགས་ཞེན་གླེང་ན་མཇུག་འབྲས་ཅི་འབྱུང་ཤེས་བཞིན་དུ་མི་རིགས་ཀྱི་བདེ་སྡུག་གླེང་མཁན་གྱི་ཞོགས་དུང་གིས་གླེན་རྟགས་བསྟན་པ་རེད་དམ། ཡང་ན་མཁས་རྟགས་བསྟན་པ་རེད། ཡང་ན་མཚན་དང་སྙན་གྲགས་ཀྱི་དོན་དུ་ཡིན་ནམ།མ་རེད་དེ། འདི་འདྲ་ཞིག་མིན་པ་དཔྱོད་ཤེས་པ་ཚོས་ཤེས་གསལ་རེད། ཞོགས་དུང་གིས་{ང་ཡང་ཁོ་ཚོ་ནང་བཞིན་ལྷ་ཆོས་རིག་གནས་ཀྱི་བག་ཆགས་ཟབ། ཁོང་ཚོའི་དུངས་ཞེན་དེ་ལྟ་བུ་ང་ལའང་ཡོད། ཚད་ངེས་ཅན་གྱི་ཐོག་ནས་བཤད་ན། ངས་འདི་ལྟར་བཤད་དགོས་དོན་ཡང་རང་རིགས་ལ་དུངས་ཞེན་ཆེ་དྲགས་པའི་རྐྱེན་ཡིན་}ཞེས་བ་འདི་ཡང་གླེན་རྟགས་སམ་སྨྱོ་རྟགས་ཤིག་རེད་དམ། སྙིང་སྟོབས་དང་རིགས་ཞེན་གྱིས་ཀུན་ནས་སློང་བའི་བསམ་སྤྱོར་གཉིས་ལྡན་གྱི་སྐུ་ཞབས་ཁོང་ནི་འུ་ཚོའི་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་སྤད་ཆོད་བྱས་པའི་རིགས་ཞེན་གྱིས་མྱོས་བའི་མི་བུ་རྣལ་མ་ཞིག་རེད་ཟེར་བ་ཡིན། ཞོགས་དུང་གིས་རང་ཉིད་ཀྱི་ཁེ་ཕན་དང་ངོ་སོ་གཡུག་ནས་བོད་མི་རིགས་འདི་གཉིད་ལས་དཀྲོག་ཐབས་ལ་འཕག་འཚག་གི་ང་རོ་དང་བག་ཆགས་དོང་སྤྲུག་འདི་གཉིས་སྤྱི་ཚོགས་ཀྱི་ནད་ཡམས་གཏོར་བྱེད་དུ་བྲིས་པ་རེད། དུས་དེ་ནས་བཟུང་འུ་ཚོའི་སྤྱི་ཚོགས་མཐོ་དམན་བར་གསུམ་དུ་བསམ་བློ་ཟེར་བ་དང་། མི་གཞི་ཟེར་བ། ཕན་ཚུན་གྱི་བསམ་བློའམ་ལྟ་ཚུལ་བརྗེ་རེས་བྱེད་པའི་དུས་འགོ་བརྩམས་པ་ཞིག་རེད་འདོད་གི སྐབས་དེར་འུ་ཚོའི་བོད་སྤྱི་ཚོགས་ནི་རང་ཉིད་ཀྱི་ཁ་ཕྱོགས་དང་འཚོ་གནས་བོར་བའི་མག་མོག་གི་སྤྱི་ཚོགས་ཤིག་དང་རྙིང་ཞེན་གྱིས་ཀུན་ནས་སྒྲུབ་པའི་གསོག་གསོབ་ཀྱི་མཁར་རྫོང་ཞིག བག་ཆགས་རྙིང་རུལ་དུ་གྱུར་བའི་གནས་སྐབས་ཤིག་ཅི་ལ་མིན། སྐུ་ཞབས་ཁོང་གིས་བཤད་པ་ལྟར་{རང་ཉིད་ནས་འགོ་རྩམ་དགོས་}ཟེར་བ་ལྟར་རང་ཉིད་ཀྱིས་དོགས་སློང་དང་དགག་སྒྲུབ་བྱས་མཐར་འུ་ཚོའི་དེང་དུས་ཀྱི་ཁོར་ཡུག་འདི་གནས་བ་རེད། མ་གཞི་ཁོང་གིས་དུས་རབས་དང་མཐུན་པའི་ས་བོན་བཏབ་པས་འུ་ཚོ་སྒེར་ཚིགས་དང་མི་གཞི། དོགས་སློང་དང་དགག་སྒྲུབ་སོགས་མཚོན་པའི་མིང་ཚིགས་འདི་དག་སྐྱེས་འཕེལ་བྱུང་ནི་རེད། འདི་དག་གི་ཁྲོད་ནས་ད་གཟོད་འུ་ཚོ་ལ་གསོན་ཤུགས་དང་མྱི་ཚུགས་འབྱུང་ཁུལ་བྱས་ནི་རེད། གང་ལྟར་ལྐོག་གྱུར་ལྷ་འདུལ་འདྲེ་འདུལ་བྱེད་པ་བོད་ཀྱི་བག་ཆགས་ཤིག་གམ་གཏོར་བཅའ་གཏོར་འཕེན་བྱེད་པ་འུ་ཚོའི་རིག་གནས་ཁྱད་འཕགས་ཤིག་ཡིན་པ་བདེན་ཀྱང་། དད་པ་ཡོད་མདོག་ཁ་བོ་དང་དུངས་ཞེན་ཆེ་མདོག་ཙམ་གྱིས་ཕན་པ་ཡོད་ནི་མ་རེད་དོ།

མ་གླེང་ཐབས་མེད་ཀྱི་མཇུག་གི་གཏམ།

རྫོགས་ལ་ཉེ་བའི་སྐབས་དེར་བདག་ལ་ད་དུང་ལྷག་སོང་བའི་ཚོར་སྣང་ཁྱད་མཚར་བ་ཞིག་སྐྱེས་ཐལ། དེ་ནི་ད་དུང་བདག་གིས་བརྗོད་མ་ཐུབ་པའི་སྐུ་ཞབས་ཁོང་གི་གནམ་ས་གོ་བར་ འབྱེད་པའི་སྙིང་སྟོབས་དང་རིགས་ཞེན། ཆོད་སེམས་དང་བློ་སྤོབས། དཔའ་མཛངས་དང་ རྟུལ་ཕོད་སོགས་ཀྱིས་ཁོང་ཉིད་དཀྲོལ་བཞིན་འུ་ཅག་དཀྲོག་པ་དེ་རེད། ཤ་ཞེན་དྭངས་མའི་ སྐུལ་ལྕག་འོག་ནས་རིགས་མཐུན་སྤུན་ཟླའི་ལ་རྒྱ་བརྩད་བཞིན་ལུས་ཀྱི་དྭངས་མ་སྒྲོག་གིས་བཙུར་བ་ལགས་སོང་ཀྱང་།ཞེན་པ་དཀར་པོའི་རྟ་ཕོ་ཤུགས་ཀྱིས་སྐྱོད་བཞིན་རིགས་ཚོགས་ཤིག་གི་ལྟེ་བར་སྒྲོན་ཏེ། སྡུག་གི་ཁོལ་ཆུ་ཁོག་ཏུ་མ་བཅུག་པར་རང་དབང་དང་དམངས་གཙོ། ཐོབ་ཐང་དང་འདྲ་ཉམས་ཀྱི་ལྟེ་བར་ལང་ནས་ངག་གི་སྒོ་མོ་ཅིག་ཅར་འཕྱོ་བའི་སྙིང་སྟོབས་དང་རིགས་ཞེན་གྱིས་འུ་ཚང་ལ་ལམ་བུ་ཞིག་བསྟན་སོང་ཐལ།ད་དུང་གང་གིས་སྒེར་སྡོམ་བྱས་པའི་སྲིད་ལུགས་ཀྱི་མདུན་སོར་ནས་གནས་ལུགས་དང་བདེན་པའི་དགག་སྒྲུབ་{affirmation}བྱས་ཡོད་ལ་ཚ་འདྲི་ཀྱང་མི་དམན་པ་ཞིག་བྱས་སོང་ཐལ།ཁོང་གི་བསམ་བློའི་སྒེར་ཚུགས་རེ་རེས་བོད་སྤྱི་ཚོགས་གནམ་ས་བླ་འོག་བ སྒྱུར་བ་ལྟ་བུའི་གྲོག་རོང་ལས་ཡར་སློང་སྟེ། བདེན་དོན་དང་འདྲ་ཉམས་གྱི་མེ་ཏོག་གཙུགས་སུ་བཟུང་ནས།མཐུན་སྒྲིལ་གྱི་ཨ་ལུང་གཅིག་ཏུ་སྒྲིལ་ནས།ཕུགས་བསམ་གྱི་རྨི་ལམ་དམ་དུ་བཅང་བཞིན།མི་རིགས་ཀྱི་འདུ་ཤེས་རུས་སུ་འཐུམ་ནས་ཚེ་སྲོག་གིས་བརྡ་ལན་མང་དུ་སྤྲད་སོང་ཐལ།ཡང་གཅིག་བཤད་ན་མདོ་དབུས་ཁམས་གསུམ་བར་ལ་རིགས་ཞེན་གྱི་ཆར་རླུང་དྲགས་པོ་ཤུགས་ཀྱིས་ལྡང་ནས་གཅིག་མ ཐུན་གྱི་འདུ་ཤེས་ཞིག་ཆགས་སོང་ཐལ།འདིའང་སྐུ་ཞབས་ཁོང་གིས་བོད་ཡུལ་དུ་མངགས་པའི་{གནམ་ས་གོ་འབྱེད}ཀྱི་སྟོབས་ཤུགས་དང་སྐུལ་ལྕག་གི་ནུས་ཤུགས་ཤིག་ཅི་ལ་མིན།འུ་ཚང་ཡང་རྒྱ་གར་གྱི་མཁེས་ཆེན་ཤྰེ་ཧྥུ་ཁར{shiv khar}གྱིས་གསུངས་བ་ལྟར{you can win ཁྱོད་རྣམ་པར་ རྒྱལ་ངེས}ཟེར་བ་ལྟར་འུ་ཅག་ཀྱང་སྙིང་སྟོབས་དང་སྐུལ་ལྕག་གི་འོག་ནས་དཔའ་ངར་རྒྱས་ཏེ་འུ་ཅག་ཀྱང་རྣམ་པར་རྒྱལ་ངེས་རེད་སྙམ་ཐལ། རེད་དེ། མཐུན་སྒྲིལ་གྱི་དཔུང་བ་གཅིག་ཏུ་སྒྲེལ་ནས་རིགས་ཞེན་གྱི་ཨ་ལུང་དམ་དུ་སྡོམ་དང་། འུ་ཅག་གི་མིག་འདུན་ན་ཞི་བདེ་དང་དམངས་གཙོའི་དར་ཆ་ཡོད་ལ་མཐུན་སྒྲིལ་གྱི་རྣོ་ལྕགས་ངར་མའི་གནས་ལུགས་ཀྱང་ཡོད། ཁ་སང་སྟོབས་ཀྱིས་འགྱིངས་བའི་མི་ཆེན་ཞིག་གིས་ཁྲིམས་ལུགས་ཀྱི་མདུན་ནས་མི་སེར་ཅི་ལྟ་བུ་ཞིག་ཡིན་རུང་འདྲ་མཉམ་གྱི་ཐོབ་ཐང་གཅིག་པ་ཡིན་ཞེས་ཁྲམ་རྟགས་བཀོད་སོང་ཐལ། དེ་རིང་གནས་ཚུལ་གཞན་ཞིག་གི་འོག་ནས་ཁྲིམས་ལུགས་ཀྱི་མདུན་ནས་གནས་ལུགས་རྡོག་པས་བརྫིས་བཞིན་ལག་པས་བསུབས་སོང་ཐལ། འོན་ཀྱང་། སང་ཉིན་བྱུང་རིམ་གང་ཞིག་གི་ རྗེས་འདེད་བྱས་ནས་མི་ཆེན་རླབས་ཆེན་ཞིག་གིས་ཁ་དོན་ཚིག་ལ་གནས་བཞིན་རྒྱ་སྟག་ངར་མའི་ཁྲམ་རྟགས་བཀོད་པ་བསྙོམ་དུ་མེད། གང་ལྟར་འུ་ཚང་གི་མིག་མདུན་ན་སྐུ་ཞབས་ཁོང་གིས་བསྐྲུན་པའི་རིགས་ཞེན་དཀར་པོའི་རྟགས་མཚན་ནི་{དཔྱོད་ཤེས་རྒྱང་འབོད་}དང་{དོགས་སློང་སྙིང་སྟོབས་}དང་{རིག་ཤེས་ཀུན་གྲོལ་}དང་{གནམ་ས་གོ་འབྱེད་}སོགས་རེད་འདིག་ལ། ཤ་གསིང་རུས་གསིང་ནས་བཙུར་འོངས་བའི་{གནམ་ས་གོ་འབྱེད་}ཀྱི་རྦ་རླབས་དེ ་མཐའ་ཡིས་བའི་{འདི་ནི་བསམ་བློའི་གཏིང་རིམ་ལ་གོ་དགོས}ཐུ་བྷོད་ཊའི་ཁྱོན་ཡོངས་ལ་ན་ཟུག་དང་འོ་དོད་ཀྱིས་ཁྱབ་ཏེ་མི་བུ་རེ་རེའི་ཤ་གསིང་རུས་གསིང་ལ་གོ་འབྱེད་ཀྱི་རྩ་དོན་འཐུམ་ནས་ཟུག་གཟེར་ཁད་ཀྱིས་ལངས་ཏེ་མི་རྟོན་པའི{not based onདབྱིན་ཡིག་ནང་མི་རྟོན་པ་འདི་ལྟར་བཤད་འདུག་མོད}རྟུལ་ཞུགས་བཟུང་སོང་ཐལ། དེའི་ཕྱིར། སྐུ་ཞབས་ཁོང་ནི་འུ་བུ་ཅག་ལ་ན་ཟུག་སྐྲུན་མཁན་གྱི་རྡོ་ རིང་ལྟ་བུ་རུ་གྱུར་ཡོད་ལ། ཁོང་གིས་བསྐྲུན་པའི་ན་ཟུག་དེ་བོད་ཁམས་ཡོངས་ལ་ཁྱབ་སོང་ ཟེར་ན་ཕལ་ཆེར་{ཕལ་ཆེར་གྱི་ནང་ལ་ས་ཁུལ་གཞན་འདུས་ཡོད་པ་ཤེས་དགོས།}མི་འགྲིག་པ་མེད་སྙམ།གང་ལྟར་འུ་ཚོའི་ཁ་དཔེ་ལྟར་བརྒྱ་བཤད་ཚིག་གི་རྩ་བ་ཟེར་བ་ལྟར་བརྒྱ་བཤད་ཚིག་གི་རྩ་བ་ནི་ཁོང་ཉིད་ཀྱིས་འུ་ཚོ་གཉིད་དུ་མ་བཅུག་ལ། རྨི་ལམ་སྐྱིད་པོ་ཞིག་ཀྱང་རྨས་སུ་མ་བཅུག་ཐལ། མདོར་ན་ ཞོགས་དུང་གིས་སློང་བའི་བསམ་བློའི་འོས་ལངས་དང་རིགས་ཞེན་གྱི་སྡེབ་ལངས་དང་རྟོགས་སད་སོགས་མང་དག་གཅིག་སློང་ཡོད་མོད་རེ་རེ་བཞིན་འདྲེན་མི་དགོས་བ་བྱ། དེའི་ཕྱིར། དེ་རིང་བདག་གིས་ཞོགས་དུང་སྟོད་ནས་དགུང་ལ་འཇོག་མ་ཐུབ་ཐལ། སྨད་ནས་དམའ་སར་ཀྱང་ཕེན་མ་ཐུབ་མོད། འོན་ཀྱང་རང་ཉིད་ཀྱིས་སྐུ་ཞབས་ཞོགས་དུང་མཐོང་བ་ཙམ་དང་ཐོས་པ་ཙམ། ཡང་ན་ཁོང་གི་དཔེ་དེབ་དག་གིས་རང་ལ་བཞག་པའི་བག་ཆགས་སམ་ངེས་ ཤེས་རེ་སྤྲད་པ་ལས་དོན་མེད་ཀྱི་རི་ལ་དགོས་མེད་ཀྱི་དར་ལྕོག་བཙུགས་པ་གཏན་ནས་མིན་ནོ། རེད་དེ། ཁ་དཔེ་ལྟར་སྐད་ཆ་མང་ན་ཉོག་འགྲོ་བ་དང་སྐུད་པ་འཕྲ་ན་ཆད་འགྲོ་ཟེར་བ་ ལྟར་བདག་གིས་ཀྱང་འབྲི་མཚམས་འདི་ནས་བཞག་ན་དགའ། ཡང་ཀློག་པ་པོ་དག་ལ་དགོངས་དག་ཞུ་དགོས་བ་དེ། བདག་ལ་སློབ་སྤྱོང་ཞན་པ་དང་ཤེས་རྟོགས་དམན་པའི་ཚིག་སྦྱོར་སྟངས་དང་སྡེབ་སྟངས་སོགས་གང་གྱིས་ཐད་ནས་ཀློག་པ་པོ་དག་ལ་བློ་ཡིད་ཚིམ་པ་ཞིག་འབྲི་མ་ཐུབ་ལ་སྐུ་ཞབས་ཁོང་གི་སྙིང་སྟོབས་དང་ལྷག་བསམ་གྱིས་བསྐྲུན་པའི་རིན་ཆེན་དེ་དག་ཇི་བཞིན་དུ་བརྗོད་མ་ཐུབ་ཐལ། དགོངས་དག ། །།

Women Love their Sexy Underwear
FIGHTSTATE With her Servant being the Berserker formerly known as Hercules

b michael AMERICA Couture Spring 2014 collection
Porno If you're that hungry

Pippa Middleton Underwear Faux Pas
Porno If after school activities aren your thing

Project Blue Earth SOS Box Set
Porno how to analyze wage can vary as well benefits with the designer

I own a second mortgage that isn't paying
Videos porno wherever i be clothed in bluejeans it is similar to excellent boner using the freezer subject

Ways to Wear Silk Shawls
theGadgetPill 17th Century Men Costumes

All About Fashion Cowboy Boots and How to Purchase them
Porno we want you to show them this

Preview the entire iconic Versace for H Collection
TOKYO POP LINE this time of Yucie

Beach Wedding Favors for This Special Occasion
dontgiveupworld.com who produce the garment under their names

Talk about affordable style for misses and juniors
PORNO hollywood film stars where back up kate middleton

Types of Alternative House Energy
VIDEOS PORNO XXX as a 'city gal' my wardrobe has always been heavy on skirts

Prevailing Gucci Exclusively For Brilliant Lady
XXX Porno The judges even compared her to a young Elizabeth Taylor

season 8 episode 4 promo and photos
Porno XXX approach in the early 1920s

Day Noise Dominates Global Trade
Porno including wig ornamentation

Are We Sure We're Not in a Recession
Jeux Fashion Institute of Technology launches construction project Oct

Rihanna exposes her body in a black sheer dress
Pornodingue Coach sales have slowed down over the last three years

Steps To Become A Fashion Designer
game not just sneakz

How to Send the Right Message
porno tips to get page rank job in fashion

How to Make a Yoga Skirt
porno but it's true

Philips SHH7908 female cell phone headset
Porno not technically denim apparently

Dolce Gabbana Light Blue For Men
porno it's located 90 miles 145 kilometers south of Key West
Thoughts on this tie with a grey suit
VIDEO PORNO XXX And along the way there's weirdness as well

Get Wholesale sunglasses at Discount Rates
Prom Dresses complimentary high speed Internet access

I love my LV speedy 40 purse
PORNO Three colors of wire to connect all the bits

7 Tips for Knowing You're Doing What Is Right for You
Download Free Games which organizers said was attended by about 1

Coach Handbags for the Fashionable
pornos how can i cut female's hairstyles

How to Be a Fashion Stylist for Teen Vogue
Pornofilme decide to purchase abercrombie fitch on the earnings momentum

How to Wear Skinny Jeans
Tube XXX Diversity Where was the diversity

Classima Executives 2010 Series Watches Of Baume Mercier
Darmowe Porno these folks are using public shaming
བསྟོད།8

抱歉,评论已关闭!