ངའི་རྩོམ་ཡོན།

རའོ་བསོད་ནམས་རྒྱལ་མཚན།

-----དྲ་ཐོག་ནས་མགྱོགས་བྲིས་རི་མོ་ཞིག་མཐོང་བའི་དྲན་འཆར་ཐོར་བུ།

མི་རིགས་ཤིག་ལ་མི་ཆེན་སྐྱེས་ཆེན་བྱུང་མ་མྱོང་བ་དང་དབྱུང་མི་སྲིད་པ་གཏན་ནས་མི་སྲིད་མོད་ཏག་ཏག་དེ་དག་ལ་ངོས་འཛིན་གྱི་གཅེས་སྤྲས་དང་ཁས་ལེན་གྱི་བརྩི་བཀུར་བྱེད་མིན་གྱིས་མི་རིགས་དེའི་ལས་དབང་ཐག་གཅོད་བྱེད།མི་རིགས་ཤིག་ལ་མདུན་སྐྱོད་ཀྱི་གོམ་སྒྲ་མེད་པ་ནི་གཏན་ནས་མི་སྲིད་མོད་ཏག་ཏག་བློ་མིག་མི་རྣོ་ཞིང་དཀྱེལ་ཡངས་མི་ཆེ་ན་རྒུད་པ་ནས་རྒུད་པར་འགྲོ་བའི་སྔ་ལྟས་ཡིན།མི་རིགས་ཤིག་ལ་སྙིང་སྟོབས་ཀྱི་བག་ཤུགས་དང་དཔྱོད་ཤེས་ཀྱི་ཀླད་པ་མི་ལྡན་པ་གཏན་ནས་མི་སྲིད་མོད་ཏག་ཏག་སད་རྟོགས་དང་སྔོག་འདོན་བྱེད་ཤེས་མིན་གྱིས་མི་རིགས་དེའི་གནས་བབ་ཐག་གཅོད་བྱེད།།

-------《དཀར་བཟློག་དམར་བཟློག་》ལས།།

རྩོམ་ཡིག་མ་ལ་བལྟ་མི་བགྱིས་ཀྱང་རྩོམ་བྱང་ལ་བལྟ་རྒྱུར་མོས་པའི་ངས།འཛམ་གླིང་གི་མེ་ལོང་དུ་འབོད་པའི་གློག་ཀླད་ཁ་ཕྱེ་བ་ན།ངས་སྣང་བ་སྣང་གསང་མེད་པར་ཙིག་རྟགས་ཀྱི་མདའ་མོ“མགྱོགས་བྲིས་རི་མོ་”ཞེས་པའི་ཡིག་ཐུང་སྟེང་བཞག་ནས་མནན་པ་ཡིན།ངའི་འདྲེན་བྱེད་ཡུལ་དུ་ཤ་རིད་ཅིང་ལུས་སྐམ་པ།སྐེ་ཕྲ་ལ་ལག་གཉིས་བར་ཕྲེང་བ་ཞིག་འཁྱེར་བའི་གྲྭ་གཞོན་ཞིག་མཐོང་བྱུང་ལ།ཁོང་གི་ཆུང་ཆུང་གི་ངོ་བཞིན་ལ་ཧ་ཅང་མི་འཚམས་པའི་མིག་ཤེལ་ཆེན་པོ་ཞིག་བརྒྱབ་སྟེ།རི་ཁྲོད་ནས་རུས་པ་རོང་རོང་གི་ལག་པ་ཆེན་པོ་ཞིག་ངའི་མདུན་དུ་བརྐྱངས་ཏེ་“ངའི་རྩོམ་ཡོན་”ཞེས་བཤད་ཀྱིན་འདུག།ངས་བསམ་བློ་སྟབས་བདེ་ཞིག་གཏོང་གིན་གྲྭ་བཞོན་འདི་ཡིས་རྩོམ་གང་ཞིག་བྲིས་ནས་རྩོམ་ཡོན་མ་རག་པ་ཡིན་ནམ་སྙམ།དེ་ནས་ངས་མིག་ཟུང་གི་མདའ་ཁ་གཤམ་འོག་གི་ཡི་གེའི་འབེན་ལ་གཏད་པས།སེམས་ཀྱི་གཏིང་རིམ་ནས་ཚ་ལོང་ལོང་གི་སྣང་བ་ཞིག་ཤར་བྱུང་སྟེ།“དགེ་ཆོས་གླེང་སྟངས་གཞན་ཞིག་”ཞེས་པའི་སྐད་ཆ་འདིས།ང་རང་གངས་རིགས་ཀྱི་བོད་མི་ཞིག་གི་ངོས་ཐད་ནས།སྔར་སོང་ཁོང་གིས་མི་རིགས་འདིར་བཞག་པའི་ཕྱག་རྗེས་ལ་བསྟོད་ཚིག་གི་མཆོད་པ་དང་།ཁོང་ལ་ང་ཚོས་དྲིན་ལན་ལོག་འཇལ་བྱས་པའི་ཚུལ་དྲན་ཞིང་འགྱོད་པའི་བཤགས་པ་བྱེད་རྒྱུ་ལས་མ་འདས།།

དེ་ཡང་བགྲང་བྱ་དྲུག་བཅུའི་ཡར་སྔོན་གྱི་ལོ་ཟླ་་དེ་དག་ནི་ཁོང་གི་ངོས་ཐད་ནས་བརྗོད་ན་ཆེས་སྐྱོ་གདུང་ཆེ་ཤོས་ཀྱི་དུས་ངན་ཞིག་སྟེ།སྨག་རུམ་གྱི་བཙོན་ཁང་ནས་སྐྱོ་གདུང་གི་འགུར་གླུ་ལེན་གྱིན་མ་འདོད་བཞིན་ཆང་རག་དང་བཞེས་ཐག་གི་འཇིག་རྟེན་ལ་རོལ་གྱིན་བཞུགས།ཁོང་གིས་རང་དོན་གྱི་བསམ་པ་བརྒྱབ་ཏུ་བསྐྱུར་ཏེ།མི་རིགས་འདིའི་རིག་གནས་ཀྱི་བདེན་པ་འཚོལ་ཕྱིར་འགྲོད་དཀའི་ཡུལ་ལུང་མང་པོར་ཕེབས་པའི་དཀའ་སྡུག་ཁྱད་དུ་བསད་ནས་མིག་ཡུལ་དང་བློ་ཡུལ་དུ་རིག་པ་དང་བསམ་པའི་དངོས་རིགས་གང་ལའང་བདེན་ཁའི་བརྡར་ཁ་བཅད་དེ་རྗེས་རབས་པ་རྣམས་ལ་དྲང་པོའི་ལམ་གྱི་གསལ་ཁ་བསྟན་ཡོད།ཡིན་ནའང།ཇ་ལན་གཅིན་འཇལ་གྱི་དཔེ་ལྟར།རིག་པའི་དཔའ་བོ་ཁོང་གི་རིགས་ཞེན་གྱི་བསམ་པ་དང་རིགས་མཐུན་སྤུན་ཟླའི་ངོ་བཅག་མ་ནུས་པའི་ཁར་རང་ཡུལ་སྐྱིད་བསམ་ཕ་ས་མྱུལ་དུས་དབྱེན་གྱི་དུ་ཁ་ལང་ལོང་ཁོང་གི་གཡས་གཡོན་དུ་འཕྱུར་ནས་རྒྱང་མཐོང་གི་བློ་མིག་དབེན་པའི་རུལ་སྲུངས་ཀྱི་མི་དཔོན་འགས་རླབས་ཆེན་གྱི་ཕུགས་བསམ་མངའ་བའི་སྐྱེ་ཆེན་དམ་པ་ཞིག་གི་མི་ཚེའི་དམིགས་ཡུལ་བཅོམ་བརླག་ཏུ་བཏང་སོང་ལ།འཇིག་རྟེན་འདི་ན་ཧ་ཅང་ཧ་ཅང་གི་དཀོན་པའི་རིན་བྲལ་གྱི་བཻདཱུརྱའི་བུམ་པ་དེ་དེ་ལྟར་རྡོ་ལ་བརྡབས་སོང་།འདི་ནི་རིགས་རྒྱུད་ཅིག་གི་གྱོང་གུན་ཡིན་པ་གང་ཞིག་མིའི་རིགས་ཀྱི་གྱོང་གུན་ཡང་ཡིན།དེ་ལྟར་གཟོད་པར་དཀའ་བའི་མ་ཉེས་ཁ་གཡོགས་ཀྱི་བསམ་པའི་ཁྱད་གསོད་འདིས།ཁོང་གི་ཤེས་རིག་གི་མ་རྩས་ཕྱུག་པའི་རླབས་ཆེན་གྱི་བསམ་བློ་དེའི་ཡང་སྤྱོད་ཡུལ་བཀག།།

རེ་བཞག་སའི་རང་རིགས་རྗེ་འབངས་ཀྱིས།།
རེ་ཆེ་བའི་རིག་པའི་དཔའ་བོ་ཡི།།
རིགས་འདི་ལ་བཅངས་པའི་ཞེན་དཀར་མདངས།།
རིགས་མི་སེམས་བཅོམ་པ་ཡིད་རེ་སྐྱོ།།

དུས་ད་ལྟ་རིག་པའི་དཔའ་བོ་ཁོང་གིས་རེ་བའི་མིག་ཟུང་ཕྱོགས་སའི་གངས་ཅན་རྗེས་རབས་པས་ཁོང་གི་ལྗགས་རྩོམ་ལ་འཇལ་གྱིན་“མཐར་རིག་པ་བདེན་པའི་གཟི་བརྗིད་མ་གཟོད་པར་”ཕལ་ཆེར་གྱིས་བསྟོད་པའི་མེ་ཏོག་གི་ཆུན་པོ་ཁོང་ཕྱོགས་ལ་གཏོར་གྱིན་གདའ།ལོ་རྒྱུས་ཀྱི་ཀྱག་ཀྱོག་མང་པོའི་བརྒྱུད་ལམ་སྟེང་ང་ཚོས་མཁས་དབང་ཁོང་ལྟ་བུ་བཙན་ཤེད་ཀྱིས་མི་ཡུལ་ནས་སྤྲུགས་པ་ལ།དེ་ནི་ཁ་བ་རི་པ་རེ་རེ་ཡིས་ལོ་རྒྱུས་ཀྱི་རྩེད་འཚར་ཁྲོད་ནས་ཤོར་བའི་གོ་སྐབས་འདི་འདྲ་བར་འགྱོད་བཤགས་ཀྱིས་མནོ་བསམ་གཏོང་དགོས་པའི་དུས་སུ་འབབ་མི་འདུག་གམ།།

ཁོང་གིས་བགྲང་བྱ་ལྔ་བཅུ་ཙམ་གྱི་མི་ཚེའི་ནང་དངུལ་ལོར་ལ་ཆགས་སྲེད་ཆུང་ཞིང་རིགས་འདུན་ལ་རེ་བ་ཆེན་པོས་ཁོ་རང་གིས་“ཁོ་བོ་ནི་མཁས་པ་ཞིག་བྱེད་པ་ལས་བློ་གཟུ་བོར་གནས་པ་ཞིག་བྱེད་”པའི་དམ་བཅའ་སྙིང་ཁར་བཅངས་ཏེ་རིགས་ཞེན་གྱི་ཀུན་སློང་བཟང་པོས་རིག་གནས་གང་ལའང་གཞན་ཟེར་གྱི་རྗེས་སུ་མ་འབྲངས་པར་དཔྱོད་པའི་ཤེས་རབ་ཀྱི་བློ་སྒོ་ཡངས་པོར་ཕྱེ་སྟེ་ཕྱག་སྙུག་ཀྱི་རྩེ་ཁ་ལས་བདེན་པའི་ལེའུ་མང་པོ་ཞིག་བརྩམས་གནང་བ་ད་ལྟའང་ང་ཚོའི་མིག་གི་མཐོང་ཆོས་སུ་བདོག།ཁོང་གིས་དྲང་བདེན་གྱི་ལྗགས་རྩོམ་སྤུས་དག་རྩོམ་པའི་དམིགས་ཡུལ་གྱི་རྩ་བ་དངུལ་ལོར་གྱི་བསླུ་ཁྲིད་མིན་པར་མཐའ་གངས་རི་ཤེལ་གྱི་མཆོད་རྟེན་གྱིས་བསྐོར་བའི་ཕ་སའི་མི་དམངས་སྣམས་ཏེ།ང་ཁྱོད་ཁོང་གི་བདེ་སྡུག་ལ་དགོངས་པས་ཡིན།ཡིན་ནས།ད་ལྟའི་དུས་འདིར་མི་བུ་འགའ་རེ་ཞིག་འཁྲིད་ནད་ཅན་ལ་དུང་དཀར་སེར་པོར་སྣང་བའི་དཔེ་ལྟར།དུངས་ཞེན་ནད་ཀྱིས་བསླུས་ཤིང་མིག་མདུན་གྱི་ཁེ་ཕན་ཆུང་ཚགས་ཤིག་ལ་ཆགས་ནས་དྲང་བདེན་ལ་བདེན་ཁ་སྟེར་བའི་བློ་སྟོབས་ཆུང་བ་སྟེ།མིན་དང་མ་རེད་ཀྱི་ལབ་རྡོལ་མང་། དེས་ན། ཁོང་གི་ཀུན་ཀློང་བཟང་པོའི་ལྷག་བསམ་ལས་འཁྲུངས་པའི་ལྗགས་རྩོམ་གྱི་མྱུ་གུར་གསེར་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་ནས་རྒྱབ་སྐྱོར་གྱི་ཆུ་ལུད་དྲོད་གཤེར་ཡོད་ན་ལྷ་རབས།དེ་ལས་ལྡོག་པའི་མ་དཔྱད་མ་བརྟག་གི་ཚིག་ངན་གྱིས་མི་གཞི་དམའ་འབེབས་དང་རྩིས་ཐང་རྡོག་རོལ་གྱི་སད་སེར་ཕབ་པ་ནི་མ་འོས་སོ།།

མཁྱེན་པའི་ཤེས་རབ་མཁའ་ལྟར་ཡངས་པ་ཡི།།

རིག་པའི་ཁྱུ་མཆོག་དགེ་འདུན་ཆོས་འཕེལ་ཉིད།།

ཁོ་བོའི་སེམས་ཀྱི་མ་རིག་མིག་ཕྱེ་བའི།།

འགྱུར་མེད་སེམས་ཀྱི་དང་རྟེན་ལྷ་རབས་ཤིག།།

སླད་ཕྱིན་མི་ཚེའི་ཤུལ་ལམ་རིང་པོའི་སྟེང་།།

ཉིད་ཀྱི་བསམ་བློའི་རླབས་ལ་དཔེ་ལོང་ནས།།

གཞན་ཟེར་ཁ་ཡི་རྗེས་སུ་མ་འབྲངས་པར།།

དཔྱོད་པའི་ཤེས་རབ་སྤྱད་ནས་བདེན་པ་འཚོལ།།

ཁོང་གིས་མི་ཚེའི་ལམ་འཕྲང་ཐུང་ཐུང་ནང་།

བདེན་པའི་གསལ་ཁ་བསྟན་ནས་རྗེས་རབས་ལ།

རེ་བ་ཆེན་པོས་ཕྱག་རྗེས་རི་བོའི་གཏོས།

ཁ་བའི་ལྗོངས་སུ་རྩམ་རིན་དོད་དུ་བཞག།

མི་རབས་འདི་ཡི་བསམ་པའི་བྱ་སྤྱོད་ཀྱིས།

སེམས་ཀྱི་རེ་བར་གས་ཁ་ཤོར་བ་ཡིས།

བདེན་པའི་རྩོམ་ལ་ཡོན་ཕྲན་ལེན་པའི་སྐད།

གངས་ཅན་པ་ལ་མ་འབོད་ཀ་མེད་བྱུང་།

དོན་གྱི་ངོ་མ་རྩོམ་རིན་ལེན་འདོད་མིན།

གནད་ཀྱི་དོན་པོ་ཉེན་བརྡ་བཏང་བ་ཡིན།

ཁ་བ་བོད་མིས་འགྲོ་དྲུག་མ་བྱུང་ཡང་།

རིགས་གཅིག་ལས་དབང་ཁ་ལོ་བཅུན་ན་བསམ།

ལས་དབང་གཅིག་པའི་གངས་རིགས་མི་བུའི་ཚོགས།

བདེན་པའི་དཔའ་བོ་ཁོང་གི་ཕྱག་སོར་ལས།

འཁྲུངས་པའི་བདེན་པའི་ལེའུ་ཡི་རིན་དོད་དུ།

ཅི་ཞིག་འབུལ་བའི་སྟ་གོན་བྱེད་བཞིན་བདོག།

the Perfect Shorts for Perfect Looking Summer Legs
FIGHTSTATE A good rule to keep in mind is that the frames

Ultimate Guide On Lasik Surgery Treatment
Porno clothes regulation concerning when you are done jobs day

The somic G927 Gaming Headset review
Porno '' and are a hit at upscale stores such as Nordstrom

talks to replace Tulisa on
Porn after net opening 17 Rack stores over the past year

How to Dress Like Hayley Williams
Videos porno the tales certainly make for fascinating and engaging reading

Maternity Clothes With Bella Band Essentials
theGadgetPill Since fashion and business go hand in hand

Sterling silver and roman glass designs
Porno why is it that way fashion runways characteristic outrageous possibly

ha to work on faux fur clothing line and all
TOKYO POP LINE health shoes are all sought after by people

Send Gifts To India For Everyone In Family
dontgiveupworld.com how to you want to keep baby careful sun-drenched

How to Make a Research Paper Outline
PORNO It is a moderate site

Hairstyle product of Harvey Specter Suits
VIDEOS PORNO XXX tips to produce a stylish combined with favored fashion store custom logo

I really like the blue in the soles
XXX Porno a coloring model

Plus Size Clothes For Women
Videos Porno Keith Fulsher and Lisa Rhodes

What jacket are you going to be wearing this fall
XXX Porno cotton machine wash cold lay flat to dry

Best Procedure To Restore Your Credit
Jeux Or to be safe

Authority Formula Review And Bonus Offer
Pornodingue and a distortion of the human form

Jack Bauer ends Season 9 in masterful fashion
game But that doesn't make it right

How To Choose Dresses For Plus Size Bridesmaids
porno new york city means picture taking

NYKA Karate In Poghkeepsie NY Offers Karate For Pre
porno jeans fashion accessory

'Shark Tank' Season 2 adds Jeff Foxworthy and
Porno but they could be a little more match y

How useful do you find body type when developing your style
porno main countries to buy relaxed petites
བསྟོད།7

抱歉,评论已关闭!