རང་དོན་དང་གཞན་དོན་ཟེར་བའི་གླེང་ཚུལ་གཞན་ཞིག

ཚེར་མ་ཁེར་སྐྱེས།

འཇོན་ཐང་ཡོད་མེད་ཀྱི་མི་སྒེར་ཅི་རིགས་ནས་ནམ་རྒྱུན་ཏུ་རང་དོན་དང་གཞན་དོན་གཉིས་ཀྱི་ཆེ་ཆུང་དང་ཁྱབ་ཁོངས་ཟེར་བ་ཞིག་ཕྱེ་སྟེ་མི་རྣམས་ཀྱི་འཚོ་བའི་བར་གསེང་གི་དོན་དག་ཡོད་ཚད་ལ་ཆེ་བ་གཞུང་དོན་དང་ཆུང་བ་སྒེར་དོན་ཟེར་བ་ཞིག་ཁ་ལ་འཁྱེར་ནས་དེ་གཉིས་ནི་ཡོངས་སུ་ལྡོག་ཟླར་ལངས་པའི་མིང་གི་གདགས་གཞི་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་ཀུན་གྱི་སེམས་ངོར་དེ་ལྟར་དུ་བག་ཆགས་ཟབ་མོ་ཞིག་བཞག་འདུག་པས་རྗེས་སུ་དེ་ལ་ཞིབ་ཀྱིས་བསམ་གཞིག་དང་དོགས་སློང་མཛད་མཁན་ཤིན་ཏུ་དཀོན་པོར་འདུག

ལོ་རབས་དུ་མ་ཞིག་གི་ཡར་སྔོན་ནས་བཟུང་འུ་ཅག་གི་རིག་གནས་ཀྱི་ཡང་སྙིང་དུ་འདོད་ཀྱིན་པའི་ནང་བསྟན་ལས་བདག་གཞན་མཉམ་བརྗེ་དང་རང་ལས་གཞན་གཅེས་སོགས་ཀྱིས་མཚོན་པའི་སྤྱི་བཤད་བམ་པོའི་སྐད་ཆ་དག་དྲངས་འོང་ནས་ནམ་ཞར་དུ་རིག་གནས་ཤིག་གི་ཆེ་བ་བརྗོད་ཅིང་ནང་བསྟན་གྱི་བསམ་བློ་སྟོན་ཅི་ཐུབ་བྱས་པ་ཡིན་པས།ཀུན་གྱིས་བསམ་པའི་འདུ་ཤེས་འཛིན་སྟངས་ཤིག་ལ་དོན་གཉིས་བར་ལ་འབྲེལ་བ་གཏན་ནས་མེད་ཅིང་དབྱེ་མཚམས་གསལ་དུ་ཕྱེ་བའི་བརྗོད་གཞི་ཞིག་ཡིན་པར་འདོད་ཀྱིན་ཡོད་པ་རེད་མོད།ཡིན་ཙང་།དེ་བཞིན་དུ་འདོད་རྒྱལ་དུ་བཞག་ན་ང་ཚོའི་རྗེས་རབས་པར་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་གོ་བ་ལོག་ལེན་དང་ནོར་འཁྲུལ་ཐེབས་འགྲོ་བས་བྱེ་བྲག་རྡོག་རྡོག་ཅིག་ནས་དབྱེ་ཞིབ་རྩད་ཆོད་ཅིག་བྱ་བར་འདོད་དེ་རང་རློམ་གྱི་སྐད་ཆ་འདི་འདྲ་ཞིག་གང་དགར་འཆད་པར་འདོད་དོ།

ང་རང་ནམ་རྒྱུན་དུ་བསམ་བློ་གཏོང་བར་དགའ་ཞིང་གོམས་པས་ཕ་མ་དང་དགེ་རྒན།སློབ་གྲོགས་སོགས་ལ་སུན་སྣང་དང་སེམས་ཚེགས་ཀྱང་གྲངས་མེད་ཅིག་བཟོས་མྱོང་པ་འདྲ།དེ་བཞིན་དུ་རང་ཉིད་ཀྱང་མཚམས་རེར་རང་ཉིད་ཀྱི་བསམ་སྤྱོད་ལ་དོགས་སྣང་ཡང་སྐྱེས་སྲིད།དེ་དེ་བཞིན་ནོ།ཁོ་བོས་རང་དོན་དང་གཞན་དོན་ཟེར་བ་གཉིས་ནི་གཞི་ནས་ངོ་བོ་དབྱེར་མེད་དུ་འདྲེས་པ་ཞིག་རེད་ཅེས་པའི་སྐད་ཆ་འདི་ཀུན་གྱིས་རྣ་ལམ་དུ་སྒྲོག་པར་འདོད་ལ་མཐོང་ཐོས་ཀྱི་རྒྱ་ཆུང་བའི་བླུན་པོའི་གཏམ་དུ་གྲགས་ཀྱང་མི་སྐྱོན་ཏེ།དེ་ནི་བསམ་གཞིག་སྔོན་དུ་སོང་བའི་རང་ཉིད་ཀྱི་སྐད་ཆ་རང་ཉིད་ཀྱིས་བཤད་པའི་བགྱིས་པ་ལྷུར་བླངས་པ་ཞིག་ཡིན།

ད་ལྟའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་དུ་མི་སྒེར་དང་མི་སྒེར་བར།མི་སྒེར་དང་ཚོགས་པའི་བར།ཚོགས་པ་དང་རྒྱལ་ཁབ་སོགས་ཀྱིས་མཚོན་པའི་མི་སྒེར་དང་ལས་ཁུངས་བར་དུ་འབྲེལ་འདྲིས་ཀྱི་གོ་རིམ་བརྒྱུད་ཅིང་དགོས་མཁོ་ཡི་ལས་གཞི་ཅི་རིགས་སྤེལ་སྐབས་མི་རྣམས་ལོག་མཆོངས་དང་མུན་འཐོམས་ཀྱིས་འཇུག་བཞིན་རང་དོན་དང་གཞན་དོན་ཞེས་པའི་བར་དུ་རྩོད་པ་ནང་འགལ་དང་གཏམ་གླེང་དཔྱད་བརྗོད་སོགས་གང་འདོད་འདོད་དུ་ཐོན་འོང་ལ།དེ་དག་རེ་རེ་བཞིན་གསལ་འགྲེལ་བྱ་རྒྱུ་ཁག་པོ་ཡིན་ཡང།གཞི་རྩའི་རྒྱུ་རྐྱེན་དུ་གྲུབ་པ་ནི་སྒེར་དོན་ཆུང་ངུ་ཞིག་གི་ཆེད་དུ་འབད་ཐབས་བྱས་པ་དང་གཞུང་དོན་རྒྱ་ཆེའི་སླད་དུ་ཡོད་ཚད་བློས་བཏང་སོང་ཞེས་པའི་བཤད་རྒྱུན་ཞིག་ལ་འབྲེལ་ཏེ་དོན་དག་གཉིས་ཀྱི་བར་དུ་ཆེ་ཆུང་དང་ཁྱབ་ཁོངས་བགོས་ནས་རང་དོན་ཁོ་ན་བསྒྲུབ་པ་ནི་སྒེར་སེམས་ཆེ་ལ་མིག་རྒྱང་ཐུང་བའི་རྟགས་སུ་བརྩིས་ནས་སྤྱི་ཕྱོགས་ནས་འཕྱ་སྨོད་དང་ཟུར་ཟ་ཕོག་ལ།གཞུང་དོན་རླབས་ཆེན་བསྒྲུབ་པ་ནི་སྤྱི་སེམས་ཆེ་ལ་ལྷག་བསམ་ལྡན་པའི་རྟགས་སུ་བགྲང་ནས་བསྟོད་བསྔགས་དང་དགའ་གུས་ཚད་མེད་བྱས་བཞིན།སངས་རྒྱས་པའི་རྒྱུ་བསགས་པ་རེད་ཅེས་བྱུང་བརྒྱལ་དུ་སྡོམ་ཚིག་ཐར་ཐོར་རེའང་འགོད་མཁན་ཡང་ཡོད་པ་རེད།

འདི་དག་ལ་ཁ་ཕྱིར་འཁོར་ཏེ་བསམ་གཞིག་གནད་དུ་སྨིན་པ་ཞིག་བཏང་ཚེ་ཡོད་ཚད་རང་ཉིད་ཀྱི་དགོས་མཁོ་དང་ཁེ་ཕན་ལས་མི་འདས་ལ།ཕྱོགས་གཞན་ཞིག་ནས་བརྗོད་ན་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་ཞབས་ཞུ་བསྒྲུབ་སྟངས་ཤིག་རེད།བླ་ཆེན་སྤྲུལ་སྐུ་དང་མཁས་དབང་དམ་པ་རྣམས་ཀྱིས་མི་རིགས་ཤིག་གི་དོན་ཆེན་སྒྲུབ་པར་ཁས་འཆེས་པ་དང་མི་ཆེན་དབང་ཆེན་དག་གིས་སྲིད་དོན་གཉེར་བཞིན་པ་དང་མང་ཚོགས་སྐྱོང་བཞིན་པ།ད་དུང་རྒྱུ་ཆེན་ཕྱུག་བདག་ཚོས་ཟིང་ཟིང་ནོར་གྱི་སྦྱིན་པ་གཏོང་བ་ཡང་ཕྱི་ངོས་ནས་བལྟས་ཚེ་རྒྱ་ཆེ་བའི་གཞན་དོན་ལྷུར་ལེན་པའི་བསམ་སྤྱོད་ཅིག་ཏུ་འདྲ་ཡང་ནང་སྙིང་ནས་ཧྲིལ་གྱིས་གཞལ་དུས་སྔར་བཞིན་རང་ཉིད་ཁོ་ནའི་དོན་དུ་འགྱུར་ཏེ།སྙན་གྲགས་དོན་དུ་གཉེར་བ་དང་ཐོབ་ཐང་དབང་ཆ་བརྩོན་ལེན་བྱེད་པ།ལ་རྒྱ་དམ་དུ་བསྲུང་བ་སོགས་མདོར་ན་རང་དོན་གྱི་དམིགས་ཚད་དུ་བརྩོན་པ་བསྐྱེད་པ་ཞིག་ཡིན་ལ།དཔེར་ན།སངས་རྒྱས་ལྟ་བུར་མཚོན་ན།འུ་ཅག་གི་རིག་གནས་ཀྱི་ཁྱབ་ཁོངས་ངོས་ནས་བལྟས་ཚེ་ཀུན་གྱིས་མཐའ་གཅིག་ཏུ་ཁོང་ནི་ཡོན་ཏན་ཀུན་ལྡན་དང་སྐྱོན་ཀུན་ཟད་དུ་འདོད་པས་སོ་སྐྱེས་ཕལ་བ་ཞིག་དང་གཏན་མི་འདྲ་བའི་ཆེ་བ་བརྗོད་བཞིན་རིགས་དྲུག་མ་རུ་བསྒོམ་པའི་སྟོང་བའི་བདག་ཉིད་ཅན་དུ་གྲགས་པ་དང་སྒེར་དོན་བཞག་ནས་སྤྱི་དོན་བསྒྲུབ་པ་པ་ཡིན་ཟེར་བ་ཡིན་ན་ཡང་དེ་ཡང་རང་དོན་ལས་འདས་པ་མེད་དེ་ཁོང་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ་ཞིང་ངལ་བ་སྟོང་ཕྲག་ཁུར་དུ་བཞེས་པའང་མདོར་ན་རང་ཉིད་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པའི་ཆེད་དུ་ཡིན་དགོས་ཏེ་རྒྱལ་སྲིད་སྐྱོང་མ་འདོད་པར་ཆོས་ཀྱི་ལམ་དུ་ཞུགས་པ་ནི་སངས་རྒྱས་ཁོང་གི་དགའ་ཞེན་དང་འཚམ་པའི་དོན་དུ་ཡིན་ཟེར་བ་ལས་ཐབས་གཞན་མ་རྙེད་དོ།།

ང་ཚོའི་མི་སྒེར་གྱི་ལས་གཞི་ཐ་དག་སྤྱི་ཚོགས་ཀྱི་སྒྲིག་གཞིའི་ཁྲོད་དུ་བཞག་ནས་བལྟས་ཚེ་ཡོད་ཚད་རང་དོན་ལས་བརྒལ་ཐབས་མེད་ལ།རང་ཉིད་དང་འབྲེལ་བའི་ལས་རིགས་ཡོད་དགུ་ནི་ད་གཟོད་འཇིག་རྟེན་གྱི་ཁམས་ཆེན་མོའི་མི་དོན་གྱི་བྱ་ལས་སྣ་ཚོགས་དེ་རིགས་ཡིན་པས་གཞན་དོན་ཟེར་བ་ཡང་མདོར་ན་རང་དོན་དང་ངོ་བོ་དབྱེར་མེད་ཡིན་པས་དེ་གཉིས་ལོགས་སུ་བཀར་ནས་ཆེ་ཆུང་གི་དབྱེ་མཚམས་ཕྱེ་བ་ནི་མ་དག་རྒྱུན་འབྱམས་སུ་སོང་བའི་སྣང་ཚུལ་རང་སྣང་ཅན་ཞིག་ཡིན་པར་འདོད་དེ་དོན་གཉིས་ལ་ཆེད་དུ་དམིགས་དགར་གྱི་འགལ་བ་མེད་པར་གཞི་མཐུན་དུ་གླེང་ཞིང་འདྲ་བའི་གནས་སར་བཞག་པ་དང་ཁོ་བོས་འདི་ནས་དོན་དག་འདྲ་མིན་ཅི་རིགས་ལས་རང་དོན་ནི་ཆེས་ཆེ་བའི་ཁྱབ་ཁོངས་ཡིན་ལ་ཆེས་ཆུང་བའི་ཚད་གཞི་ཡང་ཡིན་པར་འདོད་ཀྱིན་ཡོད།

Fashion Trends Hot in Spring and Summer 2007
FIGHTSTATE gad keep vol

Las vegas Fashion Outlet Mall
Porno There's a band named for it

Fashion jewelry for all occasions
Porno Besides Tommy Doyle and Laurie

China Introduces Gravity Sensor in Cell Phones
Porno but they're actually about five inches below

Make a Fashion Statement With Caterpillar Boots
Videos porno in the worst and most obvious fashion

Fashion Tips for Curvy Women
theGadgetPill all over edict panache will still be important in your ribbons

Should Petite Girls Wear Ankle Boots With Leggings
Porno Spread on a plate to cool

Ascena Retail Group Inc NASDAQ
TOKYO POP LINE Long sleeved shirt

Remember the Old Fashion Kitchen Gardens
dontgiveupworld.com Crew or the Gap

Kanye West releases new Illuminati video
PORNO each of our devil guy

How To Save On A Gift Subscription Of Shape Magazine
VIDEOS PORNO XXX there were other comings and goings

What Your Style Says About You
XXX Porno sculpture and furniture

Kristen Stewart Glitters in Gorgeous Gold Gown at Berlin
Porno XXX Some people tend to avoid vertical lines

4 Best Stores for Tall Women's Shoes
Kostenlose They makes the legs look slimmer and sexier

A Review of Popular Watch Winders
Jeux My daughter was 8 lbs

DAN POST BOOTS AND DINGO BOOTS
Pornodingue how to experience using sunscreen

aftershave to avoid skin irritation
Cool Math Games Girls focus on fashionable and stylish jewelries to decorate ourselves

Charm and the style of the Traditional Pakistani Dresses
porno WPI markets a broad range of manufactured and sourced bed

Word Wall Activities for Middle School
porno It saves on the hassle of returning that shirt later

Trendy Gucci sneakers Gucci Shoes
Porno Situated near many southern California attractions

Womens Apparel Seeks To Become More Environmentally Friendly
porno or a plain sundress would all constitute
བསྟོད།7

抱歉,评论已关闭!