ཨ་དཀོན་རིན་པོ་ཆེའི་གསུང་བཤད།

ཨ་དཀོན་ཚང་།

༄༅།།ཨ་དཀོན་རིན་པོ་ཆེས་༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་གསུང་བཤད།

[གསལ་བཤད།] གསུང་བཤད་འདི་ནི་ཨ་དཀོན་རིན་པོ་ཆེ་མཆོག་གིས་སྤྱི་ལོ༢༠༠༩ལོར་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ཁོང་གི་རོགས་སྐྱོར་འཛིན་གྲྭ་རབས་གསུམ་གྱི་སློབ་མ་ཡོངས་ལ་གནང་བའི་སྒྲ་ཕབ་གཞིར་བྱས་ཏེ་ཡི་གེར་ཕབ་པ་ཡིན་ལ། ཁོང་གི་སྐད་ཆ་སོར་འཇོག་ཅི་ཐུབ་བྱས་ཡོད་ཀྱང་། བསྐྱར་ཟློས་དང་གོ་དཀའ་བའི་ཡུལ་སྐད་རྣམས་ལ་དོན་གྱི་གོ་བ་མི་འགྱུར་བའི་ཐོག་ནས་འཕྲི་སྣོན་ཅུང་བྱས་ཡོད་ཅིང་། བལྟ་བདེ་ཕྱིར་ཚན་པ་ཁ་ཤས་སུ་དགར་ཏེ་ཁ་བྱང་ཆུང་བ་རེ་བཏགས་ཡོད།

གཅིག རང་གི་སྐད་ཡིག་དང་ཆ་ལུགས་སྲུང་འཛིན་བྱ་རྒྱུ་དེ་སོ་སོའི་ལས་འགན་རེད།

དེ་རིང་འདིར་ཡོད་པའི་སློབ་མ་བརྒྱ་དང་ཉི་ཤུ་བོ་འདི་རོགས་པ་ཚོགས་པས་རྒྱབ་སྐྱོར་བྱེད་པའི་སློབ་མ་རེད། ཁྱོད་ཚོ་སློབ་ཆུང་ནང་དུ་ལོ་དྲུག་དང་། སློབ་འབྲིང་དམའ་རིམ་ནང་དུ་ལོ་གསུམ། སློབ་འབྲིང་མཐོ་རིམ་ནང་ལ་མ་འོངས་པར་ལོ་གསུམ་བཅས་ཁྱོན་བསྡོམས་ལོ་བཅུ་གཉིས་ལ་རོགས་པ་བྱེད་ཀྱི་ཡོད་པ་རེད། དེའང་ཡོན་ཏན་ཡག་པོ་ཡོད་ཀྱང་ཁྱིམ་གྱི་འབྱོར་བ་ཞན་པ་དེ་འདྲ་ཡོད་ཚེ། སློབ་ཆེན་ནང་ནས་ཀྱང་ལོ་གསུམ་ནས་ལྔ་བར་རོགས་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ལྷག་པར་དུ་བསམ་པ་བཟང་བོ་དང་། ཀུན་སྤྱོད་བཟང་བོ། འབྱོར་བ་དམན་པ། ཤེས་ཡོན་ལ་མོས་པ་ཡོད་པ། རང་གི་ཀླུ་ཆུ་རྫོང་དང་ཀན་ལྷོ་ཁུལ་གཙོས་པའི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་འདོད་ཡོད་པ་ལ་རོགས་པ་བྱ་ངེས་རེད། འོ་ན་ཞབས་འདེགས་དེ་ག་རེ་བཟོ་དགོས་རེད་ཅེ་ན། ང་ཚོ་བོད་རིགས་རེད། འོ་ན་རིགས་ཞེས་པ་དེ་གང་ལ་བལྟ་དགོས་པ་དང་། བོད་ཅེས་པ་དེ་ཅི་ཞིག་ལ་ཟེར་གྱི་ཡོད་པ་རེད། ཁྱོད་བོད་རིགས་ཡིན་ཚེ་ཁྱོད་ལ་ཁྱད་ཆོས་གཞན་ལ་མེད་པ་ཅི་དགོས་པ་རེད་ཅེ་ན། གཙོ་བོ་དེ་སྐད་ལ་ཟེར་གྱི་ཡོད་པ་རེད། དཔེར་ན་རྒྱ་རིགས་ལ་རྒྱ་སྐད་ཡོད་པ་དང་། ཕྱི་རྒྱལ་ལ་དབྱིན་ཇིའི་སྐད་ཡོད་པ་རེད། དེ་ནས་གཉིས་པ་དེ་ག་རེ་རེད་ཅེ་ན། ཡི་གེ་དང་གོན་པ་རེད། རིགས་དེ་ལ་ཁྱད་ཆོས་ཁ་ཁ་སོ་སོ་ཡོད་པ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་བོད་ཀྱི་གོན་པ་གྱོན་རྒྱུ་དེ་གནད་ཆེན་པོ་རེད། བོད་ཀྱི་གོན་པ་ལ་ཆ་མཚོན་ནའང་། ཨ་མདོ་ལ་ཨ་མདོའི་གོན་པ་དང་། ལྷ་ས་བ་ལ་ལྷ་སའི་གོན་པ། ཁམས་པ་ལ་ཁམས་པའི་གོན་པ་ཡོད་པ་རེད། ཁམས་པ་ལའང་སྡེ་དགེ་དང་ནང་ཆེན་སོགས་ས་ཆ་སོ་སོ་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པའི་གོན་པ་རེ་ཡོད་པ་རེད།

དེ་ནས། མི་དེའི་གཟུགས་མ་མཐོང་ནའང་ཕྱི་ལོགས་ནས་ཁ་གྲགས་འོངས་ན། སྐད་ཀྱི་སྒྲ་གདངས་ཀྱི་ཐོག་ནས་ས་ཆ་གང་ནས་ཡོང་བ་ཧ་གོ་ཐུབ་པའི་སྒྲ་ཁ་ཁ་སོ་སོ་ཡོད་པ་རེད། དཔེར་ན། ཁྱེད་རང་འདིའི་ནང་ནས་བསྡད་པ་དང་། ཕྱི་རོལ་ནས་མི་ཞིག་གིས་སྐད་ཆ་ཞིག་བཤད་ན། འདི་ལྷ་ས་བ་ཞིག་ཡིན་པ་འདྲ། འདི་སྡེ་དགེ་བ་ཞིག་ཡིན་པ་འདྲ། འདི་ཨ་མདོའི་རྔ་བའི་ཡིན་པ་འདྲ། འདི་ཨ་མདོའི་ཀླུ་ཆུ་ནས་ཡོང་བ་ཞིག་ཡིན་པ་འདྲ་ཞེས་སྐད་ཀྱི་སྒྲ་གདངས་ཁ་ཁ་སོ་སོ་ཡོད་པ་རེད། དེར་བརྟེན། མིའི་གཟུགས་མཐོང་མི་དགོས་པར་སྒྲ་ལ་བརྟེན་ནས་ཁ་ཁ་སོ་སོ་དབྱེ་ཐུབ་ཀྱི་འདུག ཡང་། སྐད་ཆ་མི་གོ་ཡང་། མི་དེའི་གཟུགས་མཐོང་ཚེ། མི་དེའི་གོན་པ་ལ་བལྟས་ནས་འདི་ས་ཆ་གང་ནས་ཡིན་པ་ཧ་གོ་ཐུབ་རྒྱུ་རེད། དཔེར་ན། ཀན་སུའུ་ལའང་དཔའ་རིས་ཀྱི་གོན་པ་གོན་སྟངས་དང་། ཀན་ལྷོ་ཁུལ་གྱི་གོན་པ་གོན་སྟངས་སོགས་རྫོང་ཁག་སོ་སོ་ལའང་ཁྱད་ཆོས་མི་གཅིག་པ་ཕྲན་བུ་ཡོད་པ་རེད། དེ་མ་ཟད། བོད་ཀྱི་ས་གནས་མང་བོ་ཞིག་ལ་གོས་གོན་ལུགས་འདྲ་མི་འདྲ་དང་། རྒྱན་ཆ་འདོགས་ལུགས་འདྲ་མི་འདྲ་ཡོད་པ་རེད། དེ་འདྲ་ཡིན་དུས། ཁྱེད་རང་ཚོ་ས་གནས་གང་ནས་ཡོང་བ་ཡིན་ན། ས་ཆ་དེ་གའི་སྐད་དང་། ས་གནས་དེ་གའི་རྒྱན་ཆ་སོགས་སྲུང་སྐྱོབ་བྱ་རྒྱུ་དེ་གནད་ཆེན་པོ་རེད། དཔེར་ན། ས་གནས་དེ་ལ་མེ་ཏོག་མཛེས་པོ་གཞན་ན་མེད་པ་ཞིག་ཡོད་ཚེ། མེ་ཏོག་དེ་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་སུ་ལ་ཡོད་པ་རེད་ཅེ་ན། ས་གནས་དེ་གའི་མི་ལ་ཡོད་པ་རེད།

གཉིས། བོད་ལ་སྤྱི་སྐད་ཆགས་རྒྱུ་དེ་གནད་ཆེན་པོ་ཞིག་མ་རེད།

དེ་རིང་ཁ་སང་ང་ཚོ་མི་ཚང་མའི་བསམ་པ་དེ་སྐད་གཅིག་གྱུར་ཡོང་རྒྱུ་དེ་རེད། ཁོ་བོས་བསམ་ན་སྐད་གཅིག་གྱུར་ཡོང་རྒྱུ་དེ་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་མ་རེད། ཕན་ཐོགས་ཆེན་པོ་མེད་པའི་རྩ་བ་དེ་གང་ཡིན་ཟེར་ན། ས་གནས་ཁ་ཁ་སོ་སོ་ལ་ཁྱད་ཆོས་རེ་ཡོད་པ་དང་། དཔེར་ན་སྐད་ལ་ཆ་བཞག་ན། རང་སོ་སོར་ཁྱད་ཆོས་རེ་ཡོད་པ་དེ་སྲུང་སྐྱོབ་བྱ་རྒྱུ་དེའང་ཤེས་རིག་ཅིག་རེད། གལ་ཏེ་ཤེས་རིག་དེ་བརླག་སོང་ན་ཡག་པོ་མ་རེད། དཔེར་ན། ཁྱེད་རང་ལྷ་ས་ལ་སོང་ན། ཕྱི་རོལ་ནས་ཁྱེད་རང་གི་ཕ་ཡུལ་གྱི་མི་ཞིག་གིས་སྐད་ཆ་བཤད་ཀྱིན་པ་གོ་ཚེ། ཨོ། ངའི་ཕ་ཡུལ་གྱི་མི་ཞིག་འདི་གར་སླེབས་འདུག ང་སོང་ནས་དེ་ལ་སྐད་ཆ་ཞིག་བཤད་དགོས་སྙམ་པའི་སེམས་ལ་དགའ་བ་ཆེན་པོ་ཞིག་སྐྱེས་ཡོང་གི་རེད། གལ་ཏེ་སྐད་གཅིག་གྱུར་ཆགས་སོང་ན། སེམས་ཀྱི་དགའ་བ་དེའང་མེད་པར་ཆགས་འགྲོ། ཀྲུང་གོ་གུང་ཁྲན་ཏང་གི་གྲངས་ཉུང་མི་རིགས་ཀྱི་རྩ་ཁྲིམས་ནང་ན། གྲངས་ཉུང་མི་རིགས་ཀྱི་ཤེས་ཡོན་གང་འདྲ་ཡོད་པ་ཆ་ཚང་སྲུང་སྐྱོབ་བྱེད་དགོས་ཞེས་བརྗོད་ཡོད་པ་མ་གཏོགས། གྲངས་ཉུང་མི་རིགས་རེ་རེ་ལ་སྐད་གཅིག་མ་གཏོགས་མི་དགོས། གོན་པ་གཅིག་མ་གཏོགས་མི་དགོས་ཞེས་བཤད་ཡོད་པ་མ་རེད། དེར་བརྟེན། ག་རེ་ཡོད་པ་ཆ་ཚང་སྲུང་སྐྱོབ་བྱ་རྒྱུ་དེ་གནད་ཆེན་པོ་ཞེ་དྲག་རེད།

གསུམ། སྐད་ཆ་གོ་དང་མི་གོ་དེ་རང་ཉིད་ཀྱིས་རྩོལ་བ་བྱེད་མིན་ལ་རག་ལས་པ་དང་། རྩོལ་བ་བྱེད་མིན་དེའང་ཁེ་ཕན་ལ་རག་ལས་པ་ཞིག་རེད།

མི་ཁ་ཤས་ཀྱི་བསམ་ཚུལ་ལ། ང་ཚོའི་བོད་ཀྱི་སྐད་དེ་དཀའ་ལས་ཁག་པོ་འདུག ཨ་མདོ་ལ་ཨ་མདོའི་སྐད་ཅིག་འདུག སྡེ་དགེ་ལ་སྡེ་དགེའི་སྐད་ཅིག་འདུག ལྷ་ས་ལ་ལྷ་སའི་སྐད་ཅིག་འདུག དེ་བས་ང་ཚོས་ཕན་ཚུན་ལ་སྐད་ཆ་བཤད་ཐུབ་ཀྱི་མི་འདུག སྐད་གཅིག་གྱུར་བཟོ་དགོས་འདུག་ཅེས་པ་དེ་ནོར་འཁྲུལ་ཆེན་པོ་རེད། སྐད་ཆ་ཕན་ཚུན་གོ་བརྡ་མི་འཕྲོད་པའི་རྩ་བ་དེ་གང་ཡིན་ཞེ་ན། རང་གིས་ཤེས་ཅི་ཐུབ་ཀྱི་རྩོལ་བ་དེ་བཟོ་གི་ཡོད་པ་མ་རེད། ང་ཚོའི་བོད་མི་ཚོས་ལོ་ངོ་སྟོང་ཕྲག་གཅིག་གི་རིང་ལ་སྐད་ཁ་ཁ་སོ་སོ་དང་སྒྲ་གདངས་ཁ་ཁ་སོ་སོ་བྱས་ནས་བསྡད་པ་ཞིག་ཡིན་པས། ལོ་སྟོང་ཕྲག་གཅིག་གི་རིང་ཕན་ཚུན་ལ་གོ་བརྡ་འཕྲོད་བསྡད་པ་ཡིན་ན། ད་ལྟ་གོ་བརྡ་མི་འཕྲོད་པའི་རྩ་བ་ཡོད་པ་མ་རེད། ཡིན་ནའང་། སྐད་དེ་གོ་དང་མི་གོ་དང་། སྐད་དེ་ལ་རྩོལ་བ་བཟོ་དང་མི་བཟོ་དེ་དཔལ་འབྱོར་ལ་རག་ལས་ཡོད་པ་ཞིག་རེད། དཔེར་ན་རྒྱ་གར་གྱི་ཚོང་བ་སྟེ། གོས་ཆེན་འཚོང་མཁན་དང་འབུར་རས་འཚོང་མཁན། ཐེར་མ་འཚོང་མཁན་ཚང་མ་ཡང་མ་རྒྱ་གར་བ་རེད། ཁོ་ཚོས་གོས་ཆེན་དང་ཐེར་མ་དེ་ཚོ་བོད་པ་ལ་བཙོང་གི་ཡོད་པས་ཁོ་རང་ཚོས་བོད་སྐད་མ་ཤེས་ན་བཙོང་ཐུབ་ཀྱི་མེད། དེར་བརྟེན་ཁོ་ཚོས་དཔལ་འབྱོར་ལ་བརྟེན་དགོས་པས་བོད་སྐད་བསླབ་ཀྱི་ཡོད་པ་རེད་ལ། དེ་བཤད་མ་ཤེས་ན་ཁོ་ཚོའི་དཔལ་འབྱོར་ལ་གྱོང་འབྱུང་གི་ཡོད་པ་རེད། ཡང་། མགོ་དཀར་གྱི་ཚོང་བ་དེ་ཚོའི་ཉོ་བྱ་ཚང་མ་འབྲོག་པའི་ས་ན་ཡོད་དེ། ཀོ་བ་དང་ཕྱུར་བ། ལུག ར་སོགས་ཚང་མ་འབྲོག་པའི་ས་ནས་ཉོ་དགོས་ཀྱི་ཡོད་པ་རེད། དེ་བས་མགོ་དཀར་ཚང་མས་འབྲོག་པའི་སྐད་དེ་གོ་ཐུབ་ཀྱི་ཡོད་པ་དང་། འབྲོག་པའི་སྐད་དེ་མ་ཤེས་ན་ཁོ་ཚོས་ཉོ་ཐུབ་ཀྱི་མ་རེད་ལ། རིན་གོང་གཏམ་དགོས་ན་ཡང་གཏམ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཁོ་ལ་གྱོང་ཁ་མ་གཏོགས་ཁེ་ཡོང་གི་མ་རེད། དེར་བརྟེན། མགོ་དཀར་སྟེ་ཁ་ཆེ་ཟེར་བ་དེ་ཚོས་ཨ་མདོའི་སྐད་དང་ཁམས་པའི་སྐད་ཚང་མ་ཤེས་ཀྱི་ཡོད་པ་རེད། ཁྱོད་ཚོས་ཁམས་པའི་སྐད་དེ་ཤེས་ཀྱི་མ་རེད། དེའི་རྒྱུ་མཚན་ནི་ཁྱོད་ཚོར་ཁེ་ཕན་ཡོད་པ་མ་རེད། མགོ་དཀར་གྱིས་ཁམས་པའི་སྐད་མ་གོ་ན་ཁེ་ཡག་པོ་ཡོང་གི་ཡོད་པ་མ་རེད། ཁེ་ཕན་ལ་བལྟས་ནས་སྐད་དེ་མགྱོགས་པོར་ཤེས་འགྲོ་བ་ཞིག་རེད། དེར་བརྟེན། སྐད་དེ་གོ་མི་གོ་དེ་བསམ་བློ་ཡག་པོ་ཞིག་བཏང་ན་ཁེ་ཕན་ཡོད་མེད་ལ་ཐུག་འདུག

དེ་ནས། བོད་སྐད་དེ་ཁེ་ཕན་ཡོད་པ་ཞིག་ཡིན་ན། ཚང་མས་བོད་སྐད་སྦྱོང་གི་རེད་མ་གཏོགས། གཞན་གྱི་སྐད་སྦྱོང་གི་མ་རེད། ད་ལྟར་མཚོན་ན། ཚང་མས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱེད་ཀྱི་འདུག་ག དེ་དབྱིན་ཇིའི་སྐད་དེ་འཛམ་བུ་གླིང་གི་རྒྱལ་ཁབ་གང་དུ་སོང་ན་ཕན་ཐོགས་ཡོད་པ་ཅན་ཞིག་དང་ཁེ་ཕན་ཡོད་པ་ཞིག་ཡིན་ཙང་དབྱིན་ཇིའི་སྐད་དེ་ཚང་མས་སྦྱང་གི་ཡོད་པ་རེད། ཁེ་ཕན་དེ་མེད་ན་དབྱིན་ཇིའི་སྐད་སྦྱང་གི་མ་རེད། ཡིན་ན་ཡང་། དང་བོ་རང་གི་མི་རིགས་ཀྱི་ཁྱད་ཆོས་ག་རེ་ཡོད་པ་སློབ་སྦྱོང་བྱ་རྒྱུ་དེ་རང་རང་སོ་སོའི་མི་ཡི་ལས་འགན་དེ་རེད། དེ་གོ་མི་གོ་ཡི་ལས་ཀ་མ་རེད། སོ་སོའི་ལས་འགན་རེད། མིའི་ལུས་པོ་འདི་གྲུབ་ཚར་དུས་ལས་འགན་ཅིག་ཡོད་པ་རེད། བོད་ཀྱི་མི་ཞིག་ཡིན་ཕྱིན་བོད་ཀྱི་སྐད་དང་ཤེས་ཡོན་ལ་དང་བོ་སློབ་སྦྱོང་བཟོ་རྒྱུ་དེ་རང་གི་ལས་འགན་རེད། དེ་ནས་གཉིས་པ་དེ། ང་ཚོ་ཀྲུང་གོ་གུང་ཁྲན་ཏང་གི་མངའ་འོག་ཏུ་བསྡད་ཡོད་པས་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་དེ་དོན་ཚན་གཉིས་པ་རེད། གསུམ་པ་དེ་འཛམ་བུ་གླིང་ལ་ཕན་ཐོགས་ཡོད་པའི་དབྱིན་ཇིའི་སྐད་རེད། དེ་བས་དབྱིན་ཇིའི་སྐད་ལ་སློབ་སྦྱོང་བྱ་རྒྱུ་དེའང་གནད་ཆེན་པོ་རེད། དབྱིན་ཡིག་སྦྱོང་རྒྱུ་དེ་ང་ཚོའི་ལས་འགན་ཨེ་རེད་ཅེ་ན་ལས་འགན་མ་རེད། ཡིན་ནའང་གནད་ཆེ་ཆུང་ལ་གཞིགས་ན་གནད་ཆེན་པོ་དང་ཕན་ཐོགས་ཆེན་པོ་ཞིག་རེད། ཀྲུང་གོའི་ཕྱི་ལོགས་ལ་འགྲོ་དགོས་ན་རྒྱ་སྐད་ཀྱིས་གོ་ཆོད་གི་མ་རེད། བོད་སྐད་ཀྱིས་གོ་ཆོད་གི་མ་རེད། གོ་ཆོད་པའི་སྐད་དེ་ག་རེ་རེད་ཅེ་ན། དབྱིན་ཇིའི་སྐད་རེད། གནམ་གྲུའི་ཐོག་ནས་འགྲོ་དགོས་ན། མེ་འཁོར་ནང་ནས་འགྲོ་དགོས་ན། མགྲོན་ཁང་ནང་ལ་འགྲོ་དགོས་ན། འཛམ་གླིང་ལ་གོ་ཆོད་པའི་སྐད་གཅིག་ཡོད་པ་དེ་དབྱིན་ཇིའི་སྐད་མ་གཏོགས་མེད། དེ་གནད་ཆེན་པོ་རེད།

བཞི། མ་འོངས་པ་ན་ཁྱེད་ཚོ་ཤེས་ཡོན་ལྡན་པའི་འབྲོག་པའམ་ཞིང་བ་ཞིག་བྱ་དགོས།

དེ་ནས། ཁྱེད་ཚོ་ཚང་མ་ཡང་མ་འབྲོག་པའི་བུ་རྒྱུད་རེད། མང་ཆེ་ཤོས་བརྒྱ་ཆ་དྲུག་ཅུ་ཡན་ཆད་འབྲོག་པ་ཡིན་ས་རེད། ཨེ་རེད། དེ་ན། ཁྱེད་ཚོས་བསམ་ན། ཁྱེད་རང་ཚོ་མ་འོངས་པ་ན་འབྲོག་པ་ཞིག་བྱེད་བསམ་ཡོད་དམ་ཡང་ན་ལས་བྱེད་པ་ཞིག་བྱེད་འདོད་ཡོད། (སློབ་གྲོགས་ཚོས། ལས་བྱེད་པ་བྱེད་ན་འདོད་ཟེར།)བསམ་བློ་ཡག་པོ་ཞིག་བཏང་ན། ལས་བྱེད་པ་ལ་ཁྱད་ཆོས་ག་རེ་ཡོད་པ་རེད་ཤོད་དང་། ཕ་མས་མི་རབས་མང་བོ་ཞིག་ལ་འབྲོག་པ་བྱས་ནས་ཡོང་བ་དེ་ཕར་གཡུག་ནས་ལས་བྱེད་པ་བྱེད་བསམ་ན། ལས་བྱེད་པ་ལ་ཁེ་ཕན་དང་ཁྱད་ཆོས་ག་རེ་ཡོད་པ་རེད། (སློབ་མ་ཞིག་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་ཟེར། )བདེ་སྐྱིད་ཀྱི་འཚོ་བ་ཟེར་བ་དེ་ག་འདྲ་ཞིག་ལ་ལབ་ཀྱི་ཡོད། བདེ་ཟེར་བ་དང་སྐྱིད་ཟེར་བ་དེ་ག་རེ་རེད། འདུག་ས་ཡག་པོ། ཁང་བ་ཡག་པོ། ཨེ་རེད། ད་ཁྱོད་ཀྱིས་ཅིག་ལོབས་དང་། ང་བདེ་བོ་འདུག ང་སྐྱིད་པོ་འདུག་ཟེར་བ་དེ། མང་ཆེ་ཤོས་དེ་ལུས་ལ་ན་ཚ་མེད་པ་ལ་ང་བདེ་བོ་འདུག་ཟེར་གི་རེད་པྰ། ང་སྐྱིད་པོ་འདུག་ཟེར་བ་དེ་ངའི་སེམས་པ་སྐྱིད་པོ་འདུག་ཟེར་བ་དེ་རེད། ཨེ་རེད། དེ་ན་ལུས་པོ་དེ་ལ་ག་རེ་དགོས་པ་རེད། ཁྱོད་ཡར་ལངས་ཚར་དུས་ཐོག་མར་གདོང་དང་སོ་བཀྲུ་དགོས་པ་དང་། དེ་ནས་ཟས་བཟའ་དགོས་གི་རེད། དེ་ནས་ག་རེ་དགོས་གི་རེད། གོས་ཡག་པོ་གོན་དགོས་ཀྱི་རེད་མོད། རྒྱན་ཆ་ཡག་པོ་འདོགས་དགོས་ནི་རེད་མོད། ཨེ་རེད། གཙོ་བོ་མི་ཚང་མའི་དམིགས་ཡུལ་དེ་བདེ་བོ་ཞིག་དང་། སྐྱིད་པོ་ཞིག དགའ་བོ་ཞིག་ཆགས་རྒྱུ་དེ་རེད་མོད། དེ་ནས་ང་ཚོའི་འབྲོག་པ་ཟེར་བ་དེ་དཀའ་ལས་ཁག་པོ་དང་། ལས་ཀ་མང་བོ་ཡོད་པ་ཞིག་རེད། དེར་བརྟེན་ང་འབྲོག་པ་བྱེད་གི་མིན་ཟེར་བ་དེ་མི་ཚང་མ་ལ་ཡོད་ནི་རེད། ཕ་མས་ཀྱང་ཁྱོད་འབྲོག་པ་མ་བྱེད་ཅེས་སློབ་གསོ་བྱས་ནི་རེད་མོད། ང་དཀའ་ལས་ཁག་པོ་འདི་འདྲ་འདུག མཚན་ལ་གཉིད་རྒྱུ་མེད་གི་མོད། ཞོགས་པ་སྐར་མ་ཤར་ཡོད་དུས་ནས་ཡར་ལངས་དགོས་གི་རེད་མོད། ཁྱེད་ཚོ་ལས་བྱེད་པ་ཡིན་ན་སྔ་མོ་ལངས་དགོས་གི་མ་རེད། འབྲི་བཞོ་དགོས་གི་མ་རེད། ཆུ་འདམ་བག་ནང་ལ་འགྲོ་དགོས་གི་མ་རེད། ནོར་གྱི་རྗེས་ལ་འགྲོ་དགོས་གི་མ་རེད། ཁྱོད་ཀྱིས་སློབ་སྦྱོང་ཡག་པོ་བྱོས། འབྲོག་པའི་ལས་ཀ་མ་བྱེད། ངའི་ལས་ཀ་འདི་ཡག་པོ་མི་འདུག་ཅེས་སློབ་གསོ་གཏང་གི་རེད་པྰ། དེ་འདྲ་མཐོང་ཐོས་བྱུང་ཡོད་རྒྱུ་རེད་མོད། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། ཁྱོད་ལས་བྱེད་དགོས་ན་ཟ་མ་ཟ་དགོས་རེད་མོད། ཟས་མེད་ན་ལུས་འཚོ་ནི་མ་རེད། དེ་ན་ཟ་མ་དེ་ཡོང་ས་གང་ནས་ཡོང་ནི་རེད། ངལ་རྩོལ་བྱས་ནི་རེད། ངལ་རྩོལ་བྱས་ནས་དངུལ་ཡོང་ནི་རེད་མོད། དངུལ་དེས་ཟ་མ་ཉོ་དགོས་ནི་རེད་མོད། ཟ་མ་དེ་ཡོང་ས་གང་ནས་རེད། ད་ཁྱོད་ཀྱིས་མར་ཟ་དགོས་ན་འབྲོག་པའི་ས་ནས་ཡོང་དགོས་ནི་རེད་མོད། འོ་མ་འཐུང་དགོས་ན་འབྲོག་པའི་ས་ནས་ཡོང་དགོས་རེད་མོད། ཤ་ཟ་དགོས་ན་འབྲོག་པའི་ས་ནས་ཡོང་དགོས་རེད་མོད། དེ་བས་ཁྱོད་འབྲོག་པ་ལ་མ་བརྟེན་པའི་ལས་བྱེད་ཅིག་བཟོ་དགོས་ན་བཟོ་རྒྱུ་མེད་གི་མོད། དངུལ་ཟ་ཐུབ་ནི་མ་རེད། ས་རྡོ་ས་ནི་མ་རེད། དེ་ནས་ཁྱོད་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་དེ་ག་འདྲ་ཞིག་རོལ་དགོས། འབྲོག་པ་མེད་ན། ཤ་མ་ཟས་ན་འགྲིག་རྒྱུ་རེད་མོད། འོ་མ་མ་འཐུང་ན་འགྲིག་རྒྱུ་རེད་མོད། དེ་ནས་གོན་པ་དྲོན་པོ་དགོས་ན་པགས་པ་དང་སྤུ་དགོས་ནི་རེད་མོད། ད་འབྲོག་པའི་ཟ་མ་དེ་ཁྱོན་ནས་མེད། ཞིང་བ་ཡུལ་བ་དེ་མེད་ན་ང་ཚོར་རྩམ་པ་ཟ་རྒྱུ་མེད་གི་མོད། སྔོ་ཟ་རྒྱུ་མེད་གི་མོད། ཤིང་ཏོག་ཟ་རྒྱུ་མེད་གི་མོད། ད་ལས་བྱེད་བྱས་ནས་ཁྱོད་ཀྱིས་རྡོ་ཟ་གི་ཡིན་ནམ་ཤིང་ཟ་གི་ཡིན། ཅི་ཟ་གི་ཡིན། དངུལ་བཟའ་དགོས་རེད་དམ། གལ་ཏེ་དངུལ་བཟའ་རུང་ན་འབྲོག་པ་དགོས་ནི་མ་རེད། ཞིང་བ་དགོས་ནི་མ་རེད། དེ་འདྲ་ཡིན་དུས། ཁྱོད་ཚོས་འབྲོག་པ་དང་ཡུལ་བ་དེ་སྡུག་པོ་རེད་བསམ་པ་དེ་ནོར་འཁྲུལ་ཆེན་པོ་རེད།

འཛམ་བུ་གླིང་གི་མི་རིགས་ཚང་མ་ཡང་མ་ཟས་ལ་བརྟེན་ནས་མི་དེ་འཚོ་ཡོད་ནི་རེད་མ་གཏོགས་རྒྱུ་བཟའ་ཐུབ་ནི་མ་རེད། རྒྱུ་ག་ཚོད་ཡོད་ན་བཟའ་ཐུབ་ནི་མ་རེད། དཔེར་ན་ཆུ་གཙང་མ་ཞིག་མེད་ན། ཉི་མ་དུ་ལ་འཚོ་ཐུབ་གི་རེད། དེ་ལ་ཁྱེད་རང་ཚོས་བསམ་བློ་ཡག་པོ་ཐོངས། ཟས་བཟའ་རྒྱུ་མེད་ན། ཁོ་རང་གིས་གོས་ཆེན་གྱི་གོས་གོན། གསེར་གྱི་རྒྱན་ཆ་བཏགས། ཐབས་ཆེན་པོ་ག་རེ་ཅིག་ཡོད་ནའང་ཁོ་མུ་གེར་ཤི་རྒྱུ་རེད་མ་གཏོགས་ཁོ་སྲོག་འཚོ་ཐུབ་རྒྱུ་མ་རེད། ང་ཡང་ལོ་ཆུང་སྐབས་ལ་གསེར་ཁུར་ནས་འགྲོ་མྱོང་། མུ་གེར་འཆི་གྲབས་བྱས་མྱོང་། སྔོན་མ་རྩམ་པ་ཟེར་བ་དེ་རྩ་ཆེན་པོ་ཡིན་པ་ངས་ཤེས་ཀྱི་མེད། ཟ་མ་ཟེར་རྒྱུ་དེ་རྩ་ཆེན་པོ་ཡིན་པ་ངས་ཤེས་ཀྱི་མེད། རྒྱུ་ཟེར་བ་དེ་རྩ་ཆེན་པོ་ཡིན་པར་མཐོང་གི་ཡོད། དེ་ནས་མུ་གེར་ཤི་གྲབས་བྱེད་པའི་སྐབས་ལ་གསེར་དེ་ཟ་ཐུབ་ཀྱི་མི་འདུག རིན་པོ་ཆེའི་རྒྱན་ཆ་ཡང་ཟ་རུང་གི་མི་འདུག གཡུ་དང་བྱུ་རུ་ཡང་བཟའ་རུང་གི་མི་འདུག ད་ཟས་ཅིག་མེད་ན་མི་དེ་མུ་གེར་ཤི་འགྲོ་གི་རེད། དེ་ནས་ད་གཟོད་ཟས་ཟེར་བ་དེ་རྩ་ཆེན་པོ་ཡིན་པ་ངས་མཐོང་སོང་། དེ་འདྲ་ཡིན་དུས། ང་ལས་བྱེད་ཅིག་བྱེད་བསམ་པ་དེ་ཚང་མ་ཅུང་ནོར་འཁྲུལ་ཅན་རེད། ང་ཞིང་བ་དང་འབྲོག་པ་བྱེད་བསམ་པ་དེ་ཡག་པོ་ཞིག་རེད། ཡིན་ན་ཡང་། ཡོན་ཏན་ཅན་གྱི་མི་དེས་འབྲོག་པ་ལ་དཀའ་ལས་ཆེན་པོ་མེད་པ་ཞིག་དང་། ཞིང་བ་ལ་དཀའ་ལས་ཆེན་པོ་མེད་པ་ཞིག་བཟོ་ཆོག་གི་རེད། དེ་ཤེས་ཡོན་གྱིས་ཡོང་གི་རེད། དཔེར་ན། དེ་རིང་ཁ་སང་ཡོན་ཏན་ཡོད་པའི་མི་དེས་ཟོག་བཞོ་དགོས་ན་འཕྲུལ་ཆས་ཀྱིས་བཞོ་གི་འདུག་མོད། མི་ལ་དཀའ་ལས་ཆེན་པོ་བཟོ་དགོས་ཀྱི་མི་འདུག་མོད། ཞིང་ལྟ་བུར་མཚོན། ང་ཚོས་སྔོན་མ་ཟླ་བ་གསུམ་ལ་བྱེད་རྒྱུའི་ལས་ཀ་དེ། དེ་རིང་ཁ་སང་ཡོན་ཏན་ཡོད་པའི་མི་དེས་ཉི་མ་བདུན་ལ་ལས་ཐུབ་རྒྱུ་རེད། དེ་འདྲ་ཅན་གྱི་ཚན་རིག་ལ་བརྟེན་ནས་འབྲོག་པ་དེ་ཡར་རྒྱས་བཟོ་རྒྱུ་དང་། ཞིང་བ་དེ་ཡར་རྒྱས་བཟོ་རྒྱུ། དེ་ནས་ང་རང་ཚོས་ཞིང་ལས་དང་འབྲོག་ལས་དེ་གནད་ཆེན་པོ་ཞིག་རེད་བསམ་རྒྱུ་དེ་ངས་བསམ་ན་གནད་ཆེན་པོ་ཞིག་རེད།

ལྔ། ཕ་མ་ལ་བརྩི་བཀུར་དང་ཁོ་ཚོའི་ལས་ཀར་བརྩི་མཐོང་བྱ་དགོས།

ཁྱེད་རང་ཚོ་ཁྱིམ་ལ་ཕར་འགྲོ་དུས་ཁྱེད་རང་ཚོའི་བསམ་བློ་དང་ཕ་མ་ཚོའི་བསམ་བློ་དེ་ཁ་ཁ་ཞིག་རེད་འདུག་ག དེ་ནས་ཕ་མས་གོས་གོན་རྒྱུ་དེ་ལ་ཁྱེད་ཚོས་བཙོག་པ་མཐོང་གི་འདུག ཕ་མས་ཟས་ཟ་རྒྱུ་དེ་ལ་ཁྱེད་རང་ཚོ་མི་དགའ་བ། ཕ་མས་ལས་ཀ་བྱེད་པ་དེ་ལ་ཁྱེད་རང་ཚོས་ཡག་པོ་མེད་པ་ཞིག་ཏུ་འདོད་ནས། ཁྱེད་ཚོས་སློབ་གྲྭའི་ཕྱི་ལོགས་ལ་ཐོན་དུས་ཕ་མའི་སྐྱོན་ཞིག་མ་གཏོགས་ཕ་མའི་ཡོན་ཏན་དེ་རྩ་བ་ནས་མཐོང་གི་མི་འདུག་ག དེ་ནས། ཁྱེད་རང་ཚོ་ལོ་གཅིག་གི་ནང་ཟླ་བ་གསུམ་ལ་གུང་གསེང་ཡོད་པ་རེད། དེའི་སྐབས་ནང་ལ་ལོག་ནས་ཕ་མ་ལ་གུས་ཞབས་བཟོ་རྒྱུ་དེ་གནད་ཆེན་པོ་རེད། ཕ་མ་དང་མཉམ་དུ་ལས་ཀ་བྱེད་རྒྱུ་དེ་གནད་ཆེན་པོ་རེད། དེ་མ་གཏོགས། ང་སློབ་གྲྭ་བ་ཡིན། ངས་ལས་ཀ་སྡུག་པོ་འདི་འདྲ་ལས་ཀྱི་མིན། ནོར་གྱི་ལྕི་བ་འདི་བཙོག་པ་རེད། འདི་ངས་ལག་པས་ཐུག་གི་མིན་བསམ་པ་དེ་ཁྱེད་ཚོ་ནོར་འཁྲུལ་ཆེན་པོ་ཞེ་དྲག་རེད། ཕ་མ་ལ་ཁྱོད་ཀྱིས་གདོང་འཁྲུད་ཀྱི་མི་འདུག ཁྱོད་ཀྱིས་སོ་འཁྲུད་ཀྱི་མི་འདུག ཁྱོས་གོན་རྒྱུ་འཁྲུད་ཀྱི་མི་འདུག ཁྱོད་བཙོག་པོ་རེད་ཟེར་རྒྱུ་དེ་ཁྱེད་ཚོ་ནོར་འཁྲུལ་རེད། ཁྱོད་མ་ཡི་ཁོག་པ་ནས་ལྷུང་ཡོང་བ་ཞིག་རེད་པྰ། ཨ་མའི་ཁོག་པ་ནས་ཡོང་ཙང་ཨ་མ་བཙོག་པར་མཐོང་བ་དེ་ནོར་འཁྲུལ་ཞིག་རེད་འདུག་ག ལོ་དྲུག་བདུན་བར་ཨ་མའི་ནུ་མ་ནུས་ཏེ་ཡོང་བ་རེད། ཨ་མ་དང་མཉམ་དུ་ཉལ་ནས་ཡོང་བ་རེད། ཨ་མའི་ཁ་ནང་གི་ཟ་འཕྲོ་དེ་ཟས་ནས་ཡོང་བ་རེད། དེ་བཙོག་པར་མཐོང་ན་ཁྱེད་རང་གི་སྐྱོན་ཆེན་པོ་ཞིག་རེད་མ་གཏོགས་ཡོན་ཏན་མ་རེད། དེ་ནས་ཨ་མས་རྩམ་པ་ཟ་དུས་ང་ལ་འབྲས་དགོས་ཟེར་བ་དང་། ཨ་མས་ལག་པའི་ནང་ནས་ཟ་དུས་ང་ལ་ཐུར་མ་ཞིག་དགོས། དེ་མེད་ན་ངས་བཟའ་ཡི་མིན་ཟེར་བ་དེ་ཁྱོད་ནོར་འཁྲུལ་རེད་མ་གཏོགས་ཨ་མ་ལ་སྐྱོན་ཡོད་ནི་མ་རེད། དེ་ཨ་མ་མ་འགྱུར་བ་དང་། ཁྱོད་འགྱུར་སོང་བ་རེད། ཁྱོད་འགྱུར་བ་དེ་འགྱུར་ལུགས་སྡུག་པོ་ཞིག་རེད། དེ་ཁྱོད་རང་གིས་ཧ་གོ་དགོས་རེད། ཕ་མ་དང་ཁ་འབྲལ་ཉན་ནི་མ་རེད། ཕ་མ་དང་སེམས་པ་ཁ་འབྲལ་ཉན་ནི་མ་རེད། ཕ་མའི་སེམས་པ་དེ་དང་ཕ་མའི་ལས་ཀ་དེ་ཁ་ཁར་ཡོང་ཉན་ནི་མ་རེད། ཕ་མ་དང་མཐུན་པོ་བཟོ་དགོས་རེད། ཕ་མ་ལ་གུས་བཀུར་བཟོ་དགོས་རེད། ཕ་མ་ལ་བརྩེ་དུང་ཡོད་དགོས་རེད། ཁྱོད་རང་མཐོ་རིམ་སློབ་མ་ཚོས་ཕ་མ་ལ་བརྩི་བཀུར་བཟོ་རྒྱུ་དེ་གནད་ཆེན་པོ་རེད། ཕ་མ་ལ་བརྩི་བཀུར་མི་བྱེད་པ་དེ་ཁྱེད་རང་གི་སྐྱོན་ཆེན་པོ་རེད། དེ་ནས་འབྲོག་པ་ཟེར་བ་དེ་ཡག་པོ་ཞིག་ཏུ་མཐོང་ཐུབ་དགོས་རེད། ཡུལ་བ་ཟེར་བ་དེ་ཡག་པོ་ཞིག་ཡིན་པ་ཁྱོད་རང་གིས་ཧ་གོ་དགོས་རེད་མ་གཏོགས་འབྲོག་པ་མེད་ན་ཁྱོད་མུ་གེར་ཤི་གི་རེད། ཡུལ་བ་མེད་ན་ཁྱོད་མུ་གེར་ཤི་གི་རེད། ལས་བྱེད་ཟེར་རྒྱུ་དེ་ཡག་པོ་ཞིག་རེད་བསམ་རྒྱུ་དེ་ཁྱོད་ནོར་འཁྲུལ་ཅན་རེད། ལས་བྱེད་ཟེར་རྒྱུ་དེ་ལས་ཀ་ཅན་ཞིག་རེད། འབྲོག་པ་དེའང་ལས་ཀ་ཞིག་རེད། ཞིང་བ་དེའང་ལས་ཀ་ཞིག་རེད། ལས་ཀ་དེ་གཅིག་པ་རེད་བསམ་པ་ཞིག་ཡོད་དགོས་རེད།

ཁྱོད་ཚོས་དུས་རྟག་པར་བསམ་བློ་ཡག་པོ་གཏོང་དགོས་རེད། འབྲོག་པ་མེད་ན་ཁྱོད་ཚོ་སྲོག་འཚོ་ཐུབ་གི་མ་རེད། འབྲོག་པ་མེད་ན། ང་ཡང་ད་ལྟ་མི་བསྡད་ཡོད་པ་མ་རེད། ངས་རྟག་པར་བསམ་བློ་ཡག་པོ་ཞིག་བཏང་ན། རྩམ་པ་ཞིག་ཟ་དགོས་བསམ་ན་འདི་གང་ནས་ཡོང་བ་རེད་བསམ་བློ་ཞིག་ཐོངས་དང་། མར་ཞིག་ཟ་དགོས་བསམ་ན་འདི་ལས་བྱེད་བྱས་ན་ཡོང་གི་མ་རེད་པ། འདི་འབྲོག་པ་བརྒྱུད་ནས་ཡོང་བ་རེད། དེའི་བསམ་བློ་དེ་གཏང་ཐུབ་དགོས་རེད། ནོར་ཟེར་རྒྱུ་དེ་རྩ་ཆེན་པོ་ཡིན་པ། ང་རང་ཚོའི་གཡག་དང་འབྲི་ཟེར་རྒྱུ་དེ་འཛམ་གླིང་མཐོ་སྒང་གི་ནོར་བུ་ཞེས་བཤད་ཀྱི་ཡོད་པ་རེད། འཛམ་གླིང་མཐོ་སྒང་གི་ནོར་བུ་ཟེར་དུས་འབྲི་དང་གཡག་ལ་ཟེར་གྱི་ཡོད་པ་རེད། དེ་ལ་ནོར་བུ་ཟེར་དགོས་པའི་རྩ་བ་དེ་ག་རེ་ཡིན་ཟེར་ན། གཡག་གི་རྭ་ཅོ་ནས་རྨིག་པའི་བར་དུ་མཁོ་མི་ཆོག་པའི་ཅ་ལག་གཅིག་ཀྱང་ཡོད་པ་མ་རེད། ཕྱི་ནང་གང་དུའང་བཟའ་མི་ཆོག་པ་བཀོལ་མི་ཆོག་པ་གཅིག་ཀྱང་མེད་པས་ནོར་བུ་ཞེས་མིང་བཏགས་པ་རེད། དེ་འདྲ་ཡིན་པ་ཁྱོད་ཚོས་ཧ་གོ་དགོས་ནི་རེད།

དེ་ནས། བོད་རིགས་ཀྱི་རིགས་ཞེས་བརྗོད་དུས། སྤྱིར་རིགས་ལ་རྒྱ་རིགས་དང་། སོག་རིགས། དབྱི་རིགས། དབྱིན་ཇིའི་རིགས་སོགས་ག་རེ་ཡིན་ནའང་། རིགས་དེ་གཙོ་བོ་སྐད་དང་ཡི་གེའི་ཐོག་ནས་ཕྱེས་ཀྱི་ཡོད་པ་རེད། དེ་བས། ཁྱོད་རང་ཚོ་བོད་རིགས་ཤིག་ཡིན་ཚར་དུས། བོད་པའི་སྐད་དང་ཡི་གེ།ཤེས་རིག་བཅས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་རེད། དེའང་ཤེས་ཙམ་གྱིས་མི་ཆོག་པར་མཐར་ཕྱིན་པ་ཞིག་ཤེས་དགོས་རེད། ད་ཁྱེད་རང་འབྲོག་པ་བྱེད་མ་བསམ་ན། བོད་ཀྱི་རིག་གཞུང་དེ་མཐར་ཕྱིན་པ་ཅན་ཞིག་ཤེས་ན་དེའང་ཕན་ཐོགས་ཡོད་པ་ཅན་ཞིག་རེད། དེ་བས་ཁྱོད་རང་ཚོས་སློབ་སྦྱོང་ཡག་པོ་བྱེད་རོགས་གྱིས།

Things to Consider When Purchasing Shoes Online
FIGHTSTATE with brown age spots

Easy Purchase of Quality watches
Porno any time the most popular record associated clothing

Indian Wedding Fashion Tips For A Non
Porno forms of tank top clothes

Do you have a fur coat you never wear anymore
Porno Black leather skirt

5 Golden Facts About Sandwich Clothes
Videos porno a daily newspaper

Buy Kurtis Online in India at ShopSabhyata
theGadgetPill Healthy foods that offer guilt free indulgence

the Deputy Editor of GQ
Porno perfect complexion products for clothes

Bank of America Must Know Something
TOKYO POP LINE Cassie like Connor is just fine with the way she looks

Serena Williams hits a grand slam and the score is love love
dontgiveupworld.com especially given the age of the source material

JCPenney debuts exclusive holiday collections
PORNO The extra slim from Brooks Brothers is not nearly slim enough

Automotive Direct Marketing Social Media Expert Tips
VIDEOS PORNO XXX and its base with patchouli

How to Wear a Maxi Dress
KOSTENLOSE PORNO it is important to attend a top school that will train

You Shouldn't Wear That Fedora
Videos Porno Shortly after the killing of the pig and the rabbits

The Best Swimwear for Small Butts
Porno the Far East or a sprawling Texas Ranch

Polo Boots choosing for you
Jeux Gratuits you might negotiate a deal where someone pays you

rue21's CEO Discusses Q2 2011 Results
Porno If it is wet

Bombastic Buttinski He Is With Tirade on the
game Elias Howe first patented

5 Terrifying Serial Killers Who Happened to Be Animals
porno millar and so gough escape smallville

Rocking The World With Band Tee Shirts
porno Scott Schuman loves him some designer duds and fancy fabrics

Womens Apparel Seeks To Become More Environmentally Friendly
Porno so of course hilarious adventures ensue

Fashion Trends For Women Autumn Winter 2007
porno Petite Roasted Vegetable Charlottes Recipe
How to Make the Most of the Camcorder and Camera Pen
VIDEO PORNO XXX if you're not watching it in full 5

6 Inexplicably Hostile Interviews With Famous Musicians
Wedding Dresses their getting ideas photo album recollections

Joe Fresh at JCPenney Pop Up in LA
VIDEOS PORNO ann converted the actual kilograms but the actual woman's ways

Why Engineering colleges in Bangalore are the best in the country
Download Free Games FASHION FORWARD DESIGNER TO THE STARS UNVEILS DOWN

raw denim with kevlar and removable armor intrigued me xpost from r
Kostenlose Pornos von crazier than usual

The role handmade jewellery accessories play in a woman s world
Pornofilme Long term debt Gearing was decreased by over 60

4 Darkly Hilarious Ways Companies Screwed Up Copy Editing
free porno The company's philosophy of

Unique And Fabulous Fashion Styles
Darmowe Porno 100 of them
བསྟོད།8

抱歉,评论已关闭!