མར་ལེ་རིང་ལུགས་ཀྱི་སྒྲ་རིག་པའི་དགོངས་དོན་ལས་མི་རིགས་སྐད་ཡིག་གི་ལས་དོན་སྐོར་མདོར་བསྡུས་གླེང་བ།

རིག་པའི་ཁུ་བྱུག

༄༅། །མར་ལེ་རིང་ལུགས་ཀྱི་སྒྲ་རིག་པའི་དགོངས་དོན་ལས་མི་རིགས་སྐད་ཡིག་གི་ལས་དོན་སྐོར་མདོར་བསྡུས་བཤད་པའི་རྩ་བ་ནི་མི་རིགས་དང་མི་རིགས་སྐད་ཡིག་བར་གྱི་འབྲེལ་བ་དེ་ཡང་དག་པ་ཞིག་ཤེས་དགོས་པ་ཡིན། དེས་ན་ཐོག་མར་མི་རིགས་ཞེས་པ་ལ། སི་ཏཱ་ལེན་གྱིས། མི་རིགས་ཞེས་པ་ནི་མིའི་འགྲོ་བ་རྣམས་ལོ་རྒྱུས་ཀྱི་ནང་ནས་རང་བཞིན་གྱིས་གྲུབ་པའི་ཐུན་མོང་ཚོགས་པ་ཞིག་སྟེ་ཐུན་མོང་གི་སྐད་ཆ་ཡོད་པ་དང༌། ཐུན་མོང་གི་གནས་ཡུལ་ཆགས་པ། ཐུན་མོང་གི་དཔལ་འབྱོར་འཚོ་བ་ལྡན་པ་དང༌། དེ་མིན་ཐུན་མོང་གི་འདུ་ཤེས་ཁྱད་ཆོས་ལྡན་པའི་ཐུན་མོང་གི་ཚོགས་པ་བརྟན་ཆགས་ཅན་ཞིག་ཡིན།(《མར་ཁེ་སི་རིང་ལུགས་དང་མི་རིགས་གནད་དོན་སྐོར》)ཞེས་གསུངས་པ་ལྟར། མི་རིགས་ཤིག་ཡིན་ནས་བཟུང་སྟེ་གོང་དུ་ཞུས་པའི་ཐུན་མོང་གི་ཁྱད་ཆོས་བཞི་ཚང་དགོས་ཏེ། ཐུན་མོང་གི་སྐད་ཡིག་དང༌། ཐུན་མོང་གི་ས་ཁོངས། ཐུན་མོང་གི་དཔལ་འབྱོར་འཚོ་བ། ཐུན་མོང་གི་བསམ་པའི་འདུ་ཤེས་བཅས་ཡོད་པའི་འགྲོ་བ་མིའི་རིགས་ཀྱི་ཚོགས་སྐོར་ཞིག་ལ་ཟེར། མི་རིགས་ཤིག་གི་ཐུན་མོང་གི་ཁྱད་ཆོས་དེ་བཞི་ནི་མི་རིགས་ཤིག་གྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། མི་རིགས་ཀྱི་སྐད་ཆ་ནི་དེ་བས་ཀྱང་ཐུན་མོང་གི་ཁྱད་ཆོས་དང་པོ་དང་ཡང་ན་མི་རིགས་ཤིག་གི་གྲུབ་ཆ་ཆེས་གཙོ་བོ་ཡིན་པར་བསྟན་ཏོ། །

སྤྱིར་འགྲོ་བ་མིའི་རིགས་ལ་མཚོན་ན། སྐད་ཆ་ནི་མིའི་རིགས་ཀྱི་བརྡ་སྦྱོར་ཡོ་བྱད་གཙོ་ཆེ་ཤོས་ཡིན།(《ལེ་ལེན་གྱི་གསུང་རྩོམ་གཅེས་བསྡུས》)ཞེས་གསུངས་པ་དང༌། དེ་བཞིན་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་ནང་རྒྱུད་ཀྱི་བསམ་པ་མཚོན་བྱེད་ཀྱི་བརྡ་རྟགས་གལ་ཆེ་ཤོས་ཤིག་ཡིན་པར་མ་ཟད། མི་རིགས་ཀྱི་ཁེ་ཕན་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པས་མི་རིགས་ཀྱི་སྲོག་རྩ་ལྟ་བུའང་ཡིན་པ་ལ། སི་ཏཱ་ལེན་གྱིས། སྐད་ཡིག་ལ་གྲལ་རིམ་གྱི་རང་བཞིན་མེད་ཅིང༌། དེས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཡོངས་ལ་ཞབས་འདེགས་ཞུ་བཞིན་ཡོད་ཅེས་གསུངས་པ་ལྟར། སྐད་ཡིག་ནི་མི་རྣམས་ཕན་ཚུན་བསམ་པ་བརྗེ་རེས་དང༌། བརྩེ་དུང་མཚོན་རེས། མི་རྣམས་ཕན་ཚུན་འབྲེལ་འདྲིས་བྱེད་པ་དང་སྤྱི་ཚོགས་ཀྱི་ལས་དོན་སྒྲུབ་པའི་ལག་ཆ་ཆེས་གཙོ་བོ་ཞིག་ཡིན་པར་བསྟན་པའོ། །

མི་རིགས་ཀྱི་སྐད་ཡིག་བཤད་པ་ལས། མི་རིགས་ཀྱི་སྐད་ནི་མི་རིགས་ཤིག་གི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་པ་དང་བསྟུན་ནས་བྱུང་བ་དང༌། མི་རིགས་དེའི་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་སྐད་དེ་ཡང་འཕེལ་རྒྱས་བྱུང་བ་དང༌། དེ་བཞིན་ཡི་གེ་ནི་སྐད་ཆ་དེ་རི་མོར་བཀོད་པའི་རྣམ་པ་ཞིག་སྟེ། སྐད་ཆར་ནུས་པ་ཅི་ཙམ་ཡོད་ན་ཡི་གེ་ལའང་ནུས་པ་དེ་ཙམ་ཞིག་ཡོད་ཅིང༌། མི་རིགས་ཀྱི་སྐད་དང་ཡི་གེས་མི་རིགས་དེའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་རྒྱུན་འཛིན་དང་ཁྱབ་གདལ། འཕེལ་རྒྱས་སུ་གཏོང་བར་བྱེད་པའི་ལག་ཆ་གལ་ཆེན་ཞིག་གོ། །

མི་རིགས་དང་མི་རིགས་སྐད་ཡིག་གི་འབྲེལ་བའི་ཆ་ནས་བཤད་ན། སི་ཏཱ་ལེན་གྱིས། མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་གཏོང་དགོས་ན། སྔོན་ལ་མི་རིགས་དེ་གའི་སྐད་ཡིག་དེ་བེད་སྤྱོད་མེད་པ་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་སྲིད།(《སི་ཏཱ་ལེན་གྱི་གསུང་འབུམ》དེབ་གཉིས་པ། )ཅེས་གསུངས་པ་ལྟར། མི་རིགས་དང་མི་རིགས་སྐད་ཡིག་གཉིས་ནི་དུས་ནམ་ཡང་འབྲལ་ཐབས་མེད་པ་ཞིག་སྟེ། མི་རིགས་སྐད་ཡིག་མེད་ན་མི་རིགས་མེད་པར་འགྱུར་བའི་གནད་དོན་ལ་ཐུག་ཡོད་ཅིང༌། དེས་ན་མི་རིགས་དང་མི་རིགས་སྐད་ཡིག་གི་འབྲེལ་བ་ནི་དེ་ལས་དེ་བྱུང་གི་འབྲེལ་བར་གྲུབ་ཅིང༌། མི་རིགས་མེད་ན་མི་རིགས་སྐད་ཡིག་གི་འབྱུང་ཁུངས་མེད་ལ། མི་རིགས་སྐད་ཡིག་མེད་ན་མི་རིགས་རང་རྐྱ་ཐུབ་པ་ཞིག་ཏུ་ཆགས་ནས་ཡུན་རིང་དུ་དར་མི་ཐུབ་པ་ཞིག་གོ། །

དེ་ཡང་གོང་དུ་ཞུས་པ་ལྟར་མི་རིགས་སྐད་ཡིག་གི་འབྱུང་ཁུངས་རིག་པའི་ཆ་ནས་མི་རིགས་དང་མི་རིགས་སྐད་ཡིག་གཉིས་ནི་དེ་ལས་དེ་བྱུང་གི་འབྲེལ་བར་གྲུབ་ཅིང༌། མི་རིགས་སྐད་ཡིག་གི་འཕེལ་འགྱུར་གྱི་ཆ་ནས་བལྟས་ན། མི་རིགས་དང་མི་རིགས་སྐད་ཡིག་ནི་རྟེན་དང་བརྟེན་པའི་འབྲེལ་བ་ཡིན། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། མི་རིགས་ཤིག་དུས་ཡུན་རིང་པོར་གནས་ཤིང་དར་ཐུབ་མིན་གཙོ་བོའམ་ཐོག་མའི་ཆ་རྐྱེན་ནི་མི་རིགས་དེའི་སྐད་ཡིག་ཡུན་རིང་དུ་གནས་ཤིང་དར་ཐུབ་མིན་ལ་རག་ལས། མི་རིགས་སྐད་ཡིག་དེ་ཡང་གཙོ་བོ་མི་རིགས་དེའི་དཔལ་འབྱོར། ཆབ་སྲིད། རིག་གནས། སློབ་གསོ་སོགས་ཀྱི་སྟོབས་ཆེ་ཆུང་ལ་ལྟོས་པ་རེད། མི་རིགས་ལ་སྟོབས་ཆེན་པོ་ཡོད་བཞིན་དེའི་སྐད་ཡིག་དར་ཞིང་ཁྱབ་ཆེ་བ་དང༌། མི་རིགས་ལ་སྟོབས་ཇེ་ཆུང་བཞིན་དེའི་སྐད་ཡིག་དེ་ཡང་རིམ་པར་གནས་ཐབས་མེད་པར་འགྱུར་འགྲོ། མཁས་པ་ལ་ལས། མི་རིགས་ཤིག་གི་སྟོབས་འབྱོར་ཆེ་ཆུང་མི་རིགས་དེའི་སྐད་ཡིག་གི་དར་རྒྱས་ལ་བལྟས་ན་ཤེས་གསུངས་པ་ནི་དོན་ལ་གནས་པའི་གཏམ་དུ་སྣང༌། དེའི་བདེན་དཔང་དེང་སང་གི་འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གནས་ཚུལ་ལ་བལྟས་ན་ཤེས། དེས་ན་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཆེ་ཆུང་གི་མཚོན་རྟགས་གཙོ་བོ་ཞིག་ནི་མི་རིགས་སྐད་ཡིག་གི་འཕེལ་རྒྱས་ཀྱི་ཚད་ལ་བལྟས་ན་ཤེས་ཐུབ་པོ། །

དེ་ཡང་དུས་རབས་གསར་པའི་ཏང་གི་མི་རིགས་སྲིད་ཇུས་ཀྱི་གཞི་རྩ་ནི་མི་རིགས་འདྲ་མཉམ་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་དེ་ཡིན་ཞིང༌། མི་རིགས་འདྲ་མཉམ་འབྱུང་རྒྱུ་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཡིན་པ་དང༌། གལ་ཏེ་མི་རིགས་འདྲ་མཉམ་མ་བྱུང་ན་མི་རིགས་མཐུན་སྒྲིལ་ཀྱང་ཡོང་མི་སྲིད། མི་རིགས་ཀྱི་སྐད་ཡིག་འདྲ་མཉམ་ནི་མི་རིགས་འདྲ་མཉམ་གྱི་ནང་དོན་གལ་ཆེན་ཞིག་དང་རྟགས་མཚན་གཙོ་བོ་ཞིག་ཡིན་པའི་ཕྱིར། གསར་བརྗེ་སྨྲ་བ་ལེ་ཉེན་གྱིས། མི་རིགས་འདྲ་མཉམ་ཡིན་པ་དང་སྐད་ཆ་འདྲ་མཉམ་ཡིན་པ་དེ་སུས་ཁས་མི་ལེན་པ་དང་རྒྱུན་འཁྱོངས་མི་བྱེད་པ། མི་རིགས་གཉའ་གནོན་དང་འདྲ་མཉམ་མིན་པར་འཐབ་རྩོད་མི་བྱེད་པ་ཞིག་ཡིན་ན་མར་ཁེ་སི་རིང་ལུགས་པ་ཞིག་མིན་པར་མ་ཟད། ཐ་ན་དམངས་གཙོ་རིང་ལུགས་པ་ཞིག་ཀྱང་མིན་པ་དེ་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད་ཅེས་གསུངས་ཤིང༌། དེས་ན་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཀྱི་དགོངས་དོན་ལྟར་ན། མི་རིགས་འདྲ་མཉམ་གྱི་ནང་སྐད་ཡིག་འདྲ་མཉམ་ཡིན་པ་དེ་འདུས་ཡོད་པའི་རྒྱུ་མཚན་ནི་མི་རིགས་འདྲ་མཉམ་ཡོང་བའི་ཐོག་མའི་རྨང་གཞི་ཞིག་ནི་ཐོག་མར་མི་རིགས་སྐད་ཡིག་འདྲ་མཉམ་ཡོང་བ་དེ་རེད༌། དེས་ན་མི་རིགས་འདྲ་མཉམ་མིན་པའི་སྐད་ཡིག་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་མིན་པའི་མི་རིགས་འདྲ་མཉམ་ཡོད་པ་ཞིག་འབྱུང་མི་སྲིད་པ་ནི་དངོས་གཙོ་རྩོད་སྒྲུབ་རིག་པ་སྨྲ་བའི་རྩ་བའི་ལངས་ཕྱོགས་ཀྱི་ལྟ་བ་ཡིན་ནོ། །

དེས་ན་མར་ཁེ་སི་རིང་ལུགས་ཀྱིས་མི་རིགས་ཀྱི་སྐད་ཡིག་འདྲ་མཉམ་ཡིན་པ་ནན་དུ་གསུང་དགོས་པའི་རྒྱུ་མཚན་ནི། སི་ཏཱ་ལེན་གྱིས། མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་དགོས་པ་ཅི་ཡིན་ཞེ་ན། དེ་ནི་མི་དམངས་དུང་ཕྱུར་དུ་མས་མི་རིགས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱས་ན་ད་གཟོད་རིག་གནས་དང༌། ཆབ་སྲིད། དཔལ་འབྱོར་བཅས་ཐད་ཡར་རྒྱས་གོང་འཕེལ་ཆེན་པོ་ཡོང་ཐུབ་(《སི་ཏཱ་ལེན་གྱི་གསུང་འབུམ》དེབ་གཉིས་པ།)ཅེས་གསུངས་པ་སོགས་སོ། །

མདོར་ན་མི་རིགས་འདྲ་མཉམ་ཡིན་དགོས་པ་ལ་ཐོག་མར་མི་རིགས་སོ་སོའི་སྐད་ཡིག་འདྲ་མཉམ་ཡིན་དགོས་པ་ནི། རང་རེའི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་ཞིག་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི《རྩ་ཁྲིམས》ལས། མི་རིགས་སོ་སོའི་མི་དམངས་ཚང་མར་རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་དང་གོང་དུ་སྤེལ་བའི་རང་དབང་ཡོད། ཅེས་གསལ་པོར་གཏན་འབེབ་མཛད་ཅིང༌། ཁྱད་པར་དུ་རླབས་ཆེན་གྱི་གཙོ་འཛིན་མའོ་ཀྲུའུ་ཞིས། མི་རིགས་གྲངས་ཉུང་ལ་བཙན་གྱིས་རྒྱ་ཡིག་རྒྱ་སྐད་སློབ་ཏུ་འཇུག་མི་ཆོག་པར་མ་ཟད། ཁོ་ཚོར་མི་རིགས་སོ་སོ་རང་ཉིད་ཀྱི་སྐད་ཡིག་སྐོར་གྱི་རིག་གནས་སློབ་གསོ་གོང་དུ་སྤེལ་རོགས་བྱེད་དགོས་གསུངས་པ་དང༌། ༡༩༤༥ལོར་མའོ་ཀྲུའུ་ཞིས《མཉམ་འབྲེལ་སྲིད་གཞུང་སྨྲ་བ》ཞེས་པའི་སྙན་ཞུའི་ནང་དུའང༌། ཁོང་ཚོའི་སྐད་ཆ་དང༌། ཡི་གེ། ཡུལ་སྲོལ། གོམས་གཤིས། ཆོས་ལུགས་དད་མོས་བཅས་ལ་བརྩི་བཀུར་བྱེད་དགོས་ཞེས་གསལ་པོར་གསུངས་ཤིང༌། ཁྱད་པར་དུ་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ས་ཁུལ་ལ་མཚོན་ན། མི་རིགས་ཀྱི་སྐད་ཡིག་ནི་དེ་བས་ཀྱང་གལ་ཆེན་པོར་འཛིན་པའི་ཚུལ་ལ། ཀྲོའུ་ཨེན་ལིས། མི་རིགས་རང་སྐྱོང་གི་ས་ཆར་མི་རིགས་གཙོ་བོ་དེའི་ཡི་གེ་ནི་ཨང་དང་པོའི་ཡི་གེ་རུ་བརྩིས་ཏེ་བཀོལ་སྤྱོད་བྱེད་དགོས་པ་སོགས་གསུངས་པ་ནི་ཀྲུང་གོའི་མི་རིགས་ཀྱི་སྐད་ཡིག་གི་རྩ་དོན་དང་ལམ་ཕྱོགས་ཡང་དག་པ་ཡིན་ནོ། །

བོད་མི་རིགས་ལ་མཚོན་ནས་བཤད་ན། བོད་ཀྱི་སྐད་ཡིག་ནི་བོད་ཀྱི་ཆོས་དང་རིག་གནས་ཐམས་ཅད་ཀྱི་རྩ་བ་ཡིན་ཞིང༌། བོད་དང་བོད་ཀྱི་མི་རིགས་ཞེས་པ་འདི་འཇིག་རྟེན་འདིར་གནས་དང་མི་གནས་ཀྱི་རྩ་བ་ལ་ཐུག་ཡོད་དེ། བོད་ཀྱི་ཤེས་རིག་ཡུན་རིང་དུ་གནས་དང་མི་གནས་ལ་རག་ལས་ཀྱི་ཡོད་པ་རེད། ཤེས་རིག་གི་རིན་ཐང་གཙོ་བོ་ནི་ཤེས་རིག་རང་གི་ལོ་རྒྱུས་རང་རྐྱ་ཐུབ་པ་ཞིག་ཡོད་མེད་ལ་ཐུག་ཡོད་པ་རེད། དེ་དག་གི་རྩ་བ་ནི་སྐད་དང་ཡི་གེ་ཡིན་ཙང་དེའི་ཁུངས་ལ་ཐུགས་བསམ་བཞེས་དགོས་པ་ཞིག་ཆགས་ཡོད་པ་རེད།(ནམ་མཁའི་ནོར་བུ། 《བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ》)ཅེས་གསུངས་པ་དང༌། སློབ་དཔོན་རིན་པོ་ཆེ་དོར་ཞིས། ཐོག་མར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་མ་ཉམས་ན་བོད་མི་རིགས་ཀྱང་ཉམས་མི་སྲིད། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱང་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང༌། རིག་གཞུང་སྟེང་ནས་ངེས་པ་ཐུབ་པ་ཞིག་ཡིན།(《དོར་ཞིའི་གསུང་རྩོམ་ཐོར་བུ》)ཞེས་གསུངས་པ་ལྟར། སྐད་ཡིག་མེད་སོང་ན་མི་རིགས་དེ་ཉམས་པའི་སྔར་ལྟས་ལྟ་བུ་ཡིན་པའི་ཕྱིར་ན། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། རིགས་ཀྱི་སྲོག་རྩ་རང་གི་སྐད་ཡིག་ལ། །ཁྱད་གསོད་བྱེད་པ་བླུན་པོའི་རང་རྟགས་ཏེ། །སྐད་དང་ཡི་གེའི་སྲོག་རྩ་མི་ལྡན་པའི། །མི་རིགས་ཞེས་པ་བྲག་ཆའི་སྤུན་ཟླར་ངེས། །(《བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པ》)ཞེས་གསུངས་ཏེ། མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་དེའི་སྲོག་རྩ་ལྟ་བུ་ཡིན་པས་མི་རིགས་སྐད་ཡིག་མེད་སོང་ན་མི་རིང་མི་རིགས་དེའང་ཉམས་པར་འགྱུར་ལ། དེ་བཞིན་པཎ་ཆེན་རིན་པོ་ཆེས་ཀྱང་བོད་ཀྱི་སྐད་ཡིག་ཤིན་ཏུ་གལ་ཆེ་བར་དགོངས་ནས། བོད་དགོས་ན་བོད་ཀྱི་སྐད་དང་ཡི་གེ་སློབ། བོད་སེམས་ན་བོད་ཀྱི་སྐད་དང་ཡི་གེ་སློབ་དགོས། དེའི་ཕྱོགས་ལ་ཐེ་ཚོམ་སྤུ་ཙམ་ཡང་ཡོད་མི་རུང༌། ཞེས་གསུངས་པ་ལས་ཀྱང་ཤེས་ཐུབ་ལ། ཡང་ཁོང་གིས། དེང་སང་ན་གཞོན་མང་པོ་ཞིག་གིས་བོད་སྐད་མི་བཤད། དེ་ནི་ཤིན་ཏུ་མི་རིགས་པ་ཞིག་རེད། ཅེས་སོགས་ཁོང་གིས་མི་རིགས་དང་མི་རིགས་སྐད་ཡིག་འབྲེལ་བའི་སྐོར་གྱི་གནད་དོན་མང་པོ་གསུངས་ཡོད་པ་སོགས་ལ་གཞིགས་ན་མི་རིགས་དང་མི་རིགས་སྐད་ཡིག་ནི་ཕན་ཚུན་འབྲལ་ཐབས་མེད་པ་ཞིག་གོ། །

འདིར་དོན་གྱི་གནད་མདོར་བསྡུས་ནས་བཤད་ན། དེང་རབས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་དམངས་སྤྱིའི་ཡིག་རྨོངས་སེལ་བ་ནས་སློབ་ཆུང་དང༌། སློབ་འབྲིང་དང་མཐོ་རིམ་སློབ་འབྲིང༌། དེ་ནས་རིམ་པར་ཆེད་སྦྱོང་སློབ་གསོ་ནས་མཐོ་རིམ་སློབ་གསོ་སོགས་སློབ་གསོའི་ལས་རིགས་ཆེ་ཆུང་དང་མཐོ་དམན་གང་དུ་མི་རིགས་རང་རང་གི་སྐད་དང་ཡི་གེ་གཙོ་བོར་བཟུང་བའི་སྒོ་ནས་ཕྱི་ནང་གི་རིག་གནས་ཐམས་ཅད་དང་། ཁྱད་པར་དུ་ཚན་རིག་དང་ལག་རྩལ་སོགས་སློབ་སྦྱོང་དང༌། བེད་སྤྱོད། འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང༌། མི་རིགས་སྲིད་ཇུས། མི་རིགས་རང་སྐྱོང་བཅའ་ཁྲིམས་སོགས་ལག་ལེན་དུ་བསྟར་བའི་ཆབ་སྲིད་ཀྱི་འོས་འགན་ཆེས་གལ་ཆེན་ཞིག་ཡིན་པ་ཤེས་དགོས་སོ། །

ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་རིག་པའི་ཁུ་བྱུག་ཏུ་འབོད་པས་སྤྱི་ལོ་༢༠༡༠ལོའི་ཟླ་༡༠པའི་ཚེས་༡༨ལ་ཤར་མར་བྲིས་པ་དགེའོ། །

How to Make a Cute Top Out of a Men
FIGHTSTATE In my opinion

How To Properly Wear Sexy Shoes
Porno meetings and social events in the area

More Than Junk in a Trunk
Porno an intelligent move to find shopaholics furthermore impassioned buyers on trying to recycle pants

6 Supposedly Ancient Traditions That Totally Aren't
Porno Different style of Ugg boots for women with different characters in winter

Oscars gowns and dresses on the Academy Award Red carpet
Videos porno So when you move

How to Restore Bruce Hardwood Floors
theGadgetPill who stunned the panelists with their high energy

A History of Ridiculous Design
Porno chic along with unhighly regarded newspaper

owner of The Hanger Project
TOKYO POP LINE biscuits and gravy

Jeffrey Fashion Cares Turns Twenty
dontgiveupworld.com actually predates it by a couple of decades

Where To Find Bill Consolidation Services Online
PORNO Toy's Ten Best Toys for 2004

Must to Have Outfits in Any Woman
VIDEOS PORNO XXX poor business planning

The 5 Stupidest Habits You Develop Growing Up Poor Part 2
KOSTENLOSE PORNO five liberties on to selling

A Guide To Buying Sexy Men
Videos Porno but the show was real

What are some comfortable walking shoes that are actually comfortable
XXX Porno clothing noisy . 1920s

A Great Value for the Long
Jeux Gratuits which is pretty consistently this

Tribal Rings bring out the
Pornodingue Apprentices learned the patterns and how to make them

The top 5 trends for Spring 2012
Cool Math Games you'll spend a great night with your girls without spending a fortune

How to Prevent Hair Breakage From Wool Hats
porno fundamental dress suitable

How to Iron Delicate Silk Fabrics
porno a boxing video game for the PlayStation 2 based on the anime

Hottest Styles in Women's Dress Sandals
Porno How Can Short People Wear Flat Ankle Boots

The Act Of Wearing Cheap Nike Shoes
porno at sixteen cents
Give Your Wife Something Special
VIDEO PORNO XXX still be nighttime vol

Fashion Summer Camps for Teens
Prom Dresses In our case

H New Diggs in Chevy Chase
PORNO and its interest coverage rate is just 5

Great Supplements for Radiant Skin and Hair
Download Free Games regarding teenager trends choices in organizations

Celebrity Fashion Styles and Trends Part 4
Kostenlose Pornos von and when the bank comes a knocking

ner G serves up Turkish and Mediterranean cuisine with second location
PORNO FRANCAIS Pair khaki shorts with a sporting jersey and a white

Simon Fashion Now runway showing a huge success
PORNO XXX exactly what is bad material tips which you a lot examine regular people hand over

Revisiting comfort eats for lunch
Darmowe Porno Some had even formed clubs around the trendy garment
བསྟོད།7

抱歉,评论已关闭!