བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་སྐོར།

རིག་པའི་ཁུ་བྱུག

༄༅། །བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་གལ་ཆེ་ཚུལ་མདོར་བསྡུས་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །

དཔྱད་རྩོམ་གྱི་ནང་དོན་གནད་བསྡུས། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱ་ཚུལ་མདོར་བསྡུས་གླེང་བ་དུས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས་སོ་ཞེས་པའི་དཔྱད་རྩོམ་འདིའི་ནང་དུ་དང་པོ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། །དར་སྤེལ་བྱ་བའི་དགོས་པ་མདོར་བསྡུས་བརྗོད། །ཞེས་པ་དང་། གཉིས་པ། སྔོན་བསྐྱོད་རྗེས་ལུས་དང་འབྲེལ་བའི། །རྟེན་འབྱུང་རིག་པའི་གནས་ལུགས་བཤད། །ཞེས་པ། གསུམ་པ། སྲོལ་རྒྱུན་མེས་པོའི་ཤུལ་བཞག་ཡིན་ནའང་། །རྒྱུན་འཛིན་དགོས་མིན་འགྲོ་ལ་ཕན་མིན་བལྟ། །ཞེས་པ། བཞི་པ། དུས་རབས་འཕེལ་འགྱུར་བསྟུན་པའི་དགོས་མཁོ་ལ། །སྲོལ་རྒྱུན་རིག་གནས་དམ་འཛིན་བྱེད་པ་གལ། །ཞེས་པ་སོགས་དོན་ཚན་བཞིའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་གལ་ཆེ་ཚུལ་སོགས་ཀྱི་སྐོར་གླེང་བའི་དཔྱད་རྩོམ་ཞིག་གོ། །

དཔྱད་རྩོམ་གྱི་ཐ་སྙད་གཙོ་བོ། སྲོལ་རྒྱུན། རྒྱུན་འཛིན། དར་སྤེལ།

དང་པོ། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། །

དར་སྤེལ་བྱ་བའི་དགོས་པ་མདོར་བསྡུས་བརྗོད། །

ཐོག་མར་དེ་རིང་དགོང་མོ་འདིར་འདུས་ཀྱི་དགེ་སློབ་རྣམས་ལ་སྐུ་ཁམས་བདེ་མོ་ཡིན་ནམ་ཞུ་བའི་བཀྲ་ཤིས་བདེ་ལེགས་ཞུ། གཟའ་འཁོར་སྔ་མའི་ནང་དུ་དངོས་གཞི་དང་ཞིབ་འཇུག་སློབ་མའི་སྐུ་ཚབ་ཚོགས་པའི་སློབ་མ་ཁ་ཤས་ཀྱིས་གུས་པ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་སོགས་ཀྱི་སྐོར་ནས་རིག་གཞུང་སྙན་ཞུ་ཞིག་གནང་རོགས་གསུངས་པའི་ངོ་བཟློག་མ་ཐུབ་པ་ཙམ་དུ་དེ་རིང་དགོང་མོར་འདིར་ཡོང་ནས་ཡང་བཀའ་མགོན་གྱིས་མི་ཤེས་ཤེས་ཁུལ་གྱིས་ཚིག་ཁ་ཤས་མི་ཞུ་ཐབས་མེད་སུ་གྱུར་སོང་། སྤྱིར་འཛམ་གླིང་དང་སྒོས་ང་ཚོ་བོད་ལ་མཚོན་ན། སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་། དེ་དག་རིན་ཐང་ཆེ་བ་དང་གལ་ཆེ་ཚུལ་སོགས་ནི་བོད་ཡིག་ཀ་ཁ་ཙམ་མི་ཆོད་པའི་བོད་ཀྱི་མི་སྐྱ་དཀྱུས་མ་ཞིག་གིས་ཀྱང་ཤེས་བཞིན་ཡོད་ཚེ་དེ་རིང་དགོང་མོ་འདིར་འདུས་ཀྱི་སློབ་གྲྭ་ཆེན་མོ་བ་དང་ཞིབ་འཇུག་སློབ་མ་ཁྱེད་རྣམས་ལ་མཚོན་ན་སྨོས་མ་དགོས་པ་རེད། ཡིན་ནའང་གལ་ཆེ་ན་བརྒྱ་བཤད་ཀྱང་མི་མང་བའི་དཔེ་ལྟར་གལ་བོ་ཆེ་ལ་ནན་ཏན་གྱིས་ཚུལ་དུ་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་སྐོར་ལ་གུས་པའི་བསམ་ཚུལ་ཞུས་ན་དགོས་པ་ཆེན་པོ་ཡོད་པར་སྣང་སྙམ་ནས་ཡོང་བ་ཡིན། དེ་རིང་འདིར་འདུས་ཀྱི་ནང་དུ་དེ་སྔར་གུས་པའི་སློབ་ཁྲིད་སོགས་ལ་མཉན་མྱོང་བའི་སློབ་མ་ཞིག་ཡིན་ཕྱིན་གུས་པའི་ལྟ་བ་མང་པོ་ཞིག་ཤེས་བཞིན་ཡོན་ནའང་དེ་རིང་འདི་ནས་ཡང་སྐྱར་ཚར་གཅིག་མཉན་ན་ཁྱེད་རྣམས་ཀྱི་རྒྱུད་ལ་ཕན་མ་ཐོགས་ན་གནོད་པར་མི་འགྱུར་བས་དེ་ལུགས་གསན་རོགས་ཞུའོ། །

འཛམ་བུ་གླིང་གི་མི་རིགས་སྤྱི་དང་བྱེ་བྲག་གང་འདྲ་ཞིག་ལ་མཚོན་ནས་བཤད་ན། མི་རིགས་སོ་སོ་རང་རང་གི་སྲོལ་རྒྱུན་རིག་གནས་ནི་མི་རིགས་རང་རང་གི་མེས་པོ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་དང་དུ་བླངས་ནས་དུས་ཡུན་རིང་པོའི་བར་དུ་ཤེས་རབ་དང་བརྩོན་འགྲུས་གཉིས་ལ་བརྟེན་ཏེ་མི་རབས་ནས་མི་རབས་བར་དུ་ཟམ་མ་འཆད་པར་སློབ་དཔོན་ནས་སློབ་མ་ལ་བརྒྱུད་ནས་སྤེལ་བ་ནི་ཕས་བུ་དང་། བུས་དང་ཡང་བུ་སོགས་ལ་གཅིག་ནས་གཅིག་ཏུ་ངག་ནས་ངག་དང་། ལག་ནས་ལག ལུས་ནས་ལུས་ལ་རིམ་པར་བརྒྱུད་པ་ལྟར་གྱི་རིག་གནས་དང་ལག་ཤེས་སོགས་ཡིན་པའི་ཕྱིར་ན། དེ་ནི་མི་རིགས་སོ་སོ་རང་རང་གི་མི་རབས་སྔ་མ་སྔ་མའི་འཚོ་བའི་ཉམས་མྱོང་ལས་ཐོན་པའི་ཤེས་རབ་དང་། ཐབས་ལམ། ལག་རྩལ། གསར་གཏོད་སོགས་ཡིན་ཚེ་མི་རབས་ཕྱི་མ་ཕྱི་མ་རྣམས་ཀྱིས་སློབ་སྦྱོང་བྱས་ཏེ་མི་རབས་ནས་མི་རབས་བར་དུ་མི་ཉམས་པར་རྒྱུན་འཛིན་བྱ་བ་དང་། ཁྱད་པར་དུ་དུས་རབས་འཕེལ་འགྱུར་ཀྱི་གོམ་འགྲོས་དང་བསྟུན་པའི་འཛམ་བུ་གླིང་གི་མི་རིགས་སྤྱི་དང་བྱེ་བྲག་གི་མི་རིགས་སོ་སོ་རང་རང་གི་དགོས་མཁོ་དང་ཁེ་ཕན་ལ་བལྟོས་པའི་དར་སྤེལ་གཏོང་དགོས་པ་ནི་མི་རབས་ཕྱི་མ་ཕྱི་མ་རྣམས་ཀྱི་འོས་འགན་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་ཚེ། མེས་པོའི་ཤེས་རབ་དང་བརྩོན་འགྲུས་ཀྱི་གྲུབ་འབྲས་རྣམས་ང་ཚོའི་མི་རབས་འདིའི་བར་དུ་བརྒྱུད་པའི་སྲོལ་རྒྱུན་རིག་གནས་རྣམས་རྒྱུན་འཛིན་དང་དར་སྤེལ་དགོས་པ་ནི་ལོ་རྒྱུས་ཀྱི་འོས་འགན་ཉག་གཅིག་ཡིན་པ་དང་། འབྱུང་འགྱུར་གྱི་འགན་ཁུར་ཀྱང་ཉག་གཅིག་ཡིན་པར་སེམས་སོ། །

སྲོལ་རྒྱུན་རིག་གནས་གང་འདྲའི་དུས་ཡུན་རིང་བ་དང་། ཁུངས་ཐུབ་པ། ཕུན་སུམ་ཚོགས་པ་ཡིན་ན་འཛམ་བུ་གླིང་གི་རྒྱལ་ཁབ་དང་མི་རིགས་སྤྱི་དང་བྱེ་བྲག་སོ་སོའི་རིག་གནས་དང་ལག་ཤེལ་སོགས་ཀྱང་དེ་འདྲའི་དུས་ཡུན་རིང་བ་དང་། ཁུངས་ཐུབ་པ། ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་གཟི་བརྗིད་ལྡན་པ་ཤེས་ཐུབ། དེ་བཞིན་སྲོལ་རྒྱུན་རིག་གནས་མེད་ན་རྒྱལ་ཁབ་དང་མི་རིགས་དེ་ལའང་རིག་གནས་དང་ལག་ཤེས་གང་ཡང་མེད་པའི་ཚུལ་ཤེས་ཐུབ་པ་ནི་གནས་ལུགས་གཅིག་མཚུངས་སུ་གྱུར། དེས་ན་སྲོལ་རྒྱུན་རིག་གནས་ཡོད་ན་རྒྱལ་ཁབ་དང་མི་རིགས་དེ་ལ་རིག་གནས་ཀྱི་གཟི་བརྗོད་ཡོད་པ་དང་། སྲོལ་རྒྱུན་རིག་གནས་མེད་ན་རྒྱལ་ཁབ་དང་མི་རིགས་དེ་ལ་དེ་འདྲའི་རིག་གནས་ཀྱི་གཟི་བརྗིད་མེད་པ་ཤེས་པའི་ཕྱིར་ན་སྲོལ་རྒྱུན་རིག་གནས་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་མེས་པོ་རྣམས་ཀྱི་འདས་པའི་ཤེས་རབ་དང་། སྙིང་སྟོབས། གཟི་བརྗིད་སོགས་མཚོན་ཐུབ་པའི་ལོ་རྒྱུས་ཀྱི་བདེན་རྟགས་ཆེས་གཙོ་བོ་ཞིག་ཡིན་པར་གྲུབ་པོ། །

གཉིས་པ། སྔོན་བསྐྱོད་རྗེས་ལུས་དང་འབྲེལ་བའི། །

རྟེན་འབྱུང་རིག་པའི་གནས་ལུགས་བཤད། །

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་སྐབས་སུ་སྔོན་བསྐྱོད་དང་རྗེས་ལུས་གཉིས་ལས་གང་འདྲ་ཞིག་ལ་སྔོན་བསྐྱོད་ཟེར་བ་དང་། གང་འདྲ་ཞིག་ལ་རྗེས་ལུས་ཟེར་རམ། སྔོན་བསྐྱོད་དང་རྗེས་ལུས་གཉིས་ཀ་འགལ་བ་ཡིན་ནམ་མིན། དེའི་གནད་དོན་ཡང་དག་པ་ཞིག་ཤེས་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། སྔོན་བསྐྱོད་དང་རྗེས་ལུས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་ཤིག་ཏུ་གོ་དགོས་པ་ལ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས། སྔོན་བསྐྱོད་རྗེས་ལུས་མིང་གི་ཐ་སྙད་གཉིས། །ཕན་ཚུན་ལྟོས་གྲུབ་ཡིན་གྱི་བདེན་གྲུབ་མིན། །ཡེ་ནས་སྔོན་བསྐྱོད་ཡིན་པའི་སྤྱི་ཚོགས་དང་། །གཏན་དུ་རྗེས་ལུས་ཡིན་པའང་ག་ལ་ཡོད། །[①]ཅེས་གསུངས་པ་ནི་ལེགས་བཤད་དུ་གྲུབ་སྟེ། སྔོན་བསྐྱོད་དང་རྗེས་ལུས་གཉིས་ཕན་ཚུན་བར་གྱི་འབྲེལ་བ་ནི་དབུ་མའི་ལྟ་བ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྒོ་ནས་བཤད་ན། སྔོན་བསྐྱོད་ལ་ལྟོས་ནས་རྗེས་ལུས་དང་། རྗེས་ལུས་ལ་ལྟོས་ནས་སྔོན་བསྐྱོད་འཇོག་པ་ལས་སྔོན་བསྐྱོད་ལ་མ་ལྟོས་པའི་རྗེས་ལུས་ཤིག་འཇོག་རྒྱུ་མེད་ལ། རྗེས་ལུས་ལ་མ་ལྟོས་པའི་སྔོན་བསྐྱོད་ཅིག་འཇོག་རྒྱུ་མེད་པའི་ཕྱིར་ན་སྔོན་བསྐྱོད་དང་རྗེས་ལུས་གཉིས་ནི་ཕན་ཚུན་ལྟོས་ས་ལྟོས་འཇོག་གིས་བཞག་པ་ཡིན་པའི་ཕྱིར་ན། རྗེས་ལུས་ཀྱི་མ་འོངས་པ་ནི་སྔོན་བསྐྱོད་དང་། སྔོན་བསྐྱོད་ཀྱི་འདས་པ་ནི་རྗེས་ལུས་ཡིན་པའི་ཚུལ་ཤེས་རྒྱུ་ནི་གལ་ཆེ་ལ། ཡང་ན་སྔོན་བསྐྱོད་ཀྱི་ནང་དུ་རྗེས་ལུས་ཡོད་ཅིང་། རྗེས་ལུས་ཀྱི་ནང་དུ་སྔོན་བསྐྱོད་ཡོད་པ་སྟེ་ནམ་ཞིག་སྔོན་བསྐྱོད་དང་རྗེས་ལུས་གཉིས་འགལ་མེད་དུ་རྟོགས་པ་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཆོས་ཉིད་ཀྱི་ལྟ་བ་ཡང་དག་པ་ཞིག་ཡིན་པར་སེམས་སོ། །

གསུམ་པ། སྲོལ་རྒྱུན་མེས་པོའི་ཤུལ་བཞག་ཡིན་ནའང་། །

རྒྱུན་འཛིན་དགོས་མིན་འགྲོ་ལ་ཕན་མིན་བལྟ། །

སྤྱིར་འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་བྱེ་བྲག་པ་གང་དང་གང་ལ་མཚོན་ན་རང་རང་སོ་སོའི་ཡབ་མེས་ནས་ཤེས་བརྩོན་ཟུང་གི་ལམ་ནས་བརྒྱུད་པའི་སྲོལ་རྒྱུན་རྣམས་གལ་ཆེན་པོ་ཡིན་པ་སྨོས་མ་དགོས། འོན་ཀྱང་སྲོལ་རྒྱུན་དེ་བཟང་པོ་ཡིན་ནམ་ངན་པ་ཡིན་པ་དང་། ཕྱི་ནང་གི་ཆོས་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་བའི་ཆོས་ཅན་མི་རྟག་པར་གྲུབ་པས་སྲོལ་རྒྱུན་ཡིན་ན་མཐའ་གཅིག་ཏུ་བཟང་པོ་ཡིན་པས་མ་ཁྱབ་པའི་ཕྱིར་ན། སྲོལ་རྒྱུན་དེ་དུས་རབས་ཀྱི་འཕེལ་འགྱུར་དང་འཚམ་དང་མི་འཚམ་སོགས་ཀྱི་ལེགས་ཉེས་ཀྱི་ཁྱད་པར་ཕྱེས་ཏེ་བླང་དོར་སྒྲུབ་པ་ནི་དེ་བས་ཀྱང་གལ་ཆེ་བ་ཞིག་རེད་སྙམ། དེའི་སྐོར་གྱི་ཉམས་མྱོང་མང་པོ་ཞིག་ནི་དེང་གི་འཛམ་གླིང་གི་སྔོན་ཐོན་གྱི་རྒྱལ་ཁབ་དང་མི་རིགས་སོ་སོའི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ལ་བལྟས་ན་ཤེས་ཐུབ། དེ་འདྲ་ལ་གནའ་བཟང་དེང་སྤྱོད་དང་། སྙིགས་དོར་བཅུད་ལེན་ཟེར་བའི་བསམ་བློ་དེ་བྱུང་བ་དང་དེ་འདྲའི་ལྟ་བ་ནི་ཤིན་ཏུ་ལེགས་པར་སེམས། དེ་ལས་བོད་ལ་མཚོན་ན་བོད་ཀྱི་ཆོས་དང་རིག་གནས། བསམ་སྤྱོད་གོམས་གཤིས་སོགས་ཀྱི་སྲོལ་རྒྱུན་རྣམས་ནི་ཤིན་ཏུ་གལ་ཆེ་བར་མ་ཟད། དེ་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་གཟི་བརྗིད་ཀྱི་གྲུབ་ཆ་ཆེས་ཆེ་ཤོས་ཤིག་རེད། ཡིན་ནའང་སྲོལ་རྒྱུན་ཡིན་ན་ངེས་པར་དུ་རྒྱུན་འཛིན་དགོས་པས་ཁྱབ་པ་མེད་པར་སྙམ། ང་ཚོ་བོད་ཀྱི་མི་རབས་གསར་པ་འདིས་བོད་ཀྱི་སྲོལ་རྒྱུན་རྣམས་ད་ལྟར་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་ཆེད་དུ་སྲོལ་རྒྱུན་ཙམ་གྱི་ཆེད་དུ་སྲོལ་རྒྱུན་སླར་གསོ་བྱ་བར་ཁོ་ན་རྒྱུན་འཛིན་བྱེད་པ་མིན་པར་ཤེས་དགོས། འོ་ན་གང་ཡིན་ཞེ་ན། ང་ཚོ་བོད་ཀྱི་མི་རབས་གསར་པས་བོད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱ་བའི་དམིགས་ཡུལ་དང་དགོས་པ་ནི་སྲོལ་རྒྱུན་གྱི་བརྒྱུད་པ་མི་ཉམས་པའི་དམིགས་ཡུལ་འདུས་ཡོད་ཀྱང་དེ་གཙོ་བོ་མིན། སྲོལ་རྒྱུན་རྒྱུན་འཛིན་བྱ་བའི་དགོས་པ་གཙོ་བོ་ནི་བོད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཕན་གནོད་ཡོད་མེད་ལ་བལྟ་དགོས་ཏེ། བོད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་ཕན་པར་འགྱུར་བའི་སྲོལ་རྒྱུན་ཡིན་ན་རྒྱུན་འཛིན་ཙམ་དུ་མ་ཟད་དེ་དར་སྤེལ་རྒྱ་ཆེན་པོར་གཏོང་དགོས་པར་གྲུབ། གལ་སྲིད་བོད་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་གནོད་པ་དང་ཡང་ན་འགལ་རྐྱེན་དུ་གྱུར་དང་འགྱུར་བའི་སྲོལ་རྒྱུན་ཡིན་ན་ང་ཚོའི་ཡབ་མེས་ནས་བཟུང་སྟེ་མི་རབས་ནས་མི་རབས་བར་དུ་བརྒྱུད་པ་ཡིན་ཀྱང་དེ་ནི་དོར་བ་ཁོ་ན་ལས་བླང་བར་མི་བྱ་སྟེ་དཔེར་ན་མི་མང་གི་འཚོ་བ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་སོགས་ལ་ཕན་ཐོགས་གང་ཡང་མེད་པའི་སྲོལ་རྒྱུན་ཞིག་གིས་ཅི་བྱ། སྲོལ་རྒྱུན་གྱིས་འདས་པའི་ལོ་རྒྱུས་ཀྱི་འགན་ཁུར་འགྲུབ་ཟིན་ནའང་མ་འོངས་པའི་འགན་ཁུར་འགྲུབ་དང་མི་གྲུབ་ནི་མ་འོངས་པ་ལ་ཕན་ཐོགས་ཡོད་མེད་ཀྱི་སྒོ་ནས་བལྟ་དགོས་པར་སེམས། གལ་སྲིད་མི་རིགས་སོ་སོ་རང་རང་གི་མ་འོངས་པའི་ཡར་རྒྱས་གོང་འཕེལ་གྱི་མདུན་ལམ་ལ་ཕན་ཐོགས་མེད་ན་སྲོལ་རྒྱུན་ཞེས་པའང་སྲོལ་རྒྱུན་ཞེས་པའི་མིང་དོན་དང་ལྡན་པ་ཞིག་ཏུ་འགྱུར་མི་སྲིད་སྙམ་མོ། །

བཞི་པ། དུས་རབས་འཕེལ་འགྱུར་བསྟུན་པའི་དགོས་མཁོ་ལ། །

སྲོལ་རྒྱུན་རིག་གནས་དམ་འཛིན་བྱེད་པ་གལ། །

སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ནས་མུ་མཐུད་དུ་དར་སྤེལ་གཏོང་དགོས་པའི་ཆ་ནས་བཤད་ན། སྤྱིར་འཛམ་བུ་གླིང་དང་སྒོས་འཛམ་གླིང་གི་ཡང་རྩེར་གནས་པའི་ཁ་བ་ཅན་གྱི་རང་རེའི་མེས་པོ་རྣམས་ཀྱིས་དཀའ་བ་ཁྱད་དུ་བསད་ནས་ངལ་བ་དང་དུ་བླངས་པ་དང་ཐ་ན་ལུས་སྲོག་བློས་བཏང་སྟེ་རྒྱ་དཀར་ནག་གཙོ་བོར་གྱུར་པའི་རྒྱལ་ཁབ་དང་། ས་ཆ། མི་རིགས་གཞན་པའི་ཆོས་དང་རིག་གནས། ལག་ཤེས་སྣ་ཚོགས་ཀྱི་ཉིང་བཅུད་རྣམས་རང་ཅག་བོད་ཁ་བ་ཅན་གྱི་སྐད་དང་ཡི་གེར་ཅི་ཐུབ་ནང་འདྲེན་བྱས་པ་དེས་བོད་རང་གི་ཞིང་ས་ནས་སྨིན་པའི་རིག་གནས་དང་ལག་ཤེས་ལ་ཁ་སྣོན་མཛད་དེ་དུས་རབས་རིམ་བརྒྱུད་པར་སྤེལ་བས་བོད་ལུགས་ཀྱི་ནང་ཆོས་ཀྱི་བསྟན་པ་གཙོ་བོར་གྱུར་པའི་སྲོལ་རྒྱུན་རིག་གནས་ཆེན་པོ་ལྔའམ་རིག་པའི་གནས་བཅུ་ཞེས་པའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་བྱུང་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བྱ་བའི་ཡུལ་ཞིག་ཏུ་ཆགས་ཡོད་པ་ནི་རང་ཅག་གི་མེས་པོ་རྣམས་ཀྱི་ཤེས་རབ་དང་བརྩོན་འགྲུས་ཀྱི་ཕྱག་ཤུལ་ཁོ་ན་ཡིན་ནོ། །

བོད་ཀྱི་སྲོལ་རྒྱུན་རིག་གནས་ལ། བཟོ་དང་གསོ་བ་སྒྲ་ཚད་མ། །ནང་དོན་རིག་པ་གནས་ཆེན་ལྔ། །ཞེས་པ་སྟེ། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ་སྟེ་རིག་པའི་གནས་ཆེན་ལྔ་ཞེས་གྲགས་པ་དང་། མངོན་བརྗོད་ཟློས་གར་སྐར་རྩིས་དང་། །སྡེབ་སྦྱོར་སྙན་ངག་གནས་ཆུང་ལྔ། །ཞེས་མངོན་བརྗོད་རིག་པ། ཟློས་གར་རིག་པ། སྐར་རྩིས་རིག་པ། སྡེབ་སྦྱོར་རིག་པ། སྙན་ངག་རིག་པ་སྟེ་རིག་པའི་གནས་ཆུང་ལྔ་ཞེས་གྲགས་པ་སོགས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། ཡང་ན་རིག་པའི་གནས་བཅུ་ཞེས་པ་སོགས་ཀྱི་རྣམ་གྲངས་མང་པོ་བྱུང་ཞིང་། དེ་དག་ནི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་དུ་བོད་རང་གི་སྐྱེས་སྟོབས་ཀྱི་བློ་གྲོས་དང་སྦྱངས་སྟོབས་ཀྱི་བརྩོན་འགྲུས་གཉིས་ལ་བརྟེན་ནས་ཕྱི་ནང་གི་རིག་གནས་ཐམས་ཅད་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་སློབ་སྦྱོང་དང་། ཞིབ་འཇུག དག་ཐེར་ལེགས་པར་མཛད་དེ་མི་རབས་ནས་མི་རབས་བར་དུ་ཕུན་སུམ་ཚོགས་པར་བཏང་བའི་གྲུབ་འབྲས་སུ་ཤེས་དགོས་པ་དང་། ཁྱད་པར་དུ་དེང་སང་འཛམ་བུ་གླིང་དང་བྱེ་བྲག་ཏུ་སྔོན་ཐོན་མི་རིགས་ཀྱི་རིག་གནས་དང་ལག་རྩལ་སོགས་ཀྱི་རིག་གནས་གསར་པ་རྣམས་བོད་ཀྱི་རིག་གནས་ཀྱི་ནང་དུ་དྲངས་ནས་དར་སྤེལ་གཏོང་དགོས་པའང་རང་ཅག་ཁ་བ་ཅན་གྱི་མེས་པོ་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་ལ་བརྟེན་ནས་རིག་གནས་གསར་པ་གསར་གཏོད་དང་དར་སྤེལ་གཏོང་དགོས་པ་ལས་རྒྱུ་རྐྱེན་གང་ལའང་མི་བརྟེན་པར་རིག་གནས་གསར་པ་ཞིག་གསར་གཏོད་བས་ཏེ་དར་སྤེལ་དགོས་ཟེར་བ་ནི་ནམ་མཁའི་མེ་ཏོག་ལྟ་བུར་འགྱུར་ཉེན་ཆེ་སྟེ། སློབ་དཔོན་རིན་པོ་ཆེ་དོར་ཞིས། བོད་ཀྱི་རིག་གནས་གསར་བ་ཡང་རིག་གནས་རྙིང་བའི་གཞི་རྩ་དང་དར་རྒྱུན་གྱི་སྟེང་ནས་དར་བ་ཞིག་ལས་ནམ་མཁའི་མེ་ཏོག་ལྟར་རྒྱུ་མེད། རྐྱེན་མེད་པར་གློ་བུར་དུ་སྐྱེས་པ་ཞིག་མིན་ལ། [②]ཞེས་གསུངས་པས་ཤེས་སོ། །

དེ་རིང་བལྟས་ན་འདས་པའི་ལོ་རྒྱུས་ཀྱི་ནང་དུ་བཅུ་ཕྲག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱིས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་གཏོང་བ་ལ་ནུས་པ་མི་དམན་པ་ཞིག་བཏོན་ཡོད་པ་ནི་སྨོས་མ་དགོས་ཤིང་། འབྱུང་འགྱུར་དུ་རིག་པའི་གནས་བཅུའི་ནུས་པ་སྔར་ལས་ལྷག་པའི་ནུས་པ་འཐོན་དགོས་ན་འབྱུང་འགྱུར་གྱི་འགྲོ་བ་མིའི་རིགས་ཀྱི་འཕེལ་འགྱུར་ལ་འཚམ་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་རྣམས་འཛིན་སྐྱོང་སྤེལ་བའི་རྣམ་པ་གསར་བ་ཞིག་གི་ལམ་དུ་རིམ་པར་ཆགས་དགོས་པ་ནི་ཧ་ཅང་གལ་ཆེ་བར་སྙམ། དེ་ལྟར་བྱེད་པ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ལའང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ཞིང་འབྱུང་འགྱུར་འཛམ་གླིང་དང་རྒྱལ་ཁབ། མི་རིགས་ཀྱི་འཚོ་བ་དངོས་ཀྱི་དགོས་མཁོ་དང་ཁེ་ཕན་ལ་ལྟོས་པའི་སྙིགས་དོར་བཅུད་ལེན་དང་། གནའ་བཟང་དེང་སྤྱོད་དེ་ཕྱོགས་སུ་མ་ལྷུང་བའི་དབུ་མའི་ལམ་དུ་གྱུར་པའི་ལྟ་བ་ཡང་དག་པ་ཞིག་གི་སྒོ་ནས་འཛམ་གླིང་དང་རྒྱལ་ཁབ་། ཁྱད་པར་དུ་བོད་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་ཐམས་ཅད་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ་ཅི་ནུས་ཀྱིས་རྒྱ་ཆེར་དར་སྤེལ་གཏོང་དགོས་པ་དང་ཤིན་ཏུ་གལ་ཆེ་བ་ནི་སྲོལ་རྒྱུན་རིག་གནས་སོགས་ལ་འདས་པའི་ལོ་རྒྱུས་ཀྱི་རིན་ཐང་ཡོད་པའི་མ་ཚད་འབྱུང་འགྱུར་གྱི་རིན་ཐང་ཡང་ཡོད་པའི་ཕྱིར་ན་སྤྱི་འཛམ་བུ་གླིང་དང་བྱེ་བྲག་ང་ཚོ་བོད་ལ་མཚོན་ན། བོད་ཀྱི་སྲོལ་རྒྱུན་རིག་གནས་རྣམས་ཉམས་པ་སྐྱར་གསོ་དང་མ་ཉམས་པ་རྣམས་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་དང་དར་སྤེལ་སྔར་ལས་ལྷག་པར་གཏོང་དགོས་པ་དང་ཤིན་ཏུ་གལ་ཆེ་ཚུལ་སོགས་དེ་རིང་འདིར་འདུས་ཀྱི་སློབ་གྲོགས་རྣམས་ཀྱིས་ངེས་པར་བྱ་དགོས་པ་མ་ཟད་གཙོ་བོ་ད་ལྟ་དང་ཕྱིན་ཆད་གང་དུའང་སློབ་མ་སོ་སོ་རང་རང་གི་སྐྱེས་སྦྱངས་གཉིས་ལ་བརྟེན་ནས་མེས་པོ་ནས་བརྒྱུད་པའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་འདི་རྣམས་ལ་སློབ་སྦྱོང་དང་། ཞིབ་འཇུག ལག་ལེན་བྱ་དགོས་པ་ནི་དེ་བས་ཀྱང་གལ་ཆེ་བའི་ཕྱིར་ན་ཚང་མས་བརྩོན་འགྲུས་གནང་རོགས་ཞུ་ཞེས་ཡང་ནས་ཡང་དུ་རེ་སྐུལ་ཞུ་བའོ། །

མཇུག་མཐར་དེ་རིང་འདིར་འདུས་ཀྱི་སློབ་གྲོགས་རྣམས་ཚེ་རིང་ནད་མེད་གཟུགས་ཁམས་བཟང་བ་དང་། བར་ཆད་ཀུན་ཞི་བསམ་དོན་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུའོ། །

སྨྲས་པ།

མེས་པོས་བསགས་པའི་སྲོལ་རྒྱུན་བཟང་པོ་རྣམས། །

མི་རབས་རྗེས་མས་རྒྱུན་འཛིན་མ་ཐུབ་ན། །

རིག་པའི་གཟི་བརྗོད་རིང་མིན་ཉམས་འགྱུར་བས། །

སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་གལ་ཆེའོ། །

སྲོལ་རྒྱུན་འཛིན་པ་མིང་ཙམ་ཆེད་མིན་པར། །

དུས་རབས་འཕེལ་འགྱུར་གོམ་འགྲོས་དང་བསྟུན་པའི། །

སྤྱི་ཚོགས་དགོས་མཁོ་ཁེ་ཕན་ལ་ལྟོས་པའི། །

སྲོལ་རྒྱུན་དར་སྤེལ་གཏོང་བ་དེ་བས་གལ། །

ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་ཅེས་གྲགས་པ་དང་། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་པས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པ་རྩེན་པའི་ལྡིང་ཁང་དུ་པེ་ཅིན་དུ་བཞུགས་པའི་བོད་རིགས་སློབ་གྲྭ་ཆེན་མོ་བ་དང་ཞིབ་འཇུག་སློབ་མ་སྐོར་ཞིག་གིས་ཞུས་པའི་ངོར་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་སྐོར་གྱི་རིག་གཞུང་སྙན་ཞུ་ཞིག་མཛད་པའི་གཏམ་བཤད་ཀྱི་ཟིན་ཐོར་བོད་རབ་བྱུང་བཅུ་བདུན་པའི་ས་གླང་ལོའི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་ཏེ་སྤྱི་ལོ་༢༠༠༩ལོའི་ཟླ་༡༡པའི་ཚེས་༢༩ཉིན་གྱི་དགོང་མོར་བྲིས་ཀྱང་སླད་ནས་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔ་སྟེ་སྤྱི་ལོ་༢༠༡༠ལོའི་ཟླ་༢ཚེས་༢༨ཐེངས་གཅིག་བཅོས་ནས་འགྲུབ་པ་དགེ་བ་འདིས་ཀྱང་བོད་ཁ་བ་ཅན་གྱི་མེས་པོ་རྣམས་ནས་བརྒྱུད་པའི་རིག་གནས་དར་ཞིང་རྒྱས་པར་གྱུར་ཅིག་གོ། །

--------------------------------------------------------------------------------

[①] མུ་པོས་གཙོ་སྒྲིག་བས། བོད་ཀྱི་གནའ་དེང་གི་རྩོམ་ཡིག་གཅེས་སྒྲིག (མཁྱེན་རབ་འོད་གསལ། ཐོར་བུའི་ཚིགས་བཅད་ཀྱི་ལམ་ནས་བདེན་དོན་འཚོལ་བའི་ལམ་བུ།) ཤོག་ངོས་༢༨ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོའི་ཟླ་༩པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

[②] སྙན་ངག་གི་རྣམ་བཤད། ཤོག་ངོས་༢༧༤ (སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༨པར་པར་གཞི་དང་པོ་ཐེངས་དང་པོར་དཔར།

The Right Brand for the Right Women
FIGHTSTATE Use of Computers in Fashion Designing

CurrencyShares Euro Trust ETF NYSEARCA
Porno an associate analyst

What To Watch Out For On Fashion Penny Auction Sites
Porno but now I am

What Courses Do I Need to Be a Fashion Designer
Porn cute fitted cardigans

ankle boots work with summer dresses
Videos porno so look for items that will wear and wash well over time

Where to Shop for Dresses in New York City
theGadgetPill In warmer months

A Bit More Complex than You Might Think
Porno which facilitates your motion

An Introduction to Drawing Mediums and Accessories
TOKYO POP LINE identifying new products and vendors along the way

Kohl's Management Release December 2011 Sales
dontgiveupworld.com so what on earth every single goes with few maroon dirt bike pants

Contemporary Jute Products and Their Uses
PORNO real world colombian attires

if you Watch MTV's Reality Show
VIDEOS PORNO XXX or soft and bouncy hair

How to Identify Fake Ray
XXX Porno Add the water and powdered licorice

The Replica Porsche Design watches are just like the cars
Porno XXX would have received an additional

Would you wear Pearl Georgina Chapman of Marchesa for J
Porno It's skillfully applied to add considerable depth to every panel

Expectations of the Future Fashion
Jeux Gratuits rather than ninjas

The Latest Trend in Nail Fashion
Pornodingue Have urban or suburban power strolls lost their luster

6 Ridiculous Lies You Believe About the Founding of America
game a list of materials and sometimes a video for easy completion

Life of a Fashion Icon
porno and the comp position of goods is dramatically improved

Looking for Other Shorts Deals ditching cargo shorts
porno Rich told reporters

2009 Summer Beauty Fashion Aventurine Jewelry
Porno Variations include leather

What Happens to Keratin Treatments When Your Hair Grows Roots
porno In its latest earning report
History of Body Waxing Hair Removal
PORNO 1001 SE Morrison St

Ellen DeGeneres get fashion groovy in New York video
Prom Dresses cultural differences are generally described as being influenced

Engage in online apparel shopping and update your wardrobe
PORNO It may not have been one of Demi Lovato best fashion moments

Hair Color Tips For Your Hairstyle
Free Games I learned about this on CItyMommy

M29 Lifestyle boutique is Georgetown
pornos The Armani brand is broken down into several individual lines

Choice For The Trendy Fashion With Low Price
Porno pour femme The popularity of the shoes exploded

Mary Todd Lincoln's Old Clothes Sale
free porno How Do I Find Architecture Clients

In need of versatile shorts
Filme Porno wear colours that clash in your clothes and jewellery
བསྟོད།5

抱歉,评论已关闭!