གཙང་གསུམ་གྲོང་ཁྱེར་འཛུགས་སྐྲུན་བྱ་གལ་ཆེ་ཚུལ་སྐོར་ནས་ཅུང་ཟད་གླེང་བ།

སྦྱིན་པ།

༄༅། །ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱིས་འཆམ་མཐུན་ཅན་གྱི་
གཙང་གསུམ་གྲོང་ཁྱེར་འཛུགས་སྐྲུན་བྱ་གལ་ཆེ་ཚུལ་སྐོར་ནས་ཅུང་ཟད་གླེང་བ།

གཙོ་སྐྱོང་གཏམ་བཤད་མཁན།

ཐོག་མར་གླེང་སློང་བའི་སྒོ་ནས་ཅུང་ཟད་བཤད་ན་འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ཆོལ་གསུམ་བོད་པའི་ནང་ཚན་ཁམས་སྟོད་ཡུལ་ཤུལ་ཁུལ་སྒ་སྐྱེ་རྒུ་མདོར་ཁོར་ཡུག་གཅེས་སྐྱོང་བཟང་པོ་ཞིག་གནང་མ་ཐུབ་པའི་དབང་གིས་སྤྱི་ལོ་༢༠༡༠ལོའི་ཟླ་༤་པའི་ཚེས་༡༤་ཉིན་འབྱུང་གཞིའི་གནོད་ཚེས་ས་འགུལ་འཇིགས་སུ་རུང་བ་ཞིག་བྱུང་སྟེ། ཡུལ་མི་མང་པོའི་གཅེས་པའི་ཚེ་སྲོག་དང་སྡོད་ཁང་སོགས་དཔལ་འབྱོར་ཡོད་དོ་ཅོག་བཅོམ་པའི་གནས་ཚུལ་ངན་པ་ཞིག་ང་ཚོར་བྱུང་པ་རེད། སྐབས་དེར་སྲིད་གཞུང་གི་དབུ་ཁྲིད་རྣམ་པ་དངོས་སུ་ས་གནས་སུ་ཐུགས་ཁུར་ཆེས་བཞེས་ཐོག་རྟོག་ཞིབ་ཏུ་ཕེབས་པ་དང་སྨན་པའི་སྡེ་ཁག་དང་དམག་དཔུང་གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་རོགས་སྐྱོར་གནང་པ་དང་། དེ་བཞིན་དམར་སེར་ངུར་སྨྲིག་ཅན་གྱི་དགེ་འདུན་པ་རྣམ་པས་འདས་པོ་རྣམ་པར་བསྔོ་སྨོན་གསུང་ཞིང་གསོན་པ་རྣམས་ལ་སེམས་གསོ་དང་སྐྱོབ་གསོ་རོགས་རམ་གནང་པ་སོགས་ཀྱི་བཀའ་དྲིན་གཞལ་བར་དཀའ་བ་ཞིག་གནང་མཁན་གྱི་བྱམས་བརྩེ་ལྡན་པའི་དང་བླངས་བའི་དཔུང་སྡེ་ཞིག་ང་ཚོར་ཡོད་པ་དེ་ནི་དགའ་འོས་པ་ཞིག་རེད། རྗེས་ཕྱོགས་ཀྱང་དམར་སེར་ངུར་སྨྲིག་ཅན་གྱི་བོད་པའི་གྲྭ་བཙུན་རྣམ་པས་ཕ་མེས་ཀྱི་ཆོས་ལུགས་གཅིག་པའི་རྒྱ་རིགས་མི་དམངས་ཀྱི་ནང་ནས་འགའ་ཤས་ཀྱིས་གྲྭ་བཙུན་ལ་ལྟ་ཚུལ་ཅུང་ཟད་ངན་པ་བཟུང་བཞིན་ཡོད་པ་དེ་དག་སེལ་ཆེད་དམ་ཐུབ་བསྟན་སངས་རྒྱས་པའི་བསྟན་པའི་འོད་མདངས་མངོན་ཆེད། འཛམ་གླིང་གི་ས་གནས་གང་ཞིག་ཏུ་གོད་ཆག་རིགས་བྱུང་པ་ཡིན་རུང་རོགས་རམ་གནང་གལ་ཆེ་བ་དང་ལྷག་པར་དུ་སྤུན་ཟླ་རྒྱ་རིགས་མི་དམངས་ལ་དེ་འདྲའི་གོད་ཆག་རིགས་བྱུང་པ་ཡིན་ན་སྐབས་དེར་རོགས་རམ་གནང་པར་ཕེབས་གལ་ཆེ་བར་སེམས། དེ་འདྲའི་ཕྱག་ལས་གནང་ཐུབ་པ་ཡིན་ན་ལོ་རྒྱུས་ཐོག་ཕ་མེས་ཀྱི་ཆོས་ལུགས་གཅིག་པའི་སྤུན་ཟླ་རྒྱ་རིགས་མི་དམངས་ཀྱིས་ཡིད་ཆེས་ཐོབ་པ་དང་གཉིས་ནས་ཐུབ་བསྟན་ཆོས་ལུགས་ཀྱི་སྣང་བརྙན་བཟང་པོ་ཞིག་ས་སྒང་ཧྲིལ་པོ་འདི་ཐོག་ཏུ་མངོན་ཐུབ་པ་སོགས་རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་ནས་དྲིས་ཏེ་སྤང་བར་བྱ། ཞེས་པའི་ལུང་གི་དགོངས་དོན་དང་ཡང་མཐུན་པར་སེམས། ང་ཚོར་གོད་ཆག་བྱུང་པའི་སྐབས་དེར་ས་སྒང་ཧྲིལ་པོ་འདིའི་ཐོག་གི་ཕྱོགས་གང་སར་བཞུགས་ཡོད་པའི་ཆོལ་གསུམ་རིགས་གཅིག་མིང་སྲིང་རྣམ་པས་ཀྱང་རང་ནུས་གང་ཡོད་ཀྱིས་དངོས་ཤུགས་རྒྱུད་གསུམ་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སོང་པ་དེ་ནི་ངོ་མ་དགའ་འོས་པ་ཞིག་རེད། དེ་བཞིན་ཡང་ཨ་རི་སོགས་རྒྱལ་ཁབ་ཁག་གི་རོགས་སྐྱོར་དང་ཆོས་ལུགས་ཁག་སོ་སོའི་ཆོས་བྱེད་པ་རྣམས་ཀྱིས་ཐུགས་སྨོན་སྐྱབས་འཇུག་གནང་སོང་པ་དེ་དག་གིས་ང་ཚོར་ཅི་ཞིག་གི་འཚོར་སྣང་སྦྱིན་སོང་ངམ་ཞེ་ན། ཟླུམ་གཟུགས་གོ་ལའི་སྤྱི་ཚོགས་འདི་ནི་འཛམ་གླིང་གཅིག་ཁྱིམ་གཞིས་གཅིག་ལས་དབང་གཅིག་ཟེར་བ་ལྟར་ས་གནས་གང་ཞིག་ཏུ་གོད་ཆག་གི་རིགས་བྱུང་པ་ཡིན་ན་ཡང་དེ་ནི་ང་ཚོ་དང་འབྲེལ་མེད་ཀྱི་གནས་ཚུལ་ཞིག་མ་ཡིན་པར། དེ་ནི་རྟེན་འབྱུང་དང་ལྟོས་གྲུབ་ཀྱིས་གྲུབ་ཅིང་ལས་དབང་གཅིག་པའི་ང་ཚོའི་གོ་ལའི་ཁྱིམ་གཞིས་འདིའི་གོད་ཆག་ཅིག་ཡིན་པས་སྐྱིད་སྡུག་ལེགས་ཉེས་ཅི་ཞིག་བྱུང་རུང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་དགོས་པའི་སེམས་ཚོར་ཞིག་སྦྱིན་ཡོང་། དེ་རྗེས་ཀྱི་བསྐྱར་འཛུགས་བྱེད་ཕྱོགས་ཀྱི་སྐོར་ནས་བཤད་ན་སྐྱེ་དགུ་གྲོང་རྡལ་དེ་བསྐྱར་འཛུགས་བྱེད་སྐབས་སུ་གཙང་གསུམ་གྲོང་ཁྱེར་དུ་བསྒྱུར་རྒྱུའི་དགོངས་བཞེས་གནང་སྟེ་དམིགས་འདུན་དེའི་ཐོག་སྐྱོད་བཞིན་པ་རེད། གཙང་གསུམ་གྲོང་ཁྱེར་དེ་ཡང་ཤེས་ཡོན་ལྡན་པའི་གྲོང་ཁྱེར་ཞིག་དང་བཟོ་ཚོང་དཔལ་འབྱོར་དར་བའི་གྲོང་ཁྱེར་ཞིག མ་འོངས་བོད་ཁུལ་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་མིག་དཔེ་འོས་པའི་གྲོང་ཁྱེར་ཞིག ལྗོངས་རྒྱུ་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པར་གསུང་བཞིན་ཡོད་པ་རེད། དེས་ན་མ་འོངས་སྐྱེ་རྒུ་གྲོང་རྡལ་འདི་གྲོང་ཁྱེར་ཅན་དུ་འགྱུར་བའི་སྐབས་སུ་མི་རིགས་འདྲ་མིན་མང་པོ་ལྷན་གཅིག་མཉམ་དུ་གྲོང་ཁྱེར་འདིའི་ནང་དུ་འཚོ་བར་རོལ་དགོས་སྐབས་སུ་ཅི་ལྟ་བུའི་སྒོ་ནས་མཛའ་མཐུན་མཉམ་གནས་ཞི་མཐུན་འཚོ་བར་རོལ་ཐབས་ལ་བརྩོན་དགོས་སམ་ཞེ་ན། དེའི་ཐབས་ལམ་གཙོ་བོ་གཅིག་ཡོད་པ་ནི་རིག་གནས་འདྲ་མིན་དང་ལྟ་བ་འདྲ་མིན་དག་མཉམ་གནས་ཐུབ་པའི་གུ་ཡངས་ཀྱི་བསམ་བློ་དང་ལྡན་དགོས་པ་དང་ལྷག་ཏུ་མི་རིགས་འདིའི་རིག་གནས་དང་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་དག་རྒྱུན་འཛིན་འཕེལ་རྒྱས་སུ་གཏོང་བ་ལ་བརྟེན་ནས་མཛའ་མཐུན་མཉམ་གནས་ཀྱི་འཚོ་བ་བཟང་པོ་ཞིག་ལ་རོལ་ཐུབ་པར་བརྩོན་རྒྱུ་དེ་ཡིན་པར་སེམས་བཞིན་ཡོད། དེ་ཡང་ཅི་ལྟ་བུ་དགོས་སམ་ཞེ་ན་ ས་གནས་འདིའི་ས་ཆུ་ལམ་སོགས་ཀྱི་མིང་མི་རིགས་རང་གི་རིག་གནས་དང་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་མཐུན་པའི་མིང་བརྡ་ཡོང་ཐབས་སུ་བརྩོན་རྒྱུ་དང་གཅིགསྡོད་ཁང་དང་ཁང་པའི་རིགས་ཐམས་ཅད་ཀྱི་བཟོ་བཀོད་དབྱིབས་གཟུགས་སོགས་མི་རིགས་ཀྱི་ཐུན་མིན་སྲོལ་རྒྱུན་གྱི་བཟོ་བཀོད་དང་མཐུན་པ་ཞིག་གམ་གནའ་དེང་གི་བཟོ་རྩལ་ཟུང་འཇུག་གི་ཁྱད་ཆོས་ལྡན་པ་ཞིག་ཡོང་ཐབས་སུ་བརྩོན་རྒྱུ་དང་གཉིས། གཞུང་སྒེར་གྱི་ཁང་པ་གང་དང་གང་ཞིག་ཡིན་རུང་སྒོ་བྱང་ཐམས་ཅད་ལ་བོད་རྒྱ་དབྱིན་གསུམ་གྱི་ཡི་གེ་དག་གཙང་གསལ་གསུམ་གྱི་ཁྱད་ཆོས་ལྡན་པའི་སྒོ་བྱང་ཡོང་ཐབས་སུ་འབད་རྒྱུ་དང་གསུམ། དབྱར་རྩྭ་དགུན་འབུ་ཙམ་ལ་བརྟེན་ནས་གནས་སྐབས་ཙམ་གྱི་འཚོ་གནས་རོལ་ཐུབ་ཐབས་ཙམ་མི་གནང་པར་ཕུགས་འདུན་རིང་མོའི་འཚོ་གནས་བརྟན་པོ་ཞིག་ཡོང་ཕྱིར་རང་ནུས་དང་མཚམས་པའི་ས་གནས་ཀྱི་མཆོག་དམན་བར་གསུམ་གྱི་ལས་གནས་དག་འཛིན་ཐུབ་ཐབས་སུ་བརྩོན་གལ་ཆེ་བ་དང་བཞི། ཆོས་ལུགས་མི་སྣ་དང་ཤེས་ལྡན་མི་སྣ་རྣམ་པས་འགན་ཁུར་ཆེ་བཞེས་ཀྱི་ཐོག་ནས་སྔོན་ཆད་བཞིན་རྒན་རབས་རྣམས་ལ་ཆོས་བཤད་ཙམ་མ་ཡིན་པར་དོན་གཉེར་ལྡན་པའི་རྒན་དར་གཞོན་གསུམ་དང་ལྷག་པར་ཤེས་ཡོན་ཅན་གྱི་གཞོན་སྐྱེས་རྣམས་ལ་ཆེད་དམིགས་ཀྱིས་སྒོ་ནས་མི་རིགས་ཀྱི་རིག་གནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་ཟུང་འཇུག་གི་རིག་གནས་ཀྱི་གོ་རྟོགས་ཐོབ་ཆེད། ཟབ་སྦྱོང་སློབ་ཁྲིད་དང་གླེང་མོལ་གོ་བསྡུར་གང་མང་གནང་ཐུབ་ཐབས་སུ་བརྩོན་ཏེ་མི་རིགས་ཀྱི་རིག་གནས་དར་སྤེལ་གཏང་ནས་མཛའ་མཐུན་བདེ་སྐྱིད་ལྡན་པའི་གྲོང་ཁྱེར་གྱི་འཚོ་བ་ཞིག་ཡོང་ཐབས་དང་། གསར་སྐྱེས་གཞོན་རབས་རྣམས་གནའ་དེང་ཟུང་འཇུག་གི་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་མཁས་བཙུན་བཟང་གསུམ་དང་ལྡན་པའི་རིག་གནས་དང་ཀུན་སྤྱོད་ཡ་བྲལ་དུ་མ་སོང་བའི་ཡ་རབས་ཤེས་འཇོན་ལྡན་པའི་མི་རབས་གསར་པ་ཞིག་ཡོང་ཐབས་སུ་བརྩོན་གལ་ཆེ་བ་དང་ལྔ། མི་རིགས་རང་སྐྱོང་ས་ཁུལ་གྱི་རྩ་ཁྲིམས་སུ་གསལ་བའི་འཛིན་སྐྱོང་ཐོབ་དབང་དང་སྐད་ཡིག་རིག་གནས་ཡུལ་སྲོལ་གོམས་གཤིས་སོགས་རྒྱུན་འཛིན་དར་སྤེལ་བཀོལ་སྤྱོད་བཅོས་བསྒྱུར་ཇི་བྱེད་ཀྱི་རང་དབང་ཡོད་ཅེས་དང་། དེ་བཞིན་མི་རིགས་གཞན་པ་སུ་དང་གང་ཞིག་མི་རིགས་རང་སྐྱོང་ས་གནས་སུ་ལས་དོན་གཉེར་བ་དང་གནས་སྡོད་བྱེད་མཁན་དག་གིས་ངེས་པར་དུ་ས་གནས་མི་རིགས་དང་མི་རིགས་དེའི་རིག་གནས་ཡུལ་སྲོལ་བཅས་ལ་བརྩི་འཇོག་ཞུ་དགོས་པ་དང་། མི་རིགས་དེའི་སྐད་ཡིག་རིག་གནས་ལ་སློབ་གཉེར་ཡང་བྱེད་དགོས་ཞེས་གསལ་བ་ལྟར་ཁྲིམས་ལྟར་ལག་ལེན་དོན་འཁྱོལ་ཡོང་བར་འབོད་སྐུལ་དང་དེ་དོན་བཞིན་ཡོང་ཐབས་སུ་བརྩོན་གལ་ཆེ་བ་དང་དྲུགསྐད་ཡིག་ལས་གཉེར་ཁང་ཞིག་བཙུགས་ཏེ་མི་རིགས་སྐད་ཡིག་གི་ཚེ་སྲོག་སྲ་བརྟན་དང་མི་རིགས་གཞན་གྱི་དགེ་མཚན་ལྡན་པའི་རིག་གཞུང་དག་ནང་འདྲེན་གྱིས་མི་རིགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་ཡོང་བར་བརྩོན་རྒྱུ་དང་བདུན།མདོར་ན་མི་རིགས་རང་སྐྱོང་རྩ་ཁྲིམས་ཚུལ་བཞིན་ལག་ལེན་དོན་འཁྱོལ་དང་བྱམས་བརྩེའི་རྩ་བ་ཅན་གྱི་མི་རིགས་རིག་གནས་ཀྱིས་གྲོང་ཁྱེར་གྱི་སྐྱེ་བོ་ཀུན་གྱི་སེམས་རྒྱུད་རླན་ཞིང་ས་གནས་ཡུལ་མི་གཞན་བརྟེན་འཚོ་སྐྱེལ་མ་ཡིན་པ་བཅས་གསུམ་དང་ལྡན་པའི་ཀུན་ལ་ཕན་པ་དང་ཀུན་གྱིས་མིག་དཔེ་འོས་པའི་འཆམ་མཐུན་བདེ་སྐྱིད་ལྡན་པའི་གཙང་གསུམ་གྲོང་ཁྱེར་ཞིག་ཡོང་བར་སྒོ་ཀུན་ནས་འབད་བརྩོན་གནང་གལ་ཆེ་བ་ལགས་སོ། །

རྩོམ་ཡིག་འདིའི་གསལ་བཤད།

འདི་ནི་སྤྱི་ལོ་༢༠༡༢ལོའི་ཟླ་༨པའི་ཚེས་༢༦་རེས་གཟའ་ཉི་མའི་ཉིན་སྐྱེ་དགུ་མདོའི་འཆམ་མཐུན་རིག་གནས་བགྲོ་གླེང་གི་གཙོ་སྐྱོང་གཏམ་བཤད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་བུ་སྦྱིན་པས་གནང་པའི་ནང་དོན་གནད་བསྡུས་ཤིག་ཡིན།

Crew x Nike Killshot 2
FIGHTSTATE A sci fi conspiracy tale

Style of Pants to Wear to Hide Your Stomach
Porno event costumes assist you to

Which Assets Stand to Gain Prior to the Aug
Porno If you are invited to a 60's themed party

Moleskine Offers Exposure To The Luxury Industry And A Great Upside Potential
Porno at the time

10 Fashion Fundamentals Pt 2 6
Videos porno This show is so good

Eight Things You Didn't Know
theGadgetPill acm gives 2011 orange carpet and rug manner

American Living for JC Penney
Porno Notice how the outfits balance chunky

Looking for a pair of boots that are 1 pilot or military
TOKYO POP LINE I'd Do Anything for Love But I Won't Do That

Good Running Shoes Will Protect Your Feet
dontgiveupworld.com So which is it

How to Clean Leather Settees
PORNO Season's picks include totes

Grammy nominated musician Janelle Mon
VIDEOS PORNO XXX Ohio and Pennsylvania

Abnormalities of Tryptophan Metabolism in Psychiatric Diseases
XXX Porno Coach's decision to go against the grain should be monitored closely

Export Notes In Outlook Format Perpetually With Commercial Solution
Videos Porno apart from Hungary

celebrated the best of beauty with glamour
XXX Porno Just five blocks away from FIT's campus in Chelsea

Top 5 fashion mistakes in Nashville
Jeux this model is practically a nun

Plus Size Fashion Tips For Women Over 50
Porno George Clymer and Michael Hillegas

How to Dress in Style for Petite Women
game or apple shaped

The Awakening of Environmental Art
porno 000 to make and caused quite a stir

Charm and the style of the Traditional Pakistani Dresses
porno Thank you for your time

Sony Ericsson XPERIA X1 Steel Silver
Porno but the correlation which is that the meatloaf has a crumblier texture

Signet Jewelers' CEO Discusses F4Q 2014 Results
porno eyebright dried leaves can as its name implies help brighten eyes
བསྟོད།6

抱歉,评论已关闭!