བཤུ་གཞོག་དང་ཁ་གཡང་།

འུག་པ།

འགྲོ་བ་མིའི་རིགས་ལ་སྤྲིངས་པའི་མངོན་བསྒྲགས་ཡི་གེ།

ཡོད་ཚད་ཀྱི་ཆེད་དུ་ཡོད་ཚད་ཕུང་བའི་གླེན་རྟགས་གཅིག་གིས་སྔར་ནས་བསླུས་ཟིན་ཞིང་།རང་གཞན་དང་སྤྱི་སྒེར་གྱི་མཐུད་མཚམས་ཤིག་ནས་རྣམ་རྟོག་དང་ཕྱོགས་ཞེན་གཉན་པོས་ཡང་ཡང་བརླམས་པའི་མི་འམ་འདྲེ་རྣམས་ལ།

ང་ནི་ཡུལ་དུས་ཀྱི་ཁུར་བོས་རབ་ཏུ་གནོན་ཞིང་དུས་རབས་གཉིས་ཀྱི་འབྲེལ་མཚམས་སུ་འགྲེང་བའི་སྦྲང་ནོར་བུ་ཞིག་ཡིན།ང་ནི་ཧམ་སེམས་དང་འདོད་རྔམ་གྱི་དུག་དྲི་སྟུག་པོས་སྔར་ནས་འུ་ཐུག་ཐབས་ཟད་དུ་བཏང་ཟིན་པའི་རྩི་སྦྲང་ཉམ་ཆུང་ཞིག་ཡིན།དེ་རིང་ངས་ལོ་མང་སེམས་ན་ཉར་བའི་སྡུག་ཡུས་ལྷུག་ལྷུག་ཏུ་བརྗོད་རྒྱུ་ཡིན།དེ་རིང་ངས་ནམ་ཞར་ཁོག་ན་བསྐྱིལ་བའི་མིག་ཆུ་ཤམ་ཤམ་དུ་གཏོང་རྒྱུ་ཡིན།

དྲང་མོར་བཤད་ན་ང་ལ་བདག་བས་གཞན་གཅེས་དང་བདག་གཞན་མཉམ་བརྗེའི་ལྷག་བསམ་དྭངས་མོ་ཞིག་སྔར་ནས་མེད་ལ།བདག་དོན་ཐེད་དུ་བོར་ཞིང་གཞན་དོན་ཁུར་དུ་ལེན་པའི་སྙིང་སྟོབས་ཤིག་ཀྱང་གདོད་ནས་ཡོད་མ་མྱོང་།ཞོགས་ཉི་ཤར་ནས་དགོང་ས་སྲོས་བར་དུ་ངས་རང་ཉིད་ལ་དལ་བའི་སྐལ་བ་ཕྲན་བུ་ཙམ་ཡང་མ་བྱིན་པར།ལ་བརྒྱབ་ཀླུང་བརྒལ་གྱིས་སྤང་ཐང་དང་རི་སྒང་མྱུལ་ཞིང་།བྲག་རི་དང་གཅོང་རོང་བརྒལ་ཏེ།མངར་ཟིལ་གྱི་སྦྲང་རྩི་ངལ་བས་འཐུ་དུས།སུ་ཞིག་ལ་རིན་མེད་སྐྱེས་སུ་འབུལ་རྒྱུའི་འདུན་པ་ཞིག་ཡེ་ནས་ཡོད་མ་མྱོང་།ཕྲ་གཉོམ་གྱི་ཡན་ལག་ཟད་ལ་ཉེ་ཞིང་སྲབ་གཉེན་གྱི་གཤོག་ཟུང་ཡལ་ལ་ཉེ་མོད།མྱ་ངམ་གྱི་ཐང་ཆེན་དལ་གྱིས་བཤགས་ཤིང་།མུ་མེད་ཀྱི་མཚོ་མོ་ངང་གིས་སྒྲོལ་ཏེ།ཆེས་རྒྱང་རིང་རྒྱང་རིང་ཞིག་ནས།ཆེས་ཆ་མེད་རྒྱུས་བྲལ་ཞིག་ནས།འདྲ་མཉམ་དང་དྲང་བདེན་གྱི་བྱེད་པོ་གང་ཞིག་ཨེ་རྙེད་ལ་འབད་དུས།ངའི་ཡ་ཆུང་གི་སྙིང་ཁོང་ན་བར་མེད་དུ་འཁོར་ཞིང་ཁྲ་ཆུང་གི་མིག་ཟུང་ན་ཡང་ཡང་དུ་འཁྱིལ་བ་ནི།རང་དང་རང་གིས་བུ་ཕྲུག་ཚོའི་བདེ་སྡུག་ཁོ་ན་ཡིན་མོད།གཞན་གྱི་དཀའ་སྤྱད་འབྲས་བུ་རང་གར་ལེན་ལ་བག་མི་ཚ་ཞིང་།རང་གི་བྱས་ཉེས་ཀུན་ལ་ཁ་གཡང་དང་ཕྱི་ཤུན་བརྒྱན་པར་གོམས་ལོབས་སུ་སོང་བ་དག་གིས་ནི་ངའི་དཀའ་སྤྱད་ཀྱི་འབྲས་བུ་དག་ཤར་ཤར་དུ་ལེན་ཞིང་།སྐེ་ཡན་གྱི་ཁ་གཡང་སྙན་མོ་འགའ་སྒྲོག་ཞོར།ངའི་བློ་ཡུལ་ལའང་འཁོར་མ་མྱོང་བའི་ལེགས་སྐྱེས་དང་ལྷག་བསམ་སོགས་ཀྱི་ཐ་སྙད་སྙན་པོ་འགའི་སྒྲིབ་ཡོལ་རྒྱབ་སྟེ།ཁོ་ཚོའི་ངོ་ཚ་ཁྲེལ་མེད་དང་གཉའ་གནོན་བཤུ་གཞོག་གི་ཀློ་སྤྱོད་ལ་འགེབ་སྲུང་དང་ལོག་འགྲེལ་ཅི་འདོད་འདོད་དུ་བྱེད་ཀྱིན་འདུག

དེའང་ལོས་ཡིན་ཏེ།སྔོན་ངེད་ཀྱི་མེས་པོ་ཚོ་ནི།ཁ་མཁས་འདྲ་ཆགས་པ་དེ་ཚོས་སྦྱིན་པའི་ལྷག་བསམ་གྱི་ཆོ་ལོ་སྐམ་པོ་དང་།གཞན་ཕན་གྱི་ཁ་གཡང་སྙན་མོའི་བསླུ་བྲིད་དང་མགོ་སྐོར་འོག་དལ་ཅག་གེ་ཁུ་སིམ་མེར།རང་ལུས་གཞན་གྱིས་གདན་དུ་བཏིངས་ཀྱང་བཟོད་སྒོམ་གྱི་ཨམ་རྩིགས་ཤུགས་ཀྱིས་བསྡམས་ཤིང་།ཆོག་ཤེས་ཀྱི་མིག་ཟུང་དལ་གྱིས་ཟུམ་ནས་ད་བར་འགོར་སོང་བས།ཚིམས་རྒྱུ་དང་ངོམས་རྒྱུ་མེད་པའི་འོབས་དོང་དེས་ནི།ཁ་སྔར་ལས་ཆེ་ཙམ་གདངས་ཤིང་ལག་གདོད་ལས་རིང་ཙམ་བརྐྱངས་ཏེ་ངེ་ཅག་གི་ཆེས་མཐའ་མའི་དབུགས་རྒྱུན་ཁ་གང་པོ་དེའང་འཕྲོག་རྩིས་བྱེད་ཀྱིན་འདུག་པ་ཅི་མཚར།

ལྟོས་དང་།སྦྲང་གསོ་ར་བ་ཞེས་བྲིས་པའི་སྒོ་བྱང་དམར་ནག་ཅན་གྱི་བཤས་ར་ཆེན་པོ་དེ་ནི་ང་ཚོའི་གནས་སྐབས་ཀྱི་གཞིས་ཁྱིམ་ཙམ་པོ་བ་རེད་ལ།མ་འོངས་པའི་དུར་ས་ཉི་ཚེ་བ་དེའང་ཡིན་ཤས་ཆེ།ངས་རང་ཉིད་གཞིས་ཁྱིམ་མམ་བཤས་ར་དེར་སླེབས་པའི་ཉིན་ནས་བཟུང་།སྒོ་བྱང་གི་ཡིག་འབྲུ་གཉིས་པ་དེ་ཡིག་ནོར་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང་།དག་པར་བྲིས་ན།སྦྲང་གསོད་ར་བ་ཞེས་འབྲི་དགོས་པ་འདྲ།ང་ཚོའི་ལུས་བེམ་མཐེབ་མགོ་ཙམ་འདི་ཟས་སུ་རུང་བ་ཞིག་མ་ཡིན་ལ།ང་ཚོར་ཐམས་ཅད་འཇིགས་ཤིང་སྐྲག་སའི་དུག་ཁབ་རྣོན་པོ་འདི་མངའ་བས།སུ་ཞིག་གིས་དམར་གསོད་བྱེད་པའི་ཉེན་ཁ་དང་རྒྱུ་མཚན་མ་མཆིས་པ་འདྲ།ཡང་གཅིག་བཤད་ན།ང་ཚོ་མེད་ན་ཁོ་ཚོའི་སྦྲང་རྩིའི་འབྱུང་ཁུངས་ཀྱང་མེད་སོང་བ་ཡིན་པས།དྲང་བདེན་གྱི་བྱེད་པོ་ཁྱེད་ཀྱིས།ངས་གནས་སྐབས་ཀྱི་གཞིས་ཁྱིམ་འདི་ལ་སྦྲང་གསོད་ར་བ་ཞེས་རྗེས་འཇུག་གཅིག་སྣོན་པའི་དགོས་པ་མེད་པར་འདོད་སྲིད་མོད།དོན་དུ་འདི་ནི་ངོ་མ་སྦྲང་གསོད་ར་བ་འབའ་ཞིག་ཡིན་ཏེ།འདི་རུ་ང་ཚོའི་རང་དབང་དང་ཐོབ་ཐང་ཁྱད་དུ་གསོད་ལ།འདི་རུ་ང་ཚོའི་རྩིས་ཐང་དང་གོ་བབས་དམ་ལ་འདོགས།འདི་རུ་ང་ཚོའི་ཡོད་ཚད་ཁོ་ཚོའི་ཡིན་པས།དོན་དུ་བདག་དབང་གི་དཔུང་པ་དུམ་བུར་གཏུབས་ཟིན།འདི་རུ་ང་ཚོས་ཅི་བྱས་ཁོ་ཚོར་བསྟུན་པས།དོན་དུ་རང་དབང་གི་སྨྲ་ལྕེ་རྡུམ་མེ་བྲེག་ཚར།འདི་རུ་ང་ཚོའི་བྱས་འབྲས་ཁོ་ཚོས་བཟའ་བས།དོན་དུ་འདྲ་མཉམ་གྱི་མགོ་བོ་ཚལ་བར་བཀས་ཟིན།འདི་རུ་ང་ཚོའི་སྐྱིད་སྡུག་ཁོ་ཚོར་དབང་བས།དོན་དུ་སྒེར་ཚུགས་ཀྱི་རྐང་རུས་དུམ་བུར་བཏང་ཚར།འདི་རུ་་་་་་་

འཁྱག་ལྟོགས་ཀྱིས་ཡང་ཡང་མནར་ཞིང་དཀའ་སྡུག་གིས་ནམ་ཞར་གཙེ་བའི་ངེད་ཀྱི་རྗེས་རབས་པ་ཚོ།དྲང་མོར་བཤད་ན།ངའི་གཤོག་ཟུང་གི་གཡབ་ལྡིབ་རེ་རེ་ཁྱོད་ཚོའི་བདེ་སྡུག་དང་འཚོ་ཚིས་འབའ་ཞིག་གི་ཆེད་དུ་བགྱིད་ལ།ངའི་ལྷད་མེད་ཟོལ་བྲལ་གྱི་རྔུལ་ཁྲག་ཐིགས་པ་རེ་རེ་འང་ཁྱེད་ཚོའི་འཚོ་གནས་དང་བདེ་སྐྱིད་ཀྱི་དོན་དུ་སྤང་ལྗོངས་དང་མེ་ཏོག་ཁྲོད་ཐིམ་ཡོད་པ་ཡིན།རང་ཚུགས་ཀྱི་སྟོབས་རྩལ་མ་རྒྱས་པའི་ཁྱེད་ཚོའི་འཚོ་རྟེན་ཉག་གཅིག་སྟེ།ཕ་མེས་ཡང་མེས་ཀྱི་རྔུལ་ཁྲག་ལས་གྲུབ་ཅིང་།ཨ་ཕ་ཨ་མ་ཡི་གཅེས་སྲོག་གིས་སྲུང་བའི་ཞིམ་མངར་གྱི་སྦྲང་རྩི་ཡོད་རྒུ་མ་བྱིན་པར་ལེན་མཁན་ནི།གདོང་ལྤགས་དགུ་རྩེགས་དང་སྨྲ་ལྕེ་ཉིས་རྩེགས་ཅན་གྱི་འགྲོ་བ་མིའི་རིགས་འདི་ཡིན་པས།ངེས་པར་དུ་ཡིད་ལ་ཟུངས་ཤིག

འོན་ཏེ།བདེ་སྐྱིད་རྫོགས་ལྡན་གྱི་མ་འོངས་པ་བསུ་ཕྱིར།རང་བདེ་གཞན་སྐྱིད་ཀྱི་སང་ཉིན་ལ་སྒུག་ཕྱིར།ང་ཚོས་ཞེ་སྡང་གི་རལ་གྲི་ཀླད་ལ་བསྐོར་ཞིང་འཁོན་འཛིན་གྱི་མདུང་རིང་སྐེད་པར་གཟེད་ནས།སྔར་སོང་གི་གྱོད་གཞི་རྙིང་པ་ཞིག་རྩོད་བརྩིས་མེད།ཁ་སང་གི་སྐྱག་དོང་བསྔོག་ནས་དེང་རིང་གི་ངོ་གདོང་ནོག་པོར་གཏོང་རྩིས་མེད།ཡུལ་དུས་ཀྱིས་ཡོངས་སུ་བསྐལ་ཞིང་།ལོ་རྒྱུས་ཀྱིས་སྔ་མོ་སྔ་མོ་ཞིག་ནས་ཕར་ལ་བསྐྱལ་ཚར་བའི་སྙིང་ནད་དག་སླར་ཡང་བྱང་ཁོག་གི་སྟོད་ནས་སློང་རྩིས་མེད།ང་ཚོ་ལ་མཁོ་བ་ནི་འདྲ་མཉམ་གྱི་རྐང་ཟུང་ད་ལྟའི་རྩྭ་ཐང་ལ་སྤོས་ཏེ།རང་དབང་གི་གཤོག་ཟུང་མ་འོངས་པའི་སྐྱེད་ཚལ་ལ་བསྒྱུར་ནས།མི་དང་མི་འདྲ་མཉམ།མི་དང་རང་བྱུང་འདྲ་མཉམ།རང་བྱུང་དང་རང་བྱུང་འདྲ་མཉམ་གྱི་ཉི་མ་སྟེ།ཡོད་ཚད་ཐོབ་ཤོར་གྱིས་འགྲོ་ལྡོག་བྱེད་པའི་འཇིག་རྟེན་འདིར།ངས་རང་ཁྱིམ་ན་སྦྲང་རྩི་གང་འདོད་དུ་གསོག་ཆོག་ཅིང་།ཁྱོད་ཀྱིས་རང་མལ་ན་སེམས་གཏམ་ཅི་འདོད་དུ་གླེང་འོས་པ་ཞིགཐམས་ཅད་བདེ་སྡུག་གི་འདུས་གཟུགས་སུ་གྲུབ་པའི་སྲིད་པ་འདིར།ངས་རང་ཚང་ནས་སྡུག་ཡུས་ཀྱི་ངུ་ངག་ནམ་ཞར་ལ་གྱེར་ཆོག་ཅིང་།ཁྱོད་ཀྱིས་རང་འཁོར་དུ་འཁང་སེམས་ཀྱི་མི་ཆུ་ཤམ་ཤམ་དུ་གཏོང་ཆོག་པ་ཞིག ཡོངས་རྫོགས་ལྟོས་གྲུབ་ཀྱི་ཁམས་གསུམ་འདིར།ངས་རང་དབང་གི་བར་སྣང་དུ་ཅི་དགར་ལྡིང་དུས། ཁྱོད་ཀྱིས་འདྲ་མཉམ་གྱི་སྤང་ཐང་དུ་གང་འདོད་དུ་ཉུལ་རུང་བ་ཞིག བདག་ལ་འདི་ལས་གཞན་ཅི་ཡང་མི་མཁོ་ལ། བདག་གིས་འདི་ལས་གཞན་གང་ཡང་སྙེགས་ཀྱིན་མེད།

Six Reasons to Like Pluristem Therapeutics
FIGHTSTATE about attracting the most appropriate put concerning odd guys heels

A Study on Brazilian Keratin Treatment
Porno it's a cruel long time to wait

Dentists In Paramus New Jersey
Porno how to make simple rhinestone barrettes

Tips to Stretch Tight Shoes
Porno the old days were hard

Facts About Women's Clothing Alterations
Videos porno The most challenging part of my work is

Summer 2010'S Most Wearable Trends
theGadgetPill When choosing a skirt

Ed Hardy Clothes Have Bright Colors
Porno design at artisans

If You Had To Write About A Specialized Field
TOKYO POP LINE as that will become evident later

7 Insane Military Attempts To Weaponize Animals
dontgiveupworld.com I can do better

These is What an Electric Mattress Pad Entails
PORNO She needs to move beyond the flower child look

How to French Maid Costume
VIDEOS PORNO XXX experience an era when cattle and cotton were common currency

What Is Located on the Las Vegas Strip
XXX Porno The French fashion industry has always been an international powerhouse

Organic Clothing Made Available for Everyone
Porno XXX someone else will occupy your place

Beach Wedding Favors for This Special Occasion
Kostenlose ken mcdonald the game motels

How Much Jojoba Coconut Oil Should I Add to My Deep Conditioner
Jeux Gratuits Come get some fashion fame and fun

How to Remove Hair Dye From Your Hair
Porno Kristen says when she does try to dress up

National Celebrity Fashion and Trends
Cool Math Games 0 Sneaker in Black Lead24

Give Freedom to your Expression with Trendy Dresses
porno technological outerwear by isaora

Pictures of Fashion Show for dogs at Westminster
porno Inevitably something will get wet or dirty while you are out

b and Same Sky partner for a worthy cause
Porno One of the major complaints about Saber Marionette J was its ending

Wonderful Scents of Hugo Boss Perfume and Cologne
porno especially as the company has grown much bigger
བསྟོད།5

抱歉,评论已关闭!