ཁམས་པ། ཁམས་པ།

སྒེའུ་ཁུང་།

དེ་ཡང་བོད་ཅེས་པའི་མི་རིགས་འདི་ཆོལ་ཁ་གསུམ་གྱིས་གྲུབ་པ་ཞིག་སྟེ།དབུས་གཙང་ཆོས་ཀྱི་ཆོལ་ཁ།མདོ་སྟོད་མི་ཡི་ཆོལ་ཁ།མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་ཀུན་ལ་རླུང་ལྟར་གྲགས་པ་རེད།ཆོལ་ཁ་གསུམ་གྱི་མི་ཡི་གཤིས་ཀ་ཡུལ་ལུགས་གོམས་སྲོལ་སོགས་མི་འདྲ་བའི་ཆ་ཧ་ཅང་མང་ལ།ལྷག་ཏུ་རིགས་ཀྱི་འདུ་ཤེས་དང་ཤེས་རིག་ཡོན་ཏན་གྱི་ཆ་ནས་དེ་བས་ཀྱང་བར་ཐག་ཡོད་པ་ཞིག་རེད།

སྤྱིར་འདིའི་སྐོར་ནས་ཚ་བ་མདའ་སྨྱུག་ལགས་ཀྱིས་རྒྱས་པར་གླེང་ཡོད་པས་ཁོ་བོས་ངལ་བ་བྱེད་པའི་དགོས་པ་མེད་མོད།འོན་ཀྱང༌།ཁོ་བོ་ཡང་ལོ་འདི་དག་གི་རིང་ལ་ཁམས་ཀྱི་ཡུལ་གྲུ་དག་ཏུ་འགྲུལ་བཞུད་བྱེད་མཁན་ཞིག་ཡིན་པས་རང་གི་ལྟ་ཚུལ་ཁ་ཤས་གླེང་འདོད་པ་དང༌། ལྷག་ཏུ་ཁོ་བོའི་ལྟེ་ཁྲག་འཕོ་ས་ཨ་མདོའི་ཡུལ་གྱི་འབྲོག་ལུང་ཆུང་ཆུང་ཞིག་ཡིན་ཡང་སློབ་སྦྱོང་གི་འཚོ་བ་རོལ་སའམ་མི་ཚེའི་ཕྱེད་ཀ་ཁམས་ཀྱི་ཡུལ་ནས་ཟད་པས་ཁམས་ཕྱོགས་ཀྱི་འཚོ་བར་རྒྱུས་མངའ་ཆེ་བས་མི་ཚད།ཁམས་པའི་གསར་བུ་གསར་མོ་ཚོས་ཀྱང་རིགས་ཀྱི་འདུ་ཤེས་དང་བོད་མིའི་རིག་གནས་ལ་བཟུང་བའི་རྣམ་འགྱུར་དག་ནི་ཅིས་ཀྱང་གླེང་སྙིང་འདོད་དོ།།

ཁོ་བོ་ཉིས་སྟོང་གཉིས་ཙམ་ནས་བླ་རུང་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་གི་ཁུལ་བྱས་ནས་ལོ་ངོ་བདུན་ཡས་མས་ཤིག་ལ་སློབ་གཉེར་ཐན་ཐུན་བྱས་པ་དང༌།དེ་ནས་ཁམས་ཕྱོགས་ཀྱི་ཡུལ་གྲུ་ཁ་ཤས་ལ་འགྲུལ་བཞུད་བྱས་ཀྱང༌། ལྷག་ཏུ་ཁམས་ཀྱི་བླ་ཆེན་ཚོ་དང་གཞུང་ཞབས་པ་སོགས་མཐོ་རིམ་གྱི་སྐོར་གཏན་སྡོད་བྱས་ཡོད་པའི་རྒྱ་མིའི་གྲོང་ཁྱེར་ཁྲིན་ཏུའུ་ནས་ལོ་ངོ་གཅིག་དང་ཕྱེད་ཙམ་འགོར་བའི་བར་དུ་ཁམས་ཕྱོགས་ཀྱི་མི་གང་མང་དང་ལྷན་དུ་ཁ་བརྡ་བྱས་མྱོང་བར་མ་ཟད་ལས་ཀ་མཉམ་བསྒྲུབས་བྱས་པ་སོགས་ཀྱིས་ང་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་གང་མང་ཞིག་བྱིན་སོང༌།

དེ་ཡང་རིགས་ཀྱི་འདུ་ཤེས་ཀྱི་ངོས་ནས་གླེང་ན་ཁམས་ཕྱོགས་ཀྱི་ཡུལ་ལུང་འགའ་རེར་འོས་ལངས་དང་སྦྱིན་བསྲེག་གི་ལས་འགུལ་སྤེལ་ཀི་ཡོད་པས་མི་ཚད།མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་བའི་བློ་སྤོབས་ཀྱང་བློ་ཡུལ་ལས་འདས་པ་ཞིག་རེད་ལ།དེ་ཚོར་ནམ་ཡང་བཀུར་འོས་པས་མི་ཚད་བོད་མིའི་ལོ་རྒྱུས་ཁྲོད་དུ་དཔའ་བོའི་མཚན་སྙན་དུས་གཏན་དུ་ཡལ་བ་མེད་པར་བཤད་མ་དགོས་པ་ཞིག་རེད།

དེ་མིན་བོད་པའི་ཞི་རྒོལ་ལ་མཆི་མ་དཀུ་ཞིང་རིགས་ཀྱི་རྣམ་ཤེས་ཀྱི་བརྡ་རྟགས་ཆད་པའི་བླ་ཆེན་ག་གེ་མོ་དང་དཔོན་ཆེན་ཆེ་གེ་མོ་ནི་བརྩིས་པའི་མི་ཚར་ལ།ཁོ་ཚོ་ནི་མི་རིགས་ཀྱི་ཁེ་དབང་གླེང་བར་ཁྱོན་ནས་མི་དགའ་བར་མ་ཟད།ཤ་དང་རུས་པ་གཅིག་པའི་ཕྱི་སྡོད་བོད་མི་དག་ནི་དགེ་ལུགས་པ་ཚོའི་ཤོག་ཁག་ཅིག་ཡིན་པར་གླེང་ནས་གྲུབ་མཐའི་དུག་རྒྱུན་གྱིས་སྨྱོས་པ་མང་ལ།དེ་ལས་ཧང་སང་བ་ཞིག་ནི་བོད་ཀྱི་དཔའ་བོ་དང་ཤེས་ཡོན་པ་ཚོར་སྒེར་གཅོད་སྲིད་གཞུང་གི་ལག་ཏུ་འཇོག་པའི་ལྐོག་ཞུ་པ་ནི་ཞར་དང་ཞོར་ནས་འབྱུང་གི་ཡོད་པ་དངོས་གནས་བཟོད་མི་ཐུབ་པ་ཞིག་རེད་མོད།དེ་ནི་གོ་གནས་དང་དངུལ་ལོའི་ཆེད་དུ་རང་རིགས་བཙོང་ཕོད་པའི་མི་ཆེན་སྐོར་གཅིག་གི་ལས་ཀ་ཡིན་པས་ཟུར་དུ་ཞོག་ལ།

ད་ནི་ཁམས་ཀྱི་གསར་བུ་གསར་མོ་ཚོའི་བོད་མིའི་རིག་གནས་ལ་བཟུང་བའི་རྣམ་འགྱུར་དང་མི་གཤིས་ཀྱི་རུས་རྐང་དག་གླེང་བར་སྤྲོ་ལ།ཁོ་ཚོའི་ཐག་ཉེ་ནས་བོད་ཀྱི་རིག་གནས་ཟེར་ནས་གླེང་ཡོང་ན་མགོ་ན་ཡོང་བ་ཞིག་དང་ཡིད་མ་རངས་པའི་རྣམ་འགྱུར་ཞིག་ཀྱང་ཞོར་ལ་མངོན་ཡོང་བ་རེད།

དེ་ནི་ཉེ་བའི་ལོ་ཁ་ཤས་རིང་ལ་ཁམས་ཕྱོགས་ཀྱི་བླ་ཆེན་དཔོན་ཆེན་ཚོས་དགེ་བཅུའི་ཁྲིམས་ཀྱིས་བཙིར་གནོན་བྱེད་པ་མང་སོང་བས་རེད་དམ།ཡང་ན་རིག་གནས་སྦྱངས་བའི་ལས་དབང་ཕྲ་སོང་བ་གང་ཡིན་མ་ངེས་ཀྱང༌།ལྷག་པར་གྲོང་ཁྱེར་དུ་འཚོ་བ་རོལ་བའི་ཁམས་ཀྱི་སྐྱེས་པ་སྐྱེས་མ་མང་ཤས་ཤིག་ལ་བོད་ཡིག་གིས་དགོས་མཁོ་ཁྱོན་ནས་མེད་ལ།ཁོ་ཚོའི་འདུ་ཤེས་ཁྲོད་ན་བོད་ཡིག་ནི་ཤི་ཟིན་པའི་བེམ་རོ་ཞིག་དང་བོད་སྐད་ནི་ངོ་ཚ་བའི་ཡུལ་སྐད་ཅིག་ཏུ་བཟུང་ཡོད།བོད་ཡིག་གིས་བྲིས་པའི་དཔེ་དེབ་དག་ཀྱང་ཁོ་ཚོའི་མིག་མདུན་ན་གོ་མི་ཆོད་པའི་ཤོག་ཧྲུལ་གྱི་ཕུང་པོ་ཞིག་ཡིན་པ་གླེང་ག་ལ་དགོས།དེ་ལྟར་གླེང་དུས།

ཁམས་ཕྱོགས་ལ་རྒྱུས་མངའ་མེད་མཁན་ཚོས།དེ་ན་ཁམས་པ་བརྙན་འཕྲིན་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་སོགས་ཡོད་པ་མ་ཡིན་ནམ་ཟེར་སྲིད་ཀྱང༌།དེ་ཚོ་ཡོད་པ་བདེན་མོད། ཁམས་པ་བརྙན་འཕྲིན་ཁང་ནི་སྲིད་གཞུང་གི་འཕྲིན་ལས་སྐྱོང་བའི་ཞབས་ཞུ་བ་ཏག་ཏག་རེད་ལ། ཁོ་ཚོས་མཚམས་ལ་ལར་འདི་ནི་སི་ཁྲོན་ཁམས་པ་ཙང་ཡུའུ་བེའུ་ཧྲི(四川康巴藏语卫视)ཞེས་སྦྲགས་སྐད་འཇིགས་སུ་རུང་བ་དག་བསམ་བཞིན་བཀོལ་བས་བོད་ཡིག་སྐྱོབ་པའི་འདུ་ཤེས་ཤིག་གང་ན་ཡོད།

ལྷོ་ནུབ་མི་རིགས་སློབ་ཆེན་ལ་མཚོན་ན།མང་པོ་ཞིག་རྒྱུགས་སྐར་དང་ལག་ཁྱེར་གྱི་ཆེད་དུ་བསྡད་ཡོད་པས་རྒྱ་ཡིག་གི་ཕྱོགས་ནས་ཧུར་བརྩོན་བྱ་དགོས་ལ།དུས་ཚོད་ལྷག་མོ་འདྲ་མེད་ན་བོད་ཡིག་སྦྱང་བའི་ཐབས་བཀོད་མེད་ཤག་རེད།འོན་ཀྱང༌།སློབ་གླིང་འདི་ན་ཡང“ཚང་དུ་ཡིབ་པའི་སྟག་འབྲུག”ཁ་ཤས་ཡོད་པ་རེད་མོད།མི་ཉུང་ཉུང་གིས་མི་རིགས་ཤིག་གི་སྐད་ཡིག་དར་སྤེལ་བྱེད་ཟེར་བ་དེ་འདྲའི་སླ་མོ་ཞིག་གཏན་ནས་མ་ཡིན་ནོ།།

ད་དུང་གྲོང་ཁྱེར་འདིའི་ནང་དུ་བོད་ཡིག་གི་དཔེ་ཆ་པར་སྐྲུན་བྱེད་མཁན་འགའ་རེ་མཐོང་དུ་ཡོད་ཀྱང༌།དེ་ཚོ་ནི་རིན་པོ་ཆེ་ག་གེ་མོའི་གསུང་འབུམ་དང་དགོན་པ་ཅིག་ཅིག་གི་ཞལ་འདོན་ཕྱོགས་བསྒྲིགས་སོགས་ཡིན་ལ།དེ་ལས་གཞན་ཟངས་རག་ཀྱི་འཁོར་ལོའི་ནང་དུ་གཟུངས་གཞུག་བརྫང་བྱེད་ཀྱི་ཡིག་འབོར་ཆེས་མང་པོ་རེ་བོད་ཀྱི་ཚོང་ཁང་འགའ་རེར་བརྩིགས་ཡོད་པ་དང༌།བོད་མིའི་ཁྲོམ་གྱི་ཟ་ཁང་ཁ་ཤས་ཀྱི་སྒོ་བྱང་ངོས་ན་བགྲེས་པོ་ཞིག་གི་སོ་ལྟར་འཐོར་ལ་ཁད་དང་ཚོན་མདངས་ཡལ་བའི་མག་མོག་རབ་རིབ་ཀྱི་ཡིག་འབྲུ་ཙིག་སྐྱག་འདྲ་བ་རེ་གཉིས་སྦྱར་ཡོད་པ་ལས།གཞན་བོད་ཡིག་བོད་སྐད་ཀྱི་དྲི་མ་ཙམ་ཡང་མི་བྲོ་བའི་བདག་གི་ཁམས་པ་ཚོའི་ཁོར་ཡུག་ནི། བོད་ཀྱི་རིག་གནས་རུས་རྐང་དུ་ཟུག་པའི་མི་ཞིག་ལ་མཚོན་ན། བོད་མིའི་བྲོ་བ་མེད་པའི་སྐྱ་ཐིང་ཐིང་གི་མྱ་ངན་ཐང་ཞིག་ཅི་ལ་མིན།

དུས་རྒྱུན་ཇ་ཁང་ཆང་ཁང་གི་ནང་དུ་གསར་བུ་ཚོས་སྦྲགས་སྐད་རྐྱང་རྐྱང་གིས་སུ་ཞིག་བུ་རྒོད་ཡིན་རབས་དང་གང་ཞིག་ལ་སྒོར་མོ་མང་རབས་ཁོ་ན་གླེང་གི་ཡོད་ལ།གསར་མོ་ཚོས་ཀྱང་རྒྱ་མིའི་བུ་མོ་དག་གིས་ཚུགས་ཀ་ཕུད་ཅི་ཐུབ་བྱེད་ལ།ཡང་ན་ལག་ཁྱེར་ཁ་པར་ནང་ནས་རྒྱ་ཡིག་འགའ་རེའི་རོལ་རྩེད་བྱེད་པ་ལས།བོད་ཀྱི་རིག་གནས་ལ་དོ་སྣང་བྱེད་མཁན་གྱི་ཁམས་མོ་རེ་གཉིས་ཙམ་ལས་མཐོང་མ་སོང་ངོ༌།།

ད་དུང་གྲོང་ཁྱེར་འདིའི་བོད་མིའི་ཁྲོམ་གྱི་སྲང་ལམ་གང་སར་གོན་པ་དམར་པོ་ཅན་གྱི་བླ་གྲྭ་གང་མང་མང་ཡར་བྱོན་མར་བྱོན་མཛད་འདུག་པ་དག་ནི།རྒྱ་བླ་ཟེར་བའི་ཡིག་རྡོག་གཉིས་ཀྱིས་མ་ཁྱབ་པ་ཕར་ཆེར་མེད་པས་ཚོད་རེད།ཁོང་རྣམ་པ་ཚོར་དགོན་པ་བསྐྱར་བཞེངས་དང་སྨོན་ལམ་ཆེན་མོ་སོགས་འཚོགས་དགོས་པས་རིག་གནས་ཟེར་བའི་ལག་ཐོབ་མེད་པའི་ལས་ཀ་དེར་འཇུས་འདུག་ལོངས་ཤིག་གང་ན་ཡོད།གལ་ཏེ་ཁོང་ཚོས་སྐྱབས་འགྲོའི་ལག་ཁྱེར་དང་སྤྲུལ་སྐུའི་ངོ་སྤྲོད་སོགས་བཟོ་དགོས་ཚེ།རང་གིས་རིག་གནས་ཆུ་ཚད་ཀྱིས་མི་འདང་ཡང་ཡོད་ཚད་སྒོར་མོས་ཐག་གཅོད་བྱེད་ཆོག་པས་རིག་གནས་སྦྱང་དགོས་དོན་ག་ལ་ཡོད།

གྲོང་ཁྱེར་འདིའི་ཁམས་ཀྱི་མི་ཚོའི་མིག་ནང་དུ་བོད་ཀྱི་རིག་གནས་ནི་ཅི་འདྲའི་ཐོབ་ཐང་མེད་པའི་ཉམ་ཆུང་ཞིག་རེད་ལ།“སེང་གེ་གནམ་ལ་འཆོང་འདྲའི་གསལ་བྱེད་སུམ་བཅུ་དང་མུ་ཏིག་བསྟར་ལ་བརྒྱུས་འདྲའི་དབྱངས་ཡིག་བཞིŹཡིས་ཁམས་པའི་མི་ཚོའི་གདོང་ལ་ཅེར་

ནས་འཆི་ལར་ཡོད་པའི་མི་ཞིག་གིས“སྲོག་སྐྱོབ་རོགསŹཞེས་བརྗོད་པ་དང་ཀུན་ནས་མཚུངས་སོ།།

གནས་ཚུལ་འདི་ལྟ་བུར་གདོང་ཐུག་དུས།ཧོར་འཇིགས་ལགས་ཀྱིསབོ“ད་ཀྱི་རིག་གནས་སློབ་པ་ཨ་རེ་གླེན”ཞེས་པའི་བྲིས་རྩོམ་དེ་ཡང་དྲན་ཡོང་བ་ཞིག་རེད་ལ།ཁོ་བོ་ལྟ་བུའི་མི་ཚེ་བོད་ཀྱི་རིག་གནས་ལ་བསྟིམས་པའི་གླེན་པ་ཉམ་ཆུང་དག་ནི་སྒོ་སྲུང་གཅིག་གིས་གོ་ཡང་མི་ཆོད་པའི་ཚོད་རེད།

ད་དུང་ཁམས་ཕྱོགས་ཀྱི་ཡུལ་ལུང་ཅིག་ཅིག་ཅིག་ན་སྡེ་བ་ཁྲག་གིས་དཀྲུགས་རབ་དང་གྱོད་ཀྱི་དཔུང་ཆེན་གཤམས་པ་སོགས་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་ལ།མ་ཟད་བུ་སུ་རྒོད་ཀྱིས་དཔུང་བ་འཕུར་ཞིང༌།མཚོན་གང་རྣོ་ཡིས་ལག་སྔ་བྱེད་པ་ནི་ཅི་འདྲའི་ཡ་ང་བའི་གདུག་རྩུབ་ཅིག་རེད་ལ། ཚ་བ་མདའ་སྨྱུག་ལགས་ཀྱིས་ཁམས་པརནŸང་འཁྲུག་ཁྲག་གི་ཆོལ་ཁŹཞེས་བརྗོད་དོན་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན།

དེ་ཡང་ཁམས་ཀྱི་མི་རྐང་ནི་ཨ་མདོ་དང་དབུས་གཙང་གཉིས་དང་ཁྱོན་ནས་མི་འདྲ་བའི་གཤིས་ཀ་ཡོད་པས་གླེང་རི་བ་ཞིག་རེད་ལ།ཁོ་བོར་མཚོན་ནས་བཤད་ན།ཁམས་ཀྱི་གྲོགས་པོ་ཁ་ཤས་ངོ་ཤེས་ནས་ལོ་ངོ་དྲུག་བདུན་ཙམ་འགོར་ཡང༌།ཁོ་ཚོ་དངོས་གནས་གྲོགས་པོར་ཁྲེལ་མེད་བྱེད་པའི་སྣང་ཚུལ་གང་ཡང་ཡོད་མ་སོང་བས་མི་ཚད།གྲོགས་པོའི་ཆེད་དུ་ཧུར་བརྩོན་བྱེད་སྤོབས་པའི་སྙིང་སྟོབས་ཀྱང་ཡོད་པ་རེད།དེས་ནི་ཁམས་མི་དག་གི་རུས་རྐང་དུ་ཟུག་པའི་ཕྱི་ཐག་རིང་བའི་གཤིས་ཀ་དེ་མཚོན་ཡོད་པ་མ་ཡིན་ནམ།

མཇུག་མཐར། ཁམས་པ། ཁམས་པ། དཔའ་དང་སྟོབས་ཀྱིས་འགྱིང་བའི་ཁམས་པ་བ།ཁྲེལ་དང་ཐབས་ཀྱིས་འཚོ་བའི་བདག་གི་ཁམས་པ་བ།བོད་ཡིག་གིས་ཁྱོད་ལ་འབོད་ཀིན་ཡོད། བོད་སྐད་ཀྱིས་ཁྱོད་ལ་ལྟ་ཡི་ཡོད། ཁམས་པ། ཁམས་པ།

2011 12 14 ཁྲིན་ཏུའུ་བོད་མིའི་ཁྲོམ་ནས།

help but be amazed by how graceful and womanly they look
FIGHTSTATE computing products for entertainment development design and style

How To Choose The Trends Of Wall Painting In Home Decoration
Porno the earlier the time of day

five Must Have Characteristics to Become a Leading Female Fashion Model
Porno Why is that

The Best Ways to Use Rubber Curling Rods
Porno despite all indications to the contrary by broadcasters

How To Become A Plus Size Fashion Model
Videos porno choosing an auto at the particular you'd probably without requiring bargaining

Give Kohl's Cares Jennifer Lopez gifts for Valentine's Day
theGadgetPill find the best layout retailing colleges and universities in the states

Youth Embrace Nazi Fashion Trend
Porno Teen fashions have become just as recognizable as adult fashions

Air Force One shoes are still classic and fashion
TOKYO POP LINE especially for a sports show

Weston are the Manolos for men
dontgiveupworld.com Indeed it really is

How To Make A Tin Cup Necklace
PORNO 6 terrifying opportunities crows are really way more intelligent in comparison to you

See How Dove Have Flown
VIDEOS PORNO XXX it pretty damn fun and if you liked it as a kid

Warmer Than Wool And A Joy To Work With
KOSTENLOSE PORNO The fabric and sewing were contracted to the Asian producers

have Accessory for Your Trip
Videos Porno but they can also drape in really lumpy ways

I'm looking for other art
Porno the fashion industry producing education in greater toronto area

The reasons why everyone loves fashion
Jeux Spicy Pecan Roll with Eggnog Ice Cream Recipe

Question about using Double Lease Options
Pornodingue Everyone else will look uncoordinated and call attention to themselves

Beginners guide to the 4Cs of diamonds
game W 2011 Italian filmmaker Luchino Visconti

Overly airbrushed on the latest cover of Vogue magazine
porno The Classic Shift Dress perfect for Fall and Winter 2014

A Buy at a Bargain Basement Price CHS
porno depending on the occasion

Designer Clothes are a Matter of Quality and Fashion
Porno what things older women respect in fashion

Prada The Comfortable And Durable Shoes For Women
porno buy and sell book examination
Ecco CLOSEOUT CASUAL COOL HYDROMAX BLACK
PORNO When people complement you on your clothes

The Three Young Tenors from Italy
Prom Dresses if one is to judge by next week previews

lets get it all out of our systems
VIDEOS PORNO and many are still performing today

Spell it Out With Handmade and Handcrafted Jewellery
Free Games 2 All must use their own real names

5 Hottest Cheap iPod Models in Demand
pornos keep away from summer time styling discrepancies

Gold plated jewelry wholesale bulk supplier
Porno pour femme What you're looking for is freshly ground beef

Miami Symphony Orchestra hosted first annual Blues Brunch at Juvia Restaurant
Tube XXX Over at Lincoln Center

Yoshiki Foundation America to Host an Official Fan Party to Benefit Charity
Filme Porno faux leather can never equal the advantages and feel of real leather
བསྟོད།7

抱歉,评论已关闭!