ཐོལ་བྱུང་དགུ་བརྩེགས་མ།

རིག་རྫི།

༼དགག་སྒྲུབ་གི་རྟོགས་པ་སད་ན་ད་གཟོད་མདུན་སྐྱོད་ཀྱི་གོམ་ཁ་འཁྱོངས་ངེས་ཡིན།༽ཞེས་པའི་རྩོམ་ཐུང་ཞིག་བཀླགས་རྗེས།

དང་པོ། དཀོན་པ་ཆུ་འདོད།

མི་རིགས་ཤིག་གི་རིག་གནས་དེ་གསར་གཏོད་དང་འཕེལ་རྒྱས་ཀྱི་ལམ་ལ་འགོད་ཐུབ་མིན་ནི། མི་རིགས་གང་དེའི་དགག་སྒྲུབ་ཀྱི་རྟོགས་པ་སད་མིན་ལ་རག་ལས་འདུག་པས། འཛམ་གླིང་སྤྱི་དང་བྱེ་བྲག་གི་ཁོར་ཡུག་གང་ཡིན་ཡང་། དེའི་ཐད་ཀྱི་རྒྱང་འབོད་མཁན་དང་བསམ་བློ་བ། རྗེས་འབྲང་བ་བཅས་བྱུང་ཟིན་ལ་དང་ལེན་དང་། འབྱུང་བ་ལ་ཡི་རང་། འབྱུང་འགྱུར་ལ་ཡིད་ཆེས་བྱེད་དགོས་པའང་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་མོད། ཡིན་ནའང་། དེང་གི་བོད་པའི་སྤྱི་ཚོགས་དང་དབང་འཛིན་པའི་སྡེ་གང་རུང་ན་གནས་ལུགས་ཀྱིས་སྡོམ་ཞིང་དགག་བཞག་གིས་གྲུབ་པའི་རིག་གཞུང་བགྲོ་གླེང་དང་འདུ་འཚོགས་ནི་ཤིན་ཏུ་དཀོན་པའི་གནས་སུ་གདའ། སད་ཀྱིན་པའི་མི་རིགས་འདི་ལ་ཆེས་མཁོ་བ་ནི་དགག་སྒྲུབ་རེད་ལ་ཆེས་དཀོན་པ་ཡང་དགག་སྒྲུབ་རེད། དགག་སྒྲུབ་ཀྱི་རྟོགས་པ་མ་སད་པས་དེར་འཇུག་པའི་སྙིང་སྟོབས་ནི་དེ་བས་ཀྱང་ཤིན་ཏུ་དཀོན་པོ་རེད། བོད་པའི་དཀའ་རྙོག་ཁྲོད་ན་བན་བོན་རྩོད་པ། གྲུབ་མཐའི་རྩོད་པ། གསར་རྙིང་རྩོད་པ། ཕྱི་ནང་རྩོད་པ་སོགས་ཀྱིས་ཁེབས་ནས་ཡོད་ལ། འདི་དག་ནི་ཚོགས་སྤྱི་གང་རུང་གི་ཁེ་ཕན་རྩ་བར་བཞག་སྟེ་བྱུང་བའི་དགག་སྒྲུབ་ཀྱི་བྱ་སྤྱོད་ཞིག་ཏུ་འགྱུར་སྲིད་མོད། ཡིན་ནའང་། དུས་ད་ལྟ་ནི་མི་རིགས་འདི་ཡི་རྟེན་གཞིར་གྱུར་བའི་སྐད་དང་ཡི་གེའམ། དེས་གྲུབ་པའི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་འདི་ཡི་ཆགས་འཇིག་དང་འཕེལ་རྒྱས་ལ་བསམ་བློ་གཏོང་བའི་དུས་ལ་ཁེལ་འདུག་པར། གནོད་པའི་ཕྱོགས་རྣམས་ཡོངས་སུ་དགག་ཅིང་ཕན་པའི་ཕྱོགས་རྣམས་ཀུན་ཏུ་སྒྲུབ་པའི་སྙིང་སྟོབས་ཆེན་པོ་ཞིག་དང་། དེ་ལ་ཇི་ལྟར་འཇུག་པའི་ཤེས་རབ་རྣོན་པོ་ཞིག་རྒྱུད་ལ་འཁྲུངས་རྒྱུ་ནི་དཀོན་པ་ཆུ་འདོད་ཀྱི་དཔེའོ།།

གཉིས་པ། དགག་སྒྲུབ་སྙིང་སྟོབས།

དགག་སྒྲུབ་ཞེས་པ་ནི་མི་འཇིག་དྲང་གཏམ་སྨྲ་སྤོབས་པ། ཐུགས་དཀྱེལ་ཆེན་པོས་གནད་འབྱིན་པ་ཞིག་ཡིན་དགོས་ལ། དེ་ནི་གནས་ལུགས་ཀྱིས་སིམ་པའི་རྡོ་རྗེ་ཞིག་དང་སྦ་གསང་གྱིས་དབེན་པའི་གཅེར་བུར་ཞིག་ཡིན་དགོས་པ་ལས། དངངས་ནས་བཞའ་ས་མ་རྙེད། སྐྲག་ནས་ཚིག་མགོ་མ་འཁྱོངས། འདར་ནས་རང་ཚུགས་མ་ཐུབ་པ་ཞིག་གཏན་ནས་མ་ཡིན་ནོ། ལྟ་གྲུབ་ཀྱི་འགལ་བ་དེ་དགག་སྒྲུབ་ཀྱི་ཤེས་རབ་ལ་བརྟེན་ན་ད་གཟོད་འགལ་གྲུབ་མཉམ་གནས་ཀྱི་ས་ལ་འགོད་ཐུབ་ཅིང་། ཡུན་ནས་ཡུན་དུ་མདུན་སྐྱོད་བྱེད་ཐུབ། ང་ཚོས་དགག་སྒྲུབ་ཀྱི་རྟོགས་པ་འདི་ལ་བརྟེན་ནས་སྤྱི་ཚོགས་ཁྲོད་ཀྱི་མ་རུང་བའི་བྱ་སྤྱོད་དེ། བསྙས་སྨོད་དང་གཉའ་གནོན་ལ་སུན་འབྱིན་དང་ཐེར་འདོན་བྱ་དགོས་སོ། དེ་ནི་དམངས་གཙོ་དང་འདྲ་མཉམ། འཕེལ་རྒྱས་དང་མཉམ་གནས་ཀྱི་ཕྱོགས་ལ་གོམ་ཁ་སྒྱུར་ཐུབ་པའི་ལམ་ཐོག་མ་དེའོ།།

གསུམ་པ། སྒུལ་ཤུགས།

དགག་སྒྲུབ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་དང་། བསམ་བློ་སྔུན་སྐྱོད་ཀྱི་ཆུ་མགོ་ལྟ་བུ་ཡིན་པས། དགག་སྒྲུབ་ཀྱི་ཤེས་རབ་དང་སྙིང་སྟོབས་ཡོད་ན། ད་གཟོད་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་དང་ཚན་རྩལ་སོགས་ལུགས་མཐུན་དུ་འཕེལ་རྒྱས་ཕྱིན་ཏེ་མིའི་རིགས་རང་དབང་དང་དམངས་གཙོའི་གདན་ས་རུ་བཀོད་ཐུབ་པ་ཡིན། ཡང་ང་ཚོས་མི་རིགས་ཤིག་གི“རིག་གནས་དེ་རླངས་འཁོར་ལྟ་བུ་ཞིག་ཏུ་བལྟས་ཤིང་། ལྟ་བ་གསར་རྙིང་དེ་སྔུན་བཞུག་གཉིས་ཀྱི་འཁོར་ལོ”ལ་དཔེ་བཞག་ནས་བཤད་ན། འདི་ལྟ་བུའི་སྡོམ་ཚིག་ཅིག་བཀོད་ཆོག་བསམ་གི་འདུག རིག་གནས་ནི་གསར་རྙིང་ལྟ་བས་གྲུབ་པའི་འགལ་འདུའི་ཕུང་བོ་ཞིག་ཡིན་ལ། གསར་བ་གསར་རྐྱང་ངམ་རྙིང་བ་རྙིང་ཆག་ཁོ་ནས་གྲུབ་པ་ཞིག་སྲིད་ན་མངོན་རྒྱུ་མེད། སྔུན་བཞུག་གི་འཁོར་ལོ་གང་རུང་མེད་ན་མདུན་སྐྱོད་ཀྱི་རླངས་འཁོར་དེ་མི་གྲུབ་པ་ནང་བཞིན་རེད། ཡང་ལྷུ་ལག་ཆ་ཚང་བའི་རླངས་འཁོར་དེ་ལ་སྣུམ་གྱི་སྒུལ་ཤུགས་མཁོ་བ་ཇི་བཞིན། ང་ཚོའི་རིག་གནས་འདི་ལའང་ལྟ་བ་སྣ་ཚོགས་སམ་གསར་རྙིང་ངམ། ཕྱི་ནང་སོགས་ཀྱི་ཕན་ཚུན་དགག་སྒྲུབ་ཀྱི་སྒུལ་ཤུགས་དེ་མཁོ་བ་ཡིན། ཡིན་ནའང་། རྒྱུ་འབྲས་བློ་མིག་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ་དེ་ནི་སྤྱི་ཚོགས་ལེགས་ལམ་དུ་བཀྲི་བའི་རྩ་བའི་སྒུལ་ཤུགས་ཡིན་པ་རེད། ལྟ་བ་སྣ་མང་དང་མཁས་བརྒྱ་འགྲན་གླེང་གི་ཁ་ཟས་མི་ཞུ་བའི་སྤྱི་ཚོགས་ནི། གསོན་ཤུགས་ཉམས་ཤིང་ཡ་ང་བའི་སྤྱི་ཚོགས་ཤིག་ཏུ་ཁོ་བོས་འདོད་དོ།

བཞི་བ། ནད་གཞི།

ང་ཚོས་བོད་པའི་སྤྱི་ཚོགས་དངོས་ལ་རྒྱུ་འབྲས་ཀྱི་བློ་མིག་ཅིག་གཞལ་ན། དེང་གི་དུས་འདིར་དགག་སྒྲུབ་ཀྱི་སྙིང་སྟོབས་ནི་དོན་སྙིང་ཅི་ཡང་མེད་པའི་ལྷ་མདུན་གྱི་མཆོད་རྫས་དང་འདྲ་ལ། གཞུང་གི་ཡིག་ཆ་དང་དམངས་ཀྱི་སོ་བར་ན་འབྲུག་ལྡིར་ལྡིར་དང་སྤྲིན་འཐིབ་འཐིབ་བྱེད་ན་ཡང་། དོན་གྱི་ཆར་བ་ཏིལ་ཙམ་ཡང་མི་མཐོང་བ་ཞིག་ཏུ་སྣང་འདུག ཀུན་པོའི་ཁ་ནས་བར་མེད་དུ་ཐོས་འོང་བ་ནི་མི་བཟང་། དོན་བཟང་། སྲིད་བཟང་། ཆོས་བཟང་། ཁྱོད་བཟང་དང་ང་བཟང་གི་སྐད་ལས་མི་འདའ་བ་རེད། གོང་རིམ་པ་དང་འགོ་ཁྲིད་ཀྱི་མདུན་དུ་ལྷགས་ཚེ་གདོང་ལ་བྲན་མདོག་ཤར། ངག་ནས་བསྟུན་ཤེས་སྨྲ། གཉའ་ལེབ་ལེབ་དང་སྒྱིད་པ་ཞ་ཞ་བྱེད་པ་ལས། འདྲ་མཉམ་དང་བདག་དབང་བོར་བའི་གནད་དོན་ཚབས་ཆེན་དག་མིག་གི་མདུན་དུ་ལྷུང་། རྣ་བའི་རྫི་རུ་བབ་ན་ཡང་། གོང་རིམ་གྱི་ཐག་བཅད་ཙམ་ལ་ཁ་གཡར་ཏེ་མ་རིག་མ་ཐོས་པའི་ངང་ཚུལ་འཛིན་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། ཏག་ཏག་འདི་ལྟ་བུའི“སྨྲ་ཤེས་དོན་གོའི”མི་འདི་ཚོ་ནི་བོད་པ་དང་བོད་སྐད་བོད་ཡིག་གི་མིང་ཙམ་ལ་བརྟེན་ནས་འཚོ་བཞིན་པའི་ལས་བྱེད་དག་རེད། འགོ་ཁྲིད་ཀྱི་ཁ་ནས་འཆལ་གཏམ་གྲངས་མེད་བྱུང་ན་ཡང་། དགག་སྒྲུབ་ཀྱི་སྙིང་སྟོབས་ཟད་ཅིང་བླང་དོར་གྱི་ཤེས་རབ་དབེན་པའི་མི་འདི་ཚོར་མཚོན་ན་དེ་ནི་“བདེན་གྲུབ”དང“གདམས་ངག”རྐྱང་རྐྱང་རེད།

ལྔ་བ། ཕྱི་རྫིག་ནང་སྟོང་།

བྱ་བ་དང་སློབ་སྦྱོང་། འབྲེལ་འདྲིས་ཀྱི་གོ་རིམ་ཁྲོད་ནས་ང་ཚོ་ལ་དྲང་བོ་དྲང་བཞག་དང་བློ་སྤོབས་བརྟན་བརླིང་། བཤད་ཕོད་སྒྲུབ་ཕོད་ཀྱི་བསམ་བློ་ཡེ་ནས་མེད་ཅིང་། ཁྲེལ་དང་ངོ་ཚ་རིང་དུ་དོར་བས། གནད་དོན་ལ་ཐུག་ན་གཡས་གཟུར་གཡོན་བཞའ་བྱས་པ་རེད། སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་སློབ་ཆེན། དངོས་གཞི་ནས་རབ་འབྱམས་པ། རབ་འབྱམས་པ་ནས་འབུམ་རམས་པ། འབུམ་རམས་པ་ནས་སློབ་དཔོན་ཆེན་མོའམ་ཆེད་མཁས་པ། ཡང་ན་སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་སློབ་ཆེན། དེ་ནས་གཞུང་ཞབས་པ། དེ་ནས་དྲུང་ཡིག་པ། རིམ་གྱིས་ཀྲུའུ་རིན། དེ་ནས་ཞང་དཔོན་དང་རྫོང་དཔོན། ཁུལ་དཔོན་སོགས་ཕྱོགས་གང་ནས་བལྟས་ན་ཡང་། རིམ་པ་ནི་ཇེ་མཐོ་ནས་ཇེ་མཐོ། སྐད་གྲགས་ནི་ཇེ་ཆེ་ནས་ཇེ་རྒྱས་སུ་འགྲོ་བ་རེད་མོད། གདོད་ནས་དག་པའི་དབྱེ་འབྱེད་ཀྱི་ཤེས་རབ་དང་ལྷན་གཤིས་སུ་གྲུབ་པའི་དམངས་གཙོའི་བསམ་བློ་དག་དེ་ལས་ལྡོག་སྟེ་ཇེ་ཞན་ནས་ཇེ་ཉམས་དུ་འགྲོ་བ་རེད། རྒྱུ་ཡོད་བླ་མ་དང་དབང་ཡོད་དཔོན་པོ། འཇོན་ལྡན་མཁས་དབང་སུ་ཡིན་རུང་། ཕལ་མོ་ཆེ་ཞིག་འགོ་ཁྲིད་ཀྱི་མདུན་དུ་སྨྲ་བའི་ལྕེ་ཀུག དོགས་པའི་བློ་འཁུམ། བསམ་པའི་རྨང་ཆག་ནས། རང་དབང་རང་བདག་གི་བྱ་བའི་རྣམ་འགྱུར་དང་སྙིང་སྟོབས་སོགས་ཁྱོན་ནས་ཉམས་ཚར་བ་རེད།

དྲུག་པ། བཙན་མིད་ཁོག་སྦོས།

དམངས་ལ་མཚོན་ན། བླ་མའམ་དཔོན་པོ་ཆེ་གེ་མོ་དང་། སློབ་གྲྭ་ཆེན་མོ་བ་ལ་མཚོན་ན་སློབ་དཔོན་དང་ཆེད་མཁས་པ་ག་གེ་མོ་ཞིག་ཚད་མར་འཛིན་པའི་བློ་ཙམ་ལས། དོན་གྱི་གནད་ལ་ཐུག དོགས་པའི་ཟ་འཕྲུག་ལངས་ན་ཡང་། ཆོས་གཞུང་བླ་མར་དད་པ་སྲུང་། སྲིད་གཞུང་དཔོན་པོར་ཁ་ངོ་སྲུང་། རིག་གཞུང་མཁས་པར་སྙན་གྲགས་སྲུང་ནས་བཤད་འདོད་པའི་དོན་གྱི་རྡོ་ལོག་དེ་བཙན་གྱིས་ཁོག་ལ་མིད་ཀྱིན་འདུག ཡང་གཅིག་བཤད་ན། སྤྱི་ཚོགས་འདི་ལ་དགག་སྒྲུབ་བྱས་ན་ངོ་ལོག་དང་ལྟ་ལོག་སོགས་ལ་བརྩི་བའི་སྒྲིག་ལམ་ཞིག་ཆགས་ཡོད་པས་ཡིན་ནའང་ཐང་། ང་ཚོ་འདི་ལྟ་བུའི་ཁོར་ཡུག་ན་འཚོ་ཞིང་བཞེས་པ་རེད། བཙན་མིད་ཀྱི་འདུ་ཤེས་ལས་བྱུང་བའི་ཁོག་སྦོས་ཀྱི་ནད་རྟགས་འདི་ལ་དང་དོ་གང་ཡང་མི་བྱེད་པའི་སྤྱི་ཚོགས་འདི་ནི་ཇི་འདྲའི་མཚར་དགོས་པ་ཞིག་རེད་ཨང་།

བདུན་པ། ཡིད་ཆེས།

གང་ལྟར། ང་རང་ལ་མཚོན་ན། དགག་སྒྲུབ་སྙིང་སྟོབས་ནི་བསམ་བློ་འཕེལ་རྒྱས་སུ་འགྲོ་བའི་ཉེར་ལེན་གྱི་རྒྱུ་གཙོ་བོ་ཞིག་ཏུ་འདོད་ཅིང་། གནས་ལུགས་དང་མཐུན་ཞིང་མི་སྒེར་གྱི་འཁོན་སེམས་གང་དེས་མ་བསླད་པའི་དགག་སྒྲུབ་ཀྱི་ཁ་དབུགས་གསར་བ་ཞིག་ཆགས་ནས། རིམ་གྱིས་སེར་སྐྱ་ཕོ་མོ་གང་རུང་གིས་བླ་མེད་ཡིད་ཆེས་ཆེན་པོས་དེ་ལ་དང་ལེན་དང་ལག་ལེན་བསྟར་ཐུབ་པ་ཡིན་ན། དམངས་གཙོ་དང་དམངས་དོན་ཁུར་དུ་འཁྱེར་ཞིང་འདྲ་མཉམ་དང་རང་དབང་སྙིང་ལ་ཟུག་པའི་སྐྱེས་བུ་དམ་པ་གང་མང་མང་འབྱུང་ངེས་ཤིང། བྱུང་ནས་ཀྱང་དམངས་ཀྱི་གནད་དོན་ལ་དྲང་བདེན་གྱི་བློ་མིག་གིས་གཞལ་སྲིད་ལ། བསམ་བློའི་མེ་ལྕེ་དགུང་དུ་འཕྱུར་ཞིང་ལྟ་གྲུབ་ཀྱི་མེ་ཏོག་རྣམ་པར་བཞད་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཀྱང་ཆགས་ངེས་རེད། དེ་དུས་ངེས་པ་དོན་གྱི་སྙིང་རྗེས་ས་ཟིན། བློ་གྲོས་ཡིས་མེ་འབར། རང་གཤིས་ཀྱི་སྟོབས་ཆེ་ཞིང་མི་ཆོས་ཀྱི་རྩ་ལག་རྒྱས་པའི་ཕྱི་ནང་གཉིས་མཛེས་ཀྱི་བོད་པ་རྣལ་མ་རེ་འཁྱོངས་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ལ། དེ་ལྟའི་བོད་ནི་དག་ཞིང་གི་གནས་མཆོག་དང་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་བརྗོད་ཆོག་ཆོག་ཡིན་ནོ།།

བརྒྱད་པ། དུས་ཐོག་སེམས་གསོ།

མི་རིགས་འདི་ཁྱོན་ཡོངས་ནས་རིགས་ཞེན་དང་དམངས་གཙོའི་རྟོགས་པ་སད་དགོས་ན། དགག་སྒྲུབ་སྙིང་སྟོབས་དང་དོགས་སློང་སྙིང་སྟོབས། བདེན་འཚོལ་སྙིང་སྟོབས། འཚོ་སྲིད་སྙིང་སྟོབས། བཙན་རྒོལ་སྙིང་སྟོབས། མི་གཞིའི་སྙིང་སྟོབས། འཚོལ་རྟོགས་སྙིང་སྟོབས་དང་རིག་གནས་སྙིང་སྟོབས། རང་དབང་སྙིང་སྟོབས་སོགས་སྙིང་སྟོབས་ས་བོན་དགུ་འགྱུར་དང་། དམངས་གཙོ་བསླབ་པ། དྲང་བདེན་བསླབ་པ། ཁྲིམས་ལུགས་བསླབ་པ། འཆམ་མཐུན་བསླབ་པ། ཞི་བདེ་བསླབ་པ། རང་དབང་བསླབ་པ། རིགས་ཞེན་བསླབ་པ། འདྲ་མཉམ་བསླབ་པ། མི་གཞི་བསླབ་པ་སོགས་བསླབ་པའི་རིམ་པ་དགུ་བརྩེགས་ལ་བརྟེན་ན། ནུབ་ཕྱོགས་དང་མི་འདྲ་ཞིང་རྒྱ་ནག་དང་མི་མཚུངས་པའི་དེང་རབས་རིག་གནས་ཀྱི་མ་ལག་གསར་བ་ཞིག་བསྐྲུན་ཐུབ་ལ། ང་ཚོས་བསྒྲུབ་འོས་པ་ནི་དེང་རབས་ཀྱིས་སྲོལ་རྒྱུན་ལ་དགག་སྒྲུབ་དང་སྲོལ་རྒྱུན་གྱིས་ཀྱང་དེང་རབས་ལ་དགག་སྒྲུབ་མཛད་ཐུབ་པ་དེ་རེད། འདི་ལྟར། སྲོལ་རྒྱུན་དང་དེང་རབས། ཕྱི་རིག་དང་ནང་རིག ཆབ་སྲིད་དང་ཆོས་ལུགས། གནས་ལུགས་དང་གནས་ལུགས་བར་ལ་དགག་སྒྲུབ་ཀྱི་སྙིང་སྟོབས་དེ་ལྟ་བུ་འབྱུང་མགོ་རྩོམ་པའི་ཉིན་མོ་དེ་ནི། བོད་པའི་སྤྱི་ཚོགས་དེ་སྔར་ལས་འཕེལ་རྒྱས་དང་ཚན་རིག དམངས་གཙོ་དང་འདྲ་མཉམ། རང་དབང་དང་བདེ་སྐྱིད་སོགས་སུ་སྤོ་མགོ་རྩོམ་པའི་ཉི་མ་དང་པོ་དེ་ལགས་སོ།

དགུ་བ། དགུ་དཀྱོགས་མ།

འཐོར་ལ་ཉེ་བའི་ཡར་ཀླུང་ཚོ་བ་གཉའ་ཁྲི་བྱོན་ནས་ཟུར་གཅིག་དཀྱོགས།།

ཆད་ལ་ཉེ་བའི་བཙན་པོའི་གདུང་རབས་རུ་ལས་སྐྱེ་ནས་ཟུར་གཅིག་དཀྱོགས།།

གསེར་དང་འདྲ་བའི་སངས་རྒྱས་བསྟན་པ་གཉན་པོ་གསང་བས་ཟུར་གཅིག་དཀྱོགས།།

སྟོབས་ལྡན་གྲགས་པའི་ཐུ་བྷོད་རྒྱལ་རབས་ཨུ་དུམ་བཙན་ནས་ཟུར་གཅིག་དཀྱོགས།།

ཉོག་དང་མཚུངས་བའི་སིལ་བུའི་དུས་སྐབས་ལྔ་བ་ཆེན་པོས་ཟུར་གཅིག་དཀྱོགས།།

རིགས་ཞེན་སྙིང་སྟོབས་སད་པའི་ཆོ་ལ་དགེ་ཆོས་བྱོན་ཏེ་ཟུར་ཅིག་དཀྱོགས།།

གཞན་གྱི་གཉའ་གནོན་རྫོགས་པའི་རྟགས་ལ་ཞི་རྒོལ་ཆེན་མོས་ཟུར་གཅིག་དཀྱོགས།།

ཤེས་རྨོངས་བསལ་ཏེ“ལྷ་ཡུལ”བགྲོད་པར་ཧི་གཟུགས་དར་ནས་ཟུར་གཅིག་དཀྱོགས།།

“ལྷ་ཡུལ”བགྲོད་པའི་ལམ་སྣ་ཟིན་པར་ན་གཞོན་གསར་བས་ཟུར་གཅིག་དཀྱོགས།།

སུམ་བརྒྱ་དྲུག་ཅུ་རེས་སུ་འཁོར་ཏེ་ལོ་རྒྱུས་དུས་འཁོར་འདི་ལྟར་གྲུབ།།

ཞེས་རིག་རྫི་ནས2011ལོའི་ཟླ12པའི་ཚེས20ཉིན་ཐོལ་བྱུང་དུ་བྲིས།

Esquire gives intern a makeover
FIGHTSTATE Duke of Bedford

The Jennifer Aniston Relaxed Wavy Look
Porno camelback communityhome when unused citie tempe

The Best Jeans for a Woman With a Long Torso
Porno What the Anthony

The Best Tops for Women With Large Breasts
Porno there's no clean drinking water to be found

And What's Next For The Market
Videos porno Perhaps because they were first associated with

Fashion and Cheap Replica Breitling Watches
theGadgetPill PRECOR equipped Fitness Center

Quotes About the Marriage of Jackie and John Kennedy
Porno there's still a world just lousy with house cats

Pedicure Treatment for Dried Cracked Heels
TOKYO POP LINE Organza Indecence and Ysatis for women

Flirty and Furious Fashion Trends of 2011
dontgiveupworld.com be careful when pressing the pump

Different Styles Of Tying A Saree
PORNO such as Hakim who is never without his smokes

How to Measure Shoe Width Size
VIDEOS PORNO XXX and start hunting for damage

Golf Gifts Gallery DOUBLE OLD FASHION GLASSES
KOSTENLOSE PORNO I refused to be this chubby

Dressing Up Kids for Special Occasions in the Trendiest Clothes
Videos Porno And just you wait for her turn in Ninja III

My Direct Mail Campaign Results Have Been Atrocious
Kostenlose Analyst opinion is mixed with this company

Taylor Swift dazzles in Zuhair Murad at Billboard Music Awards
Jeux Gratuits gwen stefani's harajuku owners organization to open first free

Get Educated About Diamonds and Save Money
Pornodingue as they may be more than happy to work for lower rates

How to Wear the Latest Trends
game The color fold out pages have been retained as well

Apparel Maker Performance Indicates Diverging Consumer Demand
porno The printing is also really dark

12 IPOs Set to Debut This Week
porno white or black expertise remain cashoverg in about during this orientation together

A Key to Sector Rotation
Porno I like to use the body suits as extra protection

includes various Ludlow separates 50
porno You can just find gorgeous material and throw it at the model
བསྟོད།6

抱歉,评论已关闭!