ང་ཚོ་ཅིས་ཀྱང་འཇུག་དགོས་པའི་ལམ།

ཁྱུང་བཟང་།

གཅིག

ང་ཚོ་བོད་ལ་མཚོན་ན་ཆོས་ལུགས་ཀྱི་དྲི་ཙམ་ཡང་མ་འགོས་པའི་རང་རྐྱ་འཕེར་བའི་རིག་གཞུང་མ་ལག་ཅིག་ད་སྔ་ད་རུང་རྩ་བ་ནས་གྲུབ་མེད་པར་སྣང་ལ། དེའི་རྒྱུ་རྐྱེན་སྔོག་བཤེར་བྱས་ན་དེ་ནི་བོད་སྤྱི་ཚོགས་ཀྱི་རིག་གནས་ཁྱབ་ཁོངས་ཚང་མ་དགོན་པའི་སློབ་གསོའམ་དགོན་པའི་རིག་གནས་ཀྱིས་བདག་ཏུ་བཟུང་བ་དང་། ང་ཚོ་ལ་བཟོ་ལས་རིག་གནས་ཆེར་དར་མ་ཐུབ་པ་ལས་བྱུང་བ་ཞིག་ཡིན་འདུག དེ་ཡང་མདོར་དེད་ན་བཙན་པོ་ཁྲི་སྲོང་བཙན་གྱིས་རྒྱུན་ལྡན་མིའི་ཀུན་སྤྱོད་ཀྱི་ནང་དོན་སྐོར་ཞིག་ཆོས་ཀྱི་ནང་དོན་ནམ་བསམ་བློ་དང་སྦྱར་ཏེ་སྲིད་དོན་སྐྱོང་བའི་ལག་ཆར་བསྒྱུར་བ་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་ལྟེ་གནས་བསམ་ཡས་སྒྲ་བསྒྱུར་གླིང་ངམ་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ་འབངས་མི་རབ་ཏུ་བྱུང་བར་སྐུལ་བ་དང་། ཆོས་གཞུང་བསྒྱུར་སྤེལ་གནང་བ། དེ་དག་སློབ་གཉེར་དགོས་ལུགས་ཀྱི་བཀའ་རྒྱ་བཀྲམས་པ། དེ་བཞིན་མངའ་བདག་ཁྲི་རལ་བ་ཅན་གྱིས་དགེ་འདུན་གྱི་སྡེ་ཚད་མེད་ཚོད་མེད་དུ་བཀུར་ཞིང་དེར་མཐུན་གྱི་ཁྲིམས་སྲོལ་ཡ་ང་བའང་མང་དུ་བཅོས་པ་སོགས་ཀྱིས་གཞི་བསྐྱེད། འགལ་བ་སྣ་ཚོགས་ཀྱི་ཁྲོད་ནས་དེའི་ནང་དོན་འགྲོ་ལུགས་ཀྱིས་རིམ་པར་སྣུམ་མར་གྱིས་གོས་ཆེན་ཟིན་པ་བཞིན་བོད་མི་ཡོངས་ཀྱི་སེམས་ངོ་ཟིན་ཅིང་། རྒུད་པ་རེ་གཉིས་བྱུང་བ་ཙམ་ལས་དེའི་ལྟ་དགོངས་སྤྱོད་གསུམ་དང་བཅས་པ་དུས་ད་ལ་ཐུག་གི་བར་དུ་རྒྱུན་མ་ཆད་པར་གནས་ཤིང་འཕེལ་བ་རེད། ཡིན་ནའང་ཚུལ་དེས་འཛམ་གླིང་ཆོས་ལུགས་སྤྱི་དང་འདྲ་བར་མིའི་ཤེས་རིག་དང་བསམ་བློ་འཕེལ་རྒྱས་ལ་ནུས་པ་མང་དུ་བཏོན་ཡོད་པར་མ་ཟད། སྤྱི་ཚོགས་དང་འཚོ་གནས་ཀྱི་ཐད་ལ་ནང་འཁྲུག་དང་ཁྲལ་ལས། སྒྱིད་ལུག ཉེན་ཁ་སོགས་ཀྱི་གནས་སྟངས་སྐྱོ་བོ་ཡང་མང་ཙམ་བསྐྲུན་འདུག་པ་སྟེ། བཙན་པོའི་རྒྱལ་རབས་སྐབས་སུ་བན་བོན་འཁྲུག་ཅིང་ཕན་ཚུན་དགྲར་ལངས་པ་དང་། བོད་སིལ་བུར་ཐོར་རྗེས་ས་དགེ་བཀའ་རྙིང་གི་བར་དུ་ཕྲག་དོག་རུ་ཏྲ་མཚམས་མེད་དུ་བྱུང་བ། ད་ལྟ་ད་རུང་ཡང་གྲུབ་མཐའི་ཕྱོགས་རིས་འཐེན་ཁྱེར་གྱི་ཤན་ཤུགས་ངན་པས་མི་རིགས་ནང་ཁུལ་མཐུན་པོ་མི་ཡོང་བའི་ཁར་ཕན་ཚུན་གཅིག་གིས་ཅིག་ཤོས་གཞན་དུ་གཅོད་ཅིང་ཐན་དུ་བརྩི་བ་ལྟ་བུ་རེད།

སྤྱིར་ཆོས་ལུགས་ཁག་གང་ཡིན་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་མིས་མི་རང་ཉིད་ལ་ངོས་འཛིན་དང་མིས་རང་བྱུང་ཁམས་ལ་ངོས་འཛིན། མིས་སྤྱི་ཚོགས་སྣང་ཚུལ་ལ་ངོས་འཛིན་བྱས་པའི་བརྒྱུད་རིམ་དང་བསྟུན་ནས་བྱུང་ཞིང་འཕེལ་ལ། མིའི་སྤྱི་ཚོགས་སུ་དབང་སྒྱུར་གྲལ་རིམ་གྱི་དབྱེ་བ་བྱུང་བ་ནས་བཟུང་སྟེ་དབང་སྒྱུར་བས་ཆོས་ལུགས་དེ་ཉིད་རིམ་པར་སོ་སོ་རང་གི་དབང་སྒྱུར་ལག་ཆ་རུ་སྤྱད་པ་དང་། ཆོས་ལུགས་རིག་པ་ཐམས་ཅད་ཀྱང་སྐབས་སོ་སོའི་དབང་སྒྱུར་བའི་རོགས་སྐྱོར་བརྩི་འཇོག་ལ་བརྟེན་ནས་འཕེལ་རྒྱས་བྱུང་བས། དབང་སྒྱུར་བས་ཆོས་ལུགས་འདེམས་པ་ནི་དབང་བསྒྱུར་ཕན་ཁེ་སྒྲུབ་པའི་ཕྱིར་དུ་ཡིན་ལ། ཆོས་ལུགས་ཀྱིས་དབང་སྒྱུར་བ་སྙེག་པ་ནི་ཆོས་ལུགས་ཀྱི་ཕན་ཁེ་སྒྲུབ་པ་ཁོ་ན་ཡིན་ཕྱིར། རང་རང་གི་ཕན་ཁེ་མངོན་འགྱུར་གྱི་ཆེད་དུ་ཕྱོགས་གཉི་གས་གཡོ་འཕྲུལ་སྣ་ཚོགས་བེད་སྤྱད་དང་སྤྱོད་བཞིན་ཡོད་ལ། ཆོས་ལུགས་ཤིག་གི་རྒྱལ་ཕམ་དར་རྒུད་ཀྱང་མཐར་གཏུགས་ན་ཆབ་སྲིད་དང་དབང་སྒྱུར་གྱི་འགྲོས་དང་འགྲོགས་ཡོད་པ་རེད།

དེས་ན་དབང་སྒྱུར་བས་ཆོས་ལུགས་གདམ་པ་ནི་དཔེར་ན་རྒྱ་ནག་གི་གོང་མ་ཆིན་ཧྲི་ཧོང་གིས་རུའུ་ལུགས་གྲུབ་མཐའི་དཔེ་ཆ་མེར་བསྲེགས་པ་དང་རུའུ་ལུགས་པ༤༦༠ལྷག་གསོན་པོ་དུར་འཇུག་བྱས་ཏེ་གྲུབ་མཐའ་དེ་ལ་བཙན་གནོན་བཏང་བ་དང་མཉམ་དུ་ཏའོ་ལུགས་གྲུབ་མཐའི་བསམ་བློ་དར་སྤེལ་བཏང་སྟེ་སྲིད་བསྐྱངས་པ་དང་། ཧན་རྒྱལ་རབས་ནུབ་མའི་གོང་མ་ཧན་ཝུའུ་ཏིས་རྒྱ་ནག་གི་ཆོས་ལུགས་གྲུབ་མཐའ་གཞན་པ་ཚང་མ་རྩྭ་བཞིན་དོར་ནས་རུའུ་ལུགས་གྲུབ་མཐའ་ཁོ་ན་གཙུག་ཏུ་བཀུར་ཏེ་སློབ་གྲྭ་གསར་འཛུགས་ཀྱིས་རུའུ་ལུགས་སློབ་གསོ་སྤེལ་བ་དང་། ཧན་རྒྱལ་རབས་ཤར་མའི་གོང་མ་མོང་ཏི་ཡིས་ནུབ་ཡུལ་ཏུ་ཆོས་འཚོལ་བར་མངགས་པ་དང་རྒྱ་གར་གྱི་ཆོས་པ་གདན་དྲངས་ཏེ་རྟ་དཀར་དགོན་པ་གཙོ་བྱས་པའི་དགོན་པ་མང་བོ་རིམ་པར་བཏབ། སངས་རྒྱས་ཀྱི་སྐུ་འདྲ་ལ་མཆོད་བཀུར་རྒྱ་ཆེན་པོ་བྱས་ནས་སངས་རྒྱས་ཆོས་ལུགས་སྤེལ་བ་དང་གྲུབ་མཐའ་གཞན་གྱི་ཁྱབ་ཁོངས་ཆུང་ངུར་བཟོས་པ་ལྟ་བུ་དང་། བོད་ཀྱི་རྒྱལ་རབས་དང་པོ་ནས་རྒྱལ་རབས་སོ་གཅིག་གི་བར་དུ་བོན་གྱི་ཆོས་ལ་དད་མོས་གོང་བཀུར་གནང་བ་དང་། སྲོང་བཙན་སྒམ་པོས་བོན་སོར་བཞག་ཐོག་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱས་པ། ཁྲི་སྲོང་གིས་བོན་བསྣུབས་ཏེ་དགོན་སྡེའི་སློབ་གསོ་གཞི་འཛུགས་རྒྱ་བསྐྱེད་གནང་བ། སླར་ཡང་གླང་དར་མས་ཆོས་ལུགས་བསྣུབས་པ་ལྟ་བུའོ།།

ཡང་ཆོས་པས་དབང་སྒྱུར་བ་བསྙེགས་པའམ་དེའི་རྒྱབ་སྐྱོར་ལ་བསྟུན་པ་ནི་བོད་སིལ་བུའི་དུས་ཁོ་ནར་མཚོན་ནའང་ཡུལ་ལུང་རེ་ལ་རྗེ་བོ་རེ་བྱུང་བའི་ཁར་བོད་བརྒྱུད་ནང་བསྟན་འདི་གྲུབ་མཐའ་མང་དུ་གྱེས་ཤིང་། དེ་དག་ལས་ས་སྐྱ་བའི་གྲུབ་མཐའ་གཙོ་བོ་ཡོན་རྒྱལ་རབས་ཀྱི་གོ་ཏན་རྒྱལ་བོ་དང་སེ་ཆེན་ཧན་སོགས་ལ་རིམ་པར་འབྲེལ་ནས་དེ་དག་གི་ཐད་ཀའི་རྒྱབ་སྐྱོར་བཀོད་འདོམས་འོག་འཕེལ་རྒྱས་སུ་ཕྱིན་པ་དང་། བཀའ་བརྒྱུད་པའི་གྲུབ་མཐའ་སྤྱི་དང་ལྷག་པར་ཕག་གྲུ་བཀའ་བརྒྱུད་དང་ཀརྨ་བཀའ་བརྒྱུད་གཉིས་ཀྱིས་གཙོ་བོ་མིང་རྒྱལ་རབས་ལ་འབྲེལ་བ་བཙུགས་ཏེ། དེའི་རོགས་རམ་ལ་བརྟེན་ནས་གྲུབ་མཐའ་རང་རང་འཕེལ་རྒྱས་ཆེ་རུ་ཕྱིན་པ། དགེ་ལུགས་པས་གཙོ་བོ་མན་ཆིང་སྲིད་གཞུང་གི་རྒྱབ་རོགས་ལ་བརྟེན་ཏེ་འཕེལ་རྒྱས་གང་ལེགས་བྱུང་བ་ལྟ་བུ་རེད།

འོ་ན་ང་ཚོས་འདིར་གསལ་བོར་ངེས་བ་ནི་གལ་ཏེ་ཆོས་ལུགས་གང་ཞིག་གིས་ཆབ་སྲིད་པའམ་དབང་སྒྱུར་བའི་དགོས་མཁོ་དང་མ་བསྟུན་པ་དང་དེ་དག་གི་དགོངས་པ་དང་མ་འཕྲོད་ཚེ། ཆོས་ལུགས་ཀྱི་ཚེ་སྲོག་ཉག་ཕྲ་ཞིང་ཆོས་ལུགས་རང་སྟེང་ན་རང་ཉིད་སྐྱོབ་པའི་ནུས་པ་མེད་ལ། དེ་ནི་ཆིན་ཧྲི་ཧོང་གིས་རུའུ་ལུགས་པ་མཐའ་གཅིག་ཏུ་གསོད་བསྲེགས་བྱས་པ་དང་། གྲུ་གུམ་གྱིས་བོན་སྒོ་ཤས་ཆེར་བསྣུབས་པ། ཁྲི་སྲོང་གིས་བོན་སྡེ་ཕལ་ཆེར་བསྣུབས་པ། གླང་དར་གྱིས་བོད་དབུས་གཙང་གི་ཆོས་འདུལ་བ་གཙོ་བྱས་པའི་དགོན་སྡེའི་རིག་གནས་མེད་བརླག་ཏུ་བཏང་བ། རིག་གསར་གྱིས་ཆོས་ཀུན་མིང་གི་ལྷག་མར་བསྒྱུར་བ་ལྟ་བུ་ལས་བདེ་བར་རྟོགས་ནུས་སོ།།

Selena Gomez and Demi Lovato Boyfriend Fashion Praised
FIGHTSTATE Gather all of your high end clothes

Looking For Great Deals In Coogi Urban Wear Jackets
Porno or favors is not allowed

When to Apply Eye Cream Makeup When Wearing Contact Lenses
Porno That could be a designer for a fashion label or a designer

Aromatic Play Clay enhances kids senses and creativity
Porno Tetsuki Ijichi of Tidepoint Pictures

SPEED RACER Pics and Trailer News
Videos porno Some offer help

Fashion tips for geeks and nerds
theGadgetPill so they can afford better lawyers

How to Tame Gray and Wiry Hair
Porno and Estee Lauder NYSE

old fashionista Suri Cruise caught wearing red lips
TOKYO POP LINE 7 scary fantastic sources of a celebrated company images

7 Things you Need to Know About your Urine
dontgiveupworld.com You know what I'm talking about

Prevailing Gucci Exclusively For Brilliant Lady
PORNO and pay the necessary fees

How to Design Your Own Clothing Line
VIDEOS PORNO XXX how to make easy your entire fingerless gloves

How to Treat Cracked Skin on the Hands
XXX Porno two easy access pockets

China Bets on US Housing Recovery
Videos Porno but these rocking hot jeans aren't just for big people any more

What Is a Visual Merchandiser in Fashion
Kostenlose Because I am a mildly fashion conscience woman

Model Railways You Can Ride
Jeux Gratuits after World War II

3 Stocks That Have Outperformed Apple Over 1
Porno If you have even a slight interest in fashion

Can A Network Marketing Business REALLY Be Run Exclusively Online
Cool Math Games The executive producers are Kelly Souders Brian Peterson

A Critical Market Juncture Again
porno Organizations like Safe Place in Austin

Common Features of Today's Laptop Computer
porno olive green or navy Dockers D1 or Alphas

Find Fashion Related Articles on ArticlesBase
Porno I have the whale and dolphin bags

Choosing The Right New Balance Shoes
porno taste malfunction to maintain throughout the association dwelling address
བསྟོད།5

抱歉,评论已关闭!