འགྲན་ཞུགས་དཀྲོལ་ལེན་པ་ཞིག་གི་སེམས་ཚོར།

རྩེ་བ་ཀུན་དགའ།

གླེང་གཞི། ང་ལ་ཉམས་མྱོང་ཙམ་ཐོབ་པས་ཆོག

ཚང་མས་ཤེས་གསལ་ལྟར།ད་ལོར་ཡང་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་བླ་བྲང་གངས་ཆབ་ཟེགས་མའི་འགྱུར་ཁུགས་གླིང་།རྨ་ཆུའི་སྦྲ་ནག་སྒྱུ་རྩལ་ཚང་བཅས་ཀྱིས་མཉམ་བསྒྲུབ་དགོས་བོད་ཁམས་ན་གོ་གནས་ངེས་ཅན་ཟིན་ཡོད་པས།མདོ་ཁམས་ཡུལ་གྱི་མུ་འབྲེལ་དཀྲོལ་ལེན་འགྲན་ཚོགས་ཆེན་མོ་སྟེ།གངས་ཆབ་ཟེགས་མ་རྟགས་མའི་སྐབས་བཞི་བའི་མདོ་ཁམས་དཀྲོལ་ལེན་འགྲན་ཚོགས་བསྡུས་པ་རེད།ནམ་རྒྱུན་འགྲན་ཚོགས་གང་དེ་གླེང་མགོ་བརྩམས་མ་ཐག་དཔལ་མགོན་དང་གངས་གཞུགས་སོགས་མ་ཎྀ་འདོན་འདོན་བྱེད་ཡོང་བའི་ཕྱོགས་དེ་ནས་ཀྱང་ང་ཚོའི་དཀྲོལ་ལེན་འགྲན་ཚོགས་འདི་ལ་ཅིག་འགྲིག་གི་མི་འདུག་པ་ལྟ་བུའི་ཚོར་སྣང་རེ་རང་དགར་བྱིན་ཡོང་ཡང་།དེ་ནི་ཏག་ཏག་ལ་ཚོར་སྣང་ཙམ་ལས་ཁ་འགྲིག་སོ་འགྲིག་གི་བདེན་ཁ་ཞིག་སུ་ལའང་ཡོད་ས་མ་རེད་པས།ད་ལོར་འགྲན་ཚོགས་བསྡུ་བའི་བརྡ་སྦྱོར་ཐོན་མ་ཐག་ཁོ་བོས་ཐད་ཀར་སྒོར་རྡོག་ཉིས་བརྒྱ་སྤྲད་དེ་མིང་རྟགས་བཀོད་པ་ཡིན་ལ།དེ་ཡང་དྲང་མོར་བཤད་ན།ཏག་ཏག་རང་ལ་ཉམས་མྱོང་ཙམ་ཐོབ་ཆོག་པས་རྟེན་འབྲེལ་ཆུང་ཆུང་ཞིག་གི་དབུ་བརྩམས་པའང་ཡིན། ཐོག་མའི་བརྡ་སྦྱོར་ལ་བལྟས་ཡོད་མཁན་ཞིག་ཡིན་ཚེ་ཕལ་ཆེར་ཤེས་ངེས་ཀྱང་རེད་དེ།ད་ལོའི་འགྲན་ཚོགས་འདིར་སྔོན་ཆད་གྱི་འགྲན་ཚོགས་དག་དང་མི་འདྲ་ས་དང་མི་གཅིག་སའང་འགའ་ཞིག་ཡོད་འདུག་མོད།སྤྱི་ཕྱོགས་ནས་བལྟས་ན།འགྲན་བསྡུར་བྱེད་པའི་བརྒྱུད་རིམ་ལ་སྔར་བཞིན་འགྱུར་བ་གང་ཡང་བྱུང་མེད་པ་རེད།གང་ལྟར།ད་ལྟ་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་ཟིན་ནའང་།ཁོ་བོས་རང་ཉིད་ཐེངས་འདིའི་འགྲན་ཞུགས་པ་ཞིག་ཡིན་པ་ནམ་ཡང་བརྗེད་འདོད་མི་འདུག་ལ།རང་ལ་ཉམས་མྱོང་ཙམ་ཐོབ་འདོད་ཀྱི་ཐོག་མའི་དམ་བཅས་ཀྱང་ཡང་ཡང་སྒུལ་བྱུང་བས།དེ་རིང་འདི་ནས་ཁོ་བོས་རང་གི་མྱོང་བ་དངོས་དག་ཤར་མར་བསྟར་རྩིས་ཡིན་ལ།དེ་འབྲེལ་གྱི་སྐད་ཆ་རློན་པ་དག་ཀྱང་ཐུར་དུ་དཔྱངས་རྩིས་ཡོད་པས།བལྟ་འདོད་དང་ཉན་འདོད་ཡོད་མཁན་དག་ཇི་འདོད་དུ་ཕེབས་ཆོག་པས་བྲང་གཞུང་ཡང་ཆེ་ནས་ཆེ་རུ་ཕྱེས་ཡོད།སྐད་ཆ་རྡོག་རྡོག་བྱས་ན།ང་ལ་སྔར་བཞིན་ཉམས་མྱོང་ཙམ་ཐོབ་པས་ཆོག་སྟེ།ཉམས་མྱོང་གི་འོད་སྣང་དང་བསླུ་བྲིད་བར་ནས་ང་རང་ནམ་ཡང་ཁེར་རྐྱང་གི་སེམས་ཁམས་རུམ་པར་དགའ།ང་རང་ནམ་ཡང་སྟོང་འདང་གི་མེ་ཏོག་འཐུ་བར་མོས།

ཁག་དང་པོ། ས་ཁུལ་འགྲན་བསྡུར་དང་འུར་ཟིང་།

དེ་ཡང་བརྡ་སྦྱོར་ལས་ཀྱང་ཁ་གསལ་གཏིང་གསལ་ཡིན་པ་བཞིན་ཐེངས་འདིའི་འགྲན་ཚོགས་ཀྱང་སྔོན་ཆད་ཀྱི་འགྲན་ཚོགས་དག་དང་འདྲ་བར།ཐོག་མའི་ས་ཁུལ་འགྲན་བསྡུར་དང་བསྐྱར་འགྲན།རྟིང་རྩོད་འགན་བསྡུར་བཅས་འགྲན་བསྡུར་ཐེངས་གསུམ་བྱེད་རྒྱུའི་འཆར་གཞིའི་ཐོག་ནས།མགོ་ལོག་ས་ཁུལ་གྱི་ཐོག་མའི་འགྲན་བསྡུར་དེ་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་མགོ་ལོག་ཁུལ་དར་རྒྱས་སྨན་རྩིས་སློབ་གླིང་ནས་བསྡུས་པ་རེད།འགྲན་ཚོགས་དེར་འགྲན་ཞུགས་པ་ཉེར་དགུ་འདུག་ལ།དེའི་ནང་སྐྱེས་མ་འགྲན་ཞུགས་པའང་རེ་འགའ་ཡོད་པ་རེད།འགྲན་ཞུགས་པ་ཅུང་མང་པོ་ཡོད་པས་ཡིན་ཤེས་ཆེ་སྟེ།གཙོ་སྒྲུབ་ལས་ཁུངས་ཀྱིས་ཆེད་མངགས་བསལ་འདེམས་མི་སྣས་འཆར་བཀོད་ལྟར།ཐོག་མར་འགྲན་ཞུགས་པ་ཚོར་རང་རང་གི་འགྲན་ཞུགས་གླུ་ཡི་ཁ་བྱང་ཐོ་འགོད་དང་འགྲན་བསྡུར་གོ་རིམ་གྱི་ཤོག་རྒྱན་བླངས་དུ་བཅུག་རྗེས།རིམ་པ་གཉིས་སུ་བགོས་དེ་འགྲན་བསྡུར་དངོས་སུ་ཞུགས་པ་རེད།རིམ་པ་དང་པོའི་འགྲན་ཞུགས་པ་ཚོས་སྔ་དྲོའི་ཆུ་ཚོད་བཅུ་པ་ནས་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀའི་བར་དུ་འགྲན་བསྡུར་བྱས་ཤིང་།རིམ་པ་གཉིས་པའི་འགྲན་ཞུགས་པ་ཚོས་ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་བཞི་དང་ཕྱེད་ཀ་བར་དུ་འགྲན་བསྡུར་བྱས་རྗེས་གཞི་ནས་མགོ་ལོག་ས་ཁུལ་གྱི་བསལ་འདེམས་འགྲན་བསྡུར་ཡོངས་སུ་མཇུག་རྫོགས་ཏུ་བཅུག་པ་རེད་མོད་ཀྱང་།དྲང་མོར་བཤད་ན།བསལ་འདེམས་དེས་ནི་འགྲན་ཞུགས་པ
་དང་ལྟད་མོ་བ་གང་གི་སེམས་སུའང་མི་བདེ་བའི་ཚོར་སྣང་རེ་ཐུལ་ཐུལ་དུ་ཕྱུར་དུ་བཅུག་སོང་བས་ནི།བསལ་འདེམས་དེ་ནི་དྲང་མོ་དྲང་བཞག་ཞིག་ཡོང་མེད་པ་ཐག་གིས་ཆོད་པ་ཞིག་རེད།
བརྡ་སྦྱོར་དུ་སྒྲ་སྙན་འབྲུག་མགོ་མ་དཀྲོལ་མཁན་སུ་ཡིན་ཡང་དམིགས་བསལ་གྱི་སྐར་མ་ཐིག་ཚེག་ཐིག་ལྔ་དང་སྐྱེས་མ་དཀྲོལ་ལེན་མཁན་ལ་དམིགས་བསལ་གྱི་སྐར་མ་ཐིག་ཚེག་ཐིག་ལྔ།དེ་གཉིས་ཀ་ནུས་པའི་གླུ་མ་དག་ལ་དམིགས་བསལ་སྐར་གྲངས་ཐིག་ཚེག་གཅིག་བཅས་སྟེར་རྒྱུ་ཡིན་ཚུལ་བཤད་ཡོད་པ་ཕལ་ཆེར་ཚང་མའི་ཤེས་ཡོད་ངེས་མོད།དེ་ལས་གཞན་པའི་དམིགས་བསལ་ཞིག་ཡོད་པ་ནི་སུ་ལའང་གོ་ཐོས་ཙམ་ཡང་མི་འདུག་ལ།ལྷག་དོན།ཐེངས་འདིར་མགོ་ལོག་ས་ཁུལ་ནས་བསྡོམས་པའི་གླུ་བ་གླུ་མ་བཅུ་བདམ་ཐོན་བྱུང་བའི་ཁྲོད་གླུ་མ་ཁ་ཅིག་གི་མཇུག་མཐའི་སྐར་གྲངས་དེ་ད་སྔ་ཡན་ཆད་ཀྱི་འགྲན་ཚོགས་གང་དུའང་བྱུང་མ་མྱོང་བའི་སྣང་ཚུལ་ཞིག་ཏུ་གྱུར་བ་ནི་ཐེངས་འདིའི་འགྲན་ཞུགས་པ་དང་ལྟད་མོ་བ་ཚང་མའི་འདང་རྒྱག་ཆེས་ཆེ་ས་ཞིག་ཏུ་གྱུར་ཡོད།

སྤྱིར་བཤད་ན།འཇིག་རྟེན་ན་ཚད་མའི་སྐྱེས་བུ་མེད་པ་བཞིན་ང་ཚོར་ལྷག་ཏུ་ཚད་མར་འཛིན་ཆོག་པའི་གླུ་བ་ཞིག་ཀྱང་ཡོད་མི་སྲིད་པས།གོང་གི་སྐྱེས་མ་དེ་དག་གི་སྐར་གྲངས་དེ་ཁོ་ཚོར་ཐོབ་ཆོག་ཆོག་ཅིག་ཡིན་ཀྱང་སྲིད་ཟེར་མཁན་ཡང་ཡོད་སྲིད་པ་རེད་མོད།མ་གསང་བར་བཤད་ན།ང་ཚོར་ངན་པ་རང་རྒྱུས་ཡོད་ཆེ་བས་ཡིན་པ་འདྲ་སྟེ།ཁོ་བོས་ཚམ་ཚོམ་མེད་པར་བཤད་སྤོབས་པ་ཞིག་ལ།མགོ་ལོག་ས་ཁུལ་གཅིག་པུ་མ་དགོས་སྤྱིར་ཐེངས་འདིའི་འགྲན་ཚོགས་དུའང་ཚད་ཐིག་དེ་འདྲར་སླེབས་པའི་གླུ་བ་ཞིག་མི་འདུག་ལ།ནམ་རྒྱུན་ང་ཚོའི་ཁ་ནང་སྣ་ནང་ནས་གླེང་རྒྱུ་རྒྱུན་ཆད་མ་མྱོང་བའི་གླུ་བ་ཆེན་པོ་སྒམ་པོ་དག་ཀྱང་ཚད་ཐིག་དེར་སླེབས་མི་འདུག་པ་ཁོ་ཐག་རེད།རྒྱུ་མཚན་ནི་ཐེངས་འདིའི་མགོ་ལོག་གི་གླུ་མ་དག་གི་མཇུག་མཐའི་སྐར་གྲངས་ནི་ང་ཚོའི་རྒྱུན་ལྡན་གྱི་སྐར་གྲངས་དགུ་ཚེག་ཅིག་ཅིག་ཉིག་ཉིག་ལས་བརྒལ་དེ་བཅུ་ཚེག་ཅིག་ཅིག་ཉིག་ཉིག་ཏུ་སླེབས་པས་རེད་ལ།ལྷག་དོན།འགྲན་བསྡུར་གང་དེ་མ་གཞི་ནས་རྩོད་ཉོག་ཅིག་གི་ངོས་ནས་མཇུག་རྫོགས་འགྲོ་རྒྱུ་ཡིན་པའི་སྔ་ལྟས་ཞིག་ཀྱང་གསའ་གསེང་གང་རུང་ནས་ལྷང་ལ་བུད་ཡོད་པས་སོ།

སྐར་གྲངས་དེ་ནི་ཏག་ཏག་ལ་ཕྱི་ནང་གཉིས་ཀྱི་ཆ་རྐྱེན་ཧ་ཅང་འཛོམས་པོ་ཡིན་ས་དག་ལའང་ཐོབ་དཀའ་བ་ཞིག་ཡིན་ན།ང་ཚོ་ལྟ་བུའི་ངག་འཛེར་འཛེར་དང་ལག་འདར་འདར་ཙམ་ལས་གང་ཡང་འཁྱོངས་ཀི་མེད་མཁན་དག་ལ་ག་རེ་དབང་ཨང་།དེའི་ཕྱིར་ཁོ་བོས་ངོ་གདོང་འཛུམ་གྱིས་ཕྱུག་པའི་གོང་གི་སྐར་གྲངས་མཐོན་པོ་ཅན་ཚོ་རིག་ན།ཁོ་ཚོར་འདང་རྒྱག་ཅི་ཡང་མེད་པར་ཁ་རོག་གེར་རང་རང་ས་ན་ལུས་འདུག་པ་བསམ་ན།ད་དུང་དཔྱད་འདེམས་པ་དག་གིས་ཀྱང་རང་གིས་རང་ལ་འགྲིག་རྟགས་ཆེན་པོ་རེ་བརྒྱབ་ཏེ།གླུ་བ་གླུ་མ་གཞན་དག་སེམས་ནས་བོར་བའི་ཚུགས་ཀ་དེ་མཐོང་ན།ཤ་གསེང་རུས་གསེང་ནས་གཟེར་ལྷོག་ལྷོག་གིས་ཐོན་ཡོང་བ་ནི་དགའ་བ་ཞིག་ག་ལ་ཡིན་ཏེ་སེམས་ཀྱིས་མི་ཐེག་པའི་སྐྱོ་བ་ཆེན་པོ་ཞིག་ཏུ་གྱུར་སོང་།

གྲོགས་པོ་རེ་འགར་མཚོན་ན།ས་ཁུལ་འགྲན་བསྡུར་དག་ལ་འདི་འདྲའི་རྙོག་དྲ་ཡོད་པ་ནི་རྒྱུན་ལྡན་ཞིག་ཏུ་འདོད་ཀི་འདུག་ལ།འགྲན་ཞུགས་པ་ཞིག་ལ་མཚོན་ན་རང་གི་ས་ཁུལ་ནས་རྒྱལ་བར་བྱེད་པ་ནི་ཆེས་ཆེ་བའི་གནད་འགག་ཅིག་ཏུ་བརྩི་བཞིན་འདུག་པ་གོ་དུས།གཙོ་སྒྲུབ་ལས་ཁུངས་ཀྱི་ཁུངས་མི་གཞན་པ་དག་གིས་ཀྱང་།ས་ཁུལ་གཞན་དག་གི་གླུ་བ་གླུ་མ་དག་ལ་འདི་འདྲའི་དྲང་བདེན་མིན་པའི་སྐར་མ་རེ་བརྒྱབ་སྟེ་དེ་འདྲའི་བློ་ངོར་ཤོང་དཀའ་བའི་ཚོར་བ་ཡ་མཚན་རེ་སྟེར་གྱིན་ཨེ་ཡོད་འདོད་ན།ཁོ་བོས་མདོ་འཛིན་པ་ཆ་མེད་དེའི་སྐད་ངག་ལ་ཡང་ཡང་ཉན་ཞོར།ཁུ་འབྲོང་གི་ངོ་གདོང་ལ་ཡང་ཡང་བལྟ་དགོས་བྱུང་ལ།རྨ་ཆུའི་འཇམ་པའི་སེམས་ནང་དུ་ཡང་ཡང་བསྙབས་དགོས་བྱུང་སོང་།

ཁག་གཉིས་པ། སྐྱར་འགྲན་དང་སྐྱོ་བ་ཐར་ཐོར།

གཙོ་སྒྲུབ་ལས་ཁུངས་ཀྱི་མི་སྣ་དག་ཕྱོགས་སོ་སོའི་ས་ཁུལ་ཏུ་ཕེབས་རྗེས་བསྡོམས་པའི་དཀྲོལ་ལེན་པ་དྲུག་ཅུ་རེ་བཞི་ཐེངས་འདིའི་ཟི་ལིང་གི་བསྐྱར་འགྲན་དུ་ཞུགས་ཐུབ་པ་བྱུང་།ཐོག་མའི་གསལ་བརྡ་ལྟར་ན་ཐེངས་འདིའི་བསྐྱར་འགྲན་དེ་ཟི་ལིང་གྲོང་ཁྱེར་དངོས་ནས་བསྡུ་རྒྱུ་ཡིན་པ་འདྲ་ཡང་།གཙོ་སྒྲུབ་ལས་ཁུངས་ཀྱི་མི་སྣའི་འཆར་གཞི་ལ་འགྱུར་ལྡོག་ཐེབས་ཕྱིར་བསྐྱར་འགྲན་མ་བྱས་པའི་ཉིན་སྔོན་མར་བསྐྱར་འགན་དུ་ཞུགས་ཐུབ་མཁན་དག་ཆེད་དུ་ཁྱི་ཀའི་སྲིན་པོ་གླིང་ག་རུ་འགྲོ་དགོས་བའི་བརྡ་བསྟན།

ཏག་ཏག་ཁྱི་ཀ་རུ་འགྲོ་དགོས་བའི་ནངས་མོ་དེར།བསྐྱར་འགྲན་དུ་ཞུགས་ཐུབ་མཁན་དག་གཙོ་སྒྲུབ་ལས་ཁུངས་ཀྱི་བཀོད་འདོམས་ལྟར་མཚོ་སྔོན་བརྙན་འཕྲིན་ཁང་གི་སྒོ་གྲུང་དུ་འདུས།སྤྱིར་ན་འགྲན་ཞུགས་དཀྲོལ་ལེན་པ་རེ་བཞི་ལས་མེད་མོད་སྐབས་དེར་མི་མགོ་གྲངས་མེད་ཅིག་གིས་འདུ་རིབ་ལང་ལོང་བྱེད་ཀི་འདུག་པ་མཐོང་བས།ཁོ་བོ་ཆེད་དུ་མི་ཚོགས་དེའི་ཉེ་སར་བཅར་ཏེ་ཞིབ་ཏུ་བལྟས་བ་ན།དེ་དག་ནི་ང་ཚོའི་གླུ་བ་གླུ་མ་ཚོ་དང་འབྲལ་ཐབས་ཡེ་མེད་པའི་མི་སྣ་སྐོར་ཞིག་སྟེ།འགྲན་ཞུགས་གླུ་བ་གང་དེའི་ཕ་མ་དང་དགེ་རྒན།ཕུ་བོ།གྲོགས་པོ་དང་གྲོགས་མོ།ཡང་ན།བཟའ་ཚང་བཅས་ཐ་ན་རང་གི་གཉེན་བཞི་རྩ་ལག་གང་ཞིག་འཛོམས་མེད་པ་ཞིག་ནི་མི་འདུག་པར་འདྲ་བས།དེ་མ་ཐག་ཁོ་བོའི་ཡིད་ལའང་དོན་དག་གཞན་ཞིག་རང་དགར་དྲན་དུ་བཅུག་བྱུང་སྟེ།དེ་སྔོན་མགོ་ལོག་གི་ཡིན་ཚུལ་ལབ་པས་རྒད་པོ་ཞིག་གིས་ང་རང་མགོ་ལོག་གི་འགྲན་ཞུགས་པ་ཚོའི་གྲལ་དུ་སྡོད་དགོས་ཚུལ་དང་དེ་མིན་ཡར་མར་ལ་འགྲོ་གྲངས་མང་ན་བོར་བརླག་ཐེབས་འགྲོ་ཚུལ་སོགས་མང་དུ་ལབ་རྐྱེན་ཡང་མ་གཞི་རྒྱུ་རྐྱེན་འདི་ལ་ཐུག་པ་ལོས་ཡིན་སྙམ།

གང་ལྟར་འདི་ནི་བར་སྟོང་གི་སྐད་ཆ་ཙམ་ལས་མ་འདས་ནའང་།སེམས་གནད་དུ་ཕབ་ན།འདི་ལས་ང་ཚོའི་གླུ་བ་གླུ་མ་དག་གི་ཉམས་ཆུང་ཉག་ཕྲའི་ལས་དབང་གི་མཐོང་སྣེ་གཞན་ཞིག་ཀྱང་རྙེད་ཆོག་པ་འདྲ་ཨང་།

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་མི་མགོ་རེ་བཞིའི་གྲུབ་པའི་བསྐྱར་འགྲན་གྱི་འགྲན་ཚོགས་དེ་ཁྱི་ཀ་སྲིན་པོའི་གླིང་ཀ་རུ་བསྡུས་པ་རེད་ལ།ཐོག་མའི་ས་ཁུལ་འགྲན་ཚོགས་དག་དང་བསྡུར་ཚེ་གར་སྟེགས་ཀྱི་རྣམ་པ་ཁོ་ནས་ཀྱང་འགྲན་ཞུགས་པ་ཚོར་ཁ་དོག་གཞན་ཞིག་བྱུགས་ཆོག་པ་འདྲ་ཡང་།ཏག་ཏག་ཆུ་ཚོད་གཉིས་རིང་ལ་རླངས་འཁོར་དུ་འདུར་རྒྱུགས་བྱེད་དགོས་བྱུང་བས་ཚང་མའི་ཚོར་བ་ཉབ་ཉོབ་ཏུ་བཏང་ཚར་འདུག་ལ།ལྷག་དོན་གླུ་བ་ལ་ལར་ཟས་ཟ་བའི་ཡི་གའང་ཆད་དུ་བཅུག་སོང་།

ཡིནའང་།གླུ་བ་ནི་སྔར་བཞིན་གླུ་བ་རང་རེད་པས།གཙོ་སྒྲུབ་པས་ཅི་གསུང་དང་ལེན་མི་བྱེད་ཐབས་མེད་རེད་ལ།གླུ་བ་ནི་སྔར་བཞིན་གླུ་བ་རང་ཡིན་པས།དུས་ཚོད་ལྟར་གླུ་མཆོད་ཤར་སེ་ཕུལ་དགོས་བའང་རྒྱུན་ལྡན་ཡིན་པས།འགྲན་ཞུགས་ར་བསྐོར་ནས་ང་ཚོར་མགྱོགས་ཟས་སྟབས་བདེ་རེ་སྟེར་རྗེས་དེ་མཐུད་འགྲན་བསྡྭར་དངོས་ལ་ཞུགས་ཤིང་ཅི་མགྱོགས་ངང་མཇུག་རྫོགས་ཏུ་བཅུག་མོད།སླར་ཡང་།རླངས་འཁོར་དུ་གཡོས་བརྫངས་བརྫངས་བྱས་ཏེ་ཤར་སེ་ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་དུ་རེ་རེ་བཞིན་སྟོར་སོང་བའི་ཚུགས་ཀ་དེ་བསམ་ན།སྐད་ཆ་ཞིག་ཅི་ནུས་ཀྱང་འདི་ལྟར་མི་ཤོད་ཐུ་མེད་རང་རེད་སོང་སྟེ།སྤྱི་ཕྱོགས་ནས་བལྟས་ན་འགྲན་ཚོགས་འདི་ནི་སྒེར་གཉེར་འགྲན་ཚོགས་ཤིག་ཏུ་གྲུབ་ཡོད་པས་ཆ་ནས།འགྲན་ཚོགས་འདིའི་ཐོག་མཐའ་བར་གསུམ་དུ་ནོར་འཁྲུལ་ལ་ཤས་རེ་ཡང་འབྱུང་མི་ཆོག་པ་ཞིག་རྩ་བ་ནས་མ་ཡིན་ཡང་།གླུ་བ་གླུ་མ་གང་གི་ངོས་ཐད་ནས་ལངས་སྟེ་བལྟས་ན།ཁོ་ཚོར་ཡང་མ་གཞི་ནས་ཐོབ་ཆོག་ཆོག་དང་ཡོད་ཆོག་ཆོག་གི་རྩིས་ཐང་རེ་ཡོད་པས་ན།དེ་ལ་སུས་ཀྱང་ཅི་འདོད་གང་འདོད་དང་།ཡང་ན་མ་ཤེས་མ་ཚོར་ས་ནས་གས་ཆག་དང་ནག་ནོག་ཏུ་བཏང་ཆོག་སའང་རྩ་བ་ནས་མ་རེད་འདོད།
ཡང་གཅིག་བཤད་ན།འགྲན་ཞུགས་པ་ལ་ལར་མཚོན་ན།བསྐྱར་འགྲན་འདི་ཡང་གོ་སྐབས་གལ་ཆེན་ཞིག་ཏུ་རང་ཤུགས་ཀྱིས་གྲུབ་ཡོད་པ་ནི།ཐེངས་འདིར་བསྐྱར་འགྲན་ལའང་འོད་སྡེར་པར་སྐྲུན་བྱེད་ཀི་ཡོད་པ་ཙམ་པོ་ཡིན་ན་འགྲིག་ས་མ་རེད་དེ།ཕྱོགས་དེ་ནས་ང་ཚོས་སྔར་བཞིན་རང་རང་གི་ཁེ་གྲགས་དོན་གཉེར་གནང་ཀིན་ཡོད་པ་ཁྱབ་བསྒྲགས་གནང་བ་ཙམ་མ་གཏོགས་གང་ཡང་འཁྱོངས་མེད་ཀི་འདོད།སྤྱིར་བཤད་ན།ང་ཚོ་ཁེ་གྲགས་ལ་རྩ་བ་ནས་དགའ་མི་ཆོག་པའི་གནས་ལུགས་ཞིག་ཀྱང་མི་འདུག་པ་འདྲ་ཡང་།སྐབས་ལ་ལར་ང་ཚོ་རང་གི་ཁེ་གྲགས་ལ་ཇི་ལྟར་དགའ་བ་དང་ང་ཚོས་རང་གི་ཁེ་གྲགས་ཇི་ལྟར་གཉོར་སྐྱོང་གནང་དགོས་བ་རྨང་ནས་ཤེས་ཀི་མི་འདུག་པ་ལྟ་བུའི་སྣང་ཚུལ་རེ་ནི་འདུག་པས།ཁོ་བོ་ནི་ཁ་རོག་གེར་འདུག་མ་བཟོད་པ་ཙམ་ཡིན་ལ།ལྷག་དོན།ཐེངས་འདིེར་འགྲན་ཞུགས་པ་ཚོས་མི་སྒེར་ནས་འགྲོ་སྒོ་མང་ཙམ་བཏང་དགོས་བྱུང་བར་ཙམ་གྱི་ཐོག་ལ་མཛུག་གུ་བཙུག་སྟེ།སྔོན་ཆད་ཀྱི་འགྲན་ཞུགས་པ་དག་དང་ཁེ་དབང་གཤིབ་བསྡུར་གནང་འདོད་པ་ནི་མ་ཡིན་ཡང་།མ་གཞི་ཚང་མར་གླུ་བ་གླུ་མ་ཞེས་པའི་བརྡ་ཆད་རེ་སྦྱར་ཡོད་པ་གཞི་རྩ་བྱས་ཏེ་ཚང་མ་འགྲན་ཞུགས་པ་རེ་རེ་ཡིན་པ་ཆོས་ཉིད་དུ་བྱས་ན།ཁོ་བོས་ཀྱང་ཐེངས་འདིའི་འགྲན་ཞུགས་པ་ང་ཚོ་དང་སྔོན་ཆད་ཀྱི་འགྲན་ཞུགས་པ་ཁོ་ཚོ་ཚང་མའི་མ་མཐའི་ཁེ་དབང་ལ་ཡོ་འཁྱོག་མེད་པས་སྨོན་ལམ་སེམས་ནས་བཏབ་མྱོང་བ་ནི་སུ་ལའང་གསང་དོན་མི་འདུག་ཨང་།

ཁག་གསུམ་པ། རྟིང་རྩོད་དང་རྙོག་དྲ།
ཏག་ཏག་ལ་བསྐྱར་འགྲན་མཇུག་རྫོགས་དེ་ཉིན་བཞི་འགོར་བའི་ཉིན་མོ་སྟེ།ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ཐེངས་འདིའི་ཆེས་མཐའ་མཇུག་གི་འགྲན་བསྡུར་ཏེ་རྟིང་རྩོད་འགྲན་བསྡུར་ལ་དངོས་སུ་ཞུགས་པ་རེད།
སྤྱིར་ན་གར་སྟེགས་ཇུས་འགོད་དང་འགྲན་བསྡུར་རྣམ་པ་སོགས་ཕྱོགས་གང་གི་ཐད་ནས་བལྟས་ཀྱང་གོང་གི་བསྐྱར་འགྲན་ལྟ་བུའི་ཐབས་ཆག་ནང་གི་སྡུག་ཐུག་གི་ཆ་དེ་མི་འདུག་ནའང་།ཆུ་ཚོད་བཞི་ལྷག་རིང་གི་འགྲན་བསྡུར་དེ་མཇུག་རྫོགས་རྗེས་སུ།སྔར་བཞིན་ན་བུན་ལྟ་བུའི་སྐྱོ་བ་ཞིག་སོ་སོའི་སེམས་སུ་ཟུག་ཅིང་དྭངས་ཐབས་མེད་པར་གྱུར་བ་ནི།སྤྱིར་ན་སྐབས་དེའི་མི་རྣམས་ལ་དབང་ཆོག་ཆོག་གི་སེམས་ཚོར་ཙམ་ཡིན་ཆོག་ནའང་།ཞིབ་ཏུ་བསམ་ཞིང་བསམ་ན།དེ་ནི་གསང་ཐབས་མ་ཡོད་པས་ནད་ཡམས་ཚབས་ཆེན་ཞིག་རེད།

ནད་ཡམས་དེའི་ནམ་ཡང་མི་རྣམས་སྡུག་ལ་སྦྱོར་བར་བྱེད་ཅིང་ལྷག་དོན་མི་རྣམས་ལ་ཡིད་ཆེས་མེད་པར་བཟོ་ཡི་ཡོད།དེ་རྒྱུ་མཚན་ག་རེའི་སྟེང་ནས་མཐོང་གི་ཡོད་ཟེར་ན།གཙོ་བོ་རང་ཉིད་དངོས་སུ་ཞུགས་པའི་ཐེངས་འདིའི་འགྲན་ཚོགས་འདི་བརྒྱུད་དེ་གླེང་གི་ཡོད།དེ་ཇི་ལྟར་གླེང་དགོས་བྱུང་སོང་ཟེར་ན།ཐོག་མར་ང་ཚོས་མཉམ་དུ་འགྲན་ཚོགས་འདིའི་བརྡ་ཐོའི་ངོས་སུ་ཞིབ་ལྟ་ཐེངས་ཤིག་མི་བྱེད་ཐུ་མེད་རེད།དེ་ན་བརྡ་ཐོའི་ངོས་སུ་ག་རེ་བྲིས་འདུག་ཟེར་ན།མ་གཞི་དེ་རུ་མང་པོ་མང་པོ་ཞིག་བྲིས་འདུག་ཡང་།དེ་ཡི་ངོས་སུ་གླུ་ཚིག་ལ་ཡར་སྐུལ་གྱི་ཆ་ལྡན་དགོས་ཞེས་བྲིས་འདུག་པ་དེས་ཐེངས་འདིའི་འགྲན་བསྡུར་གྱི་དགོངས་དོན་ཆེ་ཤོས་ཤིག་མཚོན་ཡོད་པ་རེད།དེ་བཞིན་མ་མཐའ་ཡང་གླུ་བ་གླུ་མ་གང་དེས་ཆ་རྐྱེན་འདིར་བརྩི་འཇོག་བྱེད་འོས་འོས་ཡིན་པ་འདྲ་ཡང་།འོན་ཀྱང་།ཐེངས་འདིར་འདེམས་ཐོན་བྱུང་བའི་བྱ་དགའ་ཨང་དང་པོའི་བདག་པོ་དེར་ཐ་ན་གླུ་ཚིག་གི་གཏན་ཁེལ་དགོངས་དོན་ལའང་འཚམ་པོ་ཡོང་ཐབས་མེད་པ་ནི་ག་རེ་ལན་ནམ།ཡང་ན་བརྡ་སྦྱོར་དུ་གླུ་ཚིག་ལ་ཡར་སྐུལ་གྱི་ཆ་ཡོད་དགོས་ཞེས་གཏན་ལ་ཕབ་ཡོད་ཅིང་དོན་དུ་ཡར་སྐུལ་གྱི་ཆ་ཙམ་ལྡན་པའི་གླུ་ཚིག་དག་ལ་སྐར་གྲངས་འཕྲི་རྐྱང་དང་སྐྱོན་ཆ་ཆེ་ཚུལ་བཤད་དགོས་དོན་ག་རེ་ཡིན་ནམ།ལྷག་དོན་བྱ་དགའ་ཨང་དང་པོའི་བདག་པོ་དེའི་གར་སྟེགས་སུ་རྣམ་འ་གྱུར་ག་འདྲ་སྟོན་གྱིན་ཡོད་པ་ནི་སུ་ལའང་གསང་ཐབས་ཡོད་པ་མ་ཡིན་པས།དེས་བོད་མི་རིགས་ཀྱི་གླུ་བའི་ཚབ་མཚོན་ཐུབ་རབས་ཟེར་ན།འཛམ་པོའི་གླིང་གི་གར་སྟེགས་སུ་ང་ཚོ་བོད་མི་རིགས་ནི་ཅི་འདྲ་ཞིག་ཏུ་མཐོང་སྲིད་དམ།

བསམ་ཞིང་བསམ་ན་སེམས་པ་ནི་ལྷག་ཏུ་སྐྱོ་ཡོང་བས་སྐབས་རེར་ངག་ཁྲོལ་མིན་ལའང་དཀའ་ཁག་ཆེ་རུ་བྱིན་འདུག་མོད། ཁོ་བོས་ངག་ཁྲོལ་མིན་བྱས་དེ་བསྡད་ན་ང་ཚོ་གླུ་བ་གླུ་མ་དག་གི་མདུན་ལམ་ནི་སྔར་ལས་ཇེ་དོག་སུ་བྱིན་པར་དོགས་དྲགས་པས།སྐད་ཆ་བཤད་མཚམས་འདི་ནས་འཇོག་དགོས་ན་ནི་ཁྱོད་རང་འཐད་ཀྱང་ཁོ་བོ་ག་ལ་འཐད་དེ་མི་འཐད་པས།ད་ནི་མུ་མཐུད་དུ་ཤོད་པར་བྱ་སྟེ།སྤྱིར་ན་འགྲན་ཚོགས་གང་དེར་མཚོན་ནའང་ཞན་ཆ་ཡོད་ཆོག་པ་རེད་མོད།ཁ་ནས་བོད་མི་རིགས་དང་བོད་མི་རིགས་ཀྱི་གླུ་གར་རིག་གནས་དར་སྤེལ་དགོས་ཚུལ་མང་པོ་ཞིག་ལབ་ཀྱང་།དོན་དུ་དེ་ལས་ལྡོག་སྟེ་གླུ་གར་ནི་ཁ་གཡར་ས་ཞིག་དང་གླུ་བ་གླུ་མ་ནི་ལག་ཆ་ཙམ་དུ་བེད་སྤྱད་དེ།སྒེར་གྱི་ཚོང་དོན་འབའ་ཞིག་ལ་འབད་མཁན་དག་ལ་ཁོ་བོ་རྨང་ནས་སུན་པོ་བྱུང་སོང་།གལ་ཏེ་ཁྱོད་རང་ཁོ་བོའི་སྐད་ཆ་འདི་ལ་དོགས་པ་ཟ་ན།ཐེངས་འདིའི་འགྲན་ཚོགས་འདི་ལ་ཐེངས་གཅིག་བལྟ་བར་བརྩོན་དང་ཁྱོད་ཀྱིས་མིག་འདུན་ཀྱི་ཡོད་ཚད་ཧ་གོ་བར་ངེས།ཡིནའང་།འགྲན་ཚོགས་ཡོངས་ཀྱི་ཞན་ཆ་ནི་མ་གཞི་ནས་མངོན་ལྐོག་གཉིས་སུ་སྣང་བས།ཁྱོད་ཀྱིས་མཐོང་བ་ནི་མངོན་སུམ་ཡིན་པ་དེ་བཞིན་དུ་ཁོ་བོས་ཁྱོད་ལ་ལྐོག་གྱུར་གྱི་དོན་དག་ཅིག་ཀྱང་ཕྲལ་དུ་བྱོས་ན།ཏག་ཏག་འགྲན་ཚོགས་འདི་མཇུག་རྫོགས་པའི་ཉིན་མོར།ཁོ་བོར་དངོས་གནས་མིག་ཆུ་སེམས་ལ་ལྷུང་བའི་དོན་དག་ཅིག་དང་ཕྲད་པ་ནི།གཙོ་སྒྲུབ་མི་སྣས་ང་ཚོ་མི་རེར་སྒོར་རྡོག་བཅུ་རེ་སྟེར་བས་ཚུགས་ཀ་དེ་དང་།སྒོར་རྡོག་བཅུ་པོ་དེས་ང་ཚོར་ལམ་དངུལ་བྱོས་ཟེར་བ་ལྟ་བུའི་རྣམ་འགྱུར་དེ་རེད།

ཁོ་བོར་མཚོན་ན་ཐེངས་འདིར་རྟིང་སྐུལ་བྱ་དགའ་ཞིག་ལས་ཐོབ་མེད་ས་ཞིག་ཡིན་པ་ནི་བདེན་པ་དངོས་ཀྱི་དོན་དག་ཅིག་ཡིན་པས།མང་མང་ཞིག་གིས།ཁོ་བོ་བྱ་དགའ་དེ་ཙམ་གྱིས་ཡིད་མ་ཚིམ་པར་སྐད་ཆ་གང་འདོད་དུ་ཤོད་ཀྱིན་འདུག་འདོད་པའམ།ཡང་ན།ཁོ་བོ་ལྟ་བུའི་གླུ་བའི་གྲལ་མཐའ་འཚང་མཁན་ཞིག་ལ་སྐད་ཆ་འདི་འདྲ་ཤོད་པའི་གོ་ཐོབ་གང་ཡང་མི་འདུག་འདོད་ན།དེ་ནི་ནོར་འཁྲུལ་ཞིག་མིན་པའི་ངེས་པ་ཡང་ཁྱོན་ནས་མ་ཡོད་དེ།ཁོ་བོར་མཚོན་ན།མང་མང་ཞིག་གིས་ཆུང་ཆུང་དུ་བལྟ་བའི་རྟིང་སྐུལ་ཞེས་པའི་ཡིག་འབྲུ་གཉིས་པོ་ཕྲག་སྟེང་དུ་ལྷུང་མ་ཐགཏག་ཏག་ཡིག་འབྲུ་དེ་གཉིས་ལྗིད་དྲགས་པའི་ཚོར་བ་ཞིག་གིས་ལུས་ཡོངས་སུ་ཁྱབ་སོང་།དེ་ན་དེ་ནི་ཅི་ཞིག་ཡིན་ནམ།འགྲེལ་བ་གནང་མཁན་སུ་ཞིག་ཡོད་དམ། འགྲེལ་བ་ག་རེ་རྒྱག་རྒྱུ་ཡིན་ནམ།དེ་བཞིན་བྱ་དགའ་གཞན་དག་གི་བདག་པོ་དག་ལའང་འདང་རྒྱག་དང་སེམས་ཁུར་དེ་ལས་ལྕི་བ་རེ་ཡོད་ན་འགྲིག་ཅིང་།དོན་དུ་ངག་སྒོ་གཏན་དོན་ག་རེ་ཡིན་ནམ།དོན་དམ་སྔོན་གྱི་འགྲན་ཚོགས་གང་དུའང་བསམ་ཚུལ་འདི་འདྲ་སྐྱེས་དེ་སྐད་ཆ་འདི་ལྟར་ཤོད་མཁན་བྱུང་མ་མྱོང་བའི་རྐྱེན་ཀྱིས་ཡིན་ས་རེད་དེ།བལྟ་ཕྱོགས་ཤིག་གིས་ཁྱོད་ཚོས་ཁོ་བོར་ཡིད་ཆེས་ཀི་མི་འདུག་པ་ལྟ་བུའི་མིག་མདའ་རེ་ཡང་འཕང་ཡོང་ཨང་།གང་ལྟར་གནད་དོན་འདི་དག་ནི་སྔ་མོ་ཞིག་ནས་ཁོ་བོས་འདང་རྒྱག་ཡུལ་དུ་གྱུར་ཚར་བས།ད་ལྟ་བྲེལ་བ་ལངས་དོན་གང་ཡང་མ་ཡོད་ལ།མདོར་ན།གླུ་བ་ཞིག་བྱེད་འདུན་གྱིས་ནམ་ཡང་གློད་ཀི་མེད་ནའང་།དོན་དམ་གང་ཞིག་བྱེད་དགོས་ཤེས་ཀི་མེད་པའི་ཉམ་ཆུང་ཉག་ཕྲ་དག་དང་།ཁ་ནས་གླུ་བ་སྐྱེད་བསྲིང་དང་དོན་དུ་གླུ་བ་ཉམས་རྒུད་གཏོང་མཁན་གྱི་སྒེར་དོན་པ་དག་གི་མིག་འདུན་ནས།ཁོ་བོ་ནམ་ཡང་བྱིས་པ་བསམ་མེད་ཅིག་ལྟར་སྟོང་འདང་གི་མེ་ཏོག་ཕྱོགས་བཞིར་གཏོར་བར་མོས་མཐུན་བྱུང་བ་ཙམ་མོ།

༢༠༡༡ལོའི་ཟླ༡༡ཚེས་༢༡ཉིན་ལན་གྲུ་ནས།

གསལ་བཤད། མ་གཞི་བྲིས་རྩོམ་འདི་ནི་སྐབས་ཐོག་ཏུ་སྤེལ་ན་འགྲིག་ཅིང་།གནས་ཚུལ་གང་མང་ཞིག་གི་དབང་གིས་ཅུང་དལ་འགོར་མི་བྱེད་ཐུ་མེད་དུ་གྱུར་སོང་།ལྷག་དོན།འདི་ནི་རང་གི་སེམས་ཚོར་དངོས་གཙོ་བོར་བརྗོད་པ་ཞིག་ཡིན་པས་བྲི་ན་འོས་པ་འགའ་རེར་ལོགས་སུ་མི་བཞག་ཐུ་མེད་བྱུང་ཡོད།གང་ལྟར་ད་ལྟ་བྲིས་རྩོམ་འདི་མཇུག་བསྡུ་བའི་དུས་ལ་སླེབས་པ་ཙམ་བྱུང་བས།བྲིས་རྩོམ་འདི་དང་འདིའི་ཕྱོགས་ཀྱི་ཞན་ཆ་ཅི་རིགས་ལ་དགོངས་དག་ཞུས་པ་དགེ་གྱུར་ཅིག

Sofia Vergara to debut clothing line at Kmart
PORNO Shoes are an essential part of the techno scene

How to Care for a New Navel Piercing Page 1 of 2
Gowns Online Shop in consumption of luxury goods

Kristen Stewart Gets Cuffed By Fashion Police for Sexy Style
VIDEOS PORNO via the 44th St

Send Gifts To India For Everyone In Family
Free Games You must include photos and can have photos with different angles

Night Out 2010 boosts NY morale before 9
Kostenlose Pornos von Top 5 Kaiju Throwdowns

Night Out PLUS debuts in Alexandria
Porno pour femme Wedding Nail Fashion for Bridesmaids

Fashion Duos in the 1980s
Tube XXX where does your skirt hit

27 at Bloomingdale's Forty Carrots
Darmowe Porno paper hearts related to romaine in addition to brown mozerella as well moolah recipes
བསྟོད།9

抱歉,评论已关闭!